Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

3 occurrences of བྲག་ཡེར་པ་
[Clear Hits]


  
 
  
  
  
སྤྲུལ་པའི་གཏེར་ཆེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་རྣམ་ཐར་གསོལ་འདེབས་དད་གསུམ་ས་བོན།
  
 
  
  
  
  


3 occurrences of བྲག་ཡེར་པ་
[Clear Hits]

 
previousསྤྲུལ་པའི་གཏེར་ཆེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་རྣམ་ཐར་གསོལ་འདེབས་དད་གསུམ་ས་བོན།next

སྤྲུལ་པའི་གཏེར་ཆེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་རྣམ་ཐར་གསོལ་འདེབས་དད་གསུམ་ས་བོན།


JSD001_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་གཏེར་ཆེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་རྣམ་ཐར་གསོལ་འདེབས་དད་གསུམ་ས་བོན་ཞེས་བྱ་བ་བཞུགས་སོ། །


JSD001_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཀུན་མཆོག་ལྡན་བདེ་ཆེན་རྡོ་རྗེའི་གར། །ཚངས་པ་རྔ་སྒྲ་འོད་གསལ་སྙིང་པོའི་ཞིང་། །རབ་འབྱམས་རྒྱ་མཚོར་སྤྲོ་བསྡུའི་བྱེད་པོ་ནི། །ཁྱབ་བདག་དཔལ་ལྡན་བླ་མར་གསོལ་བ་འདེབས། ༡ །ཤཱཀྱའི་བསྟན་ལ་སྤྲུལ་པའི་དགྲ་བཅོམ་ཤཱ་རིའི་བུ་དང་། །པཎ་ཀྲྀཏི་གྲུབ་ས་ར་ཧ་རིག་འཛིན་འབྲོག་བན་ཐ་མལ་གྲུམ་གྱི་མཁར་ནག་སྦས་ཚུལ་སོགས། །མ་ངེས་འཕྲུལ་གྱི་རོལ་མོ་རིམ་ཅིག་ཅར། །དུས་གསུམ་ཀུན་ཏུ་སྟོན་ལ་གསོལ་བ་འདེབས། ༢ །ཁྱད་པར་པད་འབྱུང་རྗེ་དང་བདུད་འཇོམས་པའི། །འཁྲུལ་མེད་འབྱུང་འགྱུར་ལུང་བསྟན་དོན་མངོན་གྱུར། །སྦས་ཡུལ་རྒྱལ་པོ་པདྨ་བཀོད་ཞིང་དུ། ། །བཙད་པོ་ཀ་གནམ་ཆོས་རྒྱལ་རིགས་སུ་བལྟམས་ལ་གསོལ་བ་འདེབས། ༣ །གཞོན་ནུ་ཉིད་ནས་བཟང་པོའི་བག་ཆགས་སད། །གུ་རུས་བཅུ་གསུམ་དུས་


JSD001_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཟིགས་འགྲོ་འདུལ་གླིང་པ་ཞེས། །མཚན་གྱིས་དབང་བསྐུར་ཟབ་གཏེར་བདག་པོ་རུ། །ལུང་བསྟན་དབུགས་དབྱུང་ཐོབ་ལ་གསོལ་བ་འདེབས། ༤ །གྲུབ་མཆོག་འགྱུར་མེད་ངེས་དོན་དབང་པོ་རྗེ་དྲུང་། ཟིལ་གནོན་ནམ་མཁའི་རྡོ་རྗེ།འཇམ་དཔལ་བདེ་བའི་ཉི་མ་སོགས་བཅུ་ཕྲག་ལྷག་སོགས། ། བཤེས་གཉེན་མང་བསྟེན་སྨིན་གྲོལ་རྒྱབ་རྟེན་བཅས། །བུམ་པ་གང་བྱོར་གསན་བསམ་སྒོམ་པ་ཡིས། །ཐུགས་རྒྱུད་ཡོངས་སུ་ཕྱུག་ལ་གསོལ་བ་འདེབས། ༥ །རྒྱུ་འབྲས་ཐེག་པའི་ལྟ་སྒོམ་གྲུབ་མཐའི་གནད། །མ་འདྲེས་འབྱེད་ལ་གཞན་དྲིང་མི་འཇོག་པའི། །སྐྱེས་ཐོབ་ཤེས་རབ་ཀློང་བརྡོལ་ཟླ་བྲལ་གྱི། །མཁས་༣ པའི་དབང་པོར་བསྔགས་ལ་གསོལ་བ་འདེས། ༦ །ཞི་བདེ་དམན་པའི་མཐའ་ལ་མི་ཞེན་པར། །ཕྱིན་དྲུག་བསྡུ་དངོས་བཞི་ཡིས་ཚད་མེད་འགྲོ། །མངོན་མཐོ་


JSD001_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ལེགས་བྱང་ཆུབ་གོ་འཕང་ལ། །བཀྲི་བའི་སེམས་དཔའ་ཆེན་པོ་གསོལ་བ་འདེབས། ༧ །དྲང་དོན་དཀའ་ཐུབ་ངལ་བས་དུབ་མིན་པར། །བདེ་མྱུར་ཆོས་ཉིད་ནམ་མཁའི་ཀློང་མཛོད། ཨ་ཏི་བླ་མེད་གསེང་ལམ་ནས། །གྲུབ་པའི་ས་མཐོར་གཤེགས་པའི་མངོན་རྟོགས་ཀྱི། །ཡོན་ཏན་ཅིག་ཅར་འབར་ལ་གསོལ་བ་འདེབས། ༨ །ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ། ཁ་བྱང་དངོས་སུ་སྤྱད། །ཆོས་སྐྱོང་ཞིང་སྐྱོང་། གནོད་སྦྱིན་ཤན་དམར་སྲུང་མས་བུ་བཞིན་མེལ་ཚེ་མཛད། །འབར་བ་གསུམ་དང་འདུ་བ་རྣམ་གསུམ་དབང་། །ཀུན་གྱིས་གཙུག་ཏུ་བཀུར་ལ་གསོལ་བ་འདེབས། ༩ །དུས་ཀྱི་མཐར་ཡང་སྔ་འགྱུར་བཤད་སྒྲུབ་བསྟན། །མི་ནུབ་ཕྱོགས་བརྒྱར་སྤེལ་བའི་ཐུགས་བསྐྱེད་ཀྱིས། །སྦས་ལྗོངས་ཨེ་ཝཾ་བདེ་ཆེན་ཆོས་འཁོར་བུ་ཆུ་རིག་འཛིན་དགའ་ཚལ་སོགས། །


JSD001_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་འདུས་སྡེ་བཏབ་ལ་གསོལ་བ་འདེབས། ༡༠ །དོན་ཆེན་ལ་དགོངས་རང་སྐལ་ས་ཡི་གཏེར།་སྤ་གྲོ། གནམ་ལྕགས་འབར་བ། འདོན་པའི་རྩོལ་བཏང་བཀའ་རྙིང་བསྟན་སྐྱོང་ཕྱིར། །བརྒྱུད་སྲོལ་ཀུན་འདུས་མཛོད་ཆེན་རྣམ་ལྔ་ཡི། །བསྟན་པའི་རྒྱལ་མཚན་བསྒྲེངས་ལ་གསོལ་བ་འདེབས། ༡༡ །རྩོད་དུས་སྙིགས་མའི་སྐྱེ་འགྲོའི་མཆོད་སྡོང་དུ། །རྔ་ཡབ་བུ་ཆུ། དཔལ་རིའི་ཕོ་བྲང་རྟེན་བརྟེན་པ། །སྒྲུབ་ཁྲོས་མའི་པའི་སྡེ་བཅས་སྔོན་མེད་རབ་བསྐྲུན་པའི། །བསྟན་འགྲོའི་རྒུད་སེལ་མཆོག་ལ་གསོལ་བ་འདེབས། ༡༢ །གཞན་ཡང་གླེགས་བམ་བདུད་འདུལ་སྨིན་གླིང་བདུད་འཇོམས་རྣམས་ཀྱི་ཆོས་སྐོར་ཕྱི་མོས་ལེགས་མཚོན་པའི། །རྟེན་གསུམ་རྣམ་མང་བསྟན་པའི་བཙས་སུ་བཞེངས། །བོད་ཁམས་ཕན་བདེའི་རྩ་ལག་གཉེན་གཅིག་


JSD001_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པུར། །པདྨས་མངགས་པའི་ཕོ་ཉར་གསོལ་བ་འདེབས། ༡༣ །ལྷོ་འབྲུག་བལ་བོད་མདོ་ཁམས་རྒྱ་དཀར་ནག །མ་ལུས་ཞབས་བཅགས་ཆོས་དང་དམ་རྫས་སོགས། །ཞལ་མཇལ་གསུང་ཐོས་གཏམ་གྱིས་འབྲེལ་བ་ཚུན་། །པདྨ་འོད་དུ་འཁྲིད་ལ་གསོལ་བ་འདེབས། ༡༤ །སྐྱེས་ཆེན་མཁྱེན་བརྩེ། དགེ་རྩེ། ། སྨིན་རྡོར་ནི་མཁན་རྒྱལ་འབྲས་ལྗོངས། འབྲུག་པ། བློན་དྲྭ་མའི་ཚོགས་རྣམས་ཀྱིས། །ཞབས་ལ་བཏུད་ཀྱང་ཁེངས་དྲེགས་མི་མངའ་ཞིང་། །ཆོས་བརྒྱད་རོ་བྷཱུ སྙོམས་ཐ་མལ་སྦས་ཚུལ་གྱི། །བརྟུལ་ཞུགས་ཁོ་ན་སྐྱོང་ལ་གསོལ་བ་འདབེས། ༡༥ །ཞིང་ཁམས་བསྒྲོད་དང་བླ་མ་ལྷས་རྗེས་བཟུང་། །མཁའ་འགྲོས་ལུང་བསྟན་དག་སྣང་འབྱམས་ཀླས་གཟིགས། །དེ་ལྟ་ནའང་གསང་བ་བསྲུང་ལ་དགྱེས། །བདག་བསྟོད་མཆོག་འཛིན་སྤངས་ལ་གསོལ་བ་འདེབས། ༡༦


JSD001_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དུས་བབས་དགོངས་གཏེར་མཁའ་འགྲོའི་སྙིང་ཁྲག་བཅུད། །འདུས་གསལ་སྙིང་པོ་གང་འབྲེལ་འཚེངས་པའི་ཆོས། །་མཁའ་འགྲོའི་ཐུགས་ཐིག །མཚོ་སྐྱེས་ཐུགས་ཐིག །སྤུ་གྲི་རེག་ཕུང་། །གཏན་ལ་ཕབ་ཅིང་ལས་ཅན་བུ་ལ་སྩལ། །གཏེར་འབྱིན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། ། ༡༧ །བླ་རྫོགས་ཐུགས་གསུམ་བཀའ་དགོངས་ཕུར་པ་སོགས། །གཏེར་རྙིང་དུ་མ་འཁྲུགས་བསྡེབས་གབ་ཕྱུང་ནས། །ཀུན་གྱིས་འཇུག་བདེའི་ཆོག་ཁྲིགས་མན་ངག་གིས། །གསང་བསྟན་གསལ་བར་མཛད་ལ་གསོལ་བ་འདེབས། ༡༨ །མ་འོངས་ཀླ་ཀློའི་དཔུང་འཇོམས་རིགས་ལྡན་རྡོ་རྗེ་རྣོན་པོ་སྐུར། །བཞེངས་ནས་འབྲས་བུའི་བསྟན་པ་དུས་འཁོར་སོགས། སྤེལ་བའི་མཐར། །རྣམ་འདྲེན་སྟོང་རྩའི་ཕྲིན་ལས་དང་མཉམ་པའི། །སངས་རྒྱས་མོས་པར་གྱུར་ལ་གསོལ་བ་


JSD001_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། ༡༩ །མདོར་ན་མཁྱེན་བརྩེ་ནུས་པའི་རྩལ་འབར་བས། །སྲིད་ན་རྩོད་མེད་འགྲན་བྲལ་སྤྲུལ་པའི་སྐུར། །ཡོངས་སུ་གྲགས་པ་དོན་ལྡན་མགོན་ཁྱོད་ཀྱི། །གསང་གསུམ་ཡོན་ཏན་དྲན་པས་གསོལ་བ་འདེབས། ༢༠ ། མཚུངས་མེད་རྗེ་བཙུན་བླ་མའི་རྣམ་པར་ཐར། །རྗེས་སུ་དྲན་པས་གསོལ་བ་བཏབ་པའི་མཐུས། །སྐྱེ་ཞིང་སྐྱེ་བར་ཁྱེད་ཞབས་འབྲལ་མེད་བསྙེན། །དོན་བརྒྱུད་དགོངས་པ་སྙིང་ལ་འཕོ་བར་ཤོག ༢༡ །མཐའ་བྲལ་རིག་སྟོང་གཉུག་མའི་ལྟ་བ་རྟོགས། །འོད་གསལ་ཁོར་ཡུག་བསྒོམ་པ་ཚད་དུ་འཁྱོལ། །སྐྱེས་གྲོལ་སྤྱོད་པས་བོགས་དབྱུང་གདེང་འཆོས་ནས། །ཚེ་གཅིག་ཡེ་ཤེས་བླ་མར་སངས་རྒྱས་ཤོག ༢༢ །ཅེས་པའང་རྡོ་རྗེའི་མཆེད་དམ་པ་རིག་བཟང་རྡོ་རྗེས་ནན་བསྐུལ་མ་ལྡོག་པར་གར་སྐྱིད་སྤྲང་པོ་སྙོམས་ལས་ཀྱིས་འདའ་བ་སངས་རྒྱས་རྡོ་རྗེས་བླ་མའི་ཡོན་ཏན་རང་ཉིད་ཀྱིས་མཐོང་ཚད་


JSD001_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཏེར་ལུང་སྔ་ཕྱི་ལ་ཁུངས་བྱས་ནས་མགྲོན་བུའི་རྣ་རྒྱན་ཅན་གྱི་ཚུལ་ལས་གཞན་དུ་བགྱིས་ཏེ་དབུས་འགྱུར་ར་ས་འཕྲུལ་སྣང་གི་ཉེ་འདབས་གྲུབ་ཐོབ་ཆེན་པོ་ཐང་སྟོང་པའི་གདན་ས་དཔལ་ལྕགས་པོ་རིའི་མགུལ་དུ་སྦྱར་བ་འདི་དགེ་ལེགས་འཕེལ།། སརྦ་མངྒ་ལཾ།། །།


JSD001_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསྤྲུལ་པའི་གཏེར་ཆེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་རྣམ་ཐར་གསོལ་འདེབས་དད་གསུམ་ས་བོན།next