Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཁྲོས་མའི་སྔོན་འགྲོ་བསགས་སྐབས་ཕྱག་ལེན།
  
  
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousཁྲོས་མའི་སྔོན་འགྲོ་བསགས་སྐབས་ཕྱག་ལེན།next

ཁྲོས་མའི་སྔོན་འགྲོ་བསགས་སྐབས་ཕྱག་ལེན།


JSD002_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་མའི་སྔོན་འགྲོ་བསགས་སྐབས་ཕྱག་ལེན་ནི། ཐོ་རངས་མལ་ནས་ལངས་ཏེ་གོས་ཚགས་བསྡམས། རླུང་རོ་འབུད། ངག་བྱིན་རླབས་རྗེས། སྔོན་འགྲོའི་ངག་འདོན་ཟུར་བཀོལ་ལྟར། བླ་མ་རྒྱང་འབོད། ཀྱི། རྒྱལ་དང་རྒྱལ་སྲས་ནས་བསླུ་མེད་གཏན་གྱི་མགོན་པོ་བླ་མ་མཁྱེན༔ ཞེས་པའི་བར། བློ་ལྡོག་རྣམ བཞི་འདོན་བསྒོམ་བྱ། དེ་ནས་ཚོགས་ཞིང་གསལ་བཏབ་ནས། ཌཱ་འུར་རྐང་གསུམ་དང་། སྐྱབས་འགྲོ། ཕཊཿ༔ ཡེ་གཞི་ཀ་དག་ཡེ་གཞི་ཀ་དག །།ལན་གསུམ་རྗེས་་ཌཱ་བཅད་ལ། ཚ་བསགས་མཐར། ཌཱ་བཅས། ཕཊཿ༔ འགྲོ་ཀུན་སྲིད་པའི་སོགས། སེམས་བསྐྱེད་དང་། ཕཊ༔ སྐུ་གསུམ་རྒྱལ་བ་སོགས། ཡན་ལག་བདུན་པ་ལན་གཅིག་མཐར་སྦྲེལ་ཏེ་མཎྜལ། ཕཊ༔ ང་གསུམ་རབ་འབྱམས་ནས་རྣམས་ལ་འབུལ༔ ནས་ཌཱ་བཅད་ལ་བཞག །དེ་ནས་སྐུ་གསུམ་བསྒོམ་བཟླས་ཚིག་ལྷུག ཕཊ༔


JSD002_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་ནས། ཀ་དག་གི་སྐུར་སད་པར་བསྒོམཿ༔ བར་དང་། སྔགས། ཨོཾ་བཛྲ་ཀྲོ་དྷི་བཟླས་ནས། རིགས་བདག་རྡོ་རྗེ་ཕག་མོའི་ནས། རོལ་བར་དམིགས་ལ༔ བར་དང་། སྔགས། ཨོཾ་བཛྲ་ཝཱ་ར་ཧཱི་ཅུང་ཟད་བཟླས་ནས། རིགས་བདག་ཀུན་ཏུ་བཟང་མོའིནས། རང་བཞིན་དུ་ཞིག་པར་བསམ༔ བར་དང་། སྔགས། ཨོཾ་བཛྲ་ཝཱ་རཱ་ཧཱི་གཙོ་བོར་བཟླ། མཐར་ཡུམ་ཀུན་ཏུ་བཟང་མོའི་ནས། བདག་ཉིད་ཅན་དུ་གྱུར༔ བར་དང་། སྔགས་ཨོཾབཛྲ་ས་མནྟཱ་བཟླས་མཐར། ཡང་། ཨོཾ་བཛྲ་ས་མནྟ་བྷ་དྲ་ཨཾ༔ དྷརྨ་ཀཱ་ཡ་ས་མ་ཏི་སིདྡྷི་ཨ་ཨ་ཨ༔ ཞེས་སྦྲེལ་བ་ཉུང་ཟད་བཟླས་ལ་མཉམ་པར་བཞག དེ་ནས་བླ་མའི་རྣལ་འབྱོར་ཌཱ་བཅས། ཕཊཿ༔ རང་སྣང་རྣམ་དག་ནས། དབྱེར་མེད་རོལ༔ ནས་ཌཱ་འུར་རྐང་བཞི། ཧཱུཾ༔ གླིང་གི་གླིང་མཆོག་ནས། དབུགས་


JSD002_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུང་མཛོདཿ༔ གུ་རུ་ཧ་རི་ནི་ས་སིདྡྷི་ཧཱུྃ༔ ཞེས་སྔགས་ལན་གསུམ་ཌཱ་བརྡུང་ནས་བཅད་ལ་བཞག་སྟེ་སྔགས་བཟླ། མཐར་གསོལ་འདེབས་ལ་ཌཱ་བཅས། ཕཊ༔ དུས་གསུམ་སངས་རྒྱས་ནས། གདེང་ཐོབ་ཤོག༔ ཕཊ༔ ཕཊཿ༔ ཕཊ༔ ནསཌཱ་འུར་ནས་དབང་བཞི་ལེན་པ། ཕ་བླ་མ་ནས། ད་འཁོར་འདས་དག་མཉམ་ཨ་ལ་ལ༔ ཕཊ་ཕཊ་ཕཊ༔ མཐར་ཌཱ་འུར་བཞག་ཐབས། དཔལ་ལྡན་རྩ་བའི༴ནས། འཇུག་པར་ཤོག་བར། བ་ཀུན་ཏུ་ནས། མྱུར་ཐོབ་ཤོག་བར་དང་། དེ་ནས་ཕ་དམ་པའི་སྨོན་ལམ་སོགས་བསྔོ་སྨོན་གྱིས་མཇུག་བསྡུས་ཏེ་སྤྱོད་ལམ་ལ་འཇུག དེའི་འགྲོས་ཀྱིས། ཐོར་ཐུན། སྔ་ཐུན། དགོང་ཐུན་སྲོད་ཐུན་ཏེ་ཉིན་ཞག་རེར་ཐུན་བཞི་རེ་དང་། ཐུན་རེ་བཞིན་དུ། ཐུན་རེ་བཞིན་དུ། སྔོན་འགྲོ་ཕྱི་ནང་ངག་བྱིན་རླབས་མ་གཏོགས་ངག་འདོན་བླ་མའི་རྣལ་འབྱོར་གྱི་མཐར་ཐུག་བར་ཆ་ཚང་རེ་གཏོང་


JSD002_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། དེ་ནི་ཅུང་ཟད་རྒྱས་པའི་ལུགས་ཡིན། ཡང་གྲོང་ན་འདུག་སྐབས་དང་། འབུམ་ལྔ་ཞོར་བསགས་ལྟ་བུ་བསྡུས་པའི་ལུགས་ལ་ནི། ཞོགས་པར་སྔོན་འགྲོ་འགོ་ནས་སྐྱབས་ཕྱག སོགས་གང་བསགས་རྒྱུའི་དེའི་སྐབས་ལ་མ་ཐུག་བར་འདོན་ལ་ཉིན་གང་པོར་དེ་ཉིད་བསགས་ལ། དགོང་མོར་དེ་མན་ཆད་མཐར་ཆགས་སུ་བཏང་ཡང་རུང་ངོ་། །རི་ཁྲོད་ཡིན་ན་ཐོར་ཐུན་གྲོལ་ནས་དཀར་འགྱེད། སྔ་ཐུན་གྲོལ་ནས་ཁྲ་འགྱེད། དགོང་ཐུན་གྲོལ་ནས་དམར་འགྱེད། སྲོད་ཐུན་རྗེས་སུ་ནག་འགྱེད་བཏང་། དེར་མ་ཟད་ཐོར་ཐུན་གྱི་རྗེས་སུ་ཆུ་སྦྱིན། སྔ་ཐུན་རྗེས་སུ་བཤགས་པ་ཆེ་ཆུང་དང་སྦྲགས་བརྒྱ་ཕྱག་འཚལ། དགོང་ཐུན་རྗེས་སུ་གཏེར་གསར་གསོལ་ཀ སྲོད་ཐུན་གྲོལ་རྗེས། བསམ་ལྷུན་དང་བསམ་པ་མྱུར་འགྲུབ་མ་སོགས་བཏང་། གང་ལྟར་སྔོན་འགྲོ་བསགས་རྒྱུ་ནི། འབུམ་ལྔ་ཟེར་ཡང་། སྐྱབས་ཕྱག་སྦྲག་མ་འབུམ། སེམས་བསྐྱེད་འབུམ། མཎྜལ་འབུམ། སྐུ་གསུམ་མཁའ་འགྲོའི་སྔགས་ཚན་གསུམ་འབུམ་རེ་རེ། བླ་


JSD002_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྣལ་འབྱོར་མཚན་སྔགས་འབྲུ་འབུམ་བཅས་དེ་རྣམས་ཁ་སྐོང་བཅས་འགྲོ་དགོས་པ་ནི། བརྒྱུད་པ་འདིའི་ཕྱག་བཞེས་ཡིན་ནོ། །ཞེས་པའང་དང་པོའི་ལས་ཅན་རྣམས་ལ་ཕན་ཆེད་ཀུ་སཱ་ལི་ཁྲོ་རྒྱལ་རྡོ་རྗེས་སུག་བྲིས་སུ་བགྱིས་པ་དགེའོ།།


JSD002_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཁྲོས་མའི་སྔོན་འགྲོ་བསགས་སྐབས་ཕྱག་ལེན།next