Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཕྲེང་བ་བྱིན་རླབས་བསྡུས་པ།
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousཕྲེང་བ་བྱིན་རླབས་བསྡུས་པ།next

ཕྲེང་བ་བྱིན་རླབས་བསྡུས་པ།


JSD002_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་བྱིན་རླབས་བསྡུས་པ་ནི། རང་ལྷར་གསལ་བས། ཕྲེང་བ་ལག་གཡོན་མཐིལ་དུ་མདོ་འཛིན་སྟེང་དུ་ཡོད་པར་བྱས་ལ་བསྐྱིལ། སྭ་བྷ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཕྲེང་བའི་མདུད་འཛིན་ཡི་དམ་ཆེ་གེ་མོའི་གཙོ་བོ་ལ་ཕྲེང་རྡོག་རྣམས་འཁོར་གྱི་ལྷ་ཚོགས་རྣམས་སུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པའི་ལྷ་ཚོགས་ཐམས་ཅད་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས། གཉིས་སུ་མེད་པར་ཐིམ་པར་བསམ་ལ། ལས་གཞུང་གང་ཡིན་གྱི་རྩ་བའི་སྔགས་བརྒྱ་རྩ་དང་། ཕྲེང་བ་བྱིན་རླབས་སྔགས། ཨོཾ་རུ་ཙི་ར་མ་ཎི་པྲ་མནྡྷ་ན་ཡེ་སྭཱ་ཧཱ། བདུན་བཟླས་མཐར། ཨཱ་ལི་ཀཱ་ལི་དང་ཡེ་དྷར་བརྗོད་ཅིང་མེ་ཏོག་འཐོར་རོ། །ཞེས་པའང་དགོས་མཁོ་བྱུང་ཚེ་བྱ་བྲལ་བུདྡྷས་ཆེད་དུ་བྲིས་པའོ།།


JSD002_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཕྲེང་བ་བྱིན་རླབས་བསྡུས་པ།next