Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
  
  
  
  
  
  
  
ཀློང་ཆེན་སྙིང་ཐིག་གི་ཆོ་ག་ཀུན་གྱི་ཐོག་མར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousཀློང་ཆེན་སྙིང་ཐིག་གི་ཆོ་ག་ཀུན་གྱི་ཐོག་མར། next

ཀློང་ཆེན་སྙིང་ཐིག་གི་ཆོ་ག་ཀུན་གྱི་ཐོག་མར།


JSD002_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཆེན་སྙིང་ཐིག་གི་ཆོ་ག་ཀུན་གྱི་ཐོག་མར། སེམས་བསྐྱེད་སྡོམ་ཆོག་དཔལ་སྤྲུལ་ཕྱག་བཞེས་ལྟར་གྲུབ་རྗེས། ཧཱུཾ༔ ཨོ་རྒྱན་ཡུལ་གྱི་སོགས། ཚིག བདུན་མ་ལན་གསུམ། ཨེ་མ་ཧོཿ སྤྲོས་བྲལ་ཆོས་ཀྱི་སོགས་བླ་མ་སྐུ་གསུམ་གྱི་གསོལ་འདེབས་དང་། ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ཡིས༔ སོགས་ནས། རྫོགས་ཆེན་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ བར་དང་། འདི་ལྟར་མིག་གི་སོགས་ནས། བདག་འདྲའི་རང་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ བར་དང་། ི་དེ་ནས་ཀློང་སྙིང་རང་གི་ཐུན་མིན་གྱི་བརྒྱུད་འདེབས་སྐོར་ལ། འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། །ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཅན། །འཁོར་འདས་ཆོས་སྐུར་རྟོགས་པའི་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་


JSD002_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། ༈ ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར། །དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད། །འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ། །འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས། ༈ འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འཕྲུལ། །འགྲོ་བ་ཐར་གླིང་བསྒྲོད་པའི་དེད་དཔོན་མཆོག །འབྲེལ་ཚད་དོན་ལྡན་ཀློང་ཆེན་རྣལ་འབྱོར་པ། །འཇིགས་མེད་རྒྱལ་བའི་མྱུ་གུར་གསོལ་བ་འདེབས། ༈ ཕྱི་ལྟར་རྒྱལ་བའི་སྲས་པོ་ཞི་བ་ལྷ། །ནང་ལྟར་གྲུབ་པའི་དབང་ཕྱུག་ཤ་ཝ་རི། །གསང་བ་འཕགས་མཆོག་སྡུག་བསྔལ་རང་གྲོལ་དངོས། །འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་བ་འདེབས། ༈ ཆོས་བརྒྱད་མདུད་པ་རོ་སྙོམས་ངང་དུ་ཞིག །བློས་བྱས་རི་མོ་ཀ་དག་དབྱིངས་སུ་ཡལ། །རྫོགས་པ་ཆེན་པོའི་གནས་ལུགས་མངོན་སུམ་


JSD002_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས། །ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས། ༈ རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །ལྔ་བརྒྱའི་གཙུག་རྒྱན་པཎ་ཆེན་བི་མ་ལའི། །ཡེ་ཤེས་སྒྱ་མའི་རྣམ་རོལ་ངག་གི་དབང་། །རྡོ་རྗེ་གཟི་བརྗིད་རྩལ་ལ་གསོལ་བ་འདེབས། ༈ ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་། །བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །གནས་ལུགས་རྟོགས་ ི པ་སྐྱེ་བར་བྱིན་གྱིས་རློབས། །བར་མཐར་ཆགས་སུ་འདོན། དེ་ནས་རྩ་གསུམ་གང་ཡིན་རང་གཞུང་གི་གསོལ་འདེབས་ལ་འཇུག་གོ། །ཞེས་པའང་རང་གི་རྩ་བའི་བླ་མ་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོའི་ཞལ་རྒྱུན་བཞིན་སྤྲང་བན་ཁྲོ་རྒྱལ་རྡོ་རྗེས་གསལ་བར་བཀོད་པ་དགེའོ།། །།


JSD002_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཀློང་ཆེན་སྙིང་ཐིག་གི་ཆོ་ག་ཀུན་གྱི་ཐོག་མར། next