Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གསོལ་འདེབས།
  
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousགསོལ་འདེབས། next

གསོལ་འདེབས།


JSD002_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན་ནོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ལམ་འཁྲུལ་པ་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་སྣང་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་མིན་རྣམ་ཏོག་འགགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཉིན་མཚན་ཆོས་ལ་འདའ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཐུན་ཐམས་ཅད་ཀྱི་མགོར་གསོལ་བ་བཏབ་པར་བྱའོ། །རྗེ་བླ་མ་བུདྡྷ་བཛྲ་གྱི་ཕྱག་བྲིས་དངོས་ལས་ཞལ་བཤུས་པའོ།།


JSD002_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགསོལ་འདེབས། next