Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

9 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
ཀ་དག་མདངས།
  
  
  


9 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousཀ་དག་མདངས།next

ཀ་དག་མདངས།


JSD001_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དག་མདངས་ལས་ལྷུན་གྲུབ་ཡོན་ཏན་རྫོགས། །ཁ་དོག་རྡུལ་བྲལ་དྭངས་མ་འཕོ་ཆེན་སྐུ། །ག་ནས་བསམ་ཀྱང་པད་འབྱུང་དྲི་མེད་བཤེས། །ང་ཡི་དད་གསུམ་པདྨོའི་ཟེའུ་འབྲུར་རོལ། །ཅ་ཅོ་ཆགས་སྡང་ཡུལ་མིན་ཡང་ལེ་ཤོད། །ཆ་ཙམ་བསྡད་ཀྱང་བག་ཕེབས་ཉམས་དགའི་གཟིས། །ཇ་ཆང་འདོད་ཡོན་སྲེད་པ་གཏིང་བརྗེད་དཔེ། །ཉ་མོ་ལྕགས་ཀྱུའི་འཛིན་ལས་ཐར་བ་བཞིན། །ཏ་ཎ་ག་ཎའི་བརྟུལ་ཞུགས་གྲུབ་པའི་གནས། །ཐ་མལ་སྣང་ངོར་བྲག་རི་བ་གམ་བརྗིད། །ད་ལྟ་ཕྱི་རོལ་པ་ཡང་མཆོད་ཅིང་བསྙེན། །ན་རྒ་འཆི་བ་དྲན་རྣམས་འདིར་སྒོམས་ཤིག །པ་སངས་ལྟར་དཀར་བློ་ཡིས་སྔར་མེད་པའི། །ཕ་རྒོད་ཀུན་མཁྱེན་ཡབ་སྲས་སྒྲུབ་བརྒྱད་སྡེ། །བན་ནགས་ཀྱི་ཁྲོད་འདིར་གསར་དུ་བསྐྲུན། །མ་འོངས་


JSD001_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཐིག་བསྟན་པའི་བཙས་སུ་བཞག །ཙ་རི་ཏྲ་སོགས་གནས་གཞན་མང་མཆིས་ཀྱང་། །ཚ་གྲང་སྙོམས་ཤིང་ངོ་མཚར་འདི་རེ་ཆེ། །ཛ་ཧུའི་རྒྱུན་ཟླ་ཡན་ལག་བརྒྱད་ལྡན་ཆུ། །ཝ་དང་ཡུར་བར་འདྲེན་ཞིང་རྫིང་བུར་བསྐྱིལ། །ཞ་རེངས་འདུ་བའི་ནད་སེལ་དྲི་མ་ཁྲུད། །ཟ་མ་འཇུ་སླ་ལྷུང་ལྷུང་སྒྲ་སྐད་སྙན། །འ་འུར་སྐུ་དང་ཡིག་འབྲུ་ཕྱག་མཚན་སོགས། །ཡ་མཚན་རང་བྱོན་དཔག་མེད་བྲག་ལོག་གསལ། །ར་དང་མ་ཧེ་གསོད་ནས་ལྷ་༔ གསོལ་བ། །ལ་ལས་ཀླ་ཀློའི་ཆོས་ལུགས་བྱེད་མཐོང་ནས། །ཤ་ཚ་སྙིང་རྗེའི་ཡུལ་གྱུར་བཟོད་པའི་རྟེན། །ས་འདིར་ཐེག་ཆེན་ལམ་གྱི་གྲོགས་སུ་ཆེ། །ཧ་ཅང་སྙིགས་མའི་དུས་མཐར་སྐྱེས་པ་ཡི། །ཨ་ཏིར་མོས་པས་སྤྱོད་པའི་སྤོངས་བ་པ། །དཱ་རི་དྲ་བ་བུདྡྷ་བཛྲ་གྱིས། །ཀུན་རྟོག་དུམ་བུ་ཡི་གེར་བྲིས་པའོ།། །།


previousཀ་དག་མདངས།next