Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

9 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
གདོད་ནས་གྲུབ་པའི་གནས་ཆེན་འཛམ་གླིང་མཛེས་པའི་རྒྱན་གྱུར་ཤྲཱི་ནེ་པཱ་ལ་ཡུལ་གྱི་རང་བྱུང་།
  


9 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousགདོད་ནས་གྲུབ་པའི་གནས་ཆེན་འཛམ་གླིང་མཛེས་པའི་རྒྱན་གྱུར་ཤྲཱི་ནེ་པཱ་ལ་ཡུལ་གྱི་རང་བྱུང་།next

གདོད་ནས་གྲུབ་པའི་གནས་ཆེན་འཛམ་གླིང་མཛེས་པའི་རྒྱན་གྱུར་ཤྲཱི་ནེ་པཱ་ལ་ཡུལ་གྱི་རང་བྱུང་།


JSD001_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་ནས་གྲུབ་པའི་གནས་ཆེན་འཛམ་གླིང་མཛེས་པའི་རྒྱན་གྱུར་ཤྲཱི་ནེ་པཱ་ལ་ཡུལ་གྱི་རང་བྱུང་མཆོད་རྟེན་ཆེན་པོ་འཕགས་པ་ཤིང་ཀུན་དང་། སྟག་མོ་ལུས་སྦྱིན། བྱ་རུང་ཁ་ཤོར་རྣམ་གསུམ་གྱི་ལོ་རྒྱུས་དང། དཀར་ཆག །མཉམ་མེད་ཤཱཀྱའི་རྒྱལ་པོ་དང། དེའི་རྒྱལ་ཚབ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་སྟེ་མདོ་སྔགས་སྟོན་པ་ཟུང་གི་ཞལ་ནས་གསུངས་པའི་བཀའ་དྲི་མ་མེད་པ་ཉིད་རྩ་བ་དང། ཡན་ལག་བལ་ཡུལ་གནས་རྟེན་དང་དུར་ཁྲོད་སོགས་འགངས་ཆེ་བ་རྣམས་ཀྱི་བྱུང་བ་བརྗོད་པས་གངས་ཅན་རྣ་བའི་བདུད་རྩི་ཞེས་པ། བོད་ཆེན་པོའི་ལྗོངས་ཀྱི་མཁས་དབང་རྩོད་བྲལ་མདོ་ཁམས་གཉིས་པ་བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པ་དང་། ཞར་བྱུང་དུ་རང་ཉིད་ཀྱིས་བསྒྲིགས་པའི་ཡང་ལེ་ཤོད་སྒྲུབ་སྡེའི་བཅའ་ཡིག་ཆེན་མོ་སྡོམ་གསུམ་མཛེས་རྒྱན་


JSD001_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་དཔེ་ཚན་ལྔ་པོ། ཐར་འདོད་དོན་གཉེར་ཅན་ཕྱོགས་དང་རིས་སུ་མ་ཆད་པ་ཡོངས་ལ་ཕན་དུ་རེ་བའི་ལྷག་བསམ་བཟང་པོ་དུང་དང་པད་རྩ་ལྟར་དཀར་བ། མདོ་ཁམས་ལྷོ་རྒྱུད་རེ་ཁེའི་ཡུལ་ནས་ལྷགས་པའི་དད་སྦྱིན་དམ་པ་བསམ་གཏན་ཆོས་འཕེལ་ནས་ཆོས་སྦྱིན་འདོད་པ་འཇོ་བའི་སླད་དུ། དཔེ་སྟོང་རྩ་ཙམ་འཕྲུལ་པར་འདེབས་པའི་བྱ་བ་ལ་ཞུགས་སྐབས་མ་ཕྱིའི་བསྡུ་རྩོལ་དང། ཞུ་དག །པར་བྱང་བཅས་ཀྱི་མཐུན་རྐྱེན་བསྒྲུབ་དགོས་ཞེས་རྣམ་དཀར་བྱེད་པ་པོས་བསྐུལ་བ་ནན་ཏན་བྱུང་བ་ལྡོག་མ་ནུས་པར། ཐོག་མཐའ་བར་གསུམ་གྱི་བགྱི་འོས་རྣམས་ལེགས་པར་དང་དུ་བླངས་ནས་གསར་དུ་བསྐྲུན་པ་ཡིན་ནོ། །ཞེས་མཚམས་སྦྱོར་ཉུང་ངུ་འདིའང་རྣལ་འབྱོར་རྒྱལ་ཁམས་པ་སངས་རྒྱས་རྡོ་རྗེས་རྔ་ཆེན་སྨིན་དྲུག་ཟླ་བའི་དམར་ཕྱོགས་དྷཱ་ཀི་འདུ་བའི་དུས་བཟང་ལ་


JSD001_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བལ་ཡུལ་གླང་རི་ལུང་བསྟན་གྱི་ལྷ་ཞོལ་ཆོས་འཁོར་མ་ཎིའི་ལྷ་ཁང་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ།། །། 


JSD001_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགདོད་ནས་གྲུབ་པའི་གནས་ཆེན་འཛམ་གླིང་མཛེས་པའི་རྒྱན་གྱུར་ཤྲཱི་ནེ་པཱ་ལ་ཡུལ་གྱི་རང་བྱུང་།next