Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

3 occurrences of བྲག་ཡེར་པ་
[Clear Hits]


  
 
  
  
  
  
collapse section
དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ལོ་རྒྱུས།
  
  
  
  


3 occurrences of བྲག་ཡེར་པ་
[Clear Hits]

 
previousདཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ལོ་རྒྱུས།next

དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ལོ་རྒྱུས།


JSD001_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ལོ་རྒྱུས་བཞུགས་སོ། །


JSD001_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། བོད་ལྗོངས་ས་ཆེན་གྱི་ལྟེ་བ་ཆོས་འཁོར་ཆེན་པོ་དཔལ་བསམ་ཡས་མི་འགྱུར་ལྷན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ། ཐོག་མར་ཇི་ལྟར་བཞེངས་པའི་ལོ་རྒྱུས་མདོར་བསྡུས་ཙམ་བརྗོད་ན། དེ་ཡང་། བདག་ཅག་གི་སྟོན་པ་འོད་མའི་ཚལ་ན་བཞུགས་ཚེ། མ་འོངས་པ་ན་མཐའ་འཁོབ་གདོང་དམར་ཁ་བ་ཅན་གྱི་ཡུལ་དེར་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་ཞིག་རྒྱས་པ་འགྱུར་རོ། །མཐའ་ཁོབ་དེ་འདུལ་བའི་གཉེན་པོ་ནི་བྷཱུ འཕགས་པ་སྤྱན་རས་གཟིགས་ཡིན་ནོ་ཞེས་ལུང་བསྟན་པ་ལྟར་དུ། ཡེ་ནས་འཕགས་པའི་སྤྲུལ་པ་སྤྲེའུ་དང་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་གཉིས་འདུས་པ་ལས་ཐོག་མར་མི་ཡི་འགྲོ་བ་སྤེལ། དེ་ནས་འཇིག་རྟེན་བླུན་པོ་རྣམས་ཀྱང་རྒྱལ་པོ་ལ་གཙོ་བོར་འཛིན་པས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ། གཉན་པོ་


JSD001_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་ལ་སོགས་པ་ཕོ་བྲང་ཡུམ་བུ་བླ་སྒང་ཏུ་བབས་པས་དམ་པ་ཆོས་ཀྱི་དབུ་བརྙེས། རྒྱལ་རབས་ལྔ་ནས་འདིའི་དོན་ཤེས་པ་འབྱུང་ངོ་ཞེས་པ་ལྟར། སྤྱན་རས་གཟིགས་དངོས་སྲོང་བཙན་གྱི་སྐུ་རིང་ལ་ཇོ་ཤཱཀ་རྣམ་གཉིས་སྤྱན་དྲངས། ལྷ་ས་དང་། ཁྲ་འབྲུག་ལ་སོགས་པ་མཐའ་འདུལ་དང་། ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། ཡི་གེ་དང་དམ་པའི་ཆོས་ཀྱི་སྲོལ་བཏོད། དེ་ནས་རྒྱལ་རབས་ལྔ་ན་དབོན་སྲས་གསལ་ཁྲི་ལྡེ་གཙུག་བརྟན་གྱིས་མེས་སྲོང་བཙན་གྱི་བཀའ་ཆེམས་ལ། ངའི་དབོན་སྲས་རྒྱལ་པོ་ལྡེ་ཞེས་བྱ་བའི་སྐུ་རིང་ལ་དམ་པའི་ལྷ་ཆོས་འབྱུང་ཞེས་པ་ལ་ཨིལ་སོགས་པ་གཟིགས་པས། རང་ཉིད་ཡིན་ནོ་སྙམ་ནས། བྲན་ཀ་དང་གཉགས་གཉིས་རྒྱ་གར་དུ་ཆོས་འཚོལ་དུ་བཏང་བས། པཎྜི་ཏ་སངས་རྒྱས་གསང་བ་དང་། 


JSD001_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཞི་བ་གཉིས་གངས་ཏི་སེ་ལ་བཞུགས་པ་དང་མཇལ་ཀྱང་། ལུང་བསྟན་གྱི་དོན་ལྷ་སྲས་ཁྲི་སྲོང་ཡིན་པས་གདན་མ་འདྲོངས། མདོ་སྡེ་ལས་རྣམ་འབྱེད་དང་། གསེར་འོད་དམ་པ་གཉིས་སྤྱན་དྲངས་ནས་དེའི་བཞུགས་ཁང་དུ་བྲག་དམར་མགྲིན་བཟང་། མཆིམས་ཕུ་ན་ར། ཀ་ཆུ་དཔལ་འབྱུང་།ལྷ་ས་མཁར་བྲགག་པ་གོང་སྟེ་གྲོང་སྡེ་གཙུག་ལག་ཁང་ལྔ་བཞེངས། དེ་ལ་ཞང་བློན་རྣམས་མི་དགའ་ཡང་། སྔོན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་དུས་ཀྱི་དྡྷཾ སྨོན་ལམ་ལས། འཕགས་པ་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཆོས་སྐྱོང་བའི་རྒྱལ་པོ་ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་ས་ཕོ་རྟ་ལ་ཕོ་བྲང་བྲག་དམར་མགྲིན་བཟང་དུ་སྐུ་འཁྲུངས། རེ་ཞིག་རྒྱལ་བུ་ནར་མ་སོན་རིང་། བོན་བློན་ངན་པས་ཁྲིམས་བུ་ཆུང་བཅས་ནས། ཡབ་མེས་ཀྱི་ཆོས་དང་བྲག་དམར་ལ་སོགས་པར་གནོད་པ་


JSD001_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་བསྐྱལ། དགུང་ལོ་བཅུ་གསུམ་པར་ཡབ་མེས་ཀྱི་ཡིག་ཚང་གཟིགས་པས། གངས་རིའི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དར་བའི་བྱེད་པོ་རང་ཉིད་དུ་ལུང་བསྟན་པར་ཡིད་ཆེས་ཞིང་། སློབ་དཔོན་ཧ་ཤང་ཆེན་པོའི་ལུང་བཞིན་དགེ་བ་བཅུའི་མདོ་དང་། རྡོ་རྗེ་གཅོད་པ། སཱ་ལུ་ལྗང་པ་། ༈ གསུམ་གཟིགས་པས། ལྟ་བ་སྤྱོད་པ་འབྲས་བུ་གསུམ་ག་ལ་ལྷག་པར་དད་ཀྱང་། མ་ཞང་ཁྲམ་པ་སྐྱེས་ཀྱིས་ཡབ་མེས་སྐུ་ཚེ་ཐུང་བ་ཆོས་བྱེད་པས་ལན། སྐྱེ་བ་ཕྱི་མ་ཡོད་པ་རྫུན་ཡིན། ཆོས་བྱས་ན་བཀྲ་མི་ཤིས་པ་ཡོང་ཟེར་ནས། ལྷ་སའི་ཇོ་ཤཱཀ་བྱེད་སྟོང་དུ་སྦས་པ་སོགས་བར་ཆད་སྣ་ཚོགས་བྱས་པས། བཙན་པོའི་བ གྲོགས་རྦ་གསལ་སྣང་གིས་བྱས། ཆོས་བློན་ཁྲི་བཟང་གིས་ཐབས་བསམ་ནས་ལྟས་མཁན་རྣམས་ལ་ལྐོག་ཏུ་བརྔན་གྱིས་བྲིད། དེའི་གྲོགས་བློན་པོ་འགོས་


JSD001_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བྱས་ཏེ། མ་ཞང་སྟོད་ལུང་དུ་གསོན་དུར་ལ་བཅུགརྦ་གསལ་སྣང་ཕོ་ཉར་མངགས་ཏེ་མཁན་པོ་ཤནྟ་རཀྵི་ཏ་སྤྱན་དྲངས། དགེ་བ་བཅུ་དང་། ཁམས་བཅོ་བརྒྱད། རྟེན་འབྲེལ་བཅུ་གཉིས་སོགས་ཀྱིས་ཆོས་བཤད་པས། བོད་ཀྱི་ལྷ་སྲིན་གདུག་པ་ཅན་ཁྲོས་ཏེ། ཤམ་པོས་ཕོ་བྲང་ཕང་ཐང་ཆུ་ལ་བསྐྱར། ཐང་ལྷས་དམར་པོ་རི་ལ་ཐོག་ཕབ། མི་ནད་དང་ལོ་ཉེས་ཆེན་པོ་བྱུང་བས། བདུད་བློན་རྣམས་སྤོབས་པ་སྐྱེས་ནས། འདི་བཙན་པོས་ཆོས་བྱས་པ་ལན། ཨ་ཙ་ར་ངན་ཊྚཾ སྔགས་ཅན་འདི་ཕར་སྤྱགས་ཤིག་ཟེར། བོད་འབངས་ཀུན་ཁ་ལོག་ནས་ཆོས་བྱར་མ་བཏུབ་པས། མཁན་པོའི་ཞལ་ནས། བོད་ཀྱི་གནོད་སྦྱིན་མ་རུངས་པ་སངས་རྒྱས་ཀྱི་དམ་འོག་ཏུ་མ་ཆུད་པས་ཆོས་ལ་སྡང་། ད་རྒྱ་གར་ན་གུ་རུ་པདྨ་འབྱུང་གནས་ཞེས་བྱ་བ། མེ་ཏོག་པདྨ་ལས་རང་བྱུང་དུ་རྫུས་སུ་འཁྲུངས་པ་པཎ་


JSD001_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། སངས་རྒྱས་ཉིད་ལས་ཀྱང་ཆེས་འཕགས་པར་ལུང་བསྟན་པ་ཞིག་བཞུགས་ཡོད་པས་དེ་།སྤྱན་དྲངས་ན། རྒྱལ་པོའི་བསམ་པ་འགྲུབ་བོ་ཞེས་ལུང་བསྟན། མཁན་པོ་བསྐྲད་པ་ལྟར་བྱས་ཏེ་རེ་ཞིག་བལ་ཡུལ་དུ་བཞུད། གསལ་སྣང་ཆོས་ཀྱི་སྤྱན་པ་བར་བགྱིས་པ་དེ་ཡིས་སླར་ཡང་ལྷོ་བལ་དུ་བཏོལ་ནས་སློབ་དཔོན་སངས་རྒྱས་གཉིས་པ་སྤྱན་དྲངས། ལམ་དུ་ལྷ་སྲིན་གདུག་པ་ཅན་འདུལ་བཞིན་དུ་བྱོན། མང་ཡུལ་གྱི་རི་བོ་དཔལ་འབར་ཕན་ཚུན་བརྗེས། སྟོད་ལུང་མདར་མྱ་ངམ་གྱི་ཐང་ལ་ཕྱག་མཁར་རྒྱབ་ནས་གྲུབ་ཆུ་ཆེན་པོ་བཏོན། ཟུང་མཁར་ཕྲང་བཙན་པོ་རྗེ་བློན་རྣམས་བསུ་བར་བྱོན། ཕྱག་ལ་མ་འཆམས་པས། གུ་རུའི་ང་ཆེ་ང་བཙན་གྱི་མགུར་དང་རྫུ་འཕྲུལ་བསྟན་པས་བཙན་པོ་དད་ནས་ཕྱག་གྱང་འགྱེལ་བ་བཞིན་


JSD001_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ། དེའི་སྒྲིབ་སྦྱང་དུ་དམིགས་ནས་རྡོ་ཡི་མཆོད་རྟེན་ལྔ་དེ་ཉིད་དུ་རྫུ་འཕྲུལ་གྱིས་བཞེངས། ཡར་ལྷ་ཤམ་པོས་སློབ་དཔོན་གྱི་ཐོག་ཏུ་ཆུ་ཆེན་པོ་དྲངས་པ་ལ་རྡོ་རྗེ་གདེངས་པས་ཆུ་གྱེན་དུ་ལོག །སླར་ལྟ་སྟངས་མཛད་པས་གངས་ཞུ་ནས་རི་ནགས་ཉིལ་སོང་བས་ཁོ་སྐྲག་ནས་བཀའ་ལ་ཉན་པར་བྱས། དེ་བཞིན་དུ་བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་ཐོ་བརྩམས་པ་རྫུ་འཕྲུལ་གྱིས་སྤ་སྐོངས་ཏེ་དམ་པའི་ཆོས་དར་ཏུ་བཏུབ་པ་མཛད། ཐུགས་རྗེ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་ཧཱུཾ པས་བོད་འབངས་ལ་ཕན་གདགས་པར་བཞེད་ནས་ཛམ་བྷ་ལ་ལས་ནོར་བླངས་ནས་དབུལ་བ་བསལ། བསམ་ཡས་ཀྱི་ནེའུ་ཐང་དང་ནགས་ཚལ་ཕན་ཚུན་སྦྲེལ། གསེག་མ་ནེའུ་ཐང་དུ་བསྒྱུར། གྲུབ་ཆུའི་རྒྱུན་ཆེན་པོ་བཏོན། གྲམ་པ་རྣམས་ཞིང་དུ་བཏང་། རྒྱ་གར་དུ་ཆུ་འདི་བས་ཆེ་བ་ཞིག་ས་འོག་ཏུ་བཅུགས་པ་ཡིན་


JSD001_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ནས་གཙང་པོ་ས་འོག་ཏུ་འཇུག་པར་མཛད་རྒྱུ་ལ། ཞང་བློན་ངན་པས་དབྱེན་བྱས་ནས་ཞིང་ཡར་ཀླུང་ཀྱིས་ཆོག་ཟེར་བ་སོགས་རྟེན་འབྲེལ་ཕྱིན་ཅི་ལོག་ཏུ་སྦྱར་ནས་མ་གྲུབ། བདུད་བློན་རྣམས་རྫུ་འཕྲུལ་ལ་སྐྲག་ནས་སློབ་དཔོན་བཞུད་པར་ཞུ་བ་ཕུལ་བས་བཙན་པོ་མ་མཉེས་ཀྱང་མ་དག་པའི་སྣང་ངོར་བསྐྲད་པ་ལྟར་མཛད་པས། བོད་ཡུལ་གྱི་སྒྲུབ་གནས་དང་། གངས་བྲག་སྦས་ཡུལ་རྣམས་བྱིན་གྱིས་བརླབས་ནས། རི་བྲག་མཚོ་གསུམ་ཐམས་ཅད་དུ་གཏེར་ཁ་གྲངས་མེད་པ་སྦ་བར་མཛད། སླར་མཁན་སློབ་གཉིས་ཀ་གདན་འཛོམས་ཏེ་ས་ཡི་དཔྱད་གཟིགས་ནས། མཚོ་མོ་མགུལ་དང་། ཧས་པོ་རི་ཡི་བར་ན་ས་གཞི་འཇག་སྐྱ་སྐྱ་ཆད་དེ་བ་ཕང་ཕུང་སྣ་ཚོགས་འདུག་པ་དེ་འཁར་གཞོང་མར་ཁུས་བཀང་བ་འདྲ་བས་ས་ཡི་དཔྱད་


JSD001_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བསྟན་ནས། ཕྱག་འཁར་གྱིས་ས་རིས་བཅད། བཙན་པོས་བོད་འབངས་ཁ་ལོག་གིས་དོགས་ནས་ཐབས་ལ་མཁས་པས། ཝ་ལུ་གྲོགས་པོ་གསེར་ཕྱེས་འགེངས་པ་དང་། གཙང་པོ་ཟངས་ཀྱི་སྦུབས་སུ་འཇུག་པ་ལ་སོགས་པས་གདམ་ང་མི་གཅིག་པ་ལྔ་བཀུར་བས་ལྷ་ཁང་བརྩིགས་པར་ཁ་འཆམས་ཀྱང་། ངམ་ཏ་ར་ཀླུ་གོང་ཆོས་ལ་གནག་ཅིང་བོན་གྱི་ཕྱོགས་འཛིན་པས་ལྷ་ཁང་བཞེངས་པ་ལ་གེགས་བྱེད་པ་མཐའ་ལ་སྤྱགས། དེས་བོད་འབངས་ཀུན་བྲེད་དེ་ཁ་རོག་པར་འདུག་པའི་སྐབས། གཙུག་ལག་ཁང་གི་ས་ཆོག་མཛད་པས་ས་བཀྲ་ལེགས་ཤིང་ས་ཞག་དཀར་པོ་དང་། ནས་འབྲས་ཕུལ་དོ་རེ་བྱུང་། དེ་ནས་མཆོད་རྟེན་བཞི་ཡི་ཕུར་པ་བཏབ་རྗེས། བཙན་པོས་ལྷ་ཁང་བརྩིགས་པའི་ཞུ་བ་མཛད་པས་སློབ་དཔོན་གྱི་ཞལ་ནས། བཙན་པོ་ཉིད་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་


JSD001_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ཡང་རྗེ་བཙུན་སྒྲོལ་མ་ཡིན། མཐར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་སྒྲོལ་མས་གསོལ་བ་འདེབས་པ་ཡིན་པས་ཐོག་མར་ཇོ་མོའི་ལྷ་ཁང་རྩིགས་ཤིག་ཅེས་ལུང་བསྟན། དེ་ནས་མཁན་སློབ་གདན་འཛོམས་ཏེ་ཨཱརྱ་པ་ལོའི་གླིང་ཐོག་མར་བརྩིགས་པ་ཡིན། དེའི་ཚེ་སེ་ཕུང་ལ་གནས་པའི་ཀླུ་ཡིས་མ་བཟོད་དེ་མལ་གྲོ་གཟི་ཅན་པ་ལ་སོགས་ཐམས་ཅད་སྦྲན་ནས་ཉིན་པར་མི་ཡིས་བརྩིགས་པ། མཚན་མོ་ལྷ་འདྲེས་བཤིག་བྱས་ནས་ས་རྡོ་རང་གནས་སུ་བསྐྱལ་བས། སློབ་དཔོན་པདྨས་དྲག་པོའི་སྦྱིན་སྲེག་ལན་གཉིས་དང་། མཆིམས་ཕུར་ཀླུ་འདུལ་གྱི་དགོངས་པར་བཞུགས་ནས་ཀླུ་ལ་སོགས་པའི་འདྲེ་སྲིན་དམ་འོག་ཏུ་བཙུད་ཅིང་ཚར་བཅད་དེ། ཨཱརྱ་པ་ལོའི་གླིང་ལེགས་པར་བཞེངས་ནས་བཙན་པོ་དགུང་ལོ་ཉེར་གཅིག་བཞེས་པ་


JSD001_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཕོ་སྟག་གི་ལོར། སྟོན་ཟླ་འབྲིང་པོའི་ཡར་ཚེས་བརྒྱད། རེ་གཟའ་ཕུར་བུ་དང་། སྐར་མ་ལག་སོར་འབྲུག་གི་ཉིན་ལ། ཚངས་པ་དང་བརྒྱ་བྱིན་གྱིས་ལས་དཔོན་བྱས། རྒྱལ་ཆེན་སྡེ་བཞིས་གྱང་མཁན་བྱས། སྡེ་བརྒྱད་ཐམས་ཅད་བྲན་དུ་བཀོལ་ཏེ། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ལ་དཔེ་བྱས་ནས། དབུ་རྩེ་རིགས་གསུམ་རི་རབ་ཀྱི་ཚུལ་དང་། འཁོར་ས་གསེར་གྱི་རི་བདུན་ཚུལ། དེ་ལ་དབུ་རྩེ་རིགས་གསུམ་གྱི་གཙུག་ལག་ཁང་ཆེན་པོ། ཕྱི་རྩིགས་ལུགས་ཤྩ འདུལ་བ་དང་མཐུན་པ། ནང་རྒྱུད་རིས་མདོ་སྡེ་དང་མཐུན་པ། གཞན་ལྷ་ཚོགས་གསང་སྔགས་དང་མཐུན་པ། བཟོ་གནས་ཀྱི་ཁྱད་པར། རྒྱ་གར། རྒྱ་ནག ། ལི་ཡུལ་གྱི་ལུགས་ཐ་དད་དུ་བྱས་པས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་གྲགས། གཞི་ཆེ། དཔང་མཐོ། རྒྱུ་བཟང་། བཀོད་


JSD001_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ། དབུ་རྩེ་ཀ་བ་སྟོང་རྩ་གཉིས། སྒོ་ཆེན་སོ་དྲུག་རྣམས་ཡོད་པ་ལས། སྟེང་ཁང་གཙོ་བོ་རྣམ་སྣང་ཀུན་ཏུ་ཞལ་ལ་འཁོར་བྱང་སེམས་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། ཕྱོགས་བཅུ་བཞེངས་པའི་སེམས་དཔའ་ཉི་ཤུ་རྩ་བཞི། སྒོ་སྲུང་བརྒྱད་བཅས་བཞི་བཅུ་ཞེ་གཅིག་བཞུགས། རི་མོ་ལ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བཀོད་དེ། ཆོས་སྐྱོང་གནོད་སྦྱིན་ཟངས་ཀྱི་འབེ་ལོག་ཅན་ལ་གཏད། བར་ཁང་གཡུ་ཞལ་འབར་བའི་རྟེན་གཙོ་དུས་གསུམ་སངས་ཥྛ རྒྱས་ལ་འཁོར་དུ་ས་བཅུའི་སེམས་དཔའ་བཅུ་ཡིས་བསྐོར་བ། སྒོ་སྲུང་ཀང་ཀིང་གཉིས་བཅས་ལྷ་ཚོགས་བཅོ་ལྔ་བཞུགས། རྒྱུད་རིས་རྒྱས་པ་འབུམ་གྱི་གླེང་གཞི་བྲིས། སྐོར་ཁང་ཕྱི་ལྟས་ལ་བདེ་གཤེགས་མཆོད་རྟེན་བརྒྱད་དང་། ནང་ལྟས་ལ་སྤྲིན་ཆེན་སྙིང་པོའི་མདོ་རི་མོར་བྲིས། སྐོར་ཁང་གདོང་ལ་རྒྱལ་ཆེན་


JSD001_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་འཁོར་སྲུངས་དང་། འཕགས་སྐྱེས་པོ་གཉིས་བཙུན་མོ་སྲས་དང་བློན་པོར་བཅས་བཞུགས། སྔ་ཁང་གདོང་ལ་ཕྱོགས་བཅུའི་སངས་རྒྱས་དང་། རྡོ་རྗེ་སེམས་དཔའ།འཇམ་དཔལ་གཤིན་རྗེ། ཆོས་སྐྱོང་རྣམས་ཀྱི་ཞལ་འབག་དང་བཅས་པ་བྲིས། ཆོས་སྐྱོང་རྒྱལ་པོ་ཤིང་བྱ་ཅན་ལ་གཏད། འོག་ཁང་གཙོ་བོ་བྱང་ཆུབ་ཆེན་པོ་སྟེ། འདི་ཡི་ལོ་རྒྱུས་ནི། ལྷ་ཁང་འབྱོངས་ནས་བཙན་པོའི་མནལ་ལམ་དུ། མི་དཀར་པོ་ཞིག་གིས་ས་གཞི་འདི་ཇོ་མོ་སྒྲོལ་མས་བྱིན་གྱིས་བརླབས་པ་ཡིན། ཧས་པོ་རི་ཡི་རྩེ་ན། རྒྱལ་བས་བྱིན་གྱིས་བརླབས་པའི་ཤཱཀྱ་ཐུབ་པའི་སྐུ་ཡོད་ཅེས་ལུང་བསྟན་པ་ལྟར་དུ། ནངས་པར་བློན་པོ་ཁམས་པ་གོ་ཆ་ཁྲིད་དེ་ལྟར་བྱོན་པས་བྱེ་མའི་ནང་ནས་རྡོ་སྐུ་རང་བྱོན་རྙེད་པ། དེ་ཤིང་རྟ་ལ་གདན་དྲངས་པས་གཙུག་ལག་ཁང་གི་ཤར་སྒོར་བྱོན་པ་དང་། ས་གཡོས། དྲི་གཙང་


JSD001_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་དུ་བྱོན་པ་དང། ཆེར་གཡོས། ཁྲི་ལ་བཞུགས་སུ་གསོལ་བ་ན། ཕྱུ་མཁན་ན་རེ། བཙན་པོའི་ལྷ་ཁང་ལ་དཔགས་ནས་ལྷ་སྐུ་ཚད་ཆུང་མཆི་ཟེར་བས། སྤྲུལ་པའི་བཟོ་བོས་འཇག་མ་དང་། དར་རས་ཀྱིས་གཡོག །རིན་ཆེན་སྣ་ཚོགས་བསྲེས་པའི་འཇིམ་པ་ལས་སྐུ་མཐོང་ན་མི་མཐུན་པ་མེད་པའི་སྐུ་རྒྱལ་བ་མངོན་སུམ་པའི་མཚན་དཔེ་རྫོགས་པར་བྱོན་པ། དེ་ཉིད་རྟེན་གྱི་གཙོ་བོ་ལ། འཁོར་དུ་བསྐལ་བཟང་སངས་རྒྱས་བཅུ་ཡིས་བསྐོར་བ་དང་། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང་། མི་གཡོ་གཉིས་བཅས་ལྷ་ཚོགས་བཅུ་གསུམ་བཞུགས། རི་མོ་ལ་ཕྱོགས་བཅུའི་སངས་རྒྱས་དང་། སྐོར་ཁང་ཕྱི་ལྟས་ལ་ཨ མདོ་སྡེ་པདྨ་དཀར་པོ་དང་། ནང་ལྟས་འདུས་པ་རིན་པོ་ཆེའི་ཏོག་བྲིས། ཆོས་སྐྱོང་སེང་གེ་གཡུ་རལ་ཅན་ལ་གཏད། སྔ་ཁང་ལ་མདོ་སྡེ་དཀོན་མཆོག་སྤྲིན་


JSD001_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས། འཁོར་ས་བར་པ་ལ་མདོ་སྡེ་རྒྱ་ཆེར་རོལ་བ། ལྷོ་ཕྱོགས་ནོར་གྱི་མཛོད་གསུམ། ནུབ་ཕྱོགས་གསུང་རབ་རྒྱུད་ཀྱི་མཛོད་གསུམ། བྱང་ཕྱོགས་རིན་ཆེན་གཏེར་གྱི་མཛོད་རྣམས། ཆོས་སྐྱོང་གཤིན་རྗེ་མཆེད་གསུམ། ཨ་ཙ་ར་མཆེད་གསུམ། གནོད་སྦྱིན་མཆེད་གསུམ་སོ་སོར་གཏད། འཁོར་ས་ཆེན་པོ་སྡོང་རྒྱན་མདོ་བྲིས་པ་བཅས་དབུ་རྩེ་རིམ་གྱི་བཞུགས་བྱང་དེ་ལྟར་ཡིན། གཞན་ཡང་ཡཀྵ་སྟག་འོག་གཉིས་ཉི་མ་དང་ཟླ་བའི་ཚུལ། གླིང་བཞི་ནི། ཤར་ན་མཁྱེན་རབ་ཙྪཱ འཇམ་དཔལ་གླིང་། ལྷོ་ན་ཨཱརྱ་པ་ལོའི་གླིང་། ནུབ་ན་དགའ་ལྡན་བྱམས་པ་གླིང་། བྱང་ན་བྱང་ཆུབ་སེམས་བསྐྱེད་གླིང་དང་བཞི་ཡིན། གླིང་ཕྲན་བརྒྱད་ལ། ཤར་གྱི་གླིང་ཕྲན་རྣམ་དག་ཁྲིམས་ཁང་གླིང་དང་། བརྡ་སྦྱོར་ཚང་མང་གླིང་གཉིས། ལྷོ་ཡི་གླིང་ཕྲན། བདུད་འདུལ་སྔགས་པ་གླིང་དང་། སྒྲ་བསྒྱུར་རྒྱ་གར་གླིང་


JSD001_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། ནུབ་ཀྱི་གླིང་ཕྲན། ལུང་བསྟན་བི་ཙའི་གླིང་དང་། མི་གཡོ་བསམ་གཏན་གླིང་གཉིས། བྱང་གི་གླིང་ཕྲན། རིན་ཆེན་སྣ་ཚོགས་གླིང་དང་། པེ་ཀར་དཀོར་མཛོད་གླིང་གཉིས་བཅས་དང་། གོང་གི་གླིང་བཅུ་གཉིས་ལ་མི་ཐེ་བ་ཁྲུས་ཁང་གླིང་དང་། ཚང་མང་ཀེ་རུའི་གླིང་། མཐུ་རྩལ་འི ཀླུ་ཡི་གླིང་བཅས་གསུམ་བཞུགས། ཕྱོགས་བཞིར་བྱང་ཆུབ་ཆེན་པོའི་མཆོད་རྟེན་དཀར་པོ་ཤུད་བུ་དཔལ་སེང་གིས་བཞེངས། པདྨ་བརྩེགས་པའི་མཆོད་རྟེན་དམར་པོ་རྒྱ་ཚ་ལྷས་སྣང་གིས་བཞེངས། བཀྲ་ཤིས་སྒོ་མང་གི་མཆོད་རྟེན་སྔོན་པོ་རྡོ་རྗེ་སྤྲེའུ་ཆུང་གིས་བཞེངས། བདུད་འདུལ་མཆོད་རྟེན་ནག་པོ་ཏ་ར་ཀླུ་གོང་གིས་བཞེངས་པ་ཡིན། ཕྱི་ཡི་ལྕགས་རི་ནག་པོའི་ཕྱོགས་བཞིར་སྒོ་ཆེན་བཞི་ལ་མགོན་ཁང་བཞི་དང་། ལྕགས་རིའི་རྩེ་ལ་མཆོད་རྟེན་སྟོང་དང་རྩ་བརྒྱད་ཀྱིས་


JSD001_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་དེ་རྣམས་ནི་ལྕགས་རི་ཆེན་པོ་གཅིག་གིས་བསྐོར་བའི་ནང་གི་དཀར་ཆག་ཡིན། སྒོ་ཆེན་བཞི་ཡི་མདུན་ན་རྡོ་རིང་ཆེན་པོ་བཞི་ཡི་རྩེ་ལ་ཟངས་ཀྱི་ཁྱི་མོ་བཞི་ཡིས་བརྒྱན་པ། ལྕགས་རིའི་ཕྱི་རོལ་གྱི་ལྷོ་ཕྱོགས་སུ། བཙུན་མོ་ཚེ་སྤོང་བཟའ་དམར་རྒྱན་མས་བཞེངས་པའི་ཁམས་གསུམ་ཟངས་ཁང་གླིང་། ནུབ་ཕྱོགས་སུ་འགྲོག་བཟའ་བྱང་ཆུབ་མས་བཞེངས་པའི་དགེ་རྒྱས་ལི་མ་གླིང་། བྱང་ཕྱོགས་སུ་ཕོ་གྱོང་བཟས་བཞེངས་པའི་དབུ་ཚལ་གསེར་ཁང་གླིང་དེ། དེ་ཙྩུ གསུམ་ལ་ཇོ་མོ་གླིང་གསུམ་ཞེས་གྲགས། ལྷ་ཁང་ཐམས་ཅད་ཀྱི་བཞེངས་ལུགས་དང་། རྟེན་གཙོ། འཁོར་གྱི་ལྷ་གྲངས། ལྡེབ་རིས་ཀྱི་མཚན་བྱང་ཆོས་སྐྱོང་གང་ལ་གཏད་ཚུལ་སོགས་ལོ་རྒྱུས་རྒྱས་པར་བཤད་ན་དུས་ཡུན་ཐུང་ངུས་མི་རྫོགས་པ་འདིར་མདོར་བསྡུས་ཙམ་བཤད་པ་ཡིན། །ལྷ་ཁང་བཞེངས་ཚེ་ས་


JSD001_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡར་ཀླུང་གད་པ་ཐོག་དང་། རྡོ་རྣམས་ཧས་པོ་རི་ནས་ཤིང་རྟ་ལ་དྲངས། ཤིང་རྣམས་ཤུག་པ་ལ་བྱས་ཤིང་། སློབ་དཔོན་ཆེན་པོས་བོད་ཀྱི་ལྷ་འདྲེ་སྡེ་བརྒྱད་དམ་ལ་བཏགས་ནས་ལས་ལ་བཀོལ་བས་ཉིན་མོ་མི་ཡིས་བརྩིགས་པ་ལས་མཚན་མོ་ལྷ་འདྲེས་བརྩིགས་པ་ཚར་ཆེ་བ་༣ བྱུང་། མཆོད་རྟེན་དཀར་པོ་གཙོ་བོར་གྱུར་པའི་རྟེན་གྱི་ནང་གཟུངས་ལ་དམིགས་ཏེ། རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་པདྨའི་སྙིང་པོ་ཅན་ལས། དེ་བཞིན་གཤེགས་པའི་རིང་བསྲེལ་སྤྱན་དྲངས་པའི་ཕྱིར་དུ་སྤྲུལ་པའི་དམག་དཔུང་བཀྱེ་བ་སོགས་ཐབས་ལ་མཁས་པའི་མཛད་པ་བསམ་གྱིས་མི་ཁྱབ་པ་བསྟན། བཙན་ཨ་པོའི་ཡོ་བྱད་ལ་ཐོག་པ་བྱུང་བས་ཀླུ་མ་དྲོས་གཟི་ཅན་ལ་གྲོགས་པོ་བྱས་ནས་གསེར་དང་ཞིང་མང་པོ་འབད་མེད་དུ་བྱུང་སྟེ་སྟག་ནས་རྟ་ལོ་ལྔ་ལ་ལྷ་ཁང་ལེགས་


JSD001_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབྱོངས་པའི་ལོ་དེར། ཐོག་མར་མཁན་པོ་དང་། ཤཱནྟཾ་གྷནྡྷས་རབ་གནས་མཛད། དེའི་ཕྱི་ལོ་ཆུ་མོ་ལུག་ལོར་དགུན་ཟླ་ར་བའི་ཚེས་བཅོ་ལྔ་ཟླ་བ་གཟའ་འཛིན་ལ་བབ་ཚེ། སློབ་དཔོན་པདྨ་བྱོན་ཏེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནམ་མཁར་སྤྲུལ་ནས་རབ་ཏུ་གནས་པའི་མེ་ཏོག་འཐོར་ཚེ། ནང་གི་ལྷ་རྣམས་ཕྱི་རོལ་དུ་བྱོན་ནས་ལྷ་ཁང་ལ་བསྐོར་བ་མཛད་ནས་སླར་ནང་དུ་བཞུགས་པ་དང་། ཁྲོ་བོའི་མེ་རི་ལས་མེ་གཉིས་སུ་འབར་བ་དང་། སངས་རྒྱས་མ་ཆགས་པདྨ་ཅན་གདན་༔ ལས་འཕགས་ཏེ་བར་སྣང་ལ་བཞུགས་པ་དང་། ནམ་མཁའ་ནས་ལྷའི་མེ་ཏོག་གི་ཆར་དང་། ཨ་རུ་ར་རློན་པའི་ཆར་ལན་གསུམ་བབས་ཤིང་ལྷ་ཁང་འོད་ཀྱིས་གང་བ། ཨཱརྱ་པ་ལོའི་རྟ་མགྲིན་གྱི་སྐུ་དེ་ཡིས་རྟ་སྐད་ཐེངས་གསུམ་བཏོན་པ་ཀུན་གྱིས་ཐོས། ཉི་ཟླ་གཉིས་དུས་གཅིག་ལ་ཤར། ལྷ་རྣམས་ཆོས་ཀྱི་བགྲོ་བ་


JSD001_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། ཟངས་ཀྱི་ཁྱི་མོ་ཟུག་ནས་ཕྱོགས་བཞིར་རྒྱུགས། དར་གདུགས་རྒྱལ་མཚན་རང་འཕྱར། རོལ་མོ་རྣམས་བཀྲོལ་མཁན་མེད་པར་རང་གྲགས་པ་སོགས་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་བས། བོད་ཁམས་ལྷ་མི་ཐམས་ཅད་ངོ་མཚར་ཆེ་བས་དུས་འདའ་བར་གྱུར་ཏེ། དེ་ནས་༧ མཁན་སློབ་རྗེ་འབངས་ཐམས་ཅད་ཀྱི་དགའ་བའི་གླུ་བླངས། སྐྱིད་པའི་བྲོ་བརྡུངས། མགྱོགས་པའི་རྟ་རྒྱུགས་པ་སོགས་དགའ་སྟོན་གྱི་རིམ་པ་ཟླ་བ་བཅོ་བརྒྱད་བར་དུ་བྱས་སོ། །དེ་ནས་གསུང་བསྟན་དུ་དམ་པའི་ཆོས་བཀའ་འཁོར་ལོ་གསུམ་དང་། སྔགས་རྒྱུད་སྡེ་བཞི། ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་ཨ་པོའི་རྒྱུད་མཐའ་དག་དགོངས་འགྲེལ་དང་བཅས་པ་རྒྱ་གར་ན་བཞུགས་ཚད་དང་། ལྷ་ཀླུ་གནོད་སྦྱིན་མཁའ་འགྲོའི་གནས་ན་བཞུགས་པ་རྣམས་ཀྱང་། སློབ་ 


JSD001_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་བྱང་ཆུབ་སེམས་དཔའ་རྣམས་དང་སློབ་དཔོན་རྣམས་ཀྱི་རྫུ་འཕྲུལ་ལ་བརྟེན་ནས་བླངས་ཏེ་བསམ་ཡས་སུ་བཞུགས་པ་ཡིན། དེ་བཞིན་དུ་ཐུགས་རྟེན་དུ་དགེ་འདུན་གྱི་སྡེ། སད་མི་མི་བདུན་ལ་སོགས་དབུ་ཟླུམ་མདོ་ཡི་སྡེ་དང་། རྡོ་རྗེ་བདུད་འཇོམས་ལ་སོགས་ལྕང་ལོ་སྔགས་ཀྱི་སྡེ་མཆོད་གནས་སྡེ་གཉིས་ཀྱི་ལྷ་ས། བསམ་ཡས། ཁྲ་འབྲུག་མཆིམས་ཕུ། previous hit ཡེར་བ། ཆུ་བོ་རི། ཤེལ་བྲག་སོགས་སུ་གྲུབ་ ་ཐོབ་པའི་སྐྱེས་བུ་བགྲང་གིས་མི་ལང་བས་བཀང་སྟེ། དེ་དུས་བོད་ཡུལ་དུ་བསྟན་པ་དར་བ་ཙམ་རྒྱ་གར་དུ་ཡང་མ་བྱུང་བའི་ཚུལ། ཕྱིས་ཇོ་བོ་རྗེ་ཡིས་བསམ་ཡས་དཀོར་མཛོད་གླིང་གི་རྒྱ་དཔེ་རྣམས་གཟིགས་པ་ན། སྔོན་ཆད་བོད་དུ་བསྟན་པ་དར་བ་ཙམ་རྒྱ་གར་དུ་ཡང་མ་བྱུང་། ཐེག་པ་ཆེན་པོའི་སྡེ་སྣོད་ལ་ཁོ་བོ་ལས་མཁས་པ་མེད་སྙམ་སྟེ། རྒྱ་གར་ན་མ་གྲགས་པའི་དམ་


JSD001_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མང་པོ་བོད་དུ་སྣང་བས་སློབ་དཔོན་པདྨས་མཁའ་འགྲོའི་གསང་མཛོད་ལས་བླངས་པ་ཡིན་མཆི། ཐེག་ཆེན་གསང་སྔགས་འདི་ལ་མཐའ་ཡོད་ཡོད་མི་འདྲ་གསུངས་ནས་ཐུགས་རྒྱལ་ཆག །བོད་ཀྱི་ཆོས་རྒྱལ་རྣམས་ལ་རྗེས་སུ་ཡི་རང་ཕུལ་བའི་ལོ་རྒྱུས་ཀྱིས་ཤེས་ནུས། དེ་ལྟར་དད་ལྡན་འགྲོ་བ་འདྲེན་པའི་མིག་རྒྱན་དུ་གྱུར་ཅིང་། འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་མཆོག་དམ་པ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་ཕན་ཡོན་ནི། བཀའ་ཆེམས་ལ། ཁྲི་གདུགས་འོག་ན་འགྲན་ཟླ་མ་མཆིས་པའི། །རྒྱ་གར་རྡོ་རྗེ་གདན་མཚུངས་བསམ་ཡས་འདི། །མིག་གིས་མཐོང་ཚད་ངན་པ་སོང་སྐྱེ་སྒོ་གཅོད། །གང་དག་འདི་ལ་སྐོར་བ་སུས་བསྐོར་བ། །ཤན་པ་ཡིན་ཀྱང་མཐོ་རིས་གནས་སུ་སྐྱེ། །གང་ཞིག་བསམ་ཡས་འདི་ལ་ཕྱག་འཚལ་བ། །


JSD001_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་ཁྱད་པར་ཆེས་ཆེར་རྒྱལ་པོར་འགྱུར། །གང་ཞིག་བསམ་ཡས་རྣམ་ཐར་སུས་བརྗོད་པ། །གང་གིས་ཐོས་པས་ལས་རྣམས་ཀུན་ལས་གྲོལ། །ཞེས་གསུངས་པས་མཚོན། ཨོ་རྒྱན་དུས་གསུམ་མཁྱེན་པས་རྡོ་རྗེ་ལུང་ཚད་མས་རྒྱབ་སྐྱོར་ཟད་མི་ཤེས་པ་ཡོད་པས་ཆོས་སྣང་བའི་སྒོ་དད་པ་བླ་ལྷག་ཏུ་བསྐྱེད་འཚལ། བོད་འབངས་ཡོངས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ཉིད་ཀྱིས་བོད་ཁམས་དཀར་པོར་བཏང་ནས། དགུང་གྲངས་རེ་དགུ་ལ་སྤྲུལ་པ་བསྡུས། དེ་དང་ཕྱོགས་མཚུངས་ཟ་ཧོར་མཁན་ཆེན་བྱང་ཆུབ་སེམས་དཔའ་ཡང་དགུང་ལོ་དགུ་བརྒྱ་དང་གོ་དགུ་ལ་གཤེགས་ཚུལ་བསྟན། ཆོས་རྒྱལ་གྱི་སྲས་ཆེ་བ་མུ་ནེ་བཙན་པོས་རྒྱལ་སྲིད་བཟུང་སྟེ། ཡབ་མེས་ཀྱི་དུས་ལྟར་བསམ་ཡས་སུ་མཆོད་པ་ཆེན་པོ་བཞི་བཙུགས། བོད་འབངས་


JSD001_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོགས་ཕྱུག་ལན་གསུམ་མཉམ། དེ་རྗེས་གཅུང་མུ་ཏིག་བཙན་པོས་ཀྱང་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་སྐབས་སུ། སློབ་དཔོན་པདྨ་བོད་ཡུལ་དུ་ལོ་བརྒྱ་དང་བཅུ་གཅིག་བར་དུ་སྐུ་དངོས་ཀྱི་གདུལ་བའི་རྟེན་འབྲེལ་རྫོགས་ནས་བོད་འབངས་རྣམས་ལ་ཞལ་གདམས་ལུང་བསྟན། བསླབ་བྱ་རྒྱས་པར་བསྩལ་ཏེ། ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་རྫུ་འཕྲུལ་མཆོག་གི་རྟ་ཕོ་ལ་བཅིབས་ཏེ་ནམ་མཁའི་མཐོངས་ནས་གྱ་གྱུར་བྱེད་པ་ཡིན་ནོ། །དེ་ལྟར་འོག་མིན་ས་ལ་འཕོས་འདྲའི་བསམ་ཡས་ཞེས་འཛམ་བུའི་གླིང་ན་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད་ཐོག་མར་བཞེངས་ནས་ད་ལྟའི་བར་དུ་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་ཙམ་ལས་མ་སོང་ཀྱང་། འདུས་བྱས་མི་རྟག་པ་མངོན་དུ་གྱུར་གཤིས་མེ་ཡིས་འཇིག་པ་དང་། སྤྱི་མཐུན་ལས་ཀྱི་བགོ་སྐལ་ལ་སྤྱོད་པས་དུས་ཀྱི་


JSD001_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་འགྱུར་མིག་འཕྲུལ་ལས་ཀྱང་མྱུར་བའི་རྐྱེན་ངན་གྱིས་གཞན་དབང་དུ་གྱུར་པས་དེང་སང་ནི་མིང་གི་ལྷག་མ་ཙམ་ལས་མ་ལུས་པའི་ཚུལ་ལ་བསམ་ན། །ཆོས་ཉིད་གཉུག་མའི་དོན་གྱིས་མ་རྟོགས་ན་འདུས་བྱས་འཁོར་བའི་ཆོས་ལ་སྙིང་པོ་མེད་པ་གོ་བར་གལ་ཆེ་བར་གདའ་འོ་ཞེས་ཁོ་བོའི་རྣམ་རྟོག་གོ། །མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་༔ ཤོག། །།


previousདཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ལོ་རྒྱུས།next