Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
རི་ཆོས་མཚམས་ཀྱི་ཁོག་དབུབ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousརི་ཆོས་མཚམས་ཀྱི་ཁོག་དབུབ།next

རི་ཆོས་མཚམས་ཀྱི་ཁོག་དབུབ།


JSD002_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རི་ཆོས་མཚམས་ཀྱི་ཁོག་དབུབ་བཞུགས་སོ། །


JSD002_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམིགས་མེད་ཐུགས་རྗེའི་བདག་ཉིད་དཔལ་ངག་གི་དབང་པོའི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་བདག་དང་རྒྱུད་འཛིན་རྗེས་འཇུག་རྣམས་ཀྱི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། འདིར་ཐེག་པའི་འཇུག་སྒོ་མཐའ་ཡས་པ་རྣམས་ཀྱི་སྙིང་པོའི་མཐར་ཐུག་འོད་གསལ་རྫོགས་པ་ཆེན་པོ་བླ་མེད་ཡང་གསང་


JSD002_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཆེན་སྙིང་གི་ཐིག་ལེའི་ལམ་ནས་ལོ་གསུམ་སྙིང་པོའི་སྒྲུབ་ལ་གཞོལ་བའི་སྐལ་ལྡན་རྣམས་ཀྱིས་སྨིན་གྲོལ་་གཉིས་ཀྱི་སྒོར་འཇུག་པ་ལ་ཐོག་མར་ལམ་འདིའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་ཀྱི་ཆོ་ག་ལ་བརྟེན་ནས་རྒྱུད་སྡེ་ཞི་ཁྲོའམ། སྒྲུབ་སྡེ་བཀའ་བརྒྱད་གང་རུང་གི་དབང་གིས་རྒྱུད་སྨིན་པར་བྱས་ནས། གཉིས་པ་གྲོལ་བྱེད་གདམས་ཁྲིད་ཀྱི་རིམ་པ་ལ་ཇི་ལྟར་


JSD002_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ཅིང་ལག་ཏུ་བླང་ཚུལ་མདོ་ཙམ་བཤད་པ་ལ། སྤྱིར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་གང་ལ་འཇུག་ཀྱང་སྨིན་པར་སློབ་པ་དང་མོས་པ་ལམ་བྱེད་གཉིས་སུ་ཡོད་པ་ལས། དེང་སང་དད་བརྩོན་ཤེས་རབ་འཛོམས་པ་དཀོན་པའི་གཤིས་ཀྱིས་མོས་པ་ལམ་བྱེད་སྤྱི་རྒྱུག་ཙམ་ལས་མེད་པ་དེ་ལྟར་ལགས་མོད། འོན་ཀྱང་ཁྱད་པར་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་ཚུན་ཆད་ད་ལྟའི་བར་དུ་སྨིན་ཁྲིད་ཀྱི་དོད་ཐུབ་མ་ཆད་པར་བྱུང་བའི་བརྒྱུད་པ་འདི་ལ། ཀུན་མཁྱེན་ཆེན་པོའི་སེམས་ཉིད་ངལ་གསོའི་དགེ་བ་གསུམ་གྱི་དོན་ཁྲིད་ཀྱི་དགོངས་པ་བཞིན་ལམ་ཐུན་མོང་དང་ཐུན་མིན་གྱི་ཁྲིད་རྐང་རེ་རེ་བཞིན་ཐུན་དུ་བཅད་ནས་མྱོང་བ་ཐོན་ཐོན་དུ་མ་བསྒོམ་ན་ཚིག་སྐམ་རྐྱང་པའི་འབུམ་ལྔ་ཁྲལ་འཇལ་ལྟ་བུས་ནི་ཆོས་པའི་བློ་ལ་ཡར་སྐྱེད་མི་འབྱུང་བས། ཐོག་མར་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་


JSD002_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ལུང་དང་དེའི་ཟིན་བྲིས་རྗེ་བླ་མའི་གསུང་གཉིས་སྦྲགས་མར་ཞུས་ནས་སྒྲོ་འདོགས་ལེགས་པར་བཅད། དེ་ནས་དལ་འབྱོར་རྙེད་དཀའ སོགས་བློ་ལྡོག་རྣམ་བཞི་ལ་བློ་སྦྱོང་བྱེད་ཚེ་ཐུན་རེ་བཞིན་སྙིང་ཐིག་སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ལམ་བཟང་དལ་བར་འདོན་ལ་གང་བསྒོམ་བྱའི་དོན་དེའི་མཚམས་ལ་ཐུག་དུས་ངག་འདོན་རེ་ཞིག་བཞག་ལ་ཀུན་བཟང་ཞལ་ལུང་གི་ཁྲིད་རྐང་སོ་སོའི་དབུ་མཇུག་གི་ཚིགས་བཅད་ཤྭ་ལོ་ཀ་གཉིས་པོ་ངག་ཏུ་བརྗོད། དེ་ ི ནས་ཐུན་གྱི་དངོས་གཞིར་བསྒོམ་བྱའི་དོན་དེ་དང་དེའི། ངོ་བོ། དབྱེ་བ། གྲངས་ངེས། གོ་རིམ་རྣམས་ལ་དཔྱད་འཇོག་སྤེལ་མའི་ཚུལ་དུ་བསྒོམ་ན་རྒྱུད་འཁུལ་ཞིང་སེམས་བཏང་འགྲོ་བཞག་སྡོད་བདེ་བ་འབྱུང་། དེའང་ཐུན་རེ་ལ་ཆ་གསུམ་དུ་བགོས་པའི་ཆ་སྔ་མ་གཉིས་ལ་བློ་སྦྱོང་དང་ཆ་ཕྱི་མ་གཅིག་ལ་སྐྱབས་


JSD002_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་དམིགས་རྣམ་གསལ་བཏབ་ལ་སྐྱབས་འགྲོ་དཀོན་མཆོག་གསུམ་དངོས་མ་གྲངས་བསགས་ཤིང་། ཐུན་མཐར་ངག་འདོན་ཚིག་མཚམས་གང་དུ་བཞག་པ་དེ་མན་ཆད་ཚིག་རྗེས་དོན་དྲན་གྱིས་བླ་མའི་རྣལ་འབྱོར་བར་ཆ་ཚང་མཐར་དབྱང་ལ་ཐུན་གྲོལ་བ་ནི་འོག་མ་རྣམས་ལའང་འགྲེ། དེ་ལྟ་བུས་ཐུན་མོང་གི་སྔོན་འགྲོའི་བློ་སྦྱོང་དང་སྐྱབས་འགྲོ་འབུམ་ཐེར་བཅས་ཐོན་ནས་སེམས་བསྐྱེད་ཀྱི་བསླབ་བྱ་ལ་བློ་སྦྱོང་བྱེད་ཚེ་ཐུན་གྱི་ཆ་ཕྱི་མ་ལ་སེམས་བསྐྱེད། ཧོཿ སྣ་ཚོགས་སྣང་བ་སོགས་བསགས་དགོས་པ་དང་གྲངས་ཁྲི་གསུམ་གྱིས་ཆོག་པར་གསུངས། འདིར་ལས་དང་པོ་པ་འཇུག་བདེ་ཕྱིར་རང་ལུགས་བརྒྱུད་པའི་མན་ངག་ལག་ཏུ་ལེན་པའི་སྔོན་འགྲོ་ཕྱི་ནང་གི་ཁྲིད་སྦྱངས་ཞག་གྲངས་ནི་འདི་ལྟར། དང་པོ་དལ་འབྱོར་རྙེད་དཀའི་ཁྲིད་ཀྱི། ངོ་བོ་མི་ཁོམ་བརྒྱད་ལས་ལྡོག་པའི་དལ་བ་


JSD002_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བསམ་པ་ལ་ཞག་གསུམ། རང་འབྱོར་ལྔ་དང་གཞན་འབྱོར་ལྔ་ལ་ཞག་བཞི། རྙེད་དཀའི་དཔེ་ལ་ཞག་གཅིག །གྲངས་ཀྱི་ཁྱད པར་བསམ་པ་ལ་ཞག་གཅིག །འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་བསམ་པ་ལ་ཞག་གཅིག །རིས་ཆད་བློ་ཡི་མི་ཁོམ་པ་བརྒྱད་བསམ་པ་ལ་ཞག་གཅིག དེ་ལྟར་དལ་འབྱོར་རྙེད་དཀའི་ཁྲིད་རྐང་དྲུག་ལ་ཞག་གྲངས་ཁྱོན་བསྡོམས་བཅུ་གཅིག་བསམ་པར་བྱའོ། །གཉིས་པ་ཚེ་མི་རྟག་པ་བསྒོམ་པའི་ནང་གསེས། ཕྱི་སྣོད་འཇིག་རྟེན་མི་རྟག་ཚུལ་བསམ་པ་ལ་ཞག་གཅིག །ནང་བཅུད་སྐྱེ་འགྲོ་མི་རྟག་ཚུལ་བསམ་པ་ལ་ཞག་གསུམ། དམ་པའི་སྐྱེས་བུ་མི་རྟག་ཚུལ་ལ་ཞག་གཅིག །སྐྱེ་དགུའི་བདག་པོ་མི་རྟག་ཚུལ་ཞག་གཅིག །དཔེ་དོན་སྣ་ཚོགས་ལ་བསམ་སྟེ་མི་རྟག་པ་བསྒོམ་ཚུལ་ལ་ཞག་གསུམ། འཆི་རྐྱེན་ངེས་མེད་


JSD002_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསམ་སྟེ་མི་རྟག་པ་བསྒོམ་ཚུལ་ལ་ཞག་གཅིག །འདུན་པ་དྲག་པོ་ནི་ཐུན་མཚམས་རྣམས་སུ་བསྒོམ་པར་གསུངས། དེ་ལྟར་ཚེ་མི་རྟག་པའི་ཁྲིད་རྐང་དྲུག་ལ་ཞག་གྲངས་བཅུ་བསམ་མོ། །གསུམ་པ་འཁོར་བའི་ཉེས་དམིགས་ཀྱི་ཁྲིད་ལ་ནང་གསེས། འཁོར་བའི་སྡུག་བསྔལ་སྤྱིར་བསམ་པ་ལ་ཞག་གསུམ་བྱེ་བྲག་དང་པོ་དམྱལ་བའི་སྡུག་བསྔལ་ཚ་དམྱལ་བརྒྱད་བསམ་པ་ལ་ཞག་གཅིག །གྲང་དམྱལ་བརྒྱད་ལ་ཞག་གཅིག །ཉི་ཚེ་བ་དང་ཉེ་འཁོར་ལྷག་པ་བཅུ་དྲུག་བཅས་ལ་ཞག་གཅིག །གཉིས་པ་ཡི་དྭགས་ལ་བྱིང་གནས་ལ་ཞག་གཅིག །མཁའ་ལ་རྒྱུ་བའི་ཡི་དྭགས་ལ་ཞག་གཅིག །གསུམ་པ་དུད་འགྲོ་བྱིང་ན་གནས་པ་ལ་ཞག་གཅིག །ཁ་འཐོར་བ་ལ་ཞག་གཅིག །བཞི་པ་མིའི་སྡུག་བསྔལ་གྱི་སྡུག་བསྔལ་ལ་ཞག་གཅིག །འགྱུར་བའི་སྡུག་བསྔལ་ལ་ཞག་


JSD002_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་ཞག་གཅིག །སྐྱེ་བའི་སྡུག་བསྔལ་ལ་ཞག་གཅིག །རྒ་བའི་སྡུག་བསྔལ་ལ་ཞག་གཅིག །ན་བའི་སྡུག་བསྔལ་ལ་ཞག་གཅིག །འཆི་བའི་སྡུག་བསྔལ་ལ་ཞག་གཅིག །དགྲ་སྡང་བ་དང་འཕྲད་ཀྱིས་དོགས་པའི་སྡུག་བསྔལ་ལ་ཞག་གཅིག །གཉེན་བྱམས་པ་དང་འབྲལ་གྱིས་དོགས་པའི་སྡུག་བསྔལ་ལ་ཞག་གཅིག །མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ་ལ་ཞག་གཅིག །འདོད་པ་ལྟར་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ་ལ་ཞག་གཅིག །ལྔ་པ་ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་ལ་ཞག་གཅིག །དྲུག་པ་ལྷ་འཆི་འཕོ་བ་དང་ལྷུང་བའི་སྡུག་བསྔལ་ལ་ཞག་གཅིག་སྟེ་དེ་ལྟར་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་བཤད་པ་ཁྲིད་རྐང་ཉི་ཤུ་རྩ་གཅིག་ལ་ཞག་གྲངས་ཁྱོན་བསྡོམས་ཉི་ཤུ་རྩ་གསུམ་བསམ་མོ།


JSD002_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ལས་རྒྱུ་འབྲས་ཀྱི་ཁྲིད་ལ་ནང་གསེས་སྤང་བྱ་མི་དགེ་བ་བཅུ་ཡི་རང་བཞིན་བསམ་པ་ལ་ཞག་གསུམ། བསྒྲུབ་བྱ་དགེ་བ་བཅུ་བསམ་པ་ལ་ཞག་གསུམ། ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ་ལ་ཞག་གསུམ་སྟེ་དེ་ལྟར་ལས་རྒྱ་འབྲས་ཀྱི་ཁྲིད་རྐང་གསུམ་ལ་ཁྱོན་བསྡོམས་ཞག་གྲངས་དགུའི་བར་བསམ་མོ། ལྔ་པ་ཐར་པའི་ཕན་ཡོན་བསྟན་པའི་ཁྲིད་རྐང་གཅིག་ལ་ཞག་གཉིས་བསམ་མོ། །དྲུག་པ་བཤེས་གཉེན་བསྟེན་ཚུལ་གྱི་ཁྲིད་རྐང་གཅིག་ལ་ཞག་གསུམ་བསམ་པ་བཅས་འདི་ཡན་ཐུན་མོང་ཕྱི་ཡི་སྔོན་འགྲོ་ཁྲིད་རྐང་དྲུག་ནང་གསེས་བཅས་ལ་ཞག་གྲངས་ཁྱོན་བསྡོམས་ལྔ་བཅུ་ང་བརྒྱད་བར་བློ་སྦྱོང་བྱ་དགོས་པ་ཡིན་ནོ། དེ་ནས་ཐུན་མིན་ནང་གི་སྔོན་འགྲོ་བསགས་སྦྱོང་བྱ་བ་ལ་སྐྱབས་འགྲོ་གོང་དུ་སོང་བའི་དབང་དུ་བྱས་ནས། གཉིས་པ་སེམས་བསྐྱེད་ཀྱི་ཁྲིད་སྦྱངས་ལ་སྨོན་པའི་


JSD002_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་བྱ་ཚད་མེད་བཞི་དང་། བདག་གཞན་མཉམ་བརྗེ། བདག་བས་གཞན་གཅེས་བསྒོམ་པ་རྣམས་ཡོད་པ་ལས། དང་པོ་བཏང་མས་ལ་ཞག་གསུམ། གཉིས་པ་བྱམས་པ་ལ་ཞག་གསུམ། གསུམ་པ་སྙིང་རྗེ་ལ་ཞག་གསུམ། བཞི་པ་དགའ་བ་ལ་ཞག་གསུམ། དེ་ནས་བདག་གཞན་མཉམ་པ་ལ་ཞག་བཞི། བདག་གཞན་བརྗེ་བ་ལ་ཞག་བཞི། བདག་བས་གཞན་གཅེས་པར་བསྒོམ་པ་ལ་ཞག་བཞི། དེ་ནས་འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དང་པོ་སྦྱིན་པ་ལ་ཞག་གསུམ། ཚུལ་ཁྲིམས་ལ་ཞག་གསུམ། བཟོད་པ་ལ་ཞག་གསུམ། བརྩོན་འགྲུས་ལ་ཞག་གསུམ། བསམ་གཏན་ལ་ཞག་གསུམ། ཤེས་རབ་ལ་ཞག་གསུམ་བཅས་སེམས་བསྐྱེད་ཀྱི་ཁྲིད་རྐང་བཅུ་གསུམ་ལ་ཞག་གྲངས་ཁྱོན་བསྡོམས་བཞི་བཅུ་ཞེ་


JSD002_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བར་བསྒོམ་དགོས་ཤིང་དོན་དུ་བློ་ལྡོག་རྣམ་བཞི་དང་སེམས་བསྐྱེད་ཡན་ཆད་ལ་ཞག་གྲངས་བརྒྱ་ཐམ་པ་བློ་སྦྱོང་བྱས་ནས་ཞི་ལྷག་གི་ཏིང་ངེ་འཛིན་ལ་་་་་ཅུང་ཟདམྱོང་བ་ཐོན་པར་བྱ། དེ་ནས་རྡོར་སེམས་བསྒོམ་བཟླས་དང་འབྲེལ་ཡིག་བརྒྱ་འབུམ་ཕྲག་གཅིག་ཁ་སྐོང་བཅས་བསགས། དེ་ནས་སྐུ་གསུམ་མཎྜལ་སྟོང་གསུམ་འཇིག་རྟེན་མ་ཁྲི་གསུམ་བདག་གཞན་དུས་གསུམ་མ་ཁྲི་བདུན་ཁ་སྐོང་བཅས་བསགས། དེ་ནས་བླ་མའི་རྣལ་འབྱོར་གྱི་སྐབས་ལ་བབ་ཚེ་བདག་ལུས་ཞིང་གི་སོགས་ཡན་ལག་བདུན་པ་འདོན་བཞིན་བརྐྱང་ཕྱག་འབུམ་ཕྲག་གཅིག་ཁ་སྐོང་བཅས་པ་འཚལ། དེ་ནས་དངོས་གྲུབ་སྒྲུབ་པ་དང་། དངོས་གྲུབ་བསྐུལ་བའི་གསོལ་འདེབས་གཉིས་པོ་ཐུན་གྱི་སྟོད་སྨད་བྱས་ནས་སིདྡྷི་སྟོང་རེའི་མཚམས་སུ་ཚར་རེ་ལྡབ། དེའི་འགྲོས་ཀྱིས་གསོལ་འདེབས་བསྙེན་པ་


JSD002_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སིདྡྷི་འབུམ་བརྒྱ་དང་བཅུ་གསུམ་འགྲོ་ངེས་དགོས། དེ་ནས་དངོས་གཞི་ཐུན་མོང་བ་བུམ་དབང་གི་ལམ་ནང་སྒྲུབ་རིག་འཛིན་ཞི་དྲག་དང་། གསང་སྒྲུབ་ཐུགས་ཆེན་སྡུག་བསྔལ་རང་གྲོལ། ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན། ཡུམ་ཀ་རྩ་བའི་སྒྲུབ་པ་བདེ་ཆེན་རྒྱལ་མོ་བཅས་རྩ་བ་གསུམ་གྱི་དབང་བསྐུར་སྔོན་དུ་ཞུས་ནས། བསྙེན་སྒྲུབ་ལ་འཇུག་ཚེ། ཐོག་མར་བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས་དང། སྲོག་སྡོམ་གཟེར་བཞིའི་མན་ངག་གི་ཁྲིད་ཞུས་ཏེ་བསྐྱེད་རྫོགས་ཀྱི་གོ་དོན་ལྷོངས་པར་བྱ། དེ་ནས་བསྐྱེད་ཚུལ་ཡོ་ག་གསུམ་གྱི་གནད་ལ་བརྟེན་ནས། བསྙེན་སྒྲུབ་ཡན་ལག་བཞི་ལྡན་དུ། དུས་གྲངས་རྟགས་གསུམ་གང་རུང་གི་བསྙེན་ཚད་ཐོན་པར་བྱ། དེ་ནས་གསང་དབང་གི་ལམ་བདེ་སྟོང་རླུང་གི་རྫོགས་རིམ་བུམ་ཅན་ལ་བསླབ་པ། དྲོད་ཀྱི་


JSD002_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གཏུམ་མོ་འབར་འཛག་བསྒོམ་པ། གེགས་སེལ་འཁྲུལ་འཁོར་ལག་ཁྲིད་དང་བཅས་པ་ལ་རྟགས་ཐོན་པར་གནད་དུ་བསྣུན་པ་དང། དེ་ནས་ཤེར་དབང་གི་ལམ་སྦས་དོན་ཐབས་ལམ་སྙན་བརྒྱུད་ཀྱི་ཁྲིད་མན་ངག་བཀའ་རྒྱ་མ་དང་བཅས་སོང་ནས། གཟོད་དངོས་གཞི་ཐུན་མོང་མ་ཡིན་པ་དབང་བཞི་པའི་ལམ་ཀ་དག་ཁྲེགས་ཆོད་ཀྱི་ངོ་སྤྲོད་སྙན་རྒྱུད་ཆུ་བོའི་བཅུད་འདུས་དང་། ཐོད་རྒལ་གནད་ཀྱི་མན་ངག་ཡིག་མེད་ཨུ་པ་དེ་ཤ་གཉིས་པོ་ཆིག་བརྒྱུད་སྨར་ཁྲིད་དུ་བཏབ། དེ་དག་གི་རྒྱབ་སྐྱོར་དུ། ཁྲིད་ཡིག་ཆེན་མོ་ཡེ་ཤེས་བླ་མའི་བཤད་པ་སྨིན་རྒྱས་སུ་ཞུས་ནས་འཁོར་འདས་རུ་ཤན་རིག་པའི་རྩལ་དབང་སྣང་བཞི་བར་དོའི་གདམས་པ་དང་བཅས་པ་ལ་སྒྲོ་འདོགས་ཞུན་ཐར་ལེགས་པར་བཅད་ནས་སྐྱེ་འཆི་བར་དོའི་ལམ་ཁྱེར་ལ་རང་བྱན་ཚུད་པ་ཞིག་བྱུང་ན་རང་དྲིན་རང་ལ་ཆེ་


JSD002_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ནེང་། བླ་མའི་ཐུགས་དགོངས་རྫོགས། ཕ་མའི་དྲིན་ལན་སོད། བསྟན་པའི་ཞབས་ཏོག་འགྲུབ་པ་བཅས་བྱུང་བ་ཡིན་ལ། དེ་ལྟར་མ་ཡིན་པར་ཞུས་ཞུས་ཐོབ་ལོ་རྣམ་གྲངས་མང་པོ་དང། མཚམས་ཀྱི་གཟུགས་བརྙན་ཙམ་གྱིས་ནི་དགོས་དོན་མི་འགྲུབ་ཅིང་འཆི་ཁར་ཕན་པ་དཀའ་སྟེ། ཀུན་མཁྱེན་ཆེན་པོས། ཡང་དག་དོན་གྱི་སྙིང་པོ་ཉམས་ལེན་ཞིག་མ་ནུས་ན། ཆོས་ཀྱི་གླེགས་བམ་འབུམ་ཕྲག་མང་པོ་བློ་ལ་ཡོད་ཀྱང་འཆི་ཁར་ཕན་ངེས་ནི་དཀའ་གསུངས་པ་ལྟར་ལགས་པས་སྙིང་ལ་རུས་པ་བཅུག་ནས་མཚམས་སྒྲུབ་མིང་དོན་མཚུངས་པ་ཞིག་ཅིས་ཀྱང་མཛད་འཚལ། ཞེས་པའང་གུ་རུའི་སྦས་ཡུལ་ཡོལ་མོ་གངས་རའི་ཡང་ཁྲོད་ཀུན་བཟང་ཆོས་གླིང་གི་ལོ་གསུམ་སྒྲུབ་པ་པོ་གསར་ཞུགས་རྣམས་ཀྱིས་ཟིན་བྲིས་འདི་ལྟ་བུ་ཞིག་བྲིས་ཞེས་བསྐུལ་བ་དོན་ཡོད་པར་བྱ་


JSD002_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་སྙིང་ཐིག་ཆོས་ཀྱི་བདག་པོ་བཀའ་དྲིན་མཉམ་མེད་རྗེ་བཙུན་པདྨ་ལས་འབྲེལ་རྩལ་གྱི་སློབ་བུའི་ཐ་ཤལ་སངས་རྒྱས་རྡོ་རྗེས་བགྲང་བྱ་དོན་བཞིར་སོན་པ་ཟད་བྱེད་མེ་སྟག་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོ་ལ་བྲིས་པ་འདིས་ཀྱང་འོད་གསལ་སྙིང་ཐིག་གི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཀུན་ནས་དར་ཞིང་རྒྱས་ལ་ཡུལ་རིང་དུ་གནས་པའི་རྒྱུར་གྱུར་ཅིག དགེའོ། །སརྦ་མངྒ་ལཾ།། །།


previousརི་ཆོས་མཚམས་ཀྱི་ཁོག་དབུབ།next