Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ།
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ།next

ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ།


JSD002_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ་ཞེས་བྱ་བ་བཞུགས་སོ།།


JSD002_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭསྟི། གང་གི་དྲིན་གྱིས་སྲིད་ཞིའི་འཇིགས། །རྣམ་འཕྲོག་སྤོས་བྲལ་ཡེ་ཤེས་བྱིན། །སྟེར་མཛད་རྡོ་རྗེ་ཅན་ཞབས་པད། །བསྙེན་ནས་སྔོན་འགྲོའི་ཁྲིགས་འདིར་སྤེལ། །དེ་ཡང་སྐལ་པ་དང་ལྡན་པའི་གང་ཟག་ཚེ་འདིར་བླ་ན་མེད་པའི་བྱང་ཆུབ་འདོད་པ་རྣམས་ཐོག་མ་ཉིད་དུ་སྔོན་འགྲོའི་རིམ་པ་ལ་འཇུག་པར་བྱ་སྟེ། དེའི་ངག་འདོན་ལ་གསུམ། ཐུན་ལ་འཇུག་པའི་སྔོན་འགྲོ། ཐུན་མོང་གི་སྔོན་


JSD002_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བློ་ལྡོག་བཞི། ཁྱད་པར་གྱི་སྔོན་འགྲོ་བསགས་སྦྱོང་ལྔའོ། །དང་པོ་ནི། སྒོ་གསུམ་རྣལ་དུ་དབབ། སྤྱི་བོར་བླ་མ་བསྒོམས་ལ་མོས་གུས་གདུང་ཤུགས་དྲག་པོས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན་ནོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་མཐར་བླ་མ་རང་ལ་བསྡུས་ཏེ་དར་ཅིག་མཉམ་པར་བཞག །འདི་ཐུན་ཐམས་ཅད་ཀྱི་འགོ་འཛིན་དུ་གལ་


JSD002_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་སྟེ་རྒྱུད་སྣོད་དུ་རུང་ཞིང་བར་ཆད་ཞི་ནས་བྱིན་རླབས་མྱུར་བའི་དགོས་པ་ཡོད་དོ། །གཉིས་པ་རང་རྒྱུད་ཀྱི་ཞིང་ས་སྦྱོང་བ་བློ་ལྡོག་རྣམ་བཞིའི་ངག་འདོན་ནི། དམིགས་ཁྲིད་བཞིན་འདོན་བསྒོམ་ཟུང་དུ་འཇུག་པས། བདག་གི་དལ་འབྱོར་རྟེན་བཟང་འདི༔ ཕྱིས་ནས་ཡང་ཡང་རྙེད་དཀའ་བས༔ ད་རེས་བླ་མེད་ཀུན་བཟང་གི༔ གོ་འཕང་བསྒྲུབས་ཏེ་གཞན་དོན་བྱ༔ ད་ལྟའི་རིན་ཆེན་ལུས་འདི་ཡང་༔ འཆི་བདག་བདུད་ཀྱི་དགྲ་སྡང་བས༔ ནམ་འཆི་ངེས་པར་མི་གདའ་ཡི༔ བདག་གཞན་མི་རྟག་ཚུལ་འདི་བལྟ༔ འཁོར་བའི་གནས་འདིར་གར་སྐྱེས་ཀྱང་༔ བདེ་བའི་གོ་སྐབས་མ་མཆིས་པས༔ སྲིད་པའི་བདེ་ལ་མི་བལྟ་བར༔ མྱ་ངན་འདས་པའི་ལམ་དུ་འཇུག༔ དལ་འབྱོར་ལུས་འདི་དོན་ལྡན་ཕྱིར༔ ཉོན་མོངས་དུག་གསུམ་མི་དགེ་སྤོང་༔ དགེ་བའི་ལས་ལ་འབད་པ་བསྐྱེད༔ སྒོ་གསུམ་


JSD002_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་སྡོམ་པ་བསྲུང་༔ ཞེས་ངེས་འབྱུང་གི་བློ་བསྐྱེད་དོ། །གསུམ་པ་ཁྱད་པར་གྱི་སྔོན་འགྲོའི་ངག་འདོན་ལ་ལྔ་ལས། དང་པོ་སྐྱབས་འགྲོ་ནི། མདུན་མཁར་དཔག་བསམ་རྒྱས་པའི་དབུས༔ སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་ཐོད་ཕྲེང་རྩལ༔ རྡོ་རྗེ་འཆང་གི་ཆ་ལུགས་ཅན༔ མཚོ་རྒྱལ་ཡུམ་དང་མཉམ་པར་སྦྱོར༔ སྐུ་ནི་དགེ་འདུན་གསུང་དམ་ཆོས༔ ཐུགས་ནི་སངས་རྒྱས་རང་བཞིན་ཏེ༔ རྩ་གསུམ་རྒྱལ་བ་འདུས་པའི་དངོས༔ སྐྱབས་ཡུལ་རྒྱ་མཚོའི་ངོ་བོར་བཞུགས༔ ཞེས་སྐྱབས་ཡུལ་ཀུན་འདུས་ནོར་བུའི་ལུགས་སུ་གསལ་གདབ་ལ། ན་མཽ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་གསུམ་གྱི་ངོ་བོ་ཉིདཿ༔ བླ་མ་རྡོ་རྗེ་འཛིན་པ་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་ནི། སྐྱབས་ཡུལ་དཔང་པོར་གསོལ་ཏེ།


JSD002_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿ མཁའ་མཉམ་འགྲོ་བ་མ་ལུས་ཀུནཿ༔ སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར༔ བླ་མེད་བྱང་ཆུབ་མཆོག་གི་སེམས༔ བདག་གིས་ཡོངས་སུ་པར་བགྱི༔ མཐར་སྐྱབས་ཡུལ་གྱི་སྐུ་ལས་འོད་ཟེར་བྱུང་བ་རེག་པ་ཙམ་གྱིས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་ནས། བྱ་ཁྱུ་འུར་རྡོས་དཀྲོག་པ་བཞིན་ཐམས་ཅད་དག་པ་མཁའ་སྤྱོད་དུ་ཡུད་ཀྱིས་སོང་། སྐྱབས་ཡུལ་བླ་མ་འོད་དུ་ཞུ་ནས་རང་ལ་བསྟིམ་སྟེ་མཉམ་པར་བཞག་གོ། །གསུམ་པ་རྡོར་སེམས་བསྒོམ་བཟླས་ནི། རང་གི་སྤྱི་བོར་པད་ཟླའི་ཚེ སྟེང་༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དུང་མདོག་ཞལ་གཅིག་ཕྱག་གཉིས་པ༔ རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཐུགས་ཀར་ཟླ་སྟེང་རྡོ་རྗེའི་ལྟེར༔ ཧཱུྃ་མཐར་ཡིག་བརྒྱའི་ཕྲེང་བས་བསྐོར༔ དེ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ བབས་པས་སྡིག་སྒྲིབ་


JSD002_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་ལྟུང་ཀུནཿ༔ དག་ཅིང་དྲི་མ་མེད་པར་གྱུར༔ ཨོཾ་བཛྲ་ས་ཏྭ་སམ་ཡ་མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏེ་ནོ་པ་ཏིཥྛ་དྲྀ་བྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿ༔ བྷ་ག་ཝཱནཿ༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ༔ ཞེས་ཅི་ནུས་བཟླ། མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་ཊུ་པ་ཡིས༔ དམ་ཚིག་ལས་ནི་འགལ་ཞིང་ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིགཿ༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་བརྩེ་བའི་བདག་ཉིད་ཅནཿ༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་


JSD002_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གསུངས་ཤིང་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་ལ་མཉམ་པར་བཞག་གོ བཞི་པ་མཎྜལ་ནི། ཚོགས་ཞིང་སྔར་ལྟར་གསལ་བའི་སྤྱན་སྔར། ཁམས་གསུམ་སྣོད་བཅུད་སྣང་སྲིད་ཆོས༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས༔ ཀུན་ ི་བཟང་མཆོད་སྤྲིན་ཆེན་པོར་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ རཏྣ་མ་དྷ་ལ་པཱུ་ཛ་ཧོཿ ཞེས་འབུལ་མཐར་ཚོགས་ཞིང་མཆོད་པའི་མཎྜལ་དང་བཅས་པ་ཧཱུྃ་གི་རྣམ་པར་རང་ལ་བསྡུས་ནས་འཁོར་གསུམ་མི་དམིགས་པའི་ངང་དུ་བཞག་གོ་།ལྔ་པ་བླ་མའི་རྣལ་འབྱོར་ནི། རྣམ་དག་ཡེ་ཤེས་འོད་གུར་ཀློང་༔ རང་ཉིད་མཚོ་རྒྱལ་དྷཱ་


JSD002_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཀི་མའི སྤྱི་བོར་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་ཐོད་ཕྲེང་རྩལ༔ དམར་གསལ་རྡོར་དྲིལ་འཁྱུད་སྟབས་རོལ༔ མཚན་དཔེའི་གཟི་བྱིན་འབར་བའི་སྐུ༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ དགྱེས་འཛུམ་འོད་ཟེར་ལམ་མེར་བཞུགསཿ༔ ཞེས་ཚོགས་རྟེན་གསལ་གདབ་ལ། ཧཱུཾ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་སྤྱན་དྲངས་ཤིང་དམ་ཡེ་དབྱེར་མེད་དུ་བྱ། ཚོགས་བསགས་པའི་སླད་དུ་ཕྱག་འཚལ་དང་བཅས། ཧྲཱིཿ རྒྱལ་ཀུན་ངོ་བོ་བླ་མ་ལ། །སྒོ་གསུམ་


JSD002_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པས་ཕྱག་འཚལ་ལོ། །ཕྱི་ནང་མཆོད་སྤྲིན་རྒྱ་མཚོས་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་བཤགས། །རྣམ་དཀར་ཚོགས་ལ་རྗེས་ཡི་རང་། །ཟབ་རྒྱས་ཆོས་འཁོར་བསྐོར་བཞིན་དུ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་སེམས་ཅན་ཡོངས་ལ་བསྔོ། །བླ་མེད་གོ་འཕང་མཆོག་ཐོབ་ཤོག །ཅེས་ཡན་ལག་བདུན་པ་འབུལ། དེ་ནས་མོས་གུས་གདུང་ཤུགས་རྩེ་གཅིག་པས། སྤྲོ་ན་བླ་མ་སྐུ་གསུམ་མའི་གསོལ་འདེབས་བྱ། གང་ལྟར་ཡང་། ཀྱེ་ཚ་ཀྱེ་བླ་མ་ཐོད་ཕྲེང་རྩལ༔ སྙིང་ནས་གུས་པས་གསོལ་བ་འདེབས༔ སྙིང་ནས་གུས་པས་གསོལ་བ་འདེབས༔ བྱིན་གྱིས་རློབས་ཤིང་བར་ཆད་སོལ༔ དབང་བཞི་སྐུར་ཅིག་དངོས་གྲུབ་སྩོལ༔ ཞེས་གསོལ་འདེབས་དང་། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླས་པ་རྩེ་གཅིག་ཏུ་བྱས་མཐར། སླར་གོང་ལྟར་གསོལ་བ་བཏབ་ཅིང་དབང་བཞི་གླང་བ་ཚིག་ཕྱིར་སེམས་


JSD002_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གཞོལ་ཏེ། བླ་མའི་སྐུ་ཡི་གནས་བཞི་ནས༔ འོད་ཟེར་དཀར་དམར་མཐིང་ལྗང་འཕྲོས༔ རང་གི་གནས་བཞིར་ཐིམ་པ་ཡིས༔ བཞི་དག་ནས་དབང་བཞི་ཐོབ༔ ཅེས་བླངས་ཏེ། སླར་མོས་གུས་གདུང་ཤུགས་དྲག་པོའི་ཡིད་ཀྱིས་གསོལ་བ་བཏབ་པས། བླ་མ་རང་ཐིམ་དབྱེར་མེད་པར༔ བདེ་ཆེན་འོད་གསལ་ངང་དུ་གྱུར༔ ཅེས་རིག་སྟོང་གཉུག་མའི་ངང་མདངས་བསྐྱངས་ནས་དེ་ཁོ་ན་ཉིད་ལ་མཉམ་པར་བཞག །ཐུན་ལས་ལྡང་བ་ན། དཔལ་ལྡན་རྩ་བའི་བླ་མ་རིན་པོ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །རྡོ་རྗེ་


JSD002_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་གི་གོ་འཕང་མྱུར་ཐོབ་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་སྤྱི་དང་ཟངས་མདོག་དཔལ་རིའི་སྨོན་ལམ་སོགས་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་རྣམས་སུའང་སྣང་གྲག་རྟོག་གསུམ་བླ་མའི་གསང་བ་གསུམ་གྱི་རོལ་པར་ལམ་དུ་ཁྱེར་བས་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་དོན་ཡོད་པར་བྱའོ། །དེ་ལྟར་གོང་གི་བློ་ལྡོག་རྣམ་བཞིས་མཚོན་བསགས་སྦྱོང་གི་རིམ་པ་རྣམས་ཚིག་བཤར་ཙམ་ང དུ་མ་སོང་བར་སོ་སོར་མྱོང་བ་དང་རྟགས་ཐོན་ཐོན་གྱི་བར་དུ་འབད་ཅིང་། བསགས་སྦྱོང་རྣམས་ཀྱི་གྲངས་ཀྱི་དབང་དུ་ཡང་། སྐྱབས་སེམས། ཡིག་བརྒྱ། མཎྜལ། ཡན་ལག་བདུན་པ་དང་སྦྲགས་བརྐྱང་ཕྱག །གསོལ་འདེབས་བློ་ཀ་རྣམས་འབུམ་ཐེར་རེ་ཁ་སྐོང་བཅས་དང་། གསོལ་འདེབས་ཀྱི་བསྙེན་པ་འབུམ་ཐེར་བཅུས་མ་མཐའ་རྟེན་པ་བརྩོན་པ་དྲག་པོས་ཉམས་སུ་བླངས་པ་


JSD002_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བྱིན་རླབས་བཙན་ཐབས་སུ་འཕོ་བའི་སྟོབས་ཀྱིས་ཡོན་ཏན་ཁྱད་པར་ཅན་སྐྱེ་བ་ལ་ཚེགས་མེད་ཅིང་བརྟེན་པར་འགྱུར་རོ། །སྲིད་ལམ་དུབ་པའི་འགྲོ་ཇི་སྙེད། ཟབ་མོའི་སྐས་ཀ་འདི་འཛེགས་ནས། །གོ་འཕང་མཆོག་གི་ཁང་བཟང་དུ། །ངལ་གསོའི་དབུགས་ཆེན་འབྱིན་ཐོབ་ཤོག །ཅེས་ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན བདེའི་ངལ་འཚོ་ཞེས་བྱ་བ་འདི་ནི་གཏེར་གཞུང་དུ་མི་གསལ་བ་རྣམས་རྡོ་རྗེའི་གསུང་གཞན་ནས་འབྲེལ་བསྡེབས་ཏུ་འདུས་གསལ་གྱི་ཁྲིགས་སུ། པདྨའི་རྒྱལ་ཚབ་རྡོ་རྗེ་འཛིན་པ་དུ་མའི་འབངས་སུ་གྱུར་པའི་བྱ་བྲལ་བ་སངས་རྒྱས་རྡོ་རྗེས་དཔལ་དྭགས་ལྷ་སྒམ་པོའི་དབེན་གནས་སུ་སྦྱར་བ་སྟེ། འདིས་ཀྱང་འབྲེལ་ཚད་ཀུན་བཟང་པད་འབྱུང་ཡབ་ཡུམ་གྱི་གོ་འཕང་མཆོག་ལ་འགོད་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


JSD002_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ།next