Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གཏེར་ཆེན་བདུད་འཇོམས་གོང་མའི་རྩ་གསུམ་ལས་བྱང་སྤྱི་ལ་གཅེས་པའི་ཐོག་མཐའ་བར་གསུམ་གྱི་ཟུར་རྒྱན་ནག་འགྲོས་སུ་བཀོད་པ།
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousགཏེར་ཆེན་བདུད་འཇོམས་གོང་མའི་རྩ་གསུམ་ལས་བྱང་སྤྱི་ལ་གཅེས་པའི་ཐོག་མཐའ་བར་གསུམ་གྱི་ཟུར་རྒྱན་ནག་འགྲོས་སུ་བཀོད་པ།next

གཏེར་ཆེན་བདུད་འཇོམས་གོང་མའི་རྩ་གསུམ་ལས་བྱང་སྤྱི་ལ་གཅེས་པའི་ཐོག་མཐའ་བར་གསུམ་གྱི་ཟུར་རྒྱན་ནག་འགྲོས་སུ་བཀོད་པ།


JSD002_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཆེན་བདུད་འཇོམས་གོང་མའི་རྩ་གསུམ་ལས་བྱང་སྤྱི་ལ་གཅེས་པའི་ཐོག་མཐའ་བར་གསུམ་གྱི་ཟུར་རྒྱན་ནག་འགྲོས་སུ་བཀོད་པ་བཞུགས་སོ།


JSD002_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱ། དེ་ཡང་འདིར་སྤྱིར་བཏང་རྩ་གསུམ་གང་ཡིན་གྱི་བརྒྱུད་འདེབས་མགོ་དང་། དམིགས་བསལ་ཁྲོས་མ་ཡིན་ན་དབང་སྡུད་ཟིལ་གནོན་དང་སྒོ་གསུམ་རྡོ་རྗེའི་གྲོང་འཕོ་གཉིས་སྔོན་དུ་བཏང་མཚམས་ཆོས་སྤྱོད་གསུང་རྒྱུན་མ་འདི་ལྟར། ཧཱུྃ་ཧྲཱིཿ མ་ལུས་སེམས་ཅན་སོགས། གཤེགས་སུ་གསོལ། །ཁར། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཛཧཱུྃ་བཾ་ཧོཿ པདྨ་ཀ་མ་ལ་


JSD002_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་སྟཱཾ ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་སོགས། གཤེགས་སུ་གསོལ༔ སརྦ་མ་ཧཱ་གུ་རུ་བཱིདྱ་དྷ་ར་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལ་ཡེ་སཾ། གནས་མཆོག་འདི་རུ་སོགས། དངོས་གྲུབ་སྩོལ༔ བར། བཅོམ་ལྡན་འདིར་ནི་སོགས། བཞུགས་སུ་གསོལ། བར། འདིར་ནི་གཟུགས་དང་སོགས། ལེགས་པར་


JSD002_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བསྩལ་དུ་གསོལ། བར། ས་གཞི་སྤོས་ཆུས་སོགས། ཏྲཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། བར། སྐུ་གསུམ་ཡོངས་རྫོགས་སོགས། གསོལ༔ བར། བླ་མ་སྐུ་ཁམས་སོགས། གསོལ། བར། ཨེ་མ་ཧོ༔ སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་སོགས། གསོལ་བ་འདེབས༔ བར། ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་སོགས་བསམ་ལྷུན་དང་། ཨེ་མ་ཧོ། རྒྱལ་ཀུན་དགོངས་པ་སོགས། ཨེ་མ་ཧོ། མཚོ་དབུས་གེ་སར་སོགས། ཨོཾ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །འགལ་རྐྱེན་བར་ཆད་མི་འབྱུང་ཞིང་། །མཐུན་རྐྱེན་བསམ་པ་འགྲུབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ལན་གསུམ། ཧྲཱིཿ དཀོན་མཆོག་རྩ་གསུམ་བདེ་གཤེགས་ཀུན་འདུས་པ། །མ་ལུས་འགྲོ་བའི་སྐྱབས་མགོན་པདྨ་འབྱུང་། །གསོལ་བ་


JSD002_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ནད་གདོན་བར་ཆད་ཞི་བར་མཛད་པ་དང་། །འཆི་མེད་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿ སྐྱབས་གནས་བསླུ་མེད་དཀོན་མཆོག་རིན་པོ་ཆེ། །ཐུགས་རྗེ་མངའ་བའི་ཨོ་རྒྱན་པདྨ་ལ། ། བདག་གིས་ཇི་ལྟར་གསོལ་བ་བཏབ་པའི་དོན། །མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །བར། ཨེ་མ་ཧོཿ༔ ཁྱབ་བདག་གདོད་མའི་སོགས། ཤོག༔ ཨེ་མ་ཧོ༔ བདེ་གཤེགས་སྙིང་པོའི་སོགས། ཤོག༔ བར། སྐྱེ་བ་ཀུན་ཏུ་སོགས། མྱུར་ཐོབ་ཤོག །དེ་ནས་མཆོད་རྫས་བྱིན་རླབས། ༀ་བཛྲ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷ་ཝས་སྦྱངས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷཾ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་


JSD002_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས། རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤ་དྷུ་པེ་ཨཱ་ལོ་ཀེ་གནྡྷ་ནི་ཝི་དྱ་ཤབྡ་པཱུ་ཛ་ས་མ་ཡ གནས་དང་མཆོད་པའི་ཡོ་བྱད་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་གྱུར། ཞེས་བརྗོད་ནས་ལས་བྱང་གང་ཡིན་གྱི བརྒྱུད་འདེབས་ནས་འཇུག་གོ །དེ་ནས་དངོས་གཞི་ལྷ་བསྐྱེད་ཅིང་བསྙེན་སྒྲུབ་ལས་སྔགས་བཟླས་པ་གྲུབ་ནས་རྩ་གསུམ་གང་ཡིན། ཆེ་གེ་མོའི་ལྷ་ཚོགས་རྣམས་འགྲུབ་པར་གྱུར་ཅིག །ཅེས་སྔོན་དུ་སྦྱར་དགོས། ཁྱད་པར་ཁྲོས་མ་ལ་མཚོན་ན། རྒྱལ་ཡུམ་ཁྲོས་མ་ནག་མོའི་ལྷ་ཚོགས་རྣམས་འགྲུབ་པར་གྱུར་ཅིག །ཨ་ཨཱཿསོགས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་སྦྲེལ་བ་ལན་གསུམ་རེ་བཟླས་མཐར། ཧོ། རྒྱལ་ཡུམ་ཁྲོས་མ་ནག་མོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས།


JSD002_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། བདག་སྒྲུབ་པ་པོའི་རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་ནས་མཐུན་རྐྱེན་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་འདེབས་པ་སྔོན་དུ་འགྲོ་བས། མཆོད་པ། ཕཊ༔ སྣང་སྲིད་གཟུང་འཛིན་སོགས། བསྟོད་པ། མ་ཐིག་ལེ་སོགས་ནས། རློབས༔ བར་དང་། བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་ང་འཚལ་བསྟོད། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །དཔའ་བོ་མཁའ་འགྲོ་རྣམས་ལ་ཕྱག་འཚལ་བསྟོད། །ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད། །དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །དགེ་བ་འདི་ཡིས་མྱུར་དུ་བདག །ཁྲོས་མ་ནག་མོའི་ལྷ་ཚོགས་འགྲུབ་


JSD002_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས། །སོགས་བྱའོ། །དེ་ནས་གསོལ་ཀའི་མགོར། གཏོར་སྣོད་ཨེ་ལས་གཤིན་རྗེའི་བཤའ་ཁང་ནག་པོའི་ནང་དུ་གཏོར་མ་དེ་ཉིད་དགྲ་བགེགས་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར༔ ན་མོ༔ དཀོན་མཆོག་གསུམ་དང་སྐུ་གསུམ་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་ཀྱི་ཚེ་བླ་སྲོག་གསུམ་མཐུ་ནུས་ལོངས་སྤྱོད་དང་བཅས་པ་ཐམས་ཅད་ཤཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག༔ བར་ལན་གསུམ་མཐར་བསྟིམ་ཅིག༔ ཛཿཧཱུྃ་བཾ་ཧོཿ དབྱིངས་ནས་ཐུན་མཚོན་སྣ་ཚོགས་ཀྱི་ཆར་བབས་པས་ཤ་རི་ཁྲག་གི་རྒྱ་མཚོ་ནམ་མཁའི་གཏོས་དང་མཉམ་པར་གྱུར༔ བྱིན་བརླབ་བྱ་བ་གསོལ་བསྡུས་དཔག་བསམ་རྒྱས་པ་ལྟར། ཨོཾ་སྭ་བྷ་ཝ་སོགས་ནས། མཉམ་པར་གྱུར༔ བར་དང་། ནམ་མཁའ་མཛོད་སྔགས་


JSD002_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་དང་། བཛྲ་སྥ་ར་ཎ་ཁཾ༔ ཞེས་མཆོད་བརླབ་བྱས་ནས། བཀའ་སྲུང་སྲོག་བདག་རྣམ་བཞི་ལ་འཇུག་ཅིང་། གཤིན་རྗེའི་མགོར་འགུགས་གཞུག ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག དང་། ༀ་ཨཱཿཧཱུྃ༔ གིས་བྱིན་བརླབ་བྱ། དེ་ནས་གཟའ་མཆོག་ཆེན་པོའི་རྩ་སྒྲུབ་དང་། ཤན་པ་དང་ལྷ་ཆེན་གཉིས་བསྡུས་པ། གསོལ་བསྡུས། ཨོཾ་ཨཱཿཧཱུྃ ཆོས་ཉིད་སྒྱུ་མར་སོགས་ནས། ཡ༔ ཨོཾ་ཨ་ཀཱ་རོ་སོགས། ཧཱུྃ། སྐུ་གསུམ་བརྒྱུད་གསུམ་སོགས། རཾ་ཡཾ་ཁཾ། གསེར་སྐྱེམས་ཟག་པ་མེད་པ་སོགས། ཨོཾ་ཨཱཿཧཱུྃ། རིག་འཛིན་རྩ་བརྒྱུད་སོགས། ཀྱཻ། རྩ་གསུམ་ནོར་ལྷ་ཆོས་སྐྱོང་དང་། །ཕྱི་ནང་གསང་བ་ཡང་གསང་དང་། །གབ་སྦས་རྟག་ཆགས་


JSD002_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་ཀྱི། །སྡེ་བརྒྱད་མཆོད་ཡུལ་སྦྱིན་ཡུལ་ལ། །གསེར་སྐྱེམས་གཙང་མ་འདི་འབུལ་བཞེས། །བདག་གི་འདོད་དོན་བསྒྲབ་ཏུ་གསོལ། །འདོད་གསོལ། སངས་རྒྱས་ཀྱི་བསྟན་པ་སོགས་ནས། གསོལ། གང་ཞིག་ཡིད་ལ་སོགས། བསྟོད་པ། བྷྱོཿ དུས་གསུམ་རྒྱལ་བའི་སོགས། པདྨའི་རིང་ལུགས་སོགས། བཤགས་པ། བདག་ནི་མ་རིག་སོགས་ཡིག་བརྒྱ། སྔོན་ཚེ་ཨོ་རྒྱན་སོགས། བསྟན་པའི་དཔལ་གྱུར་སོགས། བཀྲ་ཤིས་ཤོག །དེ་ནས་བཤགས་པའི་མགོར། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར་བཤགས་པ་ཡེ་ཤེས་འོད་ཟེར། རྫས་བསྐང་། ཡན་ལག་བདུན་པ་བཅས་བྱ། དེ་ནས་ཁྲོས་ཆུང་ཚོགས་དང་། ལྷག་མའི་མགོར་བསམ་པ་མྱུར་འགྲུབ་མ་གཅིག་དང་། ཨོ་རྒྱན་


JSD002_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ལ་སོགས་ལན་གསུམ། ཧྲཱིཿ དཀོན་མཆོག་རྩ་གསུམ་སོགས། སྐྱབས་གནས་བསླུ་མེད་སོགས། ཨ་ཀཱ་རོས་བརླབ་སྟེ། ལྷག་མ་བཏང་ལ། ཨོཾདུས་གསུམ་བདེ་གཤེགས་མཐར་ཡིག་བརྒྱ་བར་དང་། ཡང་བསྐྱར།ཁྲོས་ཆུང་ཚོགས་གོང་བཞིན་ལ་བཤགས་པ། ༀ། གཞི་ཐོག་དང་པོའི་སོགས། ཡང་བསྐྱར་ཁྲོས་ཆུང་ཚོགས་སྔར་ལྟར་དང་། བཤགས་པ། རྩ་གསུམ་དམ་ཅན་སོགས་ཡིག་བརྒྱ། ཌཱ་ཆུང་གི་ཚོགས་བསྡུས། རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་ནམ་མཁའ་སོགས་མཐར། ༀ་བཛྲ་སཏྭ་ཧཱུཾ༔ བཏགས་པ་ཚར་གང་འོས་མཚམས་ཡིག་བརྒྱཊཱ་འུར་རེ་བཅས་ཚོགས་པ་མང་ཉུང་དང་བསྟུན་ཏེ་ཚར་གྲངས་བརྒྱ་རྩ་དང་ཚོགས་རིལ་དེ་མཚུངས་འབུལ་ནས་ཌཱ་འུར་བཞག་ཐབས་བྱ། ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ་སོགས། ཚོགས་མཆོད་ཕུལ་བའི་སོགས། བཤགས་པ་ཉམས་ཆག་བསྐང་བའི་ལུང་བྱང་ལྟར་


JSD002_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དྲུག་སྟོང་རྩ་དང་ཡིག་བརྒྱ་ལན་གཅིག དམ་ཚིག་ཉམས་ཆག་སོགས། ནམ་མཁའི་མཐར་ཐུག་སོགས་བཅས་སོང་ནས། ཁྲོས་འབྲིང་ཚོགས་ལ་གཟོད་འཇུག །བསྒྲལ་བའི་མགོར། ཚོགས་སྣོད་དེ་ཉིད་ལས་ཀྱི་གཤིན་རྗེ་འབར་བའི་ཧོམ་ཁུང་དུ་ཚོགས་རྫས་གནོད་བྱེད་དགྲ་བགེགས་དངོས་སུ་གསལ་བ་ལ། རང་ཉིད་ཁྲོས་མའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་གྲངས་མེད་པ་འཕྲོས་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་རང་དབང་མེད་པར་བཀུགས་ནས་ཚོགས་ཐ་མ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཚོགས་རྫས་རཱུ་པ་འདི་ལ་ཁུག་ཅིག །ཛཿཧཱུྃ་བྃ་ཧོཿ ཞེས་སྦྱར། དྲང་བ་ཁྲོས་ཆེན་ལྟར་དང་། བར་འདིར་སྤྲོན་ཚོགས་གླུ་དང་། དཀྱུས་སུ་བསམ་ལྷུན་ཆེ་ཆུང་དང་སྒྲོལ་མ་སོགས་གང་


JSD002_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འོས་བྱ། ལྷག་མའི་མགོར། ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཞལ་ཟས་ཚོགས་ཀྱི་ལྷག་མ་འདི་ལ་ཁུག་ཅིག༔ ཛཿཧཱུྃ་བཾ་ཧོཿ ཞེས་བཀུག་ནས། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿལས་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ལྷག་གཏོར་འདོད་ཡོན་བདུད་རྩིའི་ཕུང་པོར་གྱུར། ཞེས་དང་། མཐར། ཡེ་ཤེས་མཁའ་འགྲོའི་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་དང་། ཚོགས་མཆོད་ཕུལ་བའི་བསོད་ནམས་མཐུས། །མི་ཟད་གཏེར་ལ་ལོངས་སྤྱོད་ཅིང་། །ཡེ་ཤེས་སྣང་བ་རང་གསལ་


JSD002_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །ཀ་དག་ཆོས་སྐུའི་ས་ཐོབ་ཤོག །ཅེས་སྨོན་ལམ་བཏབ། བསྐུལ་བའི་མགོར། ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཤ་ཁྲག་དམར་གྱི་གཏོར་མ་འདི་ལ་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿས་བཀུག་ནས་ཁྲོས་ཆུང་ལྟར། ཧཱུྃ༔ སྤྲོས་བྲལ་བདེ་བ་སོགས་ཆེན་པོར་སྒྲོལ༔ གཏོར་མ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ལས་བྱུང་བ་ངོ་བོ་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་ནས། ཕཊ༔ དཔལ་མགོན་བདུན་ཅུ་སོགས། དམ་ཚིག་གོ༔ བྲོ་མནན་མགོར། ན་མོ། དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱི་བདེན་པས་གནོད་བྱེད་དམ་སྲི་སྒབ་འདྲེ་ལོག་པར་འདྲེན་པ་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་རོལ་དུ་ཁུག་


JSD002_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག ཛཿཧཱུྃ་བཾ་ཧོཿ ཕཊཿ ཡེ་ཤེས་ལྔ་ཡི་སོགས་མཐར་ལྷན་ཐབས་ལས། གཏོར་གཞོང་ཁ་ཡར་བསྟན་པས་བདག་ཅག་རྣལ་འབྱོར་པའི ཚེ་བསོད་དཔལ་འབྱོར་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །སརྦ་ཨཱཿཡུ་ཛྙཱ་ན་པུཥྞི་ཀུ་རུ་སྭཱ་ཧཱ། ཞེས་དང་། མཆོད་པ། ཕཊཿ སྣང་སྲིད་གཟུང་འཛིན་སོགས། བསྟོད་པ། ཕཊ༔ མ་ཐིག་ལེ་སོགས་ནས། རློབས༔ བར། བཀའ་བརྒྱུད་བླ་མ་སོགས། བསྟོད་པར་འོས་པ་སོགས། དངོས་གྲུབ་བླང་བ། ཕཊ༔ སྐུ་གསུམ་སྒྱུ་འཕྲུལ་སོགས། རྩ་སྔགས་མཐར་ཀཱ་ཡ་ཝཱ་ཀ་སོགས་དང་། བཤགས་པ། ཕཊ༔ བདག་གིས་སོགས། ཡིག་བརྒྱ་ལན་གསུམ། བསྔོ་སྨོན། ཕཊ༔ བདག་གིས་དུས་གསུམ་སོགས་ལན་གསུམ། རྟེན་ཡོད་ན། ༀ། འདིར་ནི་རྟེན་དང་སོགས། བསྡུ་རིམ།


JSD002_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊཿ༔ སྣོད་བཅུད་སོགས་རྩ་སྔགས་བརྗོད། བཀྲ་ཤིས་ཡེ་དྷར་སྔོན་དུ་འགྲོ་བས། དཀོན་མཆོག་གསུམ་གྱི་སོགས་མཐར། བསྟན་པའི་དཔལ་གྱུར་སོགས། གནས་འདིར་ཉིན་མོ་སོགས། འབྱུང་པོ་གང་དག་སོགས། འདིར་ནི་རྒྱལ་བ་སོགས། དེང་འདིར་སོགས་ནས་སུ་ཛ་ཡ། དེ་ལྟར་འགྲུབ་པའང་སོགས་གྱུར་ཅིག །དེ་ནས་རྗེས་མཐའ་སྡུད་སྨོན་ལམ་གྱི་རིམ་པ་གསུང་རྒྱུན་མ་ནི། ན་མོ་གུ་རུ། བདག་གཞན་རྣམས་ཀྱི་སོགས་ཕ་དམ་པའི་སྨོན་ལམ་གྱིས་ཐོག་དྲངས། དགེ་བའི་རྩ་བ་འདི་ལ་བརྟེན་ ི ནས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རང་རིག་པ་ཡེ་ཤེས་ལ་རང་དབང་ཐོབ་པར་གྱུར་ཅིག །སྣང་བ་རྒྱ་ཡིས་ཐེབས་པར་གྱུར་ཅིག མཚན་མ་རང་སར་གྲོལ་བར་གྱུར་ཅིག །ཆོས་སྐུ་གཏིང་གསལ་གྱི་དོན་རྒྱུད་ལ་སྐྱེ་བར་གྱུར་ཅིག །གང་དུ་སྐྱེས་པའི་སོགས། སྐྱེ་བ་ཀུན་ཏུ་སོགས།


JSD002_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཏདྱ་ཐཱ༔ པཉྩཏྲི་ཡ་ཨ་ཝ་བོ་དྷ་ནཱ་ཡེ་སྭཱ་ཧཱ༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་དྲང་སྲོང་རིག་པ་འཛིན་པ་སྨོན་ལམ་ལ་་་༝ མངའ་བརྙེས་པ་བདེན་ཚིག་གྲུབ་པ་རྣམས་ཀྱི་བདེན་པས་བདག་གིས་སྨོན་ལམ་བཏབ་པ་དེ་རྣམས་ཐམས་ཅད་ད་ལྟ་ཉིད་དུ་འགྲུབ་པར་གྱུར་ཅིག༔ ན་མོ་རཏྣ་ཏྲ་ཡཱ་ཡཿ ཨོཾ་ཡེ་དྷརྨ་སོགས། དཀོན་མཆོག་གསུམ་གྱི་བདེན་པ་དང་༔ འཇམ་པའི་དབྱངས་ཀྱི་ཤེས་རབ་དང་༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་༔


JSD002_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་༔ སངས་རྒྱས་སྟོང་གི་ཐུགས་བསྐྱེད་ཀྱིས༔ སྨོན་ལམ་བཏབ་པ་དེ་བཞིན་འགྲུབ་གྱུར་ཅིག༔ སངས་རྒྱས་སྐུ་གསུམ་བརྙེས་པའི་སོགས་དང་། སངས་རྒྱས་སྐུ་གསུམ་མཉམ་པའི་བྱིན་རླབས་དང་༔ རྒྱས་སྐུ་གསུམ་མཉམ་པའི་བྱིན་རླབས་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་༔ སྔགས་དང་ཕྱག་རྒྱ་རྒྱུ་འབྲས་ཟབ་མོའི་མཐུས༔ སྨོན་ལམ་བཏབ་པ་དེ་རྣམས་འགྲུབ་གྱུར་ཅིག༔ བླ་མེད་བླ་མའི་སོགས། འདིར་ཞབས་བརྟན་རིགས་འདོན། ཕན་བདེ་འབྱུང་བའི་སོགས། དཔལ་ལྡན་བླ་མའི་སྐུ་ཚེ་སོགས། བླ་མ་སྐུ་ཁམས་སོགས། ཐུབ་བསྟན་མཛེས་པའི་སོགས། པདྨའི་རིང་ལུགས་སོགས། རྒྱལ་བ་ཀུན་གྱི་གསང་ཆེན་མཛོད་སོགས། སྣང་གྲག་རིག་གསུམ་སོགས། ཨོཾ་བཛྲ་ས་ཏྭ་སོགས་ཡི་གེ་བརྒྱ་པ་བཟླ་ཞིང་ཚོགས་གྲོལ། ཅེས་ཆོ་གའི་ལྷན་ཐབས་འདི་ནི་གཙོ་བོར་ཁྲོས་འབྲིང་ལ་སྦྱར་བ་ཡིན་


JSD002_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རྩ་གསུམ་གཞན་ལའང་ཁ་བསྒྱུར་རིག་པས་འཕྲུལ་ཤེས་དགོས། འདིར་བཀོད་པ་ལ་ཁུངས་མེད་རང་བཟོའི་དྲི་མས་གོས་པ་མེད་ཅིང་། བདག་གི་རྗེ་བཙུན་བླ་མ་རིན་པོ་ཆེ་རྒྱལ་སྲས་གསང་བདག་རྡོ་རྗེ་དགྲ་འདུལ་དང་། མཚོ་རྒྱལ་གསུང་སྤྲུལ་སེ་ར་མཁའ་འགྲོ་བདེ་བའི་རྡོ་རྗེ་སྟེ་གཏེར་ཆེན་རྣམ་གཉིས་དང་། དེ་གཉིས་ཀའི་ལུང་ཟིན་ཆོས་ཀྱི་བདག་པོ་དགེ་སྦྱོང་དམ་པ་ཚུལ་ཁྲིམས་རྡོ་རྗེ་བཅས་མཆོག་གི་རྡོ་རྗེ་སློབ་དཔོན་རྣམ་པ་གསུམ་གྱི་ཞལ་སྔ་ནས་ལས་ལམ་འདིའི་སྨིན་གྲོལ་མན་ངག་རྒྱབ་ཆོས་ལག་ལེན་རང་རྐང་ཚུགས་པའི་ཞལ་ཁྲིད་བཅས་ལ་སྒོ་འདོགས་་ ི་ལེགས་པར་བཅད་དེ། མདོ་སྨད་གཏེར་སྒར་གདན་སའི་གདུང་བརྒྱུད་བུ་སློབ་རྣམས་ཀྱི་གསུང་རྒྱུན་ཇི་བཞིན་ནོར་འཁྲུལ་དང་བྲལ་བར་ཉག་བན་རྒན་པོ་ཁྲོ་རྒྱལ་རྡོ་རྗེས་ལྕགས་རྟ་ས་ག་ཟླ་བའི་དབང་ཕྱོགས་ཀྱི་ཚེས་ཉེར་གཅིག་ལ་སྦས་ཡུལ་ཡོལ་མོ་གངས་རའི་སྒྲུབ་སྡེ་ཀུན་བཟང་ཆོས་གླིང་དུ་སྦྱར་བ་འདིས་ཀྱང་ཟབ་གསང་སྙིང་པོའི་རིང་ལུགས་འདི་ཉིད་དུས་ཀྱི་མཐར་ཡང་མི་ནུབ་དར་ཞིང་རྒྱས་པའི་


JSD002_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ༎


previousགཏེར་ཆེན་བདུད་འཇོམས་གོང་མའི་རྩ་གསུམ་ལས་བྱང་སྤྱི་ལ་གཅེས་པའི་ཐོག་མཐའ་བར་གསུམ་གྱི་ཟུར་རྒྱན་ནག་འགྲོས་སུ་བཀོད་པ།next