Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོའི་ཁྱད་པར་གྱི་ཁྲིད་སྔོན་འགྲོའི་བླ་མའི་རྣལ་འབྱོར།
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོའི་ཁྱད་པར་གྱི་ཁྲིད་སྔོན་འགྲོའི་བླ་མའི་རྣལ་འབྱོར།next

ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོའི་ཁྱད་པར་གྱི་ཁྲིད་སྔོན་འགྲོའི་བླ་མའི་རྣལ་འབྱོར།


JSD002_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོའི་ཁྱད་པར་གྱི་ཁྲིད་སྔོན་འགྲོའི་བླ་མའི་རྣལ་འབྱོར་སྐབས། རྩ་བའི་བླ་མ་གུ་རུ་པདྨ་ཡིད་བཞིན་ནོར་བུའི་དབུ་གཙུག་ཏུ་པདྨ་དྲི་མེད་ལེགས་པའི་བློ་གྲོས་སྐུ་མདོག་སྨུག་པོ། ཆོས་གོས་རྣམ་གསུམ་བེར་ཕྱམ་ཅན། དབུ་ལ་པཎ་ཞུ་དམར་པོ་རྣ་རིང་གསོལ་བ། ཕྱག་གཉིས་འཆད་དང་མཉམ་གཞག་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་པད་ཉི་ཟླ་གདན་ལ་བཞུགས་པ། དེའི་སྤྱི་བོར་པད་ཉི་ཟླ་གདན་ལ། རྒྱལ་ཚབ་པདྨ་རྣམ་རྒྱལ་དཀར་དམར་ཞལ་རྒྱན་དཀར་ལ་རིང་བ། ཆོས་གོས་ཤམ་ཐབས་བེར་ཕྱམ། དབུ་ཞྭ་པདྨ་མཐོང་གྲོལ་གསོལ་ཞིང་ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཕྱག་རྒྱས་པདྨའི་ཡུ་བ་ནས་འཛིན་ཅིང་འདབ་མ་སྙན་ཐད་དུ་གྱེས་པའི་སྟེང་དུ་ཐབས་ཤེས་རྡོར་དྲིལ་གྱིས་


JSD002_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་པ། ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་འཇམ་མགོན་རྡོ་རྗེ་འཆང་གཡུང་དྲུང་གླིང་པ་དཀར་གསལ་སྐུ་ན་སྨིན་ཉམས་ཅན། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་མགུལ་ཕུར་སྐུ་སྐེད་དུ་འཆང་བ། དབུ་ལ་པཎ་ཞྭ། ཕྱག་གཉིས་ཆོས་འཆད་ཕྱག་རྒྱས་པདྨ་དཀར་དམར་གྱི་ཡུ་བ་ནས་འཛིན་པའི་མེ་ཏོག་སྙན་གོང་དུ་རྒྱས་པ་དེའི་གཡས་ཀྱི་ལྟེ་བར་ཤེས་རབ་ཀྱི་རལ་གྲི་དང་། ཐེག་དགུའི་ཆོས་མཛོད་འདུས་པའི་གླེགས་བམ། གཡོན་པར་འཆི་མེད་བདུད་རྩིའི་ཚེ་བུམ་གཡུང་དྲུང་གཡས་སུ་འཁྱིལ་བས་མཚན་པ་བསྣམས་ཤིང་། ཞབས་ཟུང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ། དེའི་སྤྱི་བོར་སི་ཏུ་པདྨ་ཉིན་བྱེད་སྐུ་མདོག་དཀར་སྨུག་བགྲེས་ཚུལ་ཆོས་གོས་རྣམ་གསུམ་དང་བེར་ཕྱམ་ཅན། དབུ་ལ་དབང་རྟགས་ཅོད་


JSD002_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

པན་དམར་པོ་གསོལ་བ། ཕྱག་མཉམ་གཞག་གི་སྟེང་ན་ཚེ་བུམ་ནོར་བུ་དབང་རྒྱལ་གྱིས་མཚན་པ་འཛིན་ཅིང་། ཞབས་རྡོར་སྐྱིལ་གྱིས་རིན་པོ་ཆེའི་ཁྲི་དང་ཟབ་འབོལ་གྱི་སྟེང་དུ་བཞུགས་པ། དེའི་སྤྱི་བོར་པད་ཉི་ཟླ་གདན་ལ་རིག་འཛིན་རྡོ་རྗེ་དྲག་པོ་སྐུ་མདོག་དམར་སྨུག་ཞི་མ་ཁྲོ། སྐུ་སྟོད་ལ་མེ་ཁ་ལཱི་ལྗང་གུ་ཤམ་ཐབས་དང་བླ་གོས་དམར་པོ། དབུ་ཞྭ་པདྨ་མཐོང་གྲོལ། ཕྱག་གཡས་གསེར་གྱི་རྡོ་རྗེ་དང་གཡོན་གནམ་ལྕགས་ཀྱི་ཕུར་པ་གདེངས་ཤིང་། ཞབས་ཟུང་རྒྱལ་པོ་རོལ་སྟབས་ཀྱིས་བཞུགས་པ། དེའི་སྤྱི་བོར་པད་ཉི་ཟླ་གདན་ལ་ཀུན་གཟིགས་འབྲུག་པ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་དཀར་གསལ་ཞི་ཉམས། སྐུ་ལ་ཆོས་གོས་རྣམ་གསུམ་དང་དབུ་ལ་སྒོམ་ཞྭ་གསོལ་ཞིང་ཕྱག་མཉམ་གཞག །ཞབས་རྡོར་སྐྱིལ་གྱིས་བཞུགས་པ།


JSD002_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྤྱི་བོར་པད་ཉི་ཟླ་གདན་ལ་རིག་འཛིན་ཚེ་དབང་ནོར་བུ་དམར་སྨུག་སྒེག་ཉམས་གཟི་བྱིན་འབར་བ། སྐུ་སྟོད་ལ་མེ་ཁ་ལཱི་མཆིན་ཁ། ཤམ་ཐབས་དཀར་པོ། བླ་གོས་དམར་པོ། དབུ་ཞྭ་པདྨ་ཁ་འབུས་མནབས་པ། ཕྱག་གཡས་གསེར་རྡོར་ཐུགས་ཀར་འཛིན་ཅིང་། གཡོན་མཉམ་གཞག་ཀ་པཱ་ལ་བདུད་རྩིས་བཀང་བ་བསྣམས་ཤིང་ཞབས་ཟུང་ཕྱེད་སྐྱིལ་གྱིས་རོལ་པ། དེའི་སྤྱི་བོར་པད་ཉི་ཟླ་གདན་ལ་པདྨ་བདེ་ཆེན་གླིང་པ་སོགས་ཀྱི་ཁྲིད་གཞུང་ལྟར་གསལ་གདབ་པར་བྱའོ། །ཞེས་པའང་མདོ་ཁམས་པ་ཡེ་ཤེས་རྡོ་རྗེས་བསྐུལ་ངོར་བྱ་བཏང་སངས་རྒྱས་རྡོ་རྗེས་རྒྱལ་དབང་བཅོ་ལྔ་པའི་དགོངས་པ་ལྟར་བྲིས་པ་མངྒ་ལཾ།།


previousཁྲིད་ཡིག་གུ་རུའི་དགོངས་རྒྱན་ཉིན་བྱེད་སྙིང་པོའི་ཁྱད་པར་གྱི་ཁྲིད་སྔོན་འགྲོའི་བླ་མའི་རྣལ་འབྱོར།next