Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ལས་བུམ་སྒྲུབ་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousལས་བུམ་སྒྲུབ་པ།next

ལས་བུམ་སྒྲུབ་པ།


JSD002_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བུམ་སྒྲུབ་པ་ནི། ལས་ཐམས་ཅད་པའི་བུམ་པར་པད་ཉིའི་གདན་ལ་ཧཱུྃ་ལས་བདུད་རྩི་འཁྱིལ་བ་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེའི་དབྱུག་པ་དང་། གཡོན་སྡིགས་མཛུབ་མཛད་པ་ཁྲོ་བོའི་རྒྱན་དང་ཆ་ལུགས་རྫོགས་པར་གསལ་བར་གྱུར། ཨོཾ་བཛྲ་ས་མཱ་ཛཿས་ཡེ་ཤེས་པ་བྱོན། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་ཐིམ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཞེས་ཇི་ལྟར་རིགས་པར་བཟླས་རྗེས། ཨོཾ་བཛྲ་ཀྲོ་དྷ་ས་པ་རི་ཝཱ་ར་ཨཉྙཾ་ནས་ཤབྡ་པ་ཛ་ཧོཿས་མཆོད། ཧཱུཾ། འཇིགས་པའི་ཧཱུཾ་སྒྲས་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །བཛྲ་མུས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ཁྲོ་བོའི་རྡུལ་ཕྲ་རབ་ཏུ་གྱུར། ཞེས་


JSD002_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཞུ་བྱས་པ་དེ་ཕྱིན་ཆད་བསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱེད་དགོས། ཞེས་བྱ་བྲལ་བས་སོ།།


previousལས་བུམ་སྒྲུབ་པ།next