Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

9 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
རང་རྣམ།
  
  
  
  
  


9 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousརང་རྣམ། next

རང་རྣམ།


JSD001_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དཀོན་མཆོག་མཁྱེན། དེ་ཡང་ཕ་རྒན་རང་ལོ་གྱ་བདུན་མཇུག །གྱ་བརྒྱད་ལ་ཉེ་བའི་མཚམས་སུ་འདྲིས་དང་མ་འདྲིས་མང་པོ་ཞིག་གིས་ཁྱེད་ཀྱི་རྣམ་ཐར་ཞལ་གསུང་མ་རྗེས་འཇུག་རྣམས་ལ་ཕན་པའི་ཆེད་དུ་འདྲི་རོགས་ཞེས་བསྐུལ་མ་བྱེད་པ་འདི། ཐར་པའི་གེགས་དང་བར་ཆད་དུ་གོ་ནས་ཚིག་ཚོགས་མང་པོའི་བསླུ་བྲིད་ལ་དགོས་པ་མི་འདུག །རང་རྒྱུས་རང་ལས་ཆེ་བ་མེད་པ་དཔང་དུ་བཙུག་ནས་གདབ་ལན་ཡི་གེ་འབྲུ་གསུམ་མ་འདི་གཞག་པར་བགྱིའོ། ༈ ཚུལ་ཁྲིམས་ཤེས་རབ་གསུམ་གྱི་ཡོན་ཏན་དྲིས། །མ་གོས་མངོན་སུམ་ཚད་མས་གྲུབ་པ་ལ། །ཡོད་བརྫུའི་འུད་གཤོབ་སྤྲ་བ་རླན་བྲལ་དེ། །བྱིན་ཟ་འབར་བའི་ཀློང་དུ་ཛྭ་ལ་རཾ། ༈ ཆོས་དང་འཇིག་རྟེན་སྲ་བསྲེའི་བླ་ཚུགས་ཀྱིས། །ལག་ལེན་འཕྲོད་པའི་ཤག་པོ་རང་


JSD001_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཤེས། །ཟོལ་ཟོག་ཆོས་དྲེད་གོ་ཐལ་སྐམ་པོ་ཡང་། །རི་རྩེའི་རླུང་ལ་བསྐུར་བཏང་ཡི་གེ་ཡཾ། ༈ དད་གཤིན་དཀོར་ནག་སྲོག་དང་ཐར་པའི་གེགས། ། ཤེས་བཞིན་གསོག་འཇོག་ཚོང་བུན་རྟེན་མཆོད་བཞེངས། །མི་དགོས་མི་ལེན་ཞེན་ལོག་གཙང་རྒྱུན་ཆུས། །བཀྲུ་བར་བགྱིའོ་འབྱུང་བའི་ཡི་གེ་ཁཾ། །ཞེས་པ་འདི་རང་ངོས་ཀྱི་དྲིས་པ་ལ་ལན་དུ་སྨོས་པ་མ་གཏོགས་ཆོས་ཉིད་མཉམ་པ་ཉིད་ཀྱི་བདེན་མཐོང་རང་གཞན་གྱི་དོན་གཉིས་ངང་ངམ་ཤུགས་ཀྱིས་མཛད་པའི་སྐྱེས་ཆེན་དམ་པ་ཚད་མར་གྱུར་པ་གང་ན་སུ་བཞུགས་རྣམས་ལ་སྐུར་འདེབས་ཟུར་ཟ་ཚེར་མ་ལྟ་བུའི་ངག་གཏན་ནས་མིན་པས་གོ་བ་ལེན་ཕྱོགས་འཛོལ་ནས་ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར་ཐུགས་མཉམ་ཉིད་བདེ་བ་ཆེན་པོའི་ངང་དུ་ལྷོད་དེ་བཞུགས་པར་ཞུ་ཞེས་དམིགས་ཀྱིས་བསལ་ནས། སྤྱིར་བཏང་ང་དང་


JSD001_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ང་འདྲ་བ་སོ་སྐྱེ་ལས་མ་འཕགས་ནའང་ང་རྒྱལ་གྱིས་གནམ་བརྟོལ་བའི་བསྟན་སེལ་ཕུང་དཀྲུགས་མཁན་རྣམས་ཀྱིས་བདེན་ངག་ཏུ་གོ་ནས་དྲན་ཤེས་བག་ཡོད་ལྷུར་ལེན་པའི་རྒྱུར་གྱུར་ཅིག། །།


JSD001_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརང་རྣམ། next