Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
དཔལ་ཡང་ལེ་ཤོད་རིག་འཛིན་གྲུབ་པའི་དགའ་ཚལ་གྱི་སྒྲུབ་སྡེའི་བཅའ་ཡིག་སྡོམ་གསུམ་མཛེས་རྒྱན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousདཔལ་ཡང་ལེ་ཤོད་རིག་འཛིན་གྲུབ་པའི་དགའ་ཚལ་གྱི་སྒྲུབ་སྡེའི་བཅའ་ཡིག་སྡོམ་གསུམ་མཛེས་རྒྱན།next

དཔལ་ཡང་ལེ་ཤོད་རིག་འཛིན་གྲུབ་པའི་དགའ་ཚལ་གྱི་སྒྲུབ་སྡེའི་བཅའ་ཡིག་སྡོམ་གསུམ་མཛེས་རྒྱན།


JSD002_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡང་ལེ་ཤོད་རིག་འཛིན་གྲུབ་པའི་དགའ་ཚལ་གྱི་སྒྲུབ་སྡེའི་བཅའ་ཡིག་སྡོམ་གསུམ་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ།།


JSD002_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་གདོད་མའི་མགོན་པོ་དང་དབྱེར་མ་མཆིས་པ་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཚད་མེད་དགེ་ཚོགས་ཀྱིས་བསྐྲུན་མཚན་དཔེ་གསལ་འབར་བལྟ་བས་མི་ངོམས་སྐུ། །ཡན་ལག་དྲུག་ཅུ་རྫོགས་པ་གང་འདུལ་གདུལ་བྱའི་རེ་བ་ཡོངས་སྐོང་གསུང། །སྤྲོས་པ་ཀུན་བྲལ་མཁྱེན་གསུམ་ཡེ་ཤེས་མཁའ་ཁྱབ་མཁའ་ཡི་རྡོ་


JSD002_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཐུགས། །ཡོན་ཏན་ལྷུན་གྲུབ་ཕྲིན་ལས་ཐོགས་མེད་ཤཱཀྱའི་རྒྱལ་པོས་རྟག་ཏུ་སྐྱོངས། །ཐུབ་བསྟན་གླིང་བཞིའི་དབུས་ན་མངོན་འཕགས་པའི། །སྔ་འགྱུར་ཐེག་མཆོག་རི་རྒྱལ་ལྷུན་མཐོའི་སྤོར། །གནས་བཅས་འདུས་སྡེ་ལྷ་དབང་ཚོགས་རྣམས་ཀྱིས། །བླང་དོར་བཅའ་ཁྲིམས་རྣམ་བཞག་འབྲི་བར་བྱ། །དེའང་རྒྱལ་བའི་དབང་པོ་དྲི་མེད་འོད་ཟེར་


JSD002_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ས་ཕྱོགས་དབེན་ཞིང་མཚན་ཉིད་ཚང་བ་དང་། །གྲུབ་ཐོབ་གོང་མས་ཞབས་ཀྱིས་བཅགས་པ་དང་། །ཉམས་གྲིབ་མེད་པས་དམ་ཅན་འདུ་བ་དང་། །རྣམ་གཡེང་འདུ་འཛིའི་རྐྱེན་རྣམས་མེད་པ་དང་། །མཐུན་རྐྱེན་ཡོ་བྱད་བསྒྲུབ་པར་སླ་བ་དང་། །མི་དང་མི་མིན་འཚེ་བ་མེད་པའོ། །ཞེས་གསུངས་པ་ལྟར་གནས་ཀྱི་མཚན་ཉིད་རྣམས་ལེགས་པར་ཚང་བ་པདྨའི་སྒྲབ་གནས་ཐམས་ཅད་ཀྱི་རྒྱལ་པོ་ཤྲཱི་བཛྲ་ཧེ་རུ་ཀའི་ཕོ་བྲང་། རྩ་གསུམ་དམ་ཅན་རྒྱ་མཚོ་སྤྲིན་བཞིན་དུ་འདུ་བས་བག་དྲོ་ལ་བྱིན་ཆགས་པ་བལ་ཡུལ་ཡང་ལེ་ཤོད་རིག་འཛིན་གྲུབ་པའི་དགའ་ཚལ་ཞེས་ཡོངས་སུ་གྲགས་པའི་སྒྲུབ་སྡེ་འདི་སྟོང་ལྡིར་གྱི་འུད་གོག་མི་ཆེ་ནའང་རྙིང་བསྟན་གྱི་ཆུ་འགོ་གངས་ལ་ཐུག་པ་ལྟ་བུ་ཡིན། ཁྱད་པར་སྙིང་ཐིག་འདི་ལ་ད་ལྟའི་བར་དུ་སྙིང་པོའི་བསྟན་འཛིན་ཟམ་མ་ཆད་པར་


JSD002_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་པ་ཞིག་ཡིན་པས། དེ་དག་གི་རྗེས་སུ་སྐྱེས་པའི་རང་རེ་རྣམས་ཀྱང་བརྒྱུད་པའི་རབས་མ་ཆད་ཙམ་ཡོང་དུ་རེ་ནས་སྒྲུབ་སྡེ་ཆུང་ངུ་འདི་ཡང་བསྟན་པ་སྤྱི་དང་བྱེ་བྲག་ལ་བསམ་ནས་འབད་པ་ཆེན་པོས་གསར་དུ་བསྐྲན་པ་ཡིན་པས། འདིར་བཞུགས་དགེ་འདུན་རྣམས་ཀྱིས་སྤང་བླང་བྱ་དགོས་གལ་ཆེ་བ་རགས་རིམ་བཅའ་ཁྲིམས་ཡི་གེར་འགོད་པར་བྱ་སྟེ། དེ་ཡང་འདིར་སྒྲིག་ཞུགས་ཚང་མ་སྙིང་ནས་ཐར་འདོད་ངེས་འབྱུང་གི་བསམ་པས། རང་བློས་དང་བླངས་བྱས་པ་ཤ་སྟག་ལས་ལྟོ་གོས་མ་ཕྱིད་པ་སོགས་འཇིགས་སྐྱོབ་དང་ལེགས་སྨོན་གྱི་ཀུན་སློང་ཁོ་ན་ལ་བརྟེན་པ་ཆེར་མེད་ཕྱིར་མཆོག་དམན་བར་གསུམ་ཀུན་གྱིས་ཐུགས་ངེས་ཞུ་རྒྱུ་ལ། འོ་སྐོལ་རྣམས་སྤྱིར་སྟོན་མཆོག་ཐུགས་རྗེའི་བདག་ཉིད་ཅན་དེའི་རྗེས་འཇུག་ཡིན་བཞིན་བསམ་སྦྱོར་ཐམས་ཅད་བསླབ་པ་རིན་པོ་


JSD002_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་རྣམ་པ་གསུམ་དང་ཅི་མཐུན་བྱས་ཏེ་རང་རང་ཐར་པའི་ལམ་སྣེ་ཟིན་ཅིང་། གཞན་གྱི་དད་རྫས་ཆུད་མ་ཟོས་པ་ཞིག་དགོས་རྒྱུ་ཡིན་འདུག །དེ་བྱེད་པ་ལ་ང་སེར་མོ་བ་དང་དགེ་སློང་ཡིན་སྙམ་ནས་དཀོར་ཟ་ཤེས་པ་ཙམ་གྱིས་ཆོག་རྒྱུ་མིན། འོ་ན་ཆོས་བྱེད་སྟངས་ཅི་ལྟར་བྱེད་ཅེ་ན། འཆི་བ་མི་རྟག་པས་རྒྱུད་བསྐུལ། ཚེ་འདིའི་བདེ་སྐྱིད་ལ་ཞེན་པ་ལོག །ཁམས་གསུམ་གྱི་བདེ་འབྱོར་ཐམས་ཅད་རྨི་ལམ་གྱི་རྒྱལ་སྲིད་ལྟར་སྙིང་པོ་མེད་པར་ཤེས་ནས། དད་པ་དམ་ཚིག་གི་རྨིང་བཏིང་། དཀའ་སྤྱད་སྙིང་རུས་ཀྱི་འཕྲང་ལ་གཅུར། གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་བ་དང་། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོག་སྟོང་ལ་གཏད། ཅེས་ཇོ་བོ་བཀའ་གདམས་པའི་གཏད་པ་བཞི་པོ་འདི་ཆོས་པ་


JSD002_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་སྤྱི་ནོར་ཡིན་པས། དེ་བཞིན་བྱུང་ན་ཆོས་སྒོར་ཞུགས་པ་ལ་དོན་འབྲས་ཆེན་པོ་འགྲུབ་པ་ཡིན་ཀྱང་དེང་སང་ནི་སྙིགས་མ་ལྔ་བདོ་ཞིང་བསྟན་པ་རྟགས་ཙམ་ལ་ཉེ་བས་གང་དང་སུ་ཡིན་ཡང་ཆོས་ཀྱི་ལག་ལེན་ཆོས་ནས་བཤད་པ་ལྟར་ཐེབ་མཁན་དཀོན་ཀྱང་སེམས་རྒྱུད་ཆོས་ཀྱིས་ཐུལ་ནས་དད་རྫས་ཀྱིས་རང་རྒྱུད་མ་ཚིག་པ་ཞིག་ཅི་ནས་དགོས་ཤིང་། ཚུལ་ཁྲིམས་ཀྱི་ཀུན་སྤྱོད་མིག་ལྟོས་ལ་རག་ལས་པས། རྒྱལ་བསྟན་ཡུན་དུ་གནས་ཤིང་། དད་ལྡན་དང་བ་འདྲེན་པའི་མིག་རྐྱེན་དུ་ཆེ་བ་སོགས་དགོས་དབང་དུ་མ་ཡོད་པས། འདིར་སྒྲིག་ཞུགས་རྣམས་སྔོན་ནས་དགེ་ཚུལ་དང་དགེ་སློང་ཡིན་ན་སྨོས་མ་དགོས། དེ་མིན་གསར་བུ་རྣམས་ཐོག་མར་མཁན་སློབ་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས་ཏེ་བསྟན་པ་རྟགས་ཀྱི་ཆེ་བ་གོས་ངུར་སྨྲིག་གི་རྒྱལ་མཚན་གཟན་


JSD002_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཤམ་རེ་མནབ་དགོས། བཙུན་པས་རྒྱ་ཆས་དང་མཐའ་མིའི་གོས་སློག་གྱོན་པ་ལར་ཡང་བསྟན་པའི་མིག་ལྟོས་ལ་ཤིན་ཏུ་གནོད་ཅིང་སྐྱེ་བོ་ཕལ་པས་མཐོང་ན་ཞེ་ཁྲེལ་བ་དང་། བསྟན་པ་ལ་མི་གུས་པའི་གཞིར་འགྱུར་བས་རྒྱན་པར་ཀུན་སྤྱོད་དང་བ་འདྲེན་པ་བྱེད། འདུལ་བའི་དབང་དུ་བྱས་ན། སྲོག་གཅོད་པ། མ་བྱིན་པ་ལེན་པ། མི་ཚངས་པ་སྤྱོད་པ། མི་ཆོས་བླ་མའི་རྫུན་སྨྲ་བ་སྟེ་རྩ་བའི་ཕམ་པ་བཞིའི་ནང་ནས་སྣེ་གཅིག་བྱས་ན་དགེ་ཚུལ་སློང་གི་སྡོམ་པ་རྩད་ནས་ཤོར། ཞག་གཅིག་གསང་ན་སྐྱེ་བ་དེ་ལ་སོ་སོར་ཐར་པའི་སྡོམ་པ་རྒྱུད་ལ་མི་སྐྱེ། ཕྱི་མར་ཚ་དམྱལ་དུ་སྡུག་བསྔལ་མྱོང་། ལྷག་མའི་ལྟུང་བས་སྡོམ་པ་གཏན་ནས་ཤོར་མི་ནུས་ཀྱང་གྲངས་མང་ན་ཉེས་ཚད་ཕམ་ལྟུང་དང་འདྲ་བས་དེ་དག་ལ་བག་ཡོད་པ་མཛད་གལ་ཆེ། རྩ་བ་ཕམ་པ་བཞི་དང་འགལ་ན། དགེ་


JSD002_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་གྲལ་དང་དད་རྫས་ལ་ལོངས་མི་སྤྱོད་ཅིང་བླ་མ་མཆེད་གྲོགས་དད་རྫས་སྦྱིན་བདག་བཅས་ཆུད་མི་གསོན་པར་གནས་དབྱུང་ཕྱི་ལམ་ཁེགས་པ་དགོས། དེས་ན་གཙོ་ཆེར་སོ་ཐར་གྱི་སྡོམ་པ། བྱང་སེམས་ཀྱི་བསླབ་པ། གསང་སྔགས་ཀྱི་དམ་ཚིག་གསུམ་ལ་ཅི་ཤེས་གང་ནུས་ཀྱིས་བསྲུང་སྡོམ་མིག་འབྲས་བཞིན་བཙའ་བར་མཛད་པ་ན་སྒྲིག་ཁྲིམས་ཀྱི་བཅའ་བཀོད་ཞོར་ལ་འབྱུང་ཞིང་། ཆོས་ཟེར་བའི་རྣམ་དཔྱོད་ཅན་ཟུར་དུ་བྱ་རྒྱུ་མེད། ཡང་ཡུལ་དུས་གནས་སྐབས་དགོས་གལ་དང་བསྟུན་པའི་སྤང་བྱ་འགའ་ཞིག་དམིགས་བསལ་དུ་སྨྲོས་པ་ལ། བཀའ་མདོ་རྒྱུད་ལུང་མན་ངག་ཐམས་ཅད་ནས་དངོས་སུ་བཀག་པའི་ཤ་ཆང་གཉིས་ཀྱི་ཉེས་དམིགས་ཅུང་ཟད་ཅིག་ལུང་ལ་བརྟེན་ནས་འཆད་པར་བྱ་སྟེ། དེའང་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཞལ་ནས།


JSD002_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དམ་པའི་ཆོས་སྒྲུབ་པའི་རྟེན་ཁྱད་པར་ཅན་དལ་འབྱོར་གྱི་ལུས་རྣམ་པར་དག་པ་ཐོབ་པའི་དུས་འདིར་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་བསྒྲུབ་པའི་དོན་དུ། ཡང་དག་པའི་ལྟ་བ་དང་སྤྱོད་པ་རྣམ་པར་དག་པ་ལ་ཚུལ་བཞིན་དུ་གནས་ཏེ། དལ་འབྱོར་གྱི་རྟེན་ཆོས་དང་མཐུན་པའི་འཚོ་བ་རྣམ་པར་དག་པས་ཡུན་རིང་དུ་འཚོ་བར་བྱ་དགོས་པ་ལ། སྐྱེས་བུ་མི་མཁས་པའི་ངང་ཚུལ་ཅན་རྣམས་ནི་བག་མེད་པའི་ཆང་དང་། སེམས་ཅན་བསད་པའི་ཤ་ཁྲག་གིས་དལ་འབྱོར་འཚོ་བར་བྱེད་ཅིང་། འདི་དག་ཀྱང་དམ་པའི་ཆོས་འདུལ་བ་དང་། རྡོ་རྗེ་ཐེག་པ་ལས་ལོངས་སྤྱོད་པར་གསུངས་སོ་ཞེས་གཏན་ཚིགས་ཀྱང་འགོད་པར་བྱེད་དོ། །འདི་ལྟ་བུ་ནི་ཚུལ་བཞིན་མ་ཡིན་པ་ལ་རང་ཉིད་ཞུགས་ཤིང་། གཞན་དག་ཀྱང་དེ་ལ་སྦྱོར་བ། སྦལ་པའི་དོང་གི་སྦལ་པ་རྨ་ཅན་ལྟ་བུ་རྒྱལ་བ་དགྱེས་


JSD002_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱོད་པ་ལས་ཉམས་པ། མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་རང་ཉིད་ལ་ཕུང་ཁྲོལ་ཆེན་པོ་སྐྱེད་པར་བྱེད་པའི་སྤྱོད་ལམ དང་གྲུབ་པའི་མཐའ་ངན་པ་ཡིན་པས་འདི་དགག་པར་བྱ། ཞེས་རྒྱུ་མཚན་དང་བཅས་པ་གསུངས་ཤིང་། ལང་ཀར་གཤེགས་པའི་མདོ་ལས། ལྟར་འདོད་ཆགས་ཐར་པ་ལ། །བར་ཆད་བྱེད་པར་འགྱུར་བ་བཞིན། །དེ་ལྟར་ཤ་དང་ཆང་ལ་སོགས། །བར་ཆད་བྱེད་པར་འགྱུར་བ་འོ། །ཞེས་ཤ་ཆང་གཉིས་སྟབས་གཅིག་ཏུ་བཀག་པའི་ལུང་དང་། མདོ་དྲན་པ་ཉེར་བཞག་ལས། ཆང་ནི་དུག་གི་མཆོག་ཡིན་ཏེ། །ཆང་འཐུང་བ་ལ་བསྟེན་མི་བྱ། །ཆང་འཐུང་བ་ལ་བསྟེན་པ་ནི། །དགེ་བའི་ཆོས་རྣམས་ཉམས་པར་འགྱུར། །གང་གིས་རྟག་ཏུ་ཆང་བརྟེན་པ། །དེ་ཡི་བློ་ནི་མི་བརྟན་ཞིང་། །བློ་ཡོ་བ་ལ་


JSD002_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མེད་དེ། །དེ་ལྟ་བས་ན་ཆང་སྤོངས་ཤིག །ཅེས་དང་། ཆང་གིས་སེམས་ཅན་དམྱལ་བར་འགྲོ། །དེ་བཞིན་ཡི་དྭགས་འཇིག་རྟེན་དང་། །ཆང་གི་སྐྱོན་གྱིས་བསླུས་པ་ཡི། །མི་དག་དུད་འགྲོ་རྣམས་སུ་འགྲོ། །དུག་གི་ནང་ན་དུག་ནི་ཆང། །དེ་བཞིན་དམྱལ་བའི་ནང་ན་དམྱལ། །ནད་ཀྱི་ནང་ན་ནད་མཆོག་ནི། །ཆང་ཞེས་མཁས་པ་རྣམས་ཀྱིས་བཤད། །བློ་དང་དབང་པོ་ཉམས་བྱེད་ཅིང། །རིན་ཆེན་ཆོས་ནི་ཟད་བྱེད་ལ། །ཚངས་པར་སྤྱོད་པ་འཇིག་པར་བྱེད། །ཅེས་དང་། ཆང་ལ་བརྟེན་པའི་མི་དག་ནི། །ཆོས་རྣམས་ཀུན་གྱི་སྟ་རེ་ཡིན། །ངོ་ཚ་མེད་པར་བྱེད་པའི་མཆོག །སྤང་བ་དག་ཏུ་ཉེ་བར་བརྟེན། །བློ་ནི་ཤིན་ཏུ་རྨོངས་བསྐྱེད་ཅིང་། །འཇིག་རྟེན་གཉིས་ནི་རྣམ་འཇིག་བྱེད། །ཐར་པའི་ཆོས་ལ་མེ་ལྟ་བུར། །སྲེག་བྱེད་ཉིད་ནི་ཆང་ཡིན་


JSD002_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཞེས་དང་། མདོ་སྡེ་ལས་རྣམ་འབྱེད་ལས། ཆང་གི་ཉེས་དམིགས་སུམ་ཅུ་རྩ་དྲུག་གསུངས་པ་དང་། །དགའ་བ་ཅན་གྱིས ཞུས་པའི་མདོ་ལས་ཀྱང་། ཆང་བཏུང་བ་ལས་མངོན་པར་དགའ་བའི་མིས། །བདག་ལ་ཕན་དང་གཞན་ལ་བདེ་མི་ནུས། །རྨོངས་དང་མདོག་ངན་བྱེད་པ་ཆང་ཡིན་ཏེ། །ཇི་ལྟར་ཧ་ལའི་དུག་བཞིན་དེ་མི་བཏུང་། །ཞེས་དང་། དེ་ཉིད་ལས། དགའ་བ་ཅན། འབྲུའི་ཆང་དང་། བཅོས་པའི་ཆང་དང་། བག་མེད་པའི་གནས་ཀྱི་ཉེས་དམིགས་སུམ་ཅུ་རྩ་ལྔ་ནི་འདི་དག་ཡིན་པར་རིགས་པར་བྱ་སྟེ། སུམ་ཅུ་རྩ་ལྔ་པོ་གང་ཡིན་ཞེ་ན། ཚེ་འདི་ལ་ནོར་ཟད་པ་དང་། ནད་རྣམས་རྒྱས་པར་བྱེད་པ་དང་། འཐབ་པ་དང་། རྩོད་པ་འགྱེད་པ་དང་། དོན་མེད་པ་ལ་བལྟ་བ་དང་། གྲགས་པ་མ་ཡིན་པ་ཀུན་ཏུ་འབྱུང་བར་བྱེད་


JSD002_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཤེས་རབ་ཉམས་ཆུང་བར་བྱེད་པ་དང་། ལོངས་སྤྱོད་ཐོབ་པ་མི་ཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཐོབ་པ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་འགྱུར་བ་དང་། གསང་མི་ཐུབ་པར་འགྱུར་བ་དང་། དེའི་ལས་ཀྱི་མཐའ་ཡོངས་སུ་འགྲིབ་པ་དང་། མཐུ་སྟོབས་ཆུང་ངུར་བྱེད་པར་འགྱུར བ་དང་། མར་མི་འཛིན་པར་འགྱུར་བ་དང་། ཕར་མི་འཛིན་པར་འགྱུར་བ་དང་། དགེ་སྦྱོང་དུ་མི་འཛིན་པར་འགྱུར་བ་དང་། བྲམ་ཟེར་མི་འཛིན་པར་ ྨ འགྱུར་བ་དང་། རིགས་ཀྱི་གཙོ་བོ་ལ་བསྙེན་བཀུར་མི་བྱེད་པར་འགྱུར་བ་དང་་། སངས་རྒྱས་ལ་མ་གུས་པར་འགྱུར་བ་དང་། ཆོས་ལ་མ་གུས་པར་འགྱུར་བ་དང་། དགེ་འདུན་ལ་མ་གུས་པར་འགྱུར་བ་དང་། བསླབ་པ་ཡང་དག་པར་བླངས་པ་ལ་མ་གུས་པར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་


JSD002_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་བ་དང་། དབང་པོའི་སྒོ་མ་བསྡམས་པར་འགྱུར་བ་དང་། བག་མེད་པས་བུད་མེད་དོན་དུ་གཉེར་བར་འགྱུར་བ་དང་། ཉེ་དུ་དང་སྣག་གི་གཉེན་མཚམས་དང་མཛའ་བཤེས་དང་བློན་པོ་དག་གིས་སྤོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་གི་ཡིད་དུ་མི་འོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་དང་མི་མཐུན་པར་འགྱུར་བ་དང་། ཆོས་མ་ཡིན་པ་སྤྱོད་པར་འགྱུར་བ་དང་། ཆོས་མ་ཡིན་པ་ཡོངས་སུ་འཛིན་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་སྤོང་བར་འགྱུར་བ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྤོང་བར་འགྱུར་བ་དང་། དེའི་མཛའ་བ་དག་དང་གནས་ཀྱང་མཁས་པ་རྣམས་ལ་ཡོངས་སུ་འདྲི་བར་མི་སེམས་པ་དང་། བདག་མེད་པ་རྣམས་བག་མེད་དུ་སྤྱོད་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་གསུང་རབ་ཀུན་ནས་


JSD002_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མི་གནས་པ་དང་། མྱ་ངན་ལས་འདས་ལ་ཐག་རིང་དུ་འགྱུར་བ་དང་། སྨྱོན་པར་འགྱུར་བའི་ལས་བྱས་ཤིང་བསགས་པས་ལུས་ཞིག་ནས། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་གལ་ཏེ་དེ་ནས་ཤི་འཕོས་ཏེ། འདིར་མི་རྣམས་དང་སྐལ་པ་མཉམ་པར་སྐྱེ་ན་ཡང་། དེ་གང་དང་གང་དུ་སྐྱེས་པ་དེར་སྨྱོན་པར་འགྱུར་ཞིང་དྲན་པ་མི་གསལ་བར་འགྱུར་ཏེ། དགའ་བ་ཅན། འབྲུའི་ཆང་དང་། བཅོས་པའི་ཆང་། བག་མེད་པའི་གནས་ཀྱི་ཉེས་དམིགས་ནི་སུམ་ཅུ་རྩ་ལྔ་པོ་འདི་དག་ཡིན་པར་རིག་པར་བྱའོ། །ཞེས་དང་། དགེ་སྡིག་རྣམ་འབྱེད་ཀྱི་མདོ་ལས། ཚེ་འདིར་ཆང་འཐུང་ཞིང་མྱོས་པ་རྣམས་ནི་རབ་ཏུ་ཚ་བ་ཟངས་ཁུ་འཐུང་བའི་དམྱལ་བར་ལྟུང་ངོ་། །ཞེས་རྒྱས་པར་གསུངས་པ་སོགས་མདོའི་ལུང་མཐའ་ཡས་པ་ཡོད། སྔགས་


JSD002_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་བཀག་པའི་ཚུལ། ཇི་སྐད་དུ། ངན་སོང་སྦྱོང་རྒྱུད་ལས། ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། ཕུང་ཁྲོལ་ཀུན་གྱི་རྩ་བ་ནི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཞེས་དང་། སྡོམ་འབྱུང་ལས། སྔགས་པ་ཆང་གིས་མྱོས་གྱུར་ཅིང་། །འདོད་པ་ལ་བརྐམ་འཁྲིག་པར་བྱེད། །གར་བྱེད་དེ་བཞིན་རྒོད་པ་དང་། །འཐབ་མོ་ལ་སྤྲོ་རྣམ་པར་འཁྲུལ། སྨོད་ཅིང་སེམས་པར་བྱེད་པས་ཀྱང་། །དམྱལ་བ་ངུ་འབོད་དུ་འཚེད་འགྱུར། །ཞེས་དང་། དགོངས་པ་ལུང་སྟོན་ལས། ཉ་དང་ཤ་དང་དེ་བཞིན་ཆང་། །གཤང་གཅི་ཁུ་བ་ཁྲག་རྣམས་ནི། །སྐྱེས་བུ་གླེན་པས་ཟ་བྱེད་ཅིང་། །མེད་པར་སྨྲ་བ་ཆོས་སུ་སྒྲོག །ཅེས་པ་ལ་སོགས་རྒྱུད་སྡེ་གོང་འོག་


JSD002_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀའི་ལུང་ཤིན་ཏུ་མང་། ཆོས་དང་འཇིག་རྟེན་གཉིས་ཀའི་བྱ་བ་ལ་ཕུང་ཁྲོལ་དང་བསྟན་པའི་ཞབས་འདྲེན་དང་འཇིག་པའི་རྒྱུ་རྐྱེན་མཁའ་འགྲོ་ཆོས་སྐྱོང་འཁྲུགས་ཤིང་། བླ་མ་དང་དགེ་འདུན་གྱི་སྐུ་ཚེ་མཛད་ཕྲིན་ལ་བར་ཆད་ཆེན་པོར་གྱུར་པའི་ལོ་རྒྱུས་མང་པོ་ཡོད་པ་དཔེར་ན། རྩེ་ལེ་སྣ་ཚོགས་རང་གྲོལ་རང་ཉིད་ཀྱི་དགོན་པ་གོང་འོག་གསུམ་གྱི་གྲྭ་ཚང་རྣམས་སུ་ཆང་ཁྲིམས་དམ་པོ་མཁའ་འགྲོ་ཆོས་སྐྱོང་དཔང་དུ་བཙུགས་ཏེ་མནའ་བསྒགས་ནས་བསྡམས་པ་ན། གྲྭ་པ་འགའ་ཡིས་ངོས་ལྐོག་བྱས་པའི་རྐྱེན་གྱིས་ལྷ་སྲུང་ལ་གྲིབ་ཕོག་ནས་རྩེ་ལེ་རང་ཉིད་སྐུ་ཚེ་ལོ་བཞི་ཙམ་བསྟུངས་པ་མནལ་ལམ་དུ་གཟིགས་ཚུལ་རྩེ་ལེ་རང་་གི་རྣམ་ཐར་ན་གསལ་བ་འདི་ལྟར། ཁྱད་པར་རབ་བྱུང་དགེ་འདུན་སྡེ་ཚོགས་ཀྱི། །བསྟན་པའི་ཞབས་འདྲེན་རྒྱུ་རྐྱེན་བག་མེད་པའི། །སྤྱོད་པ་མ་ལུས་


JSD002_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་གི་སྐྱོན་ལས་འབྱུང་། །སྔོན་ཚེ་བདུད་རྒྱལ་དགའ་རབ་དབང་ཕྱུག་གི། །བུ་མོ་བདུན་གྱིས་སངས་རྒྱས་བསྟན་པ་ལ། །གནོད་པ་སྣ་རེ་འཁྱོལ་བར་སྨོན་ལམ་བཏབ། །དེ་ལས་བུ་མོ་ཆེ་ཤོས་མྱོས་བྱེད་མས། །ཆང་ཞེས་བྱ་བའི་སྨྱོ་བྱེད་རྫས་གྱུར་ནས། །འཇིག་རྟེན་ཁམས་ཀྱི་སྐྱེ་འགྲོ་སེམས་འཁྲུལ་པས། །བྱ་དང་མི་བྱའི་སྤྱོད་པ་གོ་ལྡོག་ཅིང་། །དགེ་སྦྱོང་རྣམས་ཀྱི་ཚུལ་ཁྲིམས་རྨང་ཞིག་ནས། །བསྟན་པའི་གཞི་མ་འཇིག་པར་སྨོན་ལམ་བཏབ། །དེ་ཡི་མཐུ་ལས་ཆང་གིས་འཇིག་རྟེན་ཁྱབ། །ཆོས་དང་འཇིག་རྟེན་གཉིས་ཀྱི་ཕུང་འདྲེར་གྱུར། །བསྟན་པའི་བདག་པོ་ཐུབ་དབང་ཞལ་བཞུགས་ཚེ། །ཁྱིམ་བདག་རྟོག་ལྡན་ཞེས་བྱའི་བུ་རབ་བྱུང་། །ལེགས་འོངས་ཞེས་པ་སྡེ་སྣོད་གསུམ་ཤེས་ཤིང་། །དགྲ་བཅོམ་འབྲས་ཐོབ་མངོན་ཤེས་རྫུ་འཕྲུལ་


JSD002_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། ཀླུ་རྒྱལ་སོག་མ་མེད་པ་འཁོར་དང་བཅས། །མེ་ཡི་ཁམས་ལ་སྙོམས་འཇུག་རྫུ་འཕྲུལ་གྱིས། །བཏུལ་བར་མཛད་པའི་འཕགས་པ་དེ་ལྟ་བུའང་། །ཆང་གིས་སྨྱོས་ཏེ་ལམ་པོ་ཆེར་ཉལ་བ། །སྟོན་པ་འཁོར་དང་བཅས་པས་གཟིགས་པའི་ཚེ། །ལྟོས་ཤིག་རྫུ་འཕྲུལ་ཐོབ་ཀྱང་འདི་འདྲ་བའི། གནས་སྐབས་ལ་ལྟོས་ཆང་གི་བཏུང་བ་ནི། །བག་མེད་སྤྱོད་དེ་ང་ཡི་ཉན་ཐོས་མིན། །ང་ཡང་དེ་ཡི་སྟོན་པ་མིན་ནོ་ཞེས། །ཐུགས་ཀྱི་གཏིང་ནས་ཁྲེལ་བའི་བཀས་བཅད་མཛད། །དེ་ཕྱིར་བསྟན་པ་འཇིག་པའི་རྒྱུ་རྐྱེན་ཆང་། །སྤང་པར་མི་ནུས་དགེ་སྦྱོང་མི་རུང་ཞེས། །རང་གི་དགོན་པ་གསུམ་ཀར་ཆང་ཁྲིམས་བསྡམས། །ཁྱད་པར་གྲྭ་ཚང་ཉིད་དུ་མང་ཇ་སོགས། །བཞེས་སྒོ་བབས་ཀྱིས་བཟང་ཕྱིར་ཆང་རག་གི། །དྲི་མ་གཏན་ནས་མེད་པར་གཞི་བྱེས་ལམ། །


JSD002_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་ཁྱད་མེད་དགོས་ཞེས་ནན་གྱིས་སྨྲས། །རེ་ཞིག་ལོ་གསུམ་བར་དུ་ཚད་བཙུགས་ནས། །དཀོན་མཆོག་རྩ་གསུམ་མཁའ་འགྲོ ཆོས་སྐྱོང་ཀུན། །དཔང་དུ་བཞག་ནས་མནའ་ཡིས་བསྡམས་པ་ལ། །ལ་ལས་ཐུབ་ཀྱང་ལ་ལས་ངོས་ལྐོག་དང་། །མི་དྲན་དགུ་དྲན་ལོག་སྤྱོད་དུ་མས་།དེ་འདྲའི་མནའ་གྲིབ་མཁའ་འགྲོ་ཆོས་སྐྱོང་ཕོག །དེ་ཡི་ཉེས་པས་རང་གི་ཚེ་ཚད་ཀྱང་། །ལོ་བཞི་བསྟུངས་ཞེས་རྨི་ཉམས་གསལ་པོར་མ་མཐོང་། །ཞེས་གསུངས་པ་དང་། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་འཇིགས་མེད་གླིང་པས། བཟོད་པའི་དཀའ་ཐུབ་ལེགས་མོད་དེ། །དེ་བས་ཆང་མི་འཐུང་བ་དགའ། །དྲན་པ་ཉམས་དང་ཚུལ་ཁྲིམས་ཀྱི། །ཆོམ་པོར་ཤེས་པར་གྱིས་ཤིག་གུ། །ཞེས་དང་། འཁྲུལ་ཞིག་འཇའ་ལུས་པ་པདྨ་


JSD002_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་འདུལ་གྱིས། ཆང་ནི་ཉེས་ཚོགས་ཀུན་གྱི་གཞི། །རྩ་བ་ཡིན་པར་རྒྱལ་བས་གསུངས། །བག་མེད་སྤྱོད་པས་ཚེ་འདིར་གཡེང་། །གདམས་ངག ཟབ་མོ་རླུང་ལ་བསྐུར། །ཆང་གིས་རྙེད་དཀའི་དལ་འབྱོར་ཕུང། །ཉོན་མོངས་རྒྱས་ཤིང་མི་དགེ་སྤྱོད། །ཆང་གིས་དགེ་བའི་དཔུང་ཚོགས་འཇོམས། སྒོམ་སྒྲུབ་དགེ་སྦྱོར་གཡེང་ལ་ཤོར། །ཆང་གིས་མི་རྟག་དྲན་མི་བསྐུལ། །ཨ་འཐས་རྟག་འཛིན་བརྒྱ་ཕྲག་བྱེད། །ཆང་གིས་འཁོར་བའི་ཉེས་མི་ ོ རྟོགས། །ཞེན་ཆགས་སྐྱིད་འདོད་བདེ་སྣང་ཤར། །ཆང་གིས་ལས་འབྲས་ཁྱད་དུ་བསད། །བག་ཆགས་ཉེས་དམིགས་མང་པོ་བསགས། །ཆང་གིས་ཚེ་དང་བཀྲག་མདངས་འཕྲོག །སྐྲ་དཀར་གཉེར་མ་ལྷག་པར་མགྱོགས། །ཆང་གིས་བསོད་ནམས་ཉམས་པར་བྱེད། །གསེར་དངུལ་ལ་སོགས་ཆང་


JSD002_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རིན་སྟེར། །ཆང་གིས་ངག་འཆལ་འཁྲུལ་གཏམ་སྨྲ། །གསང་ཚིག་སྦ་བར་མི་ཐུབ་ཕུང་། །ཆང་གིས་བཟའ་བཏུང་མང་པོ་དྲན། མི་དགོས་དགུ་དགོས་སྣ་ཚོགས་དགོས། །ཆང་གིས་རྟོག་ཚོགས་དྲན་པ་མང་། །མི་དྲན་དགུ་དྲན་དུ་མ་དྲན། །ཆང་གིས་རྣམ་ཤེས་དབང་མེད་འཁྲུགས། །མངོན་ཤེས་མཁྱེན་པ་ཡོད་དོ་ཟེར། །ཆང་གིས་སྒྱ་ལུས་འབྱུང་བཞི་འཁྲུགས། །དབང་ལྔ་ཚོགས་བརྒྱད་གསལ་ལོ་ཟེར། །ཆང་གིས་ ི དགའ་བྱེད་བདུད་ཀྱིས་བསླུ། །རིག་པ་དགུ་འགྱུར་གསལ་སྣང་འོང་། །ཆང་གིས་མི་བསླུ་གང་ཡང་མེད། །མཐོང་ནས་དམའ་སར་མང་པོ་ཕབས། ཆང་གིས་ནད་ཀྱི་སྣ་འདྲེན་པས། །བཅོས་མེད་ནད་ཀྱིས་མང་པོ་འཆི། །ཆང་གིས་གདོན་གྱི་སྣ་འདྲེན་པས། །འཐབ་རྩོད་འཁྲུག་གཞི་མང་པོ་སློང་། །


JSD002_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་གིས་བརྒྱལ་ནད་སྙིང་རླུང་བསླང་། །སྨྱོན་པ་བཞིན་དུ་ཅི་ཟེར་མེད། །ཆང་གིས་སྙིང་གཟེར་སེམས་འཁྲུག་ཅིང་། །སྡང་སེམས་ཁོང་ཁྲོ་མེ་ལྟར ཆང་གིས་བདག་འཛིན་ང་རྒྱལ་ཆེ། །རྒྱལ་པོ་ལྟ་བུའི་འདུ་ཤེས་སྐྱེ། །ཆང་གིས་ཁྲེལ་དང་ངོ་ཚ་བོར། །སྡོམ་རལ་དམ་ཉམས་ལོག་གཡེམ་སྤྱོད། །ཆང་གིས་དོན་མེད་ཕྲག་དོག་བྱེད། །ཚིག་གི་བསྟོད་སྨད་ཙམ་ལ་བལྟ། །ཆང་གིས་མ་རིག་གཏི་མུག་འཕེལ། །བླུན་རྨོངས་དྲན་ཉམས་དབང་པོ་འཆོར། །ཆང་གིས་མ་ཤི་གསོན་རོ་བྱེད། །དགྲ་བོ་ཡིན་ཡང་དེའི་དྲུང་འགྱེལ། །ཆང་གིས་འཆི་བདག་གཤེད་མ་བྱེད། །ཕལ་ཆེར་སྲོག་གཅོད་མང་པོ་འོང་། །མདོ་སྡེ་དྲན་པ་ཉེར་བཞག་ལས། །ཆང་གིས་གཡེང་བའི་མི་དག་ནི། །གསོན་ཡང་ཤི་བ་དག་དང་མཚུངས། །ཞེས་སོགས་བསླུ་མེད་ལུང་


JSD002_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས། །སྲོག་རྩོལ་ནང་དུ་རླུང་ཞུགས་ནས། །རྣམ་ཤེས་ལས་རླུང་རྟ་ལ་ཞོན། །བག་ཆགས་ཉོན་མོངས་ཐང་ལ་རྒྱུག དགའ་འོ་བདེ་ཞིང་སྐྱིད་དོ་ཟེར། །ལས་རླུང་རྟ་རྒོདམྱོས་འགྱུར་བཏུང་། །སེམས་ཀྱི་བྱིས་པས་དེར་ཞོན་ནས། །ཐར་ལམ་གདམས་པ་ཕྱི་རུ་བཞག ངུ་འབོད་ལྕགས་མཁར་འབེན་གཏད་ཅིང། །ཐར་མེད་འཁོར་བའི་ཐང་ནས་རྒྱུག །ཉིན་རེ་བཞིན་དུ་ས་ཚུགས་རེ། །བསྒྲོད་ཅིང་འགྲོ་བའི་བརྩོན་འགྲུས་ཀྱིས། །ནམ་ཞིག་སླེབས་པར་ཐེ་ཚོམ་མེད། །རྒྱུད་ལས་གསུངས་པ་འགྱུར་མེད་ནི། །སུ་ཞིག་ཆང་གིས་མྱོས་གྱུར་པ། །དེ་ལ་གེགས་ནི་མང་པོ་འབྱུང་། །སྔགས་པ་ཆང་གིས་མྱོས་གྱུར་ན། །ངུ་འབོད་གནས་སུ་འཚེད་པར་འགྱུར། །གསུངས་བཞིན་ཆང་ནི་སྟོབས་ཆེ་བས། །བཙན་དུག་བཞིན་དུ་


JSD002_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བ་གཅེས། །ཞེས་གསུངས་པ་དང་། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས། ཁོང་པའི་ནང་དྲན་པ་ཡོད་པ་དག་གིས་གནས་སྐབས་དང མཐར་ཐུག་གི་ཉེས་པ་ཐམས་ཅད་ཀྱི་འབྱུང་གནས། ལྟུང་བའི་སྒོ་བཞི་གཅིག་ཆར་དུ་འབྱེད་པའི་ལྡེའུ་མིག །འདི་ཕྱིའི་དགེ་ལེགས་ཐམས་ཅད་འཇོམས་པར བྱེད་པའི་དགྲ་མ་རུངས་པ་ལྟ་བུ་མྱོས་བྱེད་ཆང་གི་བཏུང་བ་སྤངས་ནས་སྡིག་མེད་ཀྱི་ཁ་ཟས་བཟང་པོས་ལུས་འཚོ་བར་བྱའོ། །ཞེས་དང་། གྲུབ་དབང་དྷརྨ་ ི སེང་གེས། མདོར་ན་ཆང་ནི་ཅུང་ཟད་བཏུང་བ་ཙམ་གྱིས་དགེ་བའི་ལས་ཐམས་ཅད་སྒྲིབ། མི་དགེ་བ་རྒྱུད་ལ་མེད་པ་རྣམས་སྣ་འདྲེན། ཡ་རབས་ཀུན་གྱིས་སྨད། འདོད་སྲེད་ཆུ་ལྟར་འཁྲུགས། ཞེ་སྡང་མེ་ལྟར་འབར། གཏི་མུག་མུན་ལྟར་འཐིབས། ཕྲག་དོག་རླུང་ལྟར་འཚུབས། ང་རྒྱལ་ཁེངས་


JSD002_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྐྱེད་དེ། དགེ་བ་འཕེལ་བ་ལྟ་ཅི། སྔར་ཡོད་པའི་དགེ་བ་དང་དམ་སྡོམ་བསླབ་པ་ཐམས་ཅད་ཀྱང་ཤོར། ཕྱི་མ་ངན་སོང་དུ་མདའ འཕངས་པ་ལྟར་འགྲོ་བ་སོགས་ཉེས་པ་ཐམས་ཅད་རྩ་བ་འདི་ལས་བྱུང་བ་ཡིན་པས། སྔགས་པ་བློ་དང་ལྡན་པ་རྣམས་ཀྱིས་ཅི་ནས་སྤང་། ཁྱད་པར་དུ་རྒྱལ་འགོང་དམ་སྲི་སྙིང་ལ་ཞུགས་པའི་ཆོས་པས་ཆང་བཏུང་བ་ནི་སྨན་དུག་གི་ཕུང་པོར་སོང་བ་དང་ཁྱད་མེད་པ་ཡིན་པས་ཤིན་ཏུ་ནས་སྤང་དགོས། ཞེས་གསུངས་སོ། །ཆང་འཐུང་བ་སྤངས་པའི་ཕན་ཡོན་ནི། གོང་དུ་བཤད་པའི་ཉེས་པ་རྣམས་ལས་ལྡོག་པའི་ཡོན་ཏན་མཐའ་དག་དང་ལྡན་པ་ཡིན་ལ། ཚུལ་ཁྲིམས་ལྔའི་ཕན་ཡོན་བསྟན་པའི་མདོ་ལས། ཆང་འཐུང་བ་ནི་སྤངས་པ་ཡིས། །སྐྱེས་པ་འམ་ནི་བུད་མེད་ནི། །ཐོབ་སྟེ་དེ་ཡི་ཕན་ཡོན་ནི། །སུམ་ཅུ་རྩ་དྲུག་མི་


JSD002_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པར། །འདས་དང་མ་འོངས་པ་ཡི་དུས། །ད་ལྟར་བྱུང་བ་ཅུང་ཟད་དུ། །མྱུར་དུ་ཤེས་པར་འགྱུར་བ་དང་། །རྟག་ཏུ་དྲན་པ་གནས་པ་དང་དེ་ནི་སྨྱོ་བར་མི་འགྱུར་ཞིང་། །ཁྱད་པར་འཕགས་པའི་ཤེས་རབ་དང་། །མི་རྨོངས་པ་དང་བག་ཡོད་དང་། །ཚིག་ནི་ཤིན་ཏུ་གསལ་བ་དང་། །ངོ་ཚ་ཤེས་ཤིང་ཚིག་ནི་གསལ། །དེ་ནི་ལོག་པར་སྨྲ་མི་འགྱུར། །ཕྲ་མ་དང་ནི་ཚིག་རྩུབ་མེད། །དོན་མེད་པ་ལ་མི་སྨོད་ཅིང། །ཉིན་དང་མཚན་དུ་དེ་བཞིན་ང་དུ། །བྱས་པ་ཤེས་ཤིང་བྱས་པ་ཚོར། །འདོད་མེད་གཏོང་དང་ཚུལ་ཁྲིམས་ལྡན། །ཁྲོ་བ་མེད་ཅིང་ཚིག་ནི་དྲང་། །འཇིགས་པ་མེད་ཅིང་རྣམ་པར་མཁས། །ངོ་ཚ་ཁྲེལ་ཡོད་ཕུན་སུམ་ཚོགས། །འཇིགས་པ་དང་ནི་དོགས་པ་མེད། །ཡིད་གཞུངས་ཐོས་པ་འཛིན་པ་དང་། །དོན་ཡོད་སྐྱེ་བོ་མང་ནང་


JSD002_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མཁས། །ཆང་གི་བཏུང་བ་སྤངས་པ་ཡི། །སྐྱེས་པ་འམ་ནི་བུད་མེད་ཀྱིས། །ཕན་ཡོན་འདི་རྣམས་མྱོང་བར་འགྱུར། །ཞེས་སྤྱིར་བཤད་ལ། བྱེ་བྲག་སྡོམ་པ་གསུམ་པོའི་བཅས་པ་ལས་མ་འདས་པས་སྡོམ་ལྡན་དང་དམ་ཚིག་ཅན་ཞེས་བྱ་བའི་གྲངས་སུ་འགྲོ་འོ། །ཡང་སྡིག་ཟས་ཤ་ནི་སོ་བྱང་སྔགས་གསུམ་ནས་གནང་བ་མེད་དེ། སྟོན་པ་སངས་རྒྱས་ཀྱི་བཀའ་ལས། ངས་ཤའི་ཟས་ནི་སུ་ལའང་མ་གནང་མི་གནང་གནང་བར་མི་འགྱུར་།དེང་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་བཟའ་བར་མི་རུང་ངོ་ཞེས་ཁྲིམས་བསྒྲགས་པ་ཡིན། ལར་དམར་ཁེ་བྱེད་ཕྱིར་སེམས་ཅན་གསོད་མཁན་དང་། བཟའ་བའི་དོན་དུ་ཤ་ཉོ་བ་པོ་གཉིས་ཀ་དམྱལ་བ་བཙོ་བསྲེག་ལ་སོགས་པའི་སྡུག་བསྔལ་མྱོང་དགོས་ཏེ། ཇི་སྐད་དུ། ཁེ་ཡི་ཕྱིར་ནི་སེམས་ཅན་


JSD002_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡུག་ལས་ཅན། །ངུ་འབོད་བྱེད་ལ་སོགས་པར་བཙོ། །བསམ་པ་ངན་པས་ཤ་ཟ་ན། འཇིག་རྟེན་གཉིས་ནི་བཤིག་པའི་ཕྱིར། །ཤཱཀྱའི་བསྟན་ལ་བརྟུལ་ཞུགས་ཉམས། །ཤིན་ཏུ་མི་བཟད་དམྱལ་བར་ཡང་། །སྡིག་པའི་ལས་ཅན་དེ་དག་འདོང་། །མ་རུངས་ངུ་འབོད་ལ་སོགས་སུ། །ཤ་ཟ་དེ་དག་བཙོ་བར་འགྱུར། །རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བསླང་དང་། །མ་བསྐུལ་པ་ཡང་ཡོང་མེད་པས། །དེ་བས་ཤ་ནི་མི་ཟ་འོ། །ཞེས་དང་། རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ང་དང་སངས་རྒྱས་དག་གིས་བཤད། །སེམས་ཅན་གཅིག་ལ་གཅིག་ཟ་བ། །ཤ་ཟན་དག་གི་རིགས་སུ་སྐྱེ། །དྲི་མི་ཞིམ་ཞིང་སྨད་པ་དང་། །སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར།


JSD002_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གདོལ་པ་སྨེ་ཤ་ཅན་རིགས་དང་། །བཙོ་བླག་མཁན་དུ་ཡང་ཡང་སྐྱེ། །མཁའ་འགྲོ་རིགས་ཀྱི་སྐྱེ་གནས་དང་། །ཤ་ཟའི་རིགས་སུ་སྐྱེ་བར་འགྱུར། །མི་ཡི་ཐ་མ་དེ་དག་ནི། །སྲིན་དང་བྱི་ལའི་རིགས་སུ་སྐྱེ། །ཞེས་དང་། ངས་ནི་ཤ་ཡང་རྣམ་པར་སྤངས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རྣམས་ཀྱིས་སྨད་པ་ལ། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཤ་ལ་སོགས་པ་སྤང་བའི་ཕྱིར། །བྲམ་ཟེའི་རིགས་དང་རྣལ་འབྱོར་ཅན། །ཤེས་རབ་ཅན་དང་ནོར་ལྡན་པ། །དེ་དག་རྣམས་སུ་སྐྱེ་བར་འགྱུར། །མཐོང་དང་ཐོས་དང་དོགས་པ་།ཤ་རྣམས་ཐམས་ཅད་རྣམ་པར་སྨད། །ཤ་ཟའི་རིགས་སུ་སྐྱེ་བ་ཡི། །རྟོག་གེ་བ་རྣམས་མི་ཤེས་སོ། །ཞེས་དང་། མ་འོངས་པ་ཡི་དུས་ན་


JSD002_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཤ་ཟ་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བ་འོ། །སངས་རྒྱས་ཀྱིས་ནི་བཤད་ཅེས་ཟེར། །ཟས་ལ་སྨན་དག་འདྲ་བ་དང་། །བུ་ཡི་ཤ་དང་མཚུངས་པར་ཡང་། །ངན་པ་དང་ནི་མི་འཕྲོད་པར། །རྣལ་འབྱོར་ཅན་གྱིས་ཟས་ལ་སྤྱོད། །སེང་གེ་དག་དང་སྟག་རྣམས་དང་། །ཝ་ལ་སོགས་དང་འགྲོགས་འགྱུར་བས། །ངས་ནི་བྱིས་པས་གནས་པ་ལ། །རྟག་ཏུ་རྣམ་པ་ཀུན་ཏུ་སྨད། །ཐར་པའི་ཆོས་དང་འགལ་བའི་ཕྱིར། །མི་རྣམས་སྔངས་པར་འགྱུར་བའི་ཤ། །དེ་ཕྱིར་བཟའ་བར་མི་བྱ་སྟེ། །འདི་ནི་འཕགས་པའི་རྒྱལ་མཚན་ནོ། །ཞེས་ལང་ཀར་གཤེགས་པའི་མདོ་ལས་གསུངས་ཤིང་། མྱང་འདས་ཀྱི་མདོ་ལས། བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེང་ཕན་ཆད་ཉན་ཐོས་ཀྱི་ཉེ་གནས་དག་ཤ་ཟ་བར་མི་གནང་


JSD002_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །གལ་ཏེ་ཡོན་བདག་དད་པས་བྱིན་ནའང་། དེས་བུའི་ཤ་ལྟ་བུར་འདུ་ཤེས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། དེ་བཞིན་གཤེགས་པས་ཤ་འཚལ་དུ་མ་གནང་། བཀའ་སྩལ་པ། རིགས་ཀྱི་བུ། ཤ་ཟ་བ་ནི་སྙིང་རྗེ་ཆེན་པོའི་རིགས་གཅོད་པ་ཡིན་ནོ། །དེང་ཕན་ཆད་ཉེ་གནས་སུ་གྱུར་པ་རྣམས་ཀྱིས། ཤ་ཐམས་ཅད་ཟར་མི་རུང་ངོ་། །ཞེས་དང་། འོད་སྲུངས་ཤ་ཟ་བ་དག་ནི་འགྲོ་འམ། སྡོད་དམ། འདུག་གམ། ཉལ་ཡང་སེམས་ཅན་གང་ལ་དྲིས་ཕོག་པ་ཐམས་ཅད་འཇིགས་སྐྲག་གོ། །རིགས་ཀྱི་བུ་དཔེར་ན། མི་ཞིག་སྒོག་པ་ཟོས་ན་མནམ་པས། །ཐམས་ཅད་ཀྱིས་མི་འདོད་དེ་འབྱོལ་ན། དེ་ལ་ཉེ་བར་བསྙེན་པ་ལྟ་ཅི་སྨོས། ཤ་ཟ་བ་རྣམས་ཀྱང་དེ་དང་འདྲ་སྟེ།


JSD002_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ལ་ཤ་ཡི་དྲིས་ཕོག་ན་སྐྲག་སྟེ། ཤི་བས་འཇིགས་པའི་འདུ་ཤེས་འབྱུང་ངོ་། །ཆུ་ལ་གནས་པ་དང་། ཐང་ལ་གནས་པ་དང་། མཁའ་ལ་འགྲོ་བའི་སྲོག་ཆགས་ཐམས་ཅད་འབྱོལ་ཞིང་བྲོས་ཏེ། འདི་ནི་བདག་ཅག་གི་དགྲ་ཡིན་ནོ་ཞེས་ཟེར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཤ་ཟ་བར་མི་སྩོལ་ལོ། །རིགས་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་དག་པའི་ཟས་ཀྱང་མི་ཟ་བ་ཤ་ཟ་བ་ལྟ་སྨོས་ཀྱང་ཅི་དགོས། ཞེས་དང་། འོད་སྲུངས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཡོན་བདག་ལ་ལྟོས་ཏེ་འཚོ་བ་དག་བསོད་སྙོམས་བྱེད་པའི་ཚེ། ཤ་དང་འདྲེས་པའི་ཟས་ཤིག་བསྩལ་ན། ཇི་ལྟར་འཚལ་བར་བགྱི། ཅིས་


JSD002_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་པར་འགྱུར། བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ་བཀའ་སྩལ་པ། ཤ་དང་ཟས་སོ་སོར་ཕྱེས་ལ། ཆུར་བཀྲུས་ཏེ་བཟའ་་བྱའོ། །གལ་ཏེ་ལྷུང་བཟེད་ཤ་དང་འབགས་ཀྱང་བྲོ་བའི་རོ་མེད་ན། སྤྱོད་ཀྱང་ཉེས་པ་མེད་དོ། །གལ་ཏེ་བསོད་སྙོམས་ཀྱི་ནང་དུ་ཤ་མང་དུ་འོངས་ནའང་། བླང་བར་མི་བྱའོ། །གལ་ཏེ་ཟས་ཀྱི་ནང་དུ་ཤ་སྣང་ན་མ་ཟ་ཞིག །ཟོས་ན་ཉེས་པ་དང་བཅས་པ་སྟེ། ངས་ཤ་ཟར་མི་གནང་བ་དང་བཅས་པ་ནི་རྒྱས་པར་བསྟན་ན་ཟད་པའི་མཐའ་མེད་དེ། མྱ་ངན་ལས་འདའ་བའི་དུས་ལ་བབ་པས་ཕྱོགས་ཙམ་ཞིག་བཤད་དོ། །འདི་དག་ནི་དྲིས་པའི་ལན་བཏབ་པ་ཞེས་བྱའོ། །ཞེས་གསུངས་པ་དང་། གཞན་ཡང་སོར་ཕྲེང་ཅན་དང་། བསླབ་བཏུས་སོགས་ནས་ཤའི་ཉེས་དམིགས་ཤིན་ཏུ་མང་པོ་གསུངས་པར་མ་ཟད།


JSD002_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་པདྨའི་གཏེར་ཆོསཁུངས་དག་བྱང་གཏེར་ དགོངསཟངཐལ next hit་སྙན་རྒྱུད་སྡེ་གསུམ་གྱི་རྩ་བ་རྩ་གསུམ་རིན་ཆེན་སྒྲོན་མ་ལས། ཤ་ནི་འདི་ལྟར་སྤང་བྱ་རིམ་པར་ཡོད་དེ༔ དགེ་བསྙེན་ལ་མི་དང་མི་མ་ཡིན་པས་བསད་པ་ཟ་མི་རུང་ངོ་༔ ཚེ་ཟད་དེ་ཤི་བའི་ཤ་ནི་རུང་ངོ་༔ དགེ་ཚུལ་དང་དགེ་སློང་གིས་ཟ་མི་རུང་བའི་ཤ་ནི༔ བསད་པ་དང་༔ སྦྲུམ་མའི་ཤ་དང་༔ ཕྲུག་གུ་མ་སྨིན་པའི་ཤ་དང་༔ མེས་ཚིག་སྟེ་ཤི་བའི་ཤ་དང་༔ ཆུ་ལས་ཤི་བའི་ཤ་དང་༔ ྴ རྦབ་ཏུ་ལྷུང་སྟེ་ཤི་བའི་ཤ་དང་༔ འགགས་ཏེ་ཤི་བའི་ཤ་དང་༔ མཛོའི་ཤ་དང་༔ རྨིག་ཟླུམ་གྱི་ཤ་མི་རུང་ངོ་༔ ཁྲག་ནི་དེ་ལྟར་གོ་སླའོ༔ རྒྱས་པར་སྡེ་སྣོད་གསུམ་དུ་ལྟོས་ཤིག༔ ཅེས་དང་། གོ་མིའི་དགེ་བསྙེན་བྱ་བ་རྩ་བཞི་ཆང་དང་ཕྱི་དྲོའི་ཁ་ཟས་ཤ་དང་བདུན་སྡོམ་པ་དང་༔ ཞེས་སྟོན་པའི་


JSD002_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འཇུག་ཁྱིམ་པ་ཡན་ཆད་ལ་དངོས་སུ་བཀག་པར་མཛད། དེ་ལ་ཁ་ཅིག །དེ་ནི་སོ་ཐར་རིགས་བདུན་གྱི་དབང་དུ་བྱས་པ་སྟེ། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ལས་དེ་ཙམ་དགག་བྱ་མི་ཆེ་ཞེ་ན། དེ་ནི་ཐོས་པའི་ཤེས་རབ་ཀྱི་མིག་དང་བྲལ་བའི་སྐྱོན་དུ་ངེས་ཏེ། འདི་ལྟར་ལུང་ལས། གང་ཞིག་ཤ་ཁྲག་ལོངས་སྤྱོད་ནི། །ཁམས་གསུམ་ཕུང་བར་བྱེད་པའི་ཟས། །ཐར་པའི་སྲོག་རྩ་གཅོད་པའི་མཚོན། །བྱང་ཆུབ་ས་བོན་བསྲེག་པའི་མེ། །དལ་འབྱོར་མཐོ་རིས་འཇོམས་པའི་ཐོག །སུས་ཀྱང་ཟ་བར་མི་རུང་ན། །རྒྱལ་བའི་བསྟན་ལ་རབ་ཞུགས་པའི། །སྐྱབས་གསུམ་འཛིན་པའི་དགེ་བསྙེན་ནས། །དགེ་ཚུལ་དགེ་སློང་ཁྲིམས་ལྡན་པས། །བཟའ་བར་ནམ་ཡང་མ་གནང་ངོ་། །བྱང་ཆུབ་སེམས་དཔའི་ལམ་ཞུགས་


JSD002_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཕ་མར་གྱུར་པའི་སེམས་ཅན་ཤ། །ཟོས་པའི་ཉེས་དམིགས་རྒྱ་ཆེར་འགྱུར། །གསང་བ་སྔགས་ཀྱི་ལམ་དུ་ཡང་། །ལྟ་དང་ཡེ་ཤེས་མི་ལྡན པར། །ཤ་ལ་བཟའ་བར་མི་རུང་ངོ་། །ཞེས་པ་འདི་ཙམ་ཡང་མིག་ལམ་དུ་མ་གྱུར་པ་མ་ཡིན་ནམ། དེས་ན་སྔོན་བྱོན་དམ་པའི་སྐྱེས་ཆེན་ཚད་མར་གྱུར་པ་མང་པོས་ཀྱང་ཤ་ཁྲག་དུག་ཟས་བཞིན་སྤངས་པར་མཛད་པའི་རྣམ་ཐར་གཙང་མ་ལྷུར་བཞེས་པ་ཡིན་ཏེ། མ་ཅིག་ལབ་སྒྲོན་གྱིས། ངས་ནི་ཤ་བཟའ་བ་ལྟ་ཞོག །སེམས་ཅན་མིག་སྔོ་རིག་གི་བ་དེ་མཐོང་བ་ཙམ་གྱིས་སྙིང་རྗེ་ཚད་མེད་པ་སྐྱེ་བ་འདུག་ཅེས་གསུངས། དེ་བཞིན་དུ་རིག་འཛིན་འཇིགས་མེད་གླིང་པས། ཤ་འདིའི་བདག་པོ་སྲོག་ཆགས་དེ་འཕགས་པ་ཀཱ་ཏྱ་ནས་བསོད་སྙོམས་ལ་གཤེགས་པའི་ལོ་རྒྱུས་ལྟར་སྐྱེ་བ་སྔ་མའི་ཕ་མ་ནི་ཡིན་ངེས། དེ་ཡིན་ན་ད་


JSD002_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ལྟའི་ཕ་མ་ལ་ཤན་པས་སྲོག་ལས་བྱས་པའི་ཤ་བྱིན་ན་བཟའ་བར་འདོད་དམ། སྙིང་རེ་རྗེ་སྙམ་དུ་བསམ་མནོ་ཞིག་བཏང་ན། བློ་གཟུར གནས་ཤིག་ཡིན་ཕྱིན་ཆད་སྙིང་རྩི་ཤུམ་ཤུམ་པ་དང་། སེམས་ཅན་དེ་ལ་སྙིང་རྗེ་དབང་མེད་དུ་མི་སྐྱེ་བའི་ཐབས་མེད་ཅེས་དང་། སྔགས་པར་ཁས་བླངས ནས་ཤ་ཆང་བག་མེད་དུ་ཟ་བ་དག །ཁྲ་སྤྱང་ལས་ཁྱད་པར་ག་ལ་ཡོད། ཅེས་གསུངས། དེ་བཞིན་དུ་སྙིང་ཐིག་གི་བརྒྱུད་པ་གོང་མ་རིག་འཛིན་འཇིགས་མེད་གླིང་པའི་དངོས་སློབ་འཇིགས་མེད་རྒྱལ་བའིམྱུ་གུ་དང་། དེའི་སློབ་མ་སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་པོ། འཇིགས་གླིང་སྐུ་ཕྲེང་གཉིས་པ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་དངོས་སློབ་འོད་ལུས་གྲུབ་པ་པདྨ་བདུད་འདུལ། དེའི་ཡང་སློབ་བྱ་བཏང་ཚོགས་དྲུག་རང་གྲོལ་སོགས་དམ་པའི་སྐྱེས་


JSD002_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དེ་རྣམས་ཀྱིས་ཤ་ཆང་དྲི་ཙམ་ཡང་མི་བརྟེན་པའི་དམ་བཅའ་བརྟན་པོ་དང་ནམ་ཡང་མི་འགལ་བར་མཛད་དེ་མདོ་སྔགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་ཏེ་དོན་གཉིས་ལྷུན་གྱིས་གྲུབ་པ་ཤ་སྟག་བྱུང་བ་ཡིན། དེ་ལྟ་བུའི་དགག་བྱ་དང་དགོས་པ་ཤིན་ཏུ་ཆེན་པོ་མཐོང་ནས་བདག་གིས་ཀྱང་སྔོན་གྱི་ཚེ་འཕགས་ཡུལ་དབུས་འགྱུར་མ་ག་ངྷ་རྡོ་རྗེའི་གདན་བྱང་ཆུབ་ཤིང་དབང་གི་དྲུང་དུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དཔང་དུ་གསོལ་ནས་ཤ་ཆང་སྤངས་པའི་དམ་བཅའ་ལྷུར བླངས་ཤིང་རང་གི་དགོན་ཁག་རྣམས་སུའང་ཤ་ཆང་སྤོང་དགོས་པའི་ཁྲིམས་བཅས་པ་ཡིན་པས་སླད་ནས་བདག་གི་ངག་ལ་བརྩི་མཁན་བྱུང་ན་ཀུན་གྱིས་ཆོས་་་ཀྱི་ཁྲིམས་འདི་ལས་ནམ་ཡང་མ་འདའ་ཞིག་ཅེས་སྙིང་ནས་གསོལ་བ་ལགས། གཞན་ཡང་སྔོན་གྱི་མཁས་གྲུབ་ཆེན་པོ་རྒོད་ཚང་སྣ་ཚོགས་རང་གྲོལ་གྱིས་ཤ་


JSD002_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཉེས་དམིགས་མནལ་ལམ་དུ་གསལ་བར་གཟིགས་ནས་འདི་སྐད་ཅེས་གསུངས་ཏེ། གཉིད་དུ་ཉལ་བའི་རྨི་ལམ་ཉིང་འཁྲུལ་ལ། སྔར་ནས་ཤི་བའི་རང་གི་གྲྭ་རྒན་རིགས། །གྲོང་ཆོག་མང་དུ་འགྲོ་མཁན་འགའ་རེ་དང་། །གཉེར་བྱེད་ལས་འཛིན་ཤི་བ་འགའ་དང་བཅས། །ལྷན་ཅིག མི་དགའ་བཞིན་དུ་དབང་མེད་ཕྱིན། །ཤ་ཟན་རོང་ཡིན་ཟེར་བའི་ལུང་པ་ནི། །རི་རོང་དོག་ཅིང་མུན་ནག་འཐིབས་པ་ན། །རབ་བྱུང་ཆ་བྱད་མདོག་ནག་བཞིན་མི་སྡུག །གོས་ཆེན་ལྗང་ནག་ལས་གྲུབ་སྣམ་སྦྱར་གྱོན། །བོང་ཚང་ཁང་པ་ཉིས་ཐོག་ཙམ་ཡོད་པ། །འཇིགས་སུ་རུང་བ་ཞིག་གི་འཁོར་ཡང་། །བན་རྒན་ཧམ་ཁྲོག་མི་ཚད་སུམ་འགྱུར་ཙམ། །ཆོས་གོས་གྱོན་ཅིང་ཡིད་དུ་མི་འོང་བའི། །རྣམ་འགྱུར་ཅན་དང་གཞན་ཡང་མི་ནག་ནི།


JSD002_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པགས་གོས་གྱོན་ཅིང་འབྲོག་པའི་རིགས་འདྲ་བ། །ལག་ཏུ་ཞགས་པ་ནག་པོ་འབའ་ཞིག་ཐོགས། །དེ་འདྲའི་དཔོན་གཡོག་མང་པོས་བདག་ལ་བསྐོར། གཙོ་བོ་དེ་ཡིས་འདི་སྐད་ཟེར་བ་ཐོས། །ཁྱོད་འདིར་དལ་བར་འདུག་པ་རྫོབ་རེ་ཆེ། །བནྡེའི་གཤེད་མར་བནྡེ་སླེབས་ཡོད་དོ། །ལེགས་ཉེས་འབྱེད་པའི་ཁྲིམས་བདག་ང་ཡིན་ནོ། །དེང་སང་ཁྱེད་ཅག་བླ་མ་མཁན་སློབ་དང་། །དགེ་འདུན་མིང་བཏགས་ཆོས་པའི་གཟུགས་བཟུང་ནས། །ཤི་གསོན་ཀུན་གྱི་སྐྱབས་ཡུལ་བྱེད་མཁན་ཚོ། །ཕ་མར་གྱུར་པའི་སེམས་ཅན་སྲོག་བཅད་པའི། །ཤ་ལ་ལྟོ་ཡི་དྭངས་མ་བྱེད་ནུས་པ། །སྙིང་སྟོབས་འདི་འདྲའི་ཆེ་ལུགས་ཨ་ལ་ལ། །གློ་བ་ཁྲག་གིས་བརྒྱངས་པའི་ཞིམ་ཟས་དང་། མཆིན་པ་འཁྱགས་སུ་བོར་བའི་མཚར་ཟས་དང་། །གསོན་ཁྲག་ཚོད་མར་བྱས་པའི་བཞེས་


JSD002_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོ་སོགས། །ཁྱེད་ཅག་བཙུན་པ་རྣམས་ཀྱི་ཟ་ལུགས་ལ། །ཤ་ཁྲག་ཟས་ལ་གཅན་གཟན་བས་ཀྱང་ཧམ། །ཆང་རག་འཐུང་ལ་སྦུར་གོག་ལས་ཀྱང་སྲེད། །དཀོར་ཟས་འཚོལ་ལ་ཡི་དྭགས་ལས་ཀྱང་མུག །ད་དུང་དགེ་སློང་ཡིན་པར་ཁས་ལེན་ནམ། །ལྷུང་བཟེད་ཐོགས་ཤིང་ཤ་ཁྲག་ཟ་ལུགས་དང་། །ཆོས་གོས་ཤམ་ཐབས་ཆང་གིས་སྦང་ལུགས་དང་། །ཚོང་ཁེ་ནོར་རྫས་བུད་མེད་འཚོལ་ལུགས་རྣམས། །དཀོན་མཆོག་གསུམ་ལ་ངོ་ ྴ ཡང་མི་ཚ་འམ། །སྦྱིན་བདག་རྣམས་ཀྱི་དཀོར་ལ་ཟ་དུས་སུ། །ཤ་ཟ་ཆང་འཐུང་བྱེད་པའི་སྐྱིད་པོ་དེ། །ལས་ཀྱི་ཁྲིམས་ར་འདི་ལ་སླེབས་དུས་སུ། སྐྱིད་སྡུག་ཅི་འདུག་ལྟོས་དང་དཀོར་ཟན་ཚོ། །མ་ཀི་ཤ་ཟན་ནག་པོའི་བཙོན་ཁང་ན། །ཁྱེད་རང་རྣམས་ཀྱི་ཤ་ཡི་ཟ་ཚུལ་དང་། །བྱེད་ལུགས་མཐུན་པའི་


JSD002_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་ཐ་དད་དུ། །ཁྱེད་རང་བཙུན་པ་ཚོ་ལ་བྱེད་ཅིང་ཡོད། །ལ་ལ་གཙབ་ཡོད་ལ་ལ་བརྡུང་ཞིང་ཡོད། །ལ་ལ་བཙོ་ཞིང་ལ་ལ་འཁྱགས་ལ་བོར། ལ་ལ་ཁྲམ་ཉག་ཚྭ་བླུགས་བསྲེག་ཡོད་དོ། །ཁྱོད་ཀྱང་འགྲོ་རན་ད་ལྟ་དོངས་ཤིག་ཟེར། །བདག་ནི་རྨི་ལམ་ཡིན་པ་དྲན་མ་ཐུབ། །འཇིགས་ཀྱང་འཇིགས་ལ་སྐྱོ་ཡང་རབ་ཏུ་སྐྱོ། །ཞེས་གདམས་ངག་རྣམ་ཐར་གྱི་སྒོ་ནས་སྟོན་པ་དང་། འཁྲུལ་ཞིག་འོད་ལུས་པ་ཆེན་པོ་པདྨ་བདུད་འདུལ་གྱི་གསུང་མགུར་ལས། རང་རིག་འོད་གསལ་ངང་ནས་བལྟས་ཙ་ན། །ངན་སོང་སྡུག་བསྔལ་བསམ་གྱིས་མི་ཁྱབ་མཐོང་། །ཁྱད་པར་ཡང་སོས་སྡུག་བསྔལ་གླིང་བཞི་ཙམ། ། མཐོང་བ་དེ་ཡི་བཞི་ཆ་ཙམ་ཞིག་ཏུ། །བར་མཚམས་མེད་པར་ཕོ་མོ་གཅེར་བུ་ཡིས། །བཀང་ནས་མི་རྣམས་རེ་རེའི་རྩ་བ་རུ། །ལས་མཁན་ཤིན་ཏུ་མ་


JSD002_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

རུངས་རབ་ཁྲོས་པ། །བྱ་རིགས་རི་དྭགས་གཡུང་དྭགས་གཅན་གཟན་རིགས། །མགོ་བརྙན་མི་འདྲ་ཅན་ནི་མང་པོ་ཡིས། །ལག་ན་མཚོན་ཆ་རྣོན་པོ་རེ་ཐོགས་ནས། །རྒྱུན་དུ་མི་ཤ་དུམ་བུར་བཅད་ཅིང་ཟ། །ཡང་ཡང་བཅད་ནས་ཡང་ཡང་ཤ་རྒྱས་ཤིང་། །ཇི་སྲིད་ལས་མ་ཟད་པར་མི་འཆི་བའི། །བག་ཆགས་འཛད་མེད་དེ་ཡི་རང་བཞིན་འཕེལ། །ཁྱད་པར་དམར་ཆོག་དེད་པའི་ཉེས་པ་འཕགས། །ཀུན་གྱིས་སྐད་ངན་འདོན་པ་འུ་རུ་རུ། །རང་སྣང་འཁྲུལ་པས་གཞན་འཁྲུལ་དེ་མཐོང་ནས། །སྡུག་བསྔལ་འདི་ལ་ཕན་ཐབས་ཅི་ཡོད་དམ། །བསམ་ཚེ་སྐད་ཅིག་མདུན་གྱི་ནམ་མཁའ་ནས། །ཐུགས་རྗེ་ཆེན་པོའི་ཞལ་ནས་འདི་སྐད་གསུངས། །ཨེ་མ། ང་དང་ཚེ་རབས་ཡང་ཡང་འབྲེལ་བའི་བུ། །ལེགས་པར་གསོན་དང་བརྩོན་


JSD002_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་སྙིང་སྟོབས་ཅན། །བསྐྱེད་རིམ་ལྷ་ལ་བརྟན་པ་ཐོབ་པ་དང་། །ཡོན་ཏན་ཡལ་ག་ཅུང་ཟད་རྒྱས་གདའ་སྟེ། །ཡོན་ཏན་ཡལ་ག་ཅུང་ཟད་རྒྱས་གདའ་སྟེ། །ཆོས་ཀྱི་རྩ་བ་བྱམས་དང་སྙིང་རྗེ་ཡིན། །ཁྱོད་ལ་བྱམས་དང་སྙིང་རྗེ་མི་མངའ་འམ། །སྙིང་རྗེ་འབྱོངས་ན་ཤ་ཟ་ནུས་མ་འོས། །ཤ་ཟོས་སྡུག་བསྔལ་འབྱུང་ལུགས་འདི་ལ་ལྟོས། །རང་བྱས་ལས་ཀྱི་རྣམ་སྨིན་རང་ལ་གྲུབ། །དུས་གསུམ་རྒྱལ་བས་མཛད་ཐབས་ཅི་ཡང་མེད། །ཤ་ཟོས་ཡོན་ཏན་ཀུན་བྲལ་ཉེས་ཚོགས་ལྡན། །བཞི་བརྒྱའི་ནད་དང་སྟོང་ཕྲག་བརྒྱད་ཅུའི་བགེགས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་རང་གནས་འབྱུང་། །འབྲེལ་ཚད་དོན་ལྡན་བརྟུལ་ཞུགས་སྤྱོད་པ་དང་། །སྨན་དང་ཐེག་མཆོག་གསང་སྔགས་རྫས་མ་གཏོགས། །ཤ་ཟོས་པ་ལ་ཡོན་ཏན་ཏིལ་ཙམ་མེད། །ཤ་ཟ་ཅན་ནི་བདུད་དང་སྲིན་པོའི་རིགས། །ཡིན་པས་སྡོམ་


JSD002_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉམས་ཤིང་ཉོན་མོངས་འཕེལ། །གཞན་ཕན་བྱམས་དང་སྙིང་རྗེའི་རྒྱུ་མེད་ཅིང་། །འབྲས་བུ་བྱང་ཆུབ་སྙིང་པོ་སྨིན་པ་དཀའ། །ཤ་ཟོས་ལུས་ལ་ཡེ་ཤེས་ལྷ་མི་འཁོར། །བྱིན་རླབས་དངོས་གྲུབ་རྟེན་འབྲེལ་ཕྲིན་ལས་མེད། །ཤ་ཟོས་ལུས་ལ་གཞན་ཕན་རྫས་མི་འབྱུང་། །ཕལ་ཆེར་ལྷ་སོགས་ཀྱིས་སྲིན་པོར་མཐོང་། །ཤ་ཟོས་ལུས་ལ་དྲི་ཟ་སྲིན་པོ་བདུད། །གཤིན་རྗེ་མོ་འདྲེ་རྒྱལ་འགོང་དམ་སྲི་འཁོར། །ཤ་ཟོས་འབྲས་བུ་དམྱལ་བར་བ་དང་། །བྱ་རིགས་ལྕེ་སྤྱང་སྲིན་པོ་སོགས་ལུས་ལེན། །དེ་བཞིན་ཤ་ཟོས་སྡུག་བསྔལ་དཔག་མེད་ཡོད། །སྤངས་ན་སྔར་བཤད་ཉེས་པ་ཀུན་བྲལ་།རྟག་ཏུ་མི་མ་ཡིན་གྱིས་སྤྱི་བོར་བཀུར། །གཙང་ལྡན་ཡང་དག་བྲམ་ཟེ་ལྷ་ལུས་མཐོང་། །ཕྱོགས་བཅུའི་སངས་རྒྱས་མ་ལུས་སྲས་འཁོར་


JSD002_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བཅས། །བླ་མ་ཡི་དམ་མཁའ་འགྲོ་སྤྲིན་བཞིན་འདུ། །ཁྱད་པར་བྱང་ཆུབ་སེམས་དཔའ་སེམས་མ་འཁོར། །ཤུགས་འབྱུང་བྱམས་དང་སྙིང་རྗེའི་རྒྱུ་བྱེད་ཅིང་། །འབྲས་བུ་བྱང་ཆུབ་སྙིང་པོ་མྱུར་དུ་ཐོབ། །དེ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་འབྱུང་། །ཞེས་གསུངས་པ་ལ་བརྟེན་ནས་ཕྱིན་ཆད་ཤ་གཏན་དུ་སྤོང་བའི་དམ་བཅའ་མཛད་པ་ཡིན། ཞབས་དཀར་ཚོགས་དྲུག་རང་གྲོལ་ལྷ་སར་ཕེབས་སྐབས་བཤས་རའི་ནང་དུ་སེམས་ཅན་གསོད་པ་གཟིགས་པས་ཐུགས་་ལ་སྙིང་རྗེ་ཤས་མི་བཟོད་པ་འཁྲུངས་ཏེ་དེ་མ་ཐག་ཇོ་བོའི་དྲུང་དུ་ཕྱིན་ཆད་ཤ་མི་བཞེས་པའི་དམ་བཅའ་བརྟན་པོ་མཛད་ཚུལ་རྣམ་ཐར་ཆེན་མོ་ན་གསལ། དེང་སང་ཕྱོགས་གང་ནའང་སྦྱིན་བདག་གི་ཚོགས་གསོག་སྐུ་རིམ་དང་མི་ཤི་བའི་རྗེས་སུ་དེའི་དགེ་རྩར་མདོ་སྡེ་བཀླག་པ་དང་སྐོང་བཤགས་ཆོ་ག་སོགས་གཏོང་སྐབས་ཤ་


JSD002_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་གཉིས་པོ་མེད་ན་བྱེད་ཐབས་མེད་པ་ལྟ་བུ་ཞིག་བརྩི་བར་གདའ་སྟེ། འདི་ནི་ཆོས་ཕྱོགས་ནས་བློ་གཟུ་བོས་དཔྱད་ན་ཡོན་མཆོད་གཉིས་ཀར་མ་དག་པའི་སྦྱིན་པ་དང་འཚོ་བར་འགྱུར་བ་དང་། སྐྱབས་འགྲོ་སེམས་བསྐྱེད་ཀྱི་བསླབ་བྱ་དང་། གསང་སྔགས་ཀྱི་དམ་ཚིག་བཅས་ལས་འགལ་བས། གསོན་པོའི་ཚོགས་རྫོགས་པ་དང་། ཚེ་འདས་ཀྱི་སྒྲིབ་སྦྱོང་དུ་མི་འགྱུར་བ་མ་ཟད་འཚེ་བ་ཆོས་སུ་སྨྲ་བ་ཀླ་ཀློའི་གྲུབ་མཐའ་ངན་པ་ཡིན་པས། ལུགས་ངན་དེ་འདྲ་རིང་དུ་སྤངས་ནས་རྒྱལ་བ་དགྱེས་པའི་ལམ་མཆོད་སྦྱིན་གང་ཡང་སྡིག་དང་མ་འདྲེས་པ་རེ་ཅིས་ཀྱང་དགོས་པར་གདའ། དེ་ཡང་སྐྱེ་བོ་མི་མཁས་པ་ཁ་ཅིག་ན་རེ། གསང་སྔགས་ཀྱི་ཚོགས་མཆོད་དང་ཆོས་སྲུང་གི་གཏོར་བསྔོ་སོགས་ལ་དམ་རྫས་ཤ་ཆང་ནི་མེད་དུ་མི་རུང་བས་ངེས་པར་དཀྱིལ་འཁོར་དུ་


JSD002_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་ཤིང་རྣལ་འབྱོར་པས་རོལ་དགོས་སོ་ཟེར། དེ་ནི་རང་ཉིད་དམྱལ་བར་འགྲོ་བའི་ལས་བསགས་ཤིང་བསོད་ནམས་ཆུང་བ་གཞན་དག་ཀྱང་དེ་ལ་སྦྱོར བ་ཡིན་ཏེ། འདི་ལྟར་ལུང་ལས། སྙིགས་མ་ལྔ་བདོར་གྱུར་པའི་དུས། །གསང་སྔགས་དམ་རྫས་ཤ་ཆང་ལ། །སྤྱོད་དུ་རུང་བའི་ཁུངས་སྨོས་ཏེ། ། ཏིང་འཛིན་ཉམས་ཀྱི་དྲོད་མེད་པར། །ཤ་ཁྲག་ཆང་ལ་ཐམས་ཅད་སྦྱོར། །འདི་ཡང་དམ་ཚིག་མེད་དོ་ཞེས། །ཆོས་བཞིན་སྤྱོད་རྣམས་ཐབས་ཀྱིས་སྨད། །དེ་འདྲ་བསྟན་པའི་མཐའ་རུ་འབྱུང། །ཀྱེེ་མ་ཀྱེ་ཧུད་དམྱལ་བ་ལས། །འགྲོ་ས་མེད་དོ་སྙིང་རེ་རྗེ། །ཞེས་པའི་ལུང་བསྟན་གྱི་ཐོག་ཏུ་བབ་པ་ལ་ཅིས་བསྙད། ཚོགས་འཁོར་སོགས་གསང་སྔགས་ཀྱི་དམ་རྫས་སུ་འོས་པའི་ཤ་ཇི་ལྟར་ཡིན་ཞེ་ན། ཀུན་བཟང་previous hit དགོངསཟངཐལ ་གྱི་ཞི་ཁྲོ་ལྷུན་གྲུབ་ཀྱི་


JSD002_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་ཞེས་བྱ་བ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་སློབ་དཔོན་དགའ་རབ་རྡོ་རྗེས་བཏུས་པའི་ཚོགས་འཁོར་ལས། དང་པོ་ཚོགས་ཀྱི་འཁོར་ལོ་ལ༔ རོ་དྲུག་ཚང་བའི་ཟས་བརྒྱད་དང་༔ ཡོ་བྱད་ཕུན་སུམ་ཚོགས་པ་བཤམས༔ དེ་ཡང་མཆོག་ཏུ་བསྔགས་པ་ཤ་དང་ཆང་ཡིན་ཏེ༔ ཤ་ནི་ནད་ཡུན་རིང་གིས་ཤི་བ་མ་ཡིན་པ༔ མིའམ་གཅན་གཟན་གྱིས་བསད་པ་མ་ཡིན་པ༔ གྲི་ཐབས་སྣ་དགུ་དང་༔ དམེ་ཤ་བླང་བར་མི་བྱའོ༔ རང་རྐྱེན་ཚེ་ཟད་ནས་ཤི་བ་ཁོ་ན་བསྔགས་སོ༔ དེ་ཡང་དབང་པོ་ཚང་བ་དགོས་སོ༔ གྲིར་ཤི་བའི་ཤ་ཁྲག་ནི་གནོད་སྦྱིན་མཆོད་པའི་རྫས་ཡིན་ནོ༔ དམ་རྫས་སུ་མི་རུང་༔ རྨིག་ཟླུམ་དང་༔ མཛེ་ཅན་དང་༔ དམེ་ཤ༔ ནད་ངན་པས་ཤི་བའམ༔ རྒྱུ་ངན་པ་དངོས་པོ་རུལ་བ་ནི་མཁའ་འགྲོ་མི་མཉེས་པས་


JSD002_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་སུ་མི་རུང་ངོ་༔ ཞེས་གསལ་བར་གསུངས་པ་ལྟར། སེམས་ཅན་ཚེ་ཟད་ནས་ལས་ཀྱིས་ཤི་བའི་ཤ་དང་། ཁ་ཟས་ཀྱི་ཆེད་དུ་གསོད་པར་མི་འགྱུར་བའི་སྡིག་མེད་ཀྱི་ཤ་མི་ཁྱི་བ་ལང་རྟ་གླང་པོ་ལྔའི་ཤ་དང་། བདུད་རྩི་ལྔ་ཡང་ཁུ་བ་དཀར་དམར། ཀླད་པ། དྲི་ཆེན། དྲི་ཆུ་དང་ལྔ་རྣམས་ཡིན་པས་དེ་རྣམས་ལ་རྣམ་རྟོག་རང་རྒྱུད་པས་གཟིར་ཏེ་དང་དུ་བླང་མི་ནུས་བཞིན་དུ་ཁ་ཟས་ཀྱི་དོན་དུ་བསད་པའི་ཤ་ལ་གཙང་མར་འཛིན་པའི་ཆགས་སྲེད་རང་རྒྱུད་པས་བག་ཡངས་སུ་སྤྱོད་པ་ནི་གཙང་རྨེའི་གཉིས་རྟོག་གིས་བཅིངས་པ་ཡིན་པས་དང་དུ་བླང་བའི་དམ་ཚིག་དང་འགལ་ཞིང་། ཁྱི་ཕག་ལྟར་སྨྱོ་ཐབས་ཀྱིས་བག་མེད་དུ་སྤྱད་པ་ཡང་ཇི་ལྟར་རུང་། ཡེ་ཤེས་པའི་ལྷ་ལ། བསད་པའི་ཤ་ཁྲག་གིས་མཆོད་ན། མ་སྔོན་དུ་བུ་བསད་ནས་ཕུལ་བ་དང་འདྲ། དེ་བཞིན་དུ་


JSD002_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་ལ་ཤ་ཁྲག་གིས་མཆོད་པའང་། བསྟན་སྲུང་དམ་ཅན་རྣམས་བྱང་སེམས་ཤ་སྟག་ཡིན་པས། སེམས་ཅན་བསད་པའི་མཆོད་རྫས་བཞེས་པ་ལྟ་ཅི་དེའི་ཕྱོགས་ཙམ་དུ་ཉེ་མི་ནུས། ལྷ་འདྲེ་ནག་ཕྱོགས་པ་རྣམས་དམར་མཆོད་ལ་ལོངས་སྤྱོད་པས་ཡོན་མཆོད་གཉིས་ཀའི་རྒྱུད་ལྷ་འདྲེས་བརླམས་ནས་མཐར་དམྱལ་བར་འགྲོ་མཁན་མང་བའང་ཤེས་དགོས། སྤྱོད་པ་དུས་ཚོད་དང་མ་འབྲེལ་བའི་སྤྱད་བྱའི་དམ་རྫས་ཤ་ལྔ་སོགས་ལ་སྲེད་ཞེན་རང་ ི རྒྱུད་པས་བག་མེད་པར་ལོངས་སྤྱད་ན་ཉམས་པའི་རྒྱུས་དངོས་གྲུབ་ཀྱི་གེགས་བྱེད་པའི་ཚུལ། དཔལ་སྤྲུལ་རིན་པོ་ཆེས། སྔགས་བླ་མེད་ཀྱི་གསང་དབང་དང་ཚོགས་ཀྱི་འཁོར་ལོ་རྣམས་ནི་རྗེས་མཐུན་ལས་དངོས་སུ་ནུས་པ་སུ་ཡང་མེད་པས་དེ་དག་ལ་བསྙད་བཞག་ནས་ཤ་ཆང་བག་མེད་དུ་སྤྱོད་ན་སྡོམ་པ་དང་དམ་


JSD002_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཉམས་པ་ལས་དངོས་གྲུབ་ཀྱི་རྒྱུར་མི་འགྲོ། ཞེས་གསུངས། དེས་ན་རང་རེ་དང་པོའི་ལས་ཅན་རྣམས་ཏིང་ངེ་འཛིན་དང་རྟོགས་པའི་དྲོད་ཚད་བརྙེས་ནས ཤ་ཆང་བདུད་རྩིར་བསྒྱུར་བའི་ནུས་པ་མེད་བཞིན་ལྟ་སྤྱོད་མི་མཚུངས་པའི་རྩིང་སྤྱོད་ཐོ་ཅོ་དོར་ནས། ཚོགས་རྫས་དང་། ཆོས་སྐྱོང་གི་སྐོང་རྫས་སོགས་ལ་དམ་པ་གོང་མས་བསྒྲུབས་པའི་དམ་རྫས་ཆོས་སྨན་གྱི་ཕབ་གཏའ་ཙམ་སྦྱར་ན་ཆད་སྐྱོན་དུ་མི་འགྱུར་ཞིང་རུང་མཐུན་ཙམ་ཡིན་ཏེ། ཤ་ཁྲག་ཆང་གི་ཚབ་ཏུ། དགོངས་ཟང་རྩ་གསུམ་རིན་ཆེན་སྒྲོན་མ་ལས། ཤ་ལྔ་བདུད་རྩི་ལྔ་ནི་བསྒྲུབས་པའི་སྨན་ལ་བྱ༔ དངོས་སུ་ཤ་ཁྲག་དང་ཆང་ལ་ལོངས་སྤྱོད་པར་མི་རུང་ངོ་༔ ཞེས་གསུངས་པའི་དོན་ལག་ཏུ་ལེན་དགོས་པ་ལ། ད་ལྟའི་ཆོས་པ་འགའ་ཡིས། ཤ་ཆང་ཅུང་ཟད་རེ་མ་བརྟེན་ན། ལུས་སྟོབས་ཉམས་ཤིང་རླུང་ནད་


JSD002_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལྡངས་ནས་འཆི་རྐྱེན་བྱེད་ཉེན་ཆེ་ཟེར་མཁན་འདུག་སྟེ། ལེགས་པར་བསམ་ན་གལ་སྲིད་བརྒྱ་ལ་སྡིག་ཟས་ཤ་ཆང་སྤངས་ནས་འཆི་བར་འགྱུར་ན་ཡང་། དེ་ནི་དོན་ཆེན་ཆོས་ཕྱིར་ཡིན་པས། རྒྱལ་བ་དགྱེས་པའི་ལམ་དུ་འགྱུར་ངེས་པས་འགྱོད་པའི་གནས་མིན་པར་འདོད་ཐོག་ཡིན་པའི་ཚུལ། དམ་པའི་སྐྱེས་བུ་རྩེ་ལེ་རིག་འཛིན་ཆེན་པོས། ཚེས་བཅུའི་མཆོད་པ་བདུད་རྩི་སྨན་རཀ་ཀྱང་། །གཙང་མའི་ཆུ་ལ་ཀ་ར་བུ་རམ་སྦྱར། གསུངས་པའི་བདུད་རྩི་རིལ་བུ་ཉིད། ཚུལ་ལྡན་སྦྱར་ནས་བཏབ་པ་མ་གཏོགས་པ། །ཆང་གི་དྲི་མ་རླུང་ཕྱོགས་ཙམ་ཡང་མེད། །ཆང་འཐུང་མཁན་དང་ཚེ་འདིར་མི་འགྲོགས་ཤིང་། །ཚེ་རབས་གཞན་དུའང་རབ་བྱུང་ཤ་ཆང་ལ། །བག་མེད་སྤྱོད་པའི་ཡུལ་ཕྱོགས་མི་སྐྱེ་བར། །སྨོན་ལམ་སྙིང་ཁུང་རུས་


JSD002_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཀྱིལ་ནས་འདེབས། །ཤ་ཆང་མེད་པའི་རྐྱེན་གྱིས་ཤི་ན་ཡང་། །སངས་རྒྱས་རྣམས་ཀྱི་དགོངས་པ་རྫོགས་འགྱུར་ཞིང་། །ཆོས་པའི་ནང་ནས་ཡང་རྩེར་འགྱུར་རོ་སྙམ། །ཞེས་གསུངས་པས། ད་ལྟའི་གྲོང་ཆོག་པ་རྣམས་ཀྱི་རྗེས་སུ་རྒྱུགས་ཏེ་དཀྱིལ་འཁོར་ནང་དུ་ཤཁྲག་དངོས་སུ་བཞག་པ་ནི་བོན་དང་མུ་སྟེགས་ཀྱི་ལུགས་ཡིན་པར། སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་པོས། སྲུང་བ་དང་གསོལ་མཆོད་སོགས་བྱེད་པའི་སྐབས་རྫས་ཤ་གཙང་མ་ཞིག་དགོས་ཟེར་ནས། ད་ལྟ་འཕྲལ་དུ་བསད་པའི་ཤ་ཚིལ་ཁྲག་རྩ་རེ་རླངས་པ་ཕལ་ལེ་བ་དེ་ལ་གཙང་མར་འཛིན་ཞིང་དེ་དག་གིས་གཏོར་མ་དང་མཆོད་རྫས་ཐམས་ཅད་བརྒྱན་ཏེ་རྔམ་རྔམ་དང་རྫིག་རྫིག་བྱེད་པ་དེ་དག་བོན་དང་མུ་སྟེགས་པ་ལྟ་བུ་ཞིག་གི་ཆོས་ལུགས་ཡིན་ན་མ་གཏོགས་ནང་པ་སངས་རྒྱས་


JSD002_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ལུགས་ནི་མིན། ནང་པ་སངས་རྒྱས་པའི་ཆོས་ལུགས་ཡིན་ན། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་སྤང་གང་དུ་འགྲོ་ཡང་དེར་སེམས་ཅན་རེའི་སྲོག་ལ་འཚེ་བ་བྱེད་ནས་བསད། ཤ་ཁྲག་ལ་ལོངས་སྤྱོད་ན་སྐྱབས་འགྲོ་དང་ཅིའི་ཕྱིར་མི་དགོས་རྒྱུ་ཡིན་པ་ལ། འགལ། ཞེས་དང་། རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་མ་བཞིན་དུ་བརྩེ་བས་དགོངས་ཏེ་བཞུགས་པ་ལ། ལས་ངན་གྱི་གཞན་དབང་དུ་གྱུར་པའི་དུད་འགྲོ་བསམ་མེད་ཅིག་བསད་ནས། ཤ་ཁྲག་གིས་མཆོད་པ་བྱས་པས་རྒྱལ་བ་དགྱེས་པའི་ཐབས་མེད་རྒྱལ་སྲས་ཞི་བ་ལྷས། གང་ཞིག་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་ལྟར། །དེ་བཞིན་སེམས་ཅན་གནོད་


JSD002_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱས་ན་ཡང་། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་རྒྱ་གཞུང་ལུང་གིས་རྒྱབ་སྐྱོར་ནས་གསུངས་པ་ལ་ཡིད་ཆེས་མི་བྱེད་ན་ཐེག་ཆེན་པར་ཅི་ལ་རུང་། བླུན་པོ་མཁས་སུ་རེ་བ་ཁ་ཅིག །སྙིང་རྗེ་ཅན་གྱིས་ཤ་ཟ། དམ་ཚིག་ཅན་གྱིས་ཆང་བཏུང་། ཞེས་ཁུངས་མེད་བདུད་ཀྱི་གསང་ཚིག རྡོལ་ཐབས་སུ་སྨྲ་བ་ཡང་གོང་དུ་སྨྲོས་མ་ཐག་པའི་ལུང་རིགས་རྣམས་ཀྱིས་ཚར་བཅད་པ་ཡིན་ནོ། །ཡང་བདུད་དང་དམ་སྲིའི་ལོག་སྨོན་གྱི་འཕྲུལ་ལས་བྱུང་བའི་རྩ སྙིགས་དུས་རྫས་ཀྱི་དུ་རུ་ཀ་ཐ་མ་ཁའི་རིགས་རྣམས་ཀྱང་དྲི་ཙམ་ཡང་བསྟེན་མི་རུང་སྟེ། རྩོད་བྲལ་གྱི་གཏེར་ཆེན་སྟག་ཤམ་བསམ་གཏན་གླིང་པའི་གཏེར་བྱོན་ཁོག་དབུབ་སྲིད་པའི་ཆོས་འབྱུང་ལས། ཟས་མེད་གོས་མེད་ཁ་ལ་དུ་བ་རྔུབས༔ འདྲེ་རྩ་ཕྱེ་ནས་རྒྱལ་བསེན་ལུས་ལ་འཇུག༔ ཅེས་དང་། རིག་


JSD002_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཐུགས་མཆོག་རྡོ་རྗེའི་རྩ་གསུམ་ཐུགས་སྒྲུབ་དབང་ཆེན་འདུས་པ་ལས། དུས་ངན་ཐ་མའི་ཁ་ཟས་དུ་བ་རྔུབས༔ སྟེང་གི་ལྷ་ཁྲོས འོག་གི་ཀླུ་རྣམས་བརྒྱལ༔ བར་གྱི་གཉན་འཆི་མཛེ་ནད་སྣ་དགུ་དར༔ བོད་ཁམས་ལྷ་མནོལ་དགྲ་དང་གཤེད་དུ་བབས༔ སྐྱོབ་པའི་ལྷ་སྲུང་བྱེ་བྲལ་བྱད་མཐུ་ཟུག༔ ཤེས་རབ་རྩ་འགགས་ཉོན་མོངས་ལས་རླུང་རྒྱས༔ དབུ་མ་འགགས་པས་རང་རིག་གསལ་མདངས་ནུབ༔ བསོད་ནམས་མར་འགྲིབ་སྲིད་པ་ཐམས་ཅད་འཁྲུགས༔ དུས་ཀྱི་ཆར་ཆད་དུས་མིན་ཆུ་ལོག་རྡོལ༔ ལོ་ཉེས་མུ་གེ་ནད་མཚོན་བསྟུད་མར་འགྱུར༔ ཞེས་དང་། སྒམ་པོ་པ་ཨོ་རྒྱན་འགྲོ་འདུལ་གླིང་པས། སྲིན་མོའི་ཁྲག་ཐིགས་རྩྭ་སོག་ལོ་མ་དེའི། །དྲི་ཙམ་སུས་འཐུང་རྡོ་རྗེའི་དམྱལ་བར་སྐྱེ། །ཞེས་གསུངས་པ་དང་། འཁྲུལ་


JSD002_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཆེན་པོ་པདྨ་བདུད་འདུལ་གྱིས། སྙིགས་མའི་བསླུ་བྲིད་དུག་གི་ཟས། །ལོག་པའི་འཚོ་བ་ཐ་མ་ཁ། །རྫས་ངན་ཞི་བར་བྱིན་གྱིས་རློབས། །དམ་ལྡན་ཕོ་མོའི་ཚོགས་རྣམས་གསོན། ཤེས་བཞིན་བཙན་དུག་མ་འཐུང་ཞིག །སྔོན་ཚེ་སྲིན་མོ་སྤུན་དགུ་ཡི། །མངལ་ཁྲག་འབྲས་བུའི་ལོ་མ་འདིས། །རྒྱ་བོད་གཉིས་བར་ནད་སྣ་འདྲེན། །མི་མཐུན་སྣ་ཚོགས་ལྟས་ངན་འོངས། །དམ་ཆོས་བྱིན་རླབས་ནུས་པ་འཇོམས། །དེ་ཕྱིར་སྤང་བ་ཤིན་ཏུ་གཅེས། ། གསེར་གྱི་མཆོད་རྟེན་སེར་པོ་ལ། །དུག་ཆུ་ནག་པོ་བྱུགས་པ་བཞིན། །དལ་འབྱོར་ལུས་དཀྱིལ་རྩ་ཁམས་ཀློང་། །རྫས་ངན་སྣ་དུད་སུས་བཏང་ཡང་། །དབུ་མའི་ནང་དུ་མུན་པ་འཁྲིགས། །རོ་རྐྱང་རྩ་སྦུབས་གཏན་ནས་འགག །ཨ་ཐུང་ཤི་ནས་བདེ་དྲོད་ཡལ། །སྒྲོན་དྲུག་མ་རིག་སྤྲིན་གྱིས་


JSD002_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

གཡོགས། །འདོད་པའི་ཁ་སྣར་ཆུ་ཡང་རྡོལ། །ཉོན་མོངས་དུག་ལྔ་དགུ་འགྱུར་འཕེལ། །བརྟུལ་ཞུགས་སྤྱོད་པ་མ་གཏོགས་པ། རྫོགས་པའི་སངས་རྒྱས་བྱོན་ན་ཡང་། །འཆི་དུས་འཕོ་བ་ཐེབས་པ་མིན། །སྤངས་ན་བདེ་ཆེན་ཞིང་དུ་གྲོལ། །ཞེས་དུག་རྫས་འབྱུང་བའི་རྒྱུ་དང་། བོ་ཉེས་དམིགས་བཅས་གསལ་བར་བསྟན་ཀྱང་སྤང་བར་མི་བྱེད་པའི་ཁར། ད་དུང་ཉེས་པ་མེད་ཚུལ་གླེང་ནས་མ་རིག་སྐྱེ་བོ་མང་པོ་ཕྱིན་ཅི་ལོག་གི་ལམ་དུ་འཁྲིད་པ་ནི། དམ་སྲི་རྒྱལ་འགོང་གིས་བསླུས་པར་ཟད་དེ། གྲུབ་དབང་དྷརྨ་སེང་གེས། ད་ནི་མུ་སྟེགས་པའི་རྫས་ངན་གྱིས་བསླུས་པ་དང་། རྒྱལ་འགོང་དམ་སྲི་སྙིང་ལ་ཞུགས་པའི་དུས་རྟགས་ཀྱི་ལུང་བསྟན་མང་པོ་དུས་ལ་བབས་ནས་གདའ་བས་ཅི་དྲག་ཅེས་ཐུགས་མངོན་པར་སྐྱོ་བའི་གསུངས་བྱོན་པ་


JSD002_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། གཞན་ཡང་ཆུ་བཟང་བཀའ་འབུམ་དང་། ཞབས་དཀར་བའི་གསུང་དུག་དོན་རིག་པའི་མདའ་མོ་ཞེས་པ་དང་། ཟེ་ཆེན་རྒྱལ་ཚབ་པདྨ་རྣམ་རྒྱལ་གྱི་གསུང་འབུམ་སོགས་མཁས་གྲུབ་སྐྱེས་ཆེན་མང་པོས་ཡང་ཡང་དགག་པ་མཛད་འདུག་པ་འདི་དག་ལ་རྒྱུ་མཚན་དང་དགོས་པ་ཆེན་པོ་ཡོད་པས་དུག་ལ་སྨན་དུ་མི་བཟུང་ངོ་། །དེ་དག་གི་ཞར་ལ་སྤང་བར་བྱ་བ། ཤོ་རྒྱན་མིག་མང་རྩེ་བ། གློག་བརྙན་ལ་བལྟ་བ། ཚོང་དང་བུན་སྐྱེད་ལ་གཡེང་བ། གྲོང་ཆོག་འདྲེ་འདུལ་ལ་རྟག་ཏུ་འབྱམས་པ་རྣམས་ནི་ཁྱིམ་པ་སུན་འབྱིན་དང་བྱ་བ་ངན་ཞེན་གྱི་ལེ་ལོ་སྐྱེས་ཆེན་དམ་པས་ཁྲེལ་ཞིང་། འཇིག་རྟེན་ཡ་རབས་སྐྱེ་བོ་རྣམས་ཀྱིས་སྨོད་པར་འགྱུར་ལ། ཐོས་བསམ་སྒོམ་པའི་གེགས་དང་བར་ཆད་ཐུ་ཤོས་ཡིན་ཀྱང་། དེང་སང་ཆོས་པ་རྣམས་ཀྱིས་དེ་ལ་ཇི་སྙམ་མེད་པར་ཉིན་


JSD002_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཀུན་ཏུ་ཐུགས་དམ་སྙིང་པོར་བྱེད་པ་ནི་བསྟན་པ་སྙིགས་མའི་རྟགས་ཡིན་ཏེ། རང་བྱུང་རྒྱལ་བས། སྙིགས་མ་ལྔ་བདོའི་མར་འགྲིབ་དུས། །ཐུབ་པའི་བསྟན་ལ་ཞུགས་ལགས་ཀྱང། །རྒྱལ་འགོང་བདུད་ཀྱི་ཆོ་འཕྲུལ་གྱིས། །ཕལ་ཆེར་ལོག་པའི་ལམ་དུ་འཁྲིད། །ཅེས་གསུངས་པའི་ཐོག་ཏུ་བབས་པར་གདའ། བཤེས་སྤྲིང་ལས། རྒྱན་པོ་འགྱེད་དང་འདུས་ལ་བལྟ་བ་དང་། །ལེ་ལོ་སྡིག་པའི་གྲོགས་ལ་བསྟེན་པ་དང་། །ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་པར་འགྱུར་བས་དེ་དྲུག་སྤང་། །ཞེས་དང་། དུས་ཀྱི་འཁོར་ལོ་ལས་བསྟན་པ་སྔགས་ཀྱི་དམ་ཚིག་བརྟུལ་ཞུགས་ཉེར་ལྔའི་ནང་གསེས་ཉེ་བའི་སྡིག་པ་ལྔའི་དང་པོ་དང་གཉིས་པའི་དོན་སྡོམ་གསུམ་འགྲེལ་པ་དཔག་བསམ་སྙེ་མ་ལས། ཤོ་དང་མིག་མང་སོགས་ཆོ་ལོ་རྩེ་བ་དང་། བཟའ་བ་དང་རིན་གྱི་དོན་དུ་བསད་པའི་ཤ་སོགས་ཁ་ན་མ་ཐོ་བ་ཆོས་དང་མི་མཐུན་པའི་ཟས་ཟ་བས་འཚོ་བ་དང་ཞེས་གསུངས། གྲུབ་དབང་དྷརྨ་སེང་གེས། གཞན་ཡང་སྣ་ཐ་ཐ་མ་ཁའི་རིགས་དང་། ཤོ་


JSD002_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆོ་ལོ་རྒྱན་འགྱེད་མདའ་རྡོ་རྩེ་བ་སོགས། དོན་མེད་ཀྱི་བྱ་བ་ཞེ་སྡང་ཕྲག་དོག་ཤུགས་ཀྱིས་འཕེལ་ཞིང་། སྙིང་པོ་མེད་པ་ཡ་རབས་ཁྱིམ་པ་རྣམས་ཀྱིས་ཀྱང་སྤང་བྱ་ཡིན་ན། ཆོས་སྒོར་ཞུགས་པ་དག་ལ་སྨོས་ཅི་༤ དགོས། ཞེས་གསུངས། དེ་བཞིན་དུ་ཚོང་བྱེད་པ་ལ་ཡང་མི་ཚངས་སྤྱོད་དང་ལོག་ལྟ་ཙམ་མ་གཏོགས་མི་དགེ་བ་བཅུ་པོ་ཕལ་ཆེར་ཚང་བས་ཆོས་པ་དང་ལྷག་པར་རབ་ཏུ་བྱུང་བ་རྣམས་ཀྱིས་ངེས་པར་སྤངས་དགོས་ཏེ། དེ་མ་སྤང་ན་ཉིན་མཚན་ཀུན་ཏུ་བློ་སེམས་དེའི་ཕྱོགས་སུ་གཡེང་ཤོར་ནས་རྒྱུད་ལ་ཐོས། །


JSD002_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་སྒོམ་པའི་ཡོན་ཏན་དང་འཁོན་པ་ལྟར་འགྲོ་བའི་ཚུལ། རང་བྱུང་རྒྱལ་བས། དཀོན་མཆོག་བླ་མའི་རྫས་ལ་སྲེད། །ཚོང་དང་ཁེ་སྤོག་དོན་དུ་གཉེར། །ཟ་འདོད་བསླུ་བའི་སེམས་དང་ལྡན། །བྱ་རོག་ལྟ་བུར་སྒོམ་དང་འཁོན། །ཞེས་དང་། དཔལ་སྤྲལ་རིན་པོ་ཆེས། ཚོང་ལ་སོགས་པའི་སྐབས་སུ་ཕ་རོལ་བསླུ་བྱེད་ཀྱི་རྫུན་གཏོང་བ། བྲེ་ལོག་དང་སྲང་ལོག་འཛུགས་པ་སོགས་ཀྱིས་ཕ་རོལ་གྱི་རྒྱུ་རྫས་ལེན་པ་ནི་གཡོ་སྒྱུས་མ་བྱིན་པ་དེས་ན་དེང་སང་རང་རེ་རྣམས་ནས་དངོས་སུ་རྐུ་བ་སོགས་མ་བྱས་ཕྱིན། ཚོང་སོགས་གཡོ་ཐབས་ཀྱིས་བླངས་པ་ཉེས་པ་ཡོད་སྙམ་མི་འདུག་སྟེ། གཡོ་སྒྱུ་བྱས་ཕྱིན་ཚོང་གི་ཁེ་ཇི་ཙམ་རྙེད་པ་དེ་བརྐུས་པ་དངོས་དང་ཁྱད་མེད། ཁྱད་པར་དེང་སང་གི་སྐབས་སུ་བླ་མ་དང་། སེར་མོ་རྣམས་


JSD002_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་ཚོང་བྱེད་པ་ལ་ཉེས་པའམ་སྐྱོན་དུ་མི་ལྟ་ཞིང་སྐུ་ཚེ་དེ་ལ་བསྒྲིལ་ནས་ཕོ་རྒོད་པོར་རློམ་པར་འདུག་ཀྱང་། བླ་མ་སེར་མོ་བ་ཞིག་གི་རྒྱུད་ཆུད་ཟོས་བྱེད་པ་ལ་ཚོང་ལས་ཐུ་བ་གང་ཡང་མེད་དེ། རྟག་ཏུ་དེ་ལ་གཡེང་བས་སློབ་གཉེར་དང་སྒྲིབ་སྦྱོང་སོགས་བྱེད་རྒྱུའི་བློ་གཡེལ་ཞིང་གོ་སྐབས་ཀྱང་མེད། མཚན་མོ་ཉལ་བའི་དུས་ཚུན་ཆད་ཚོང་རྩིས་ཀྱི་བསམ་བློ་གཏོང་བས་དད་པ་དང་ངེས་འབྱུང་སྙིང་རྗེ་སོགས་ཀྱི་རྩ་བ་ཆད། དུས་རྟག་ཏུ་འཁྲུལ་པའི་གཞན་དབང་དུ་འགྱུར་བ་ཡིན། ཞེས་གསུངས་པ་དང་། འཇིགས་མེད་བསྟན་པའི་ཉི་མས། དགེ་འདུན་པས་དམར་ཆོག་དང་། བཙུན་པས་ཁེ་སྤོགས་ཆེན་པོ་དང་། ཁྱད་པར་བཤས་ཚོང་བྱེད་པ། དགོན་ཁང་དུ་སེར་ཁྱིམ་འཛིན་པ་སོགས་སངས་རྒྱས་ཀྱི་བླ་འཚོང་ཞིང་རྒྱལ་བའི་བསྟན་པ་ལ་ཐན་སྐྱེལ་བ། འཕགས་པའི་


JSD002_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་གྱི་རྐང་འདྲེན་ཅིང་། ལྷ་དཀར་ཕྱོགས་སྐྱོང་བས་མཐོང་ན་དམོད་འདེབས་པའི་སྤྱོད་ངན་རྣམས་རེག་ཕུང་གི་དུག་བཞིན་རིང་པོ་བས་ཀྱང་ཆེས་རིང་པོར་སྤོངས། ཞེས་གསལ་བར་གསུངས་ནའང་དེང་སང་ནི་བསྟན་པ་ཉམས་རྟགས་ཚོང་ཕལ་པ་ལས་ཐུ་བ། གསེར་སྐུ། ཐང་ཀ། གསུང་རབ་གླེགས་བམ། ཕུར་པ། རྡོར་དྲིལ་སོགས་རྟེན་རྙིང་བྱིན་རླབས་ཅན་དང་། གསང་སྔགས་ཀྱི་དམ་ཚིག་གི་རྟེན་དུ་གསང་ཞིང་བཅང་བར་འོས་པ་རྣམས་ཆོས་མེད་ཀླ་ཀློ་མུ་སྟེགས་པ་ལ་ནོར་དང་བརྗེ་ཞིང་། ཐབས་སྣ་ཚོགས་ཀྱི་སྒོ་ནས་རྒྱལ་བའི་སྐུ་གསུང་ཐུགས་རྟེན་ཉོ་ཚོང་བརྐུ་བ་དང་འཕྲོག་བཅོམ་གཏའ་མར་བཞག་པ་ཡན་ཆད་བྱེད་ནས་དཀོན་མཆོག་གི་དཀོར་དང་བླུ་ཡོན་ཟ་མཁན་བླ་སྤྲུལ་དགེ་འདུན་མན་ཆད་ནས་མི་ནག་སྐྱེ་བོ་ཡན་ཆད་དྲག་ཞན་སུ་ཡིན་


JSD002_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། སྐྱབས་འགྲོ་དང་འགལ་ཞིང་། བསྟན་པ་འཇིག་པའི་ཆོམ་རྐུན། གསང་སྔགས་གསང་བ་ཐུགས་ཀྱི་དམ་ཚིག་ལས་འགལ་བ། ནང་པ་སངས་བླ་མའི་གསུང་མ་ཆོག་པར་ཕྱུག་པོ་ཞིག་གི་བསྙེན་བཀུར་ལ་ཊ་རྒྱས་པའི་བླ་བཙོང་དེ་འདྲ་ནི་དམྱལ་བར་ཁྱུ་དེད་དུ་བཏང་བའི་ས་མཁན་འབྲེལ་ཚད་ཕུང་ལ་སྦྱོར་བ་ལགས་པས་དེ་རྣམས་དང་ཁ་ལག་སྤྱོད་གསུམ་འདྲེས་པ་ཙམ་ཡང་མི་རུང་ན། དེའི་ལད་མོ་བྱེད་པ་ལྟ་ཅི་སྨོས། དབོན་སྟོན་སྐྱེར་སྒང་བའི་རྣམ་ཐར་ལས། ཕྱིན་པ་དང་། དེའི་དགོང་མོ་ལུས་པོ་ཐམས་ཅད་གཤག་གཏུབ་བྱས་པ་བཞིན་ན་ནས་སྨན་དང་རིམ་གྲོ་གང་གིས་ཀྱང་མ་ཕན་པར་ཤི་ལ་ཐུག་པར་ཐོ་རངས་ཁར་སྒྲོལ་མ་དཀར་མོ་བྱོན་ནས། ཁྱོད་ཀྱི་ནད་འདི་སྐུ་གླུད་ཟོས་པས་ལན་པ་ཡིན། དེ་ལ་གཞན་གྱིས་མི་ཕན་པས་བྲུལ་གཏོར་ཐོངས་ཤིག །དེས་དམྱལ་བའི་


JSD002_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཞི་ཞིང་ནད་ལས་གྲོལ་བར་འགྱུར་རོ་ཞེས་གསུངས་ནས། བྲུལ་གཏོར་བཏང་བས་ནད་དྲག་པོ་སོས་སོ། །ཞེས་བྱུང་། ཆོས་སྙིང་ནས་བྱེད་ན་དད་ཟས་གཤིན་དཀོར་ཟ་བ་དང་། གྲོང་ཆོག་འདྲེ་འདུལ་ལ་མགོ་འཁོར་བ་རྣམས་ཀྱང་ཚོད་བག་དང་ལྡན་པར་མ་བྱས་ན། སྙིང་ཐིག་གི་རིག་འཛིན་གོང་མ་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས། དེ་ལ་སངས་རྒྱས་ཀྱི་བསྟན་པ་སྤང་ཀློག་གཉིས་ཀྱིས་འཛིན་དགོས་པ་ལ། མིང་བསྟན་པ་ལ་ཞུགས་པར་བཏགས་ནས། ཡིག་ངོ་ཤེས་པ་ཙམ་ནས། དབྱར་སྟོན་གྱི་ནམ་ཟླ་ཐམས་ཅད་གྲོང་ཆོག་ལ་ཟད། དགུན་དཔྱིད་ཀྱི་ཟླ་བ་བྱུང་ཚེ་སྐྱེ་ཁ་དང་རྐྱལ་ཁའི་གཉེར་པ་ལ་བཏང་ན། ཁང་གོག་སྟོང་པ་ཤ་སྟག་གིས་ཤཱཀྱ་སེང་གེའི་བསྟན་པ་མི་ཟིན་ཅིང་། བནྡེའི་ཕ་ཁང་གཙུག་ལག་གི་ཁང་པ་


JSD002_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་རང་གི་ཕ་ཐོབ་ཀྱི་རལ་གྲི་ཐང་ལ་མི་འཆོར་བར་བྱ། ཞེས་གསུངས་པས། དཀོར་དང་གྲོང་ཆོག་ལ་མགོ་འཁོར་བའི་སྐྱོན་གྱིས་དགེ་སྦྱོར་ལ་ཡར སྐྱེད་མི་འབྱུང་ཞིང་། རྒྱུད་དཀོར་གྱིས་ཚིག་སྟེ། དད་པ་དང་ངེས་འབྱུང་འགྲིབ། ཆགས་སྡང་དང་རེ་དོགས་ཆེ་རུ་སོང་ནས། འཇིག་རྟེན་ཆོས་བརྒྱད་དང་འབྲེལ་བའི་བྱ་བ་མི་བྱེད་དགུ་བྱེད་བྱས་ཏེ། བླ་མ་དང་མཆེད་ལྕམ་ལ་ལོག་ལྟ་དང་སྐུར་པ་འདེབས། སྡོམ་པ་དམ་ཚིག་ཆུ་ལ་སྐྱུར། ཉེས་ལྟུང་དང་དཀོར་གྱི་རྣམ་སྨིན་ཚད་ལས་འདས་པ་ཞིག་ཁུར་ནས་ཐར་པའི་དུས་མེད་པའི་ངན་སོང་དུ་འགྲོ་བ་ལ་ཚེགས་མེད་དེ། ཇི་སྐད་དུ། དཀོར་ནག་པོ་སྲོག་གི་གྲི་ཡིན། །ཟོས་དྲགས་ན་ཐར་པའི་སྲོག་རྩ་གཅོད། ཅེས་དང་། མདོ་ལས། དགེ་སློང་གཉིས་པོ་འདིས་དད་པའི་ཟས་བཟའ་བར་གནང་གི། གཞན་


JSD002_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་ནི་ཅུང་ཟད་ཀྱང་མ་གནང་ངོ་། །གཉིས་གང་ཞེ་ན། ལྡན་པ་དང་གྲོལ་བའོ། །ཞེས་གསུངས་པས་ལྡན་པ་ནི། ཚུལ་ཁྲིམས་དང་ལྡན་པ། གྲོལ་བ་རང་རྒྱུད་གྲོལ་བ་ལ་ཟེར། ཁ་ཆེ་པཎ་ཆེན་གྱིས། རྫས་ལ་སྲེད་པས་གྲོང་ཆོག་བྱེད་པ་རྣམས། །ལོག་འཚོའི་དུག་ཆུ་མ་འཐུང་སྙིང་གཏམ་ཡིན། །དད་པས་བྱིན་པའི་ཁ་ཟས་འཇུ་བ་ལ། །བསླབ་གསུམ་རྣམ་དག་གང་རུང་ལྡན་པ་འཚལ། །ཧ་ཅང་སྡེ་ཆེན་དཀོར་ལ་རྔམ་པ་༤ རྣམས། །ངན་འགྲོའི་གཡང་ལ་མ་མཆོང་སྙིང་གཏམ་ཡིན། །ཞེས་དང་། ཀུན་མཁྱེན་འཇིགས་གླིང་གིས། རྔ་བརྡུང་། གླུད་གྱེར། གཏོ་ཡས་ལ་མགོ་འཁོར་འདི་མ་བྱས་ན་ལྟོ་མི་འདུག་ཟེར། སྲང་ཁའི་ཁྱི་ལས་ཀྱང་བྲེལ་ཚུབས་ཆེ་བར་སོང་གིས་དགོས་པས་ཚོད་ཟིན་པར་བྱ། ཞེས་དང་། དཀོན་


JSD002_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དཀོར་འཕྲོག་དགེ་འདུན་ལས་བྱེད་དང་། །ལྡན་གྲོལ་གཉིས་མེད་དཀོར་ལ་རང་དགར་སྤྱོད། ལེགས་སྨོན་དོན་གཉེར་ཁྱིམ་པ་སུན་འབྱིན་ཅན། གཞན་རྒྱུད་བསྲེག་པའི་དགེ་སྦྱོང་ལུས་སྤོང་ཤོག །ཅེས་སྨོན་ལམ་དུ་མཛད་པ་དང་། རང་བྱུང་རྒྱལ་བས། གཞན་གྱིས་ཚོགས་བསགས་བྱེད་པ་ལ། །ཡི་རང་མི་བྱེད་ཆུད་གསན་བྱེད། །དད་གཤིན་དཀོར་ལ་ཉིས་ལྡབ་ལེན། །ཡི་དྭགས་སྐྱེ་བའི་བར་ཆད་ཡིན། །ཞེས་དང་། ཆོས་སེང་གིས། ཆོས་པ་གྲོང་ཆོག་ལ་མགོ་འཁོར་བ་ནི་ཁྱི་སྨྱོན་རང་དབང་མེད་པ་དང་འདྲའོ། །ཞེས་གསུངས་པ་ལྟར་སྔོན་གྱི་གཙང་བླ་རྟ་ནག་ཅན་སོགས་དཀོར་ཟན་མང་པོ་ཞིག་ངན་སོང་གི་གནས་སུ་འོ་བརྒྱལ་བའི་ཚུལ་ལ་གཞིག་ནས་ཡོན་བདག་གི་གྲོང་ཆོག་ལ་མགོ་མ་འཁོར་བར་བྱ། གལ་ཏེ་ཤི་དགེ་གསོན་རིམ་བསྒྲུབ་རྒྱུའི་


JSD002_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཡོན་དང་བསྙེན་བཀུར་ཞབས་ཏོག་ཚུར་འབུལ་མཁན་བྱུང་བ་ཡིན་ན། དེ་ལ་གལ་ཆུང་མི་བྱེད་པར་དམ་པ་གསུམ་དང་འབྲེལ་བའི་ཞལ་འདོན་སྨར་བ་རེ་བསྒྲུབ་དགོས། ལར་དུས་རྒྱུན་གྱི་འཚོགས་སྒྲིག་དང་ཆོས་བརྗོད་ཞལ་འདོན་ལ་མཚོན་ན། སྔ་དགོང་གཉིས་ལ་མཁར་རྔའི་བརྡས་བསྐུལ་ཏེ་ཚོགས་ཐེངས་རྀ་འཚོགས་དགོས། ཚོགས་བརྡ་བཏང་ནས་དགེ་འདུན་རྣམས་འཚོགས་གྲུབ་རྗེས་ནན་ལྟར་ཕྱི་བ་བྱུང་ན་དགེ་བསྐོས་པས་དེ་ལྟར་ཕྱིས་ནས་བྱེད་མི་ཆོག་ཅེས་བརྡ་སྦྱར། དེ་ལ་སྔ་དྲོར་སྙིང་ཐིག་རང་ལུགས་ཆོས་སྤྱོད་བསྟན་པ་ཡོངས་རྫོགས་དང་། རང་ལུགས་གནས་བརྟན་ཕྱག་མཆོད། བསམ་ལྷུན། བར་ཆད་ལམ་སེལ། བསམ་པ་མྱུར་འགྲུབ་མ་བཅས་ཀྱིས་གྲོལ། ཕྱི་དྲོར། དཔལ་ཆེན་རྒྱུན་ཁྱེར་སྔོན་དུ་འགྲོ་བས། མ་མགོན།


JSD002_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ། ཚེ་རིང་མ། གསེར་སྐྱེམས་རིག་འཛིན་རྩ་བརྒྱུད་མ། འདོད་གསོལ་བར་དང་། གཏོར་འགུགས་སྔགས་འབུལ། ཕྲིན་བཅོལ། མཆོད བསྟོད། བཤགས་པ། བརྟན་བཞུགས། བསྔོ་སྨོན། ཤིས་བརྗོད་བཅས་མཐར། ཤེས་རབ་སྙིང་པོ། མདོ་སྒྲུབ། སེང་གདོང་མའི་རིག་སྔགས་དང་བཟློག་པ། གདུགས་དཀར་བཟློག་པ་རྣམས་ཐལ་རྡེབ་བཅས་བྱས་ལ། བཟང་སྤྱོད། མདོ་སྔགས་སྨོན་ལམ་གཉིས་རེས་མོས་བྱ། སྐུ་གསུམ་ཞིང་ཁམས་སྦྱོང་བའི་སྨོན་ལམ། ལེགས་སྨོན་དངོས་གྲུབ་རྒྱ་མཚོ་མ་བཅས་ཀྱི་མཐར། ཕན་བདེ་འབྱུང་བའི་སོགས། དཔལ་ལྡན་བླ་མའི་སྐུ་ཚེ་སོགས། བསྟན་པའི་དཔལ་གྱུར་སོགས། རྒྱལ་བ་ཀུན་གྱི་ཉེ་ལམ་སོགས། ཐུབ་བསྟན་མཛེས་པའི་སོགས་ཀྱིས་མཐའ་བརྒྱན་ཏེ་ཚོགས་གྲོལ། ཐོ་རངས་དང་


JSD002_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྲོད་ལ་རང་རང་སོ་སོའི་གྲྭ་ཤག་ཏུ། ཐོ་རངས་སྔོན་འགྲོ་དྲན་པ་ཉེར་བཞག་ཚིག་ཕྱིར་སེམས་གཞོལ་ཏེ་བཏང་བའི་མཐར། ཟངས་མདོག་དཔལ་རིའི་སྨོན་ལམ་དང་། དུས་མཐར་གདབ་པའི་སྨོན་ལམ་ལྟུང་བཤགས་བཅས་ཐོན་རྗེས་ཡོ་བྱད་དང་བརྩོན་འགྲུས་ཀྱིས་ལྕོགས་མཁན་ཡོད་ན་སྤུངས་གཏོར་བསྡུས་པ་ཙམ་རེ་བཏང་ལ་ཞོགས་ཇ་བཞེས། སྲོད་ལ་གུར་དྲག་རྟ་ཁྱུང་འབར་བའི་བསྐྱེད་བཟླས་དང་། བརྗོད་མེད་དོན་བཤགས། བདེ་གཤེགས་སྤྱི་བཤགས། རྫོགས་ཆེན་གཞི་ལམ་འབྲས་བུའི་སྨོན་ལམ་བཅས་བཏང་མཐར་ཉལ་བའི་རྣལ་འབྱོར་ལ་འཇུག །ཉིན་མོའི་གུང་ཚིགས་དུས་སུ་ཕུད མཆོད་བྱ་ཚུལ་བདེན་གཉིས་ཤིང་རྟ་ལས་ཇི་ལྟར་གསུངས་པ་བཞིན་ཡོན་སྦྱོང་སྨོན་ལམ་བཅས་རྟག་པར་མ་ཆག་པར་བྱ། གུང་གསེང་སྐབས་སོགས་རྣམ་ཀུན་


JSD002_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་ཆོས་ལ་དགོངས་པ་མ་ཞུས་པར་མཁར་རྔ་བརྡུངས་པའི་སྒྲ་སྐད་ཐོས་ས་ཕན་འཁྱམས་མྱུལ་དུ་མི་འགྲོ། དལ་ཁོམ་བྱུང་དུས་རྣམ་གཡེང་བག་མེད་རྩེ་འཇོ་སྐད་ཅོར་སོགས་འཇིག་རྟེན་སྐྱེ་བོའི་འདུ་ལོང་ལྟར་མི་བྱ་བར་འཇམ་ལྷིངས་ཞི་དུལ་དང་ལྡན་པས་གནས་པར་བྱ། ན་བ་བྱུང་ན་ནད་གཡོག་དང་། གལ་ཏེ་འཆི་བར་གྱུར་ན་དགེ་སྦྱོར་གསལ་འདེབས་དང་ཕུང་པོ་བསྲེག་སྦྱོང་ཞག་ཞེ་དགུའི་བར་བདུན་ཚིགས་ལ་རྡོར་སེམས་སམ་ཞི་ཁྲོའི་ཆོ་ག་རེ་གཏོང་། ཡར་་་་མར་ཚེས་བཅུ་གཉིས་ལ་རིག་འཛིན་ཡབ་ཀ་དང་ཡུམ་ཀའི་སྒོ་ནས་ཚོགས་མཆོད་རེ་གཏོང་དགོས། དེ་ཡང་འདོན་འགྲིགས་རང་སྣང་གང་དྲན་མིན་པར་ཟིན་བྲིས་རིག་འཛིན་ཞལ་ལུང་གཞིར་བཞག་བྱ་ཞིང་། མི་ཕམ་རིན་པོ་ཆེའི་བསྟན་རྒྱས་སྨོན་ལམ་རེ་འཕར་མར་འདོན་པ་ཁྱད་པར་ཡིན། ལར་སློབ་གཉེར་སོགས་


JSD002_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྤྱོད་བཅུས་དུས་འདའ་བར་བྱ་དགོས་པས། བརྒྱུད་པ་རིན་པོ་ཆེ་འདིའི་ཐོས་བསམ་བྱ་ཡུལ་མ་ནོར་བའི་གཞུང་ལུགས་ལ་མཚོན་ན། ལས་དང་པོ་པ་རྣམས་ཐོག་མར། སྔོན་འགྲོའི་ཁྲིད་དྲན་པ་ཉེར་བཞག་དང་། ལག་ལེན་འདེབས་པ། སེམས་སྦྱོང་རྣམ་པ་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས། ཁྲིད་ཡིད་ཀུན་བཟང་ཞལ་ལུང་དང་། དེའི་ཟིན་བྲིས། སྤྱོད་འཇུག་རྩ་འགྲེལ། པཎ་ཆེན་པདྨ་དབང་རྒྱལ་གྱི་སྡོམ་གསུམ། ཡོན་ཏན་མཛོད་རྩ་འགྲེལ། བསྐྱེད་རིམ་ལྷ་ཁྲིད་འོག་མིན་བགྲོད་པའི་ཐེམ་སྐས་དང་། དཀའ་གནད། སྨིན་གྲོལ་རྒྱབ་བརྟེན་པདྨ་དཀར་པོ་སོགས་གཞུང་སྙིང་པོར་དྲིལ་བ་དང་། ངེས་ཤེས་སྒྲོན་མེ། དབུ་མ་རྒྱན་འགྲེལ། གསང་སྙིང་འགྲེལ་པ་ཕྱོགས་བཅུའི་མུན་སེལ་དང་། མི་ཕམ་སྤྱི་དོན་འོད་གསལ་སྙིང་པོ།


JSD002_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་ལོའི་གསང་བདག་དགོངས་རྒྱན་དང་། ཞལ་ལུང་བཅས་དང་། དེ་དག་གི་རྒྱབ་བརྟེན་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་དགོངས་གཏེར་མན་ངག་གི་མཛོད་ཆེན་རྣམ་པ་བདུན་བཅས་གསང་ཆེན་བསྟན་པའི་གན་མཛོད་རྣམས་ལ་དཔེ་མཇལ་ཡན་ཆད་བྱ་ནུས་ན་བྱིན་རླབས་ཀྱི་བབ་དང་ལྡན་པས་སྐལ་བ་བཟང་པོ་ཡིན། དེ་ལྟར་གོང་དུ་སྨོས་པའི་གཞུང་གདམས་མན་ངག་གི་གནས་ལ་གོ་བ་ཆགས་ཤིང་མོས་བརྩོན་ལྡན་པ་བྱུང་རིམ་བཞིན་འདི་གའི་སྒྲུབ་ཁང་སྟེང་ཤོད་དུ་ལོ་གསུམ་ཕྱོགས་གསུམ་ལ་ཞུགས་ཚེ་བཤད་སྒྲུབ་གཉིས་ལྡན་གྱི་མིང་དོན་མ་སྟོར་བ་ཡིན། ལོ་གསུམ་གྱི་བཅའ་སྒྲིག་དམིགས་བསལ་བ་རྣམས་ནི་ཁོ་བོས་བྱས་པའི་སྒྲུབ་སྡེ་ཀུན་གྲོལ་འོད་གསལ་རྩེའི་བཅའ་ཡིག་ལ་བལྟ་བར་བྱའོ། །འདིར་འཕྲོས་དོན་ཅུང་ཟད་གླེང་ན། ཀུན་


JSD002_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པྲཛྙཱ་རསྨིས། རྒྱལ་བའི་བཀའ་དང་ཚད་ལྡན་མཁས་པའི་གཞུང་། །རྣམ་དཔྱོད་བརྩོན་པས་ཐོས་དང་བསམ་པར་བྱ། །ལོག་པའི་སྲོལ་ལ་ཉིན་མཚན་ཁོར་ཡུག་ཏུ། །ནན་གྱིས་བསླབ་ཀྱང་ངལ་བ་དོན་མེད་པས། །ནན་གྱིས་བསླབ་ཀྱང་ངལ་བ་དོན་མེད་པས། །དེ་ཕྱིར་མཁས་པའི་བཤད་སྲོལ་འདི་ཡིན་ཞེས། བཤེས་གཉེན་རྣམས་ལ་འདི་སྤྲིངས་སོ། །ཞེས་གསུངས་པའི་དོན་ཅུང་ཟད་བཤད་ན། ཕ་རྒོད་ཀུན་མཁྱེན་རྒྱལ་བ་ཡབ་སྲས་ཀྱིས་རྗེས་འཇུག་སྐལ་ལྡནབརྒྱུད་འཛིན་བུ་མཆོག་རྣམས་ལ་ཕ་ཕོགས་སུ་བཞག་པའི་མདོ་སྔགས་ཀྱི་གཞུང་དང་མན་ངག་གི་ཆོས་ཀྱི་བང་མཛོད་ཡིད་བཞིན་ནོར་བུས་ཀྱང་བསྒྲུན་དུ་མེད་པ་འདི་དག་རང་རེ་རྙིང་མའི་གྲལ་དུ་སྐྱེས་པ་ཀུན་གྱིས་ཐོས་བསམ་བྱ་ཡུལ་དང་གནད་འགགས་སྙིང་པོར་དྲིལ་ས་མ་ནོར་མ་འཕྱུག་པ་ཡིན་གྱི། དེ་ལས་གཞན་


JSD002_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དུ། ལས་དང་པོ་པས་བརྟག་དཔྱད་གང་ཡང་མེད་པར་ཕྱོགས་རིས་མེད་སྐད་ཀྱིས་གཞུང་ལུགས་ཡིན་ཟེར་ཚད་ལ་ཁྱི་དང་གློ་བའི་དཔེ་བཞིན་འཇུག་སྔ་བགྱིས་ཚེ་རང་ཉིད་ཅོལ་ཆུང་གི་རྟགས་བསྟན་པ་དང་རྙིང་བསྟན་གྱི་ཞབས་འདྲེན་དུ་འགྲོ་ཚུལ་སྙིང་ཐིག་གི་རིག་འཛིན་གོང་མ་རྣམས་ཀྱིས་ཡང་ཡང་གདམས་པ་ཡིན་ཏེ། དཔལ་སྤྲུལ་རྡོ་རྗེ་འཆང་གིས། སངས་རྒྱས་དངོས་དང་འདྲ་བའི་མཁས་གྲུབ་ཀྱི། །གཞུང་ལ་ཡིད་ཆེས་ཉམས་ལེན་མི་བགྱིད་པར་། །སོ་སྐྱེས་འཁྲུལ་པ་ལས་ཀྱང་ཉིང་འཁྲུལ་གྱི། །གཏམ་ལ་རེ་བ་ཆོས་སྐལ་ཆད་པའི་རྟགས། །ཉམས་ལེན་ཡིན་ན་ཌཱ་དྲིལ་ཁྲོལ་ཁྲོལ་དང་། །ཕྲེང་བ་ཁྲོག་ཁྲོག་ཅིས་ཀྱང་མི་དགོས་ཀྱི། །ངལ་གསོ་གསུམ་དང་ཡོན་ཏན་རིན་པོ་ཆེར། །གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དགོས། །དེ་ལྟར་ཤེས་ན་རྒྱལ་བའི་རྗེས་


JSD002_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཞུགས། །བཤད་དང་སྒྲུབ་པའི་བསྟན་པ་དུས་གཅིག་ཟིན། ཞེས་དང་། ཐོས་པ་མེད་པ་སྲིད་ན་སྐྱོན་ཆེ་ཡང། །ལོག་པར་ཐོས་པ་དེ་བས་སྡིག་ཆེ་བས། །མཁས་པའི་གཞུང་ལ་བལྟ་ས་ཡོད་དུས་འདིར། །ཐོས་པའི་མིག་དཀྱུས་ཅི་ཕྱིར་དག་མི་བགྱིད། །སྲིད་པ་འདི་ན་ཡིད་བཞིན ནོར་གཅིག་པུ། །ཀུན་མཁྱེན་བླ་མའི་གཞུང་ལུགས་རིན་པོ་ཆེ། །འདི་ལས་གཞན་ལ་སངས་རྒྱས་ཡོད་མིན་ན། །འདི་ལ་རབ་དགའ་མི་སྐྱེ་སུ་ཞིག་ཡོད། །ཅེས་དང་། གཞུང་བཟང་གཅིག་ཤུས་ཀུན་གྲོལ་འདི་རང་ཡིན། །མན་ངག་ཆུ་བརྒྱ་ཟམ་གཅིག་འདི་རང་ཡིན། །རང་ལ་བཞག་ནས་གཞན་ལ་མ་འཚོར་ཀྱེ། སྙིང་པོ་དོར་ནས་ཤུན་པ་མ་བསྡུ་ཀྱེ། །རྩོལ་མེད་བོར་ནས་བརྩོན་པས་མ་བསྒྲུབ་ཀྱེ། །བྱར་མེད་སྐྱུར་ནས་བྱ་བྱེད་མ་མང་ཀྱེ། །ཀུན་


JSD002_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་བླ་མའི་བརྒྱུད་དུ་སྐྱེས་ཙམ་ནས། །གཞུང་བཟང་འདི་འདྲ་མེས་པོའི་ཕ་ཕོགས་ཡིན། །ལམ་བཟང་འདི་འདྲ་ཕ་མེས་བཞག་པ་ཡིན། །བག་ཞིག ཕབ་ན་འདི་རུ་ལོས་ཀྱང་ཕབ། །ཀྱེ་མ་ཀྱེ་མ་བརྒྱུད་གསུམ་ཐུགས་རྗེ་ཆེ། །གཞུང་བཟང་མཇལ་དུ་ཡོད་པ་སྐལ་བ་བཟང། །ལམ་བཟང་བསྒྲུབ་ཏུ་ཡོད་པ་ཁ་རྗེ་ཆེ། །སངས་རྒྱས་རང་ལ་ཡོད་པ་ལོས་ཀྱང་བདེན། །དེང་སང་རྒྱལ་བ་དགྱེས་པའི་ལམ་བཟང་འདིར། །སྙིང་གི་གྲོགས་ཁྱེད་བློ་དང་ཆོས་སུ་✖ སྲེས། །སྙིང་གཏམ་ལགས་ཀྱི་སྙིང་གི་དབུས་སུ་སྟིམས། །ཞེས་གསུངས་པ་དང་མཐུན་པར། རྡོ་གྲུབ་བསྟན་པའི་ཉི་མས་མཛད་པའི་གྲུབ་དགོན་བཅའ་ཡིག་ཏུའང། གཞུང་ལུགས་ཀྱི་སྦྱངས་པ་མཐར་ཕྱིན་ནས་རང་ཉིད་བསྟན་པ་རིས་མེད་དུ་སོང་ན་མ་གཏོགས། གསར་བུའི་དུས་སུ་གཞུང་ལུགས་སྲ་སྲེ་


JSD002_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ལ་མི་འཇུག་ཅིང་། འཆད་སྤེལ་ནུས་མཁན་ཚོས་ཀྱང་ཉན་པ་པོའི་བློ་ནུས་དང་བསྟུན་ནས་སྡེ་སྣོད་སྤྱིའི་བཤད་པས་ཁོག་ཕུབ་སྟེ། གནད་རང་ལུགས་ཀྱི་འགགས་ལ་སྒྲིལ་ཞིང་འཆད་པ་ལྟ་བུ་རང་གཞུང་ཤེས་པའི་ཡན་ལག་ཏུ་བྱེད་ན་མ་བཀགྋ།དེ་ལས་གཞན་དུ་ཀུན་མཁྱེན་ཡབ་སྲས་ཀྱི་བཤད་སྲོལ་བག་ལ་ཞ་བའི་རྒྱུར་གཏོགས་རྒྱུའི་བཤད་པ་གསར་པ་ཁྱབ་གདལ་དུ་མང་ན་རང་ཉིད་ཅོལ་ཆུང་བའི་ནང་ཆ་བསྟན་པར་མ་ཟད་རྡོ་རྗེ་སྙིང་པོའི་བསྟན་་ ྨ པའི་ཞབས་འདྲེན་དུ་འགྱུར་བས་དེ་ལྟར་མ་སོང་བ་བྱ། ཞེས་གསུངས་སོ། །གསང་བ་བླ་ན་མེད་པའི་ཐུན་མིན་སྙན་བརྒྱུད་མན་ངག་གི་ཁྲིད་ཡིག་རྣམས་ནི་སྣོད་ལྡན་གྱི་བུ་མཆོག་ལ་ཆིག་བརྒྱུད་སྨིན་ཁྲིད་དུ་གདབ་པ་ལས། ཀུན་ལ་ཚོགས་ཆོས་ཁྱབ་བརྡལ་དུ་སྒྲོགས་པ་ནི་བརྒྱུད་པ་རིན་པོ་ཆེ་འདི་ལ་མེད་པས་མ་དང་


JSD002_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་བཀའ་ཆད་རིན་གྱིས་ཉོས་ནས་གཉིས་ཕུང་སྒྲུབ་མཁན་རྣམས་ལ་དགོངས་ནས། ཀུན་མཁྱེན་འཇིགས་གླིང་གིས། དུས་བསྐལ་པ་སྙིགས་མའི་བྱེད་སྤྱོད་དང་ལུང་བསྟན། །མ་འགྲོ་དྲུག་ཡོངས་ཀྱི་སྤྱི་གཙུག་ན་བབས་འདུག །ཆོས་ཚུལ་བཞིན་བྱེད་པ་ཉིན་སྐར་བས་དཀོན་པས། །མ་ཌཱ་ཀིའི་གཅེས་ནོར་ཁྱབ་བརྡལ་དུ་མ་སྒྲོགས། །ཞེས་དང་། འདི་ནི་གདོད་མའི་མགོན་པོ་ཀློང་ཆེན་ཡང་། །ཐུན་མོང་མ་ཡིན་གྲུབ་མཐའ་གང་ཡིན་པ། །དེ་ཀུན་⇨ ཚོགས་སུ་མ་གླེང་དམ་དུ་སྦོས། །གསུངས་ཤིང་ཁྲོམ་ལ་སྒྲོག་པར་མི་བཞེད་དོ། །དེ་ལྟ་མོད་ཀྱི་ད་དུས་གསང་སྔགས་ཀྱི། །དཀྱིལ་འཁོར་ར་ཁྱིའི་ཚང་དུའང་བཞེངས་བྱས་ཞིང་། །འབག་འཆམ་བྲོ་ཤོན་རྩེ་དང་ཆབས་ཅིག་པར། །ཁྲོམ་ལ་དབང་བསྐུར་བྱེད་པའི་དུས་ངན་ཤར། །དེ་ཡིས་ཆོས་ཀྱི་རོ་ཉམས་


JSD002_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་ཡལ། །བསྒྲུབས་ཀྱང་འབྲས་བུ་འབྱིན་པའི་ཟབ་ཁྱད་བུལ། །རྒྱལ་དང་དེ་སྲས་ཐུགས་དགོངས་དབྱུང་བའི་ལས། །ཡིན་ཕྱིར་དམ་ཚིག་ལྡན་པས་སྤང་བར་བྱ། །ཞེས་གསུངས་པས། རྩ་ལྟུང་བདུན་པ་འཆོལ་ཉོག་སྤྱོད་པའི་དུག་རླངས་ཀྱིས་གསང་སྔགས་ཟབ་མོའི་བྱིན་ནུས་བསྒྲིབ་ཏུ་མ་འཇུག་ཅིག །ངེད་རང་སོ་སོའི་སྐྱེ་བོ་གསང་སྔགས་མོས་པས་སྤྱོད་པ་རྣམས་ལ་དགོས་ངེས་ཤེས་པའི་བླ་མ་དང་རྡོ་རྗེ་སྤུན་གྲོགས་ལ་དད་པ་མོས་གུས། ཆོས་ལུགས་གྲུབ་མཐའ་གཞན་དང་དེ་འཛིན་པའི་ཆོས་མཛད་ཀུན་ལ་དག་སྣང་། སྡོམ་པ་དམ་ཚིག་ལ་གཅེས་སྤྲས། ལས་རྒྱུ་འབྲས་ལ་སྤང་བླང་། རང་གི་སེམས་རྒྱུད་འདུལ་བ་དེ་རྣམས་ཅི་ནས་ཀྱང་གལ་ཆེ། དེའི་ནང་ནས་སྨིན་གྲོལ་གསང་སྔགས་ཀྱི་ཆོས་སྒོར་ཞུགས་པ་ཤ་སྟག་ཡིན་པར་བརྟེན། བླ་མ་


JSD002_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆེད་གྲོགས་ཕན་ཚུན་ནང་མཐུན་པ་མ་བྱུང་ཕྱིན། གསང་སྔགས་ཀྱི་དམ་ཚིག་ཉམས་ནས་རྡོ་རྗེའི་དམྱལ་བ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱིས་ཕྲིན་ལས་མཛད་ཀྱང་ནམ་མཁའ་མ་ཞིག་བར་སྡུག་བསྔལ་ཚབས་པོ་ཆེ་མྱོང་དགོས་པ་ཞིག་ལ་སྐྱེ་བར་གསུངས་གདའ་བས་སོ་སོ་རང་ཐད་ནས་ལོག་ལྟ། ཕྲག་དོག །སྐུར་འདེབས། སྐྱོན་བརྗོད། ཤག་འགྱེད། ལྐོག་ལབ། ཟུར་ཟ་སོགས་མི་བྱ་ཞིང་། དེ་དག་རང་སྣང་མ་དག་པའི་སྐྱོན་དུ་ངོས་བཟུང་་སྟེ་དག་སྣང་སྦྱངས་དགོས་པའང་། ཇི་སྐད་དུ། གྲོགས་ཀྱི་སྤྱོད་པའི་སྐྱོན་མཐོང་ན། །རང་གི་སེམས་ཀྱི་སྐྱོན་དུ་ངེས། །རང་སྐྱོན་རང་གིས་མཐོང་བ་དང་། །དག་པའི་སྣང་བ་མཐོང་བར་ཤོག །འདུས་པའི་མཆེད་ལྕམ་མ་ལུས་ཀུན། །དམ་སེལ་རྩ་ལྟུང་མི་འབྱུང་ཞིང་། །ཉེས་པའི་དྲི་མས་གང་གོས་


JSD002_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

པ། །སྐད་ཅིག་ཉིད་ལ་དག་གྱུར་ཅིག །ཅེས་པ་ལྟར་རྟག་ཏུ་དྲན་ཤེས་བག་ཡོད་མ་བརྟེན་ན་སྐྱོན་ཐམས་ཅད་ཀྱི་རྩ་བ་འདིས་བསྐྱེད་ཉེན་ཆེ་སྟེ། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱིས། ཁྱད་པར་གསང་སྔགས་ཟབ་མོའི་སྒོར་ཞུགས་ཏེ་ཉམས་ལེན་སྙིང་པོར་དྲིལ་བའི་སྒྲུབ་པ་ཕོ་མོ་རྣམས་ཀྱང་སྐྱེས་པ་དང་བུད་མེད་ངན་པ་འཕང་ར་ལ་འཛོམ་པ་ལྟར་ཁྲོམ་ཚོགས་སུ་བསྡད་དེ་བླ་མ་དང་མཆེད་གྲོགས་སོགས་དྲག་ཞན་ཐམས་ཅད་ལ་ལེགས་ཉེས་ཀྱི་དགེ་སྐྱོན་གླེང་ཞིང་མཐར་གཅིག་སྐྱོན་གཅིག་ལ་བཏགས་ཏེ་ཐམས་ཅད་འཁོན། ནམ་ཕུག་དམ་ཉམས་ཀྱི་ཁྱུ་ཆེན་པོ་ཞིག་འབྱུང་ཉེན་ཡོད་པས་དེ་ལྟར་མི་བྱ། ཞེས་དང་། ཀུན་མཁྱེན་འཇིགས་གླིང་གིས། རང་གི་ཁོང་མ་ཞིག་པའི་བསམ་པ་ཚེར་མའི་ནགས་ཚལ་ལྟ་བུ་ཕྲག་དོག་དང་། ཀོ་ལོང་གིས་རྒྱུད་མ་རུང་


JSD002_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་པས་མཆེད་གྲོགས་ཕན་ཚུན་དུ་སེལ་འཇུག །ཕོག་ཐུག་གི་གཏམ་དང་སྐྱོན་འདོགས་པ་ལ་དགའ་ཞིང་ཆུ་སྐྱར་ཉེའུ་སྒུག་པ་བཞིན་གཞན་གྱི་སྐྱོན་རྟོག་ཇི་ལྟ་བུ་ཞིག་རྙེད་ན་བསམ་པ་འདི་དུས་སྙིགས་མའི་དགོན་ཁྲོད་ཆེ་ཆུང་གང་ནའང་མང་འདུག་པས་ཉེས་པ་ཐམས་ཅད་བསྐྱེད་པའི་རྩ་བ་ཡིན་པས་རང་གཞན་སུ་འདྲའི་ཐད་དུའང་དག་སྣང་འབའ་ཞིག་སྦྱང་བ་ལ་བསླབ་དགོས། ཞེས་གསུངས་པ་འདི་རང་ཅག་ད་ལྟའི་ཆོས་པ་ཁྱུ་ཡིས་འཚོ་བ་རྣམས་ཀྱི་བྱེད་སྤྱོད་ལ་དགོངས་་ནས་གདམས་ངག་མཚང་ཐོག་ཏུ་རྒོལ་བ་ལགས་པས་ཀུན་གྱི་ཐུགས་ལ་བཅག་པར་མཛོད། སྤྱིར་ཀུན་མཁྱེན་ཆེན་པོའི་མན་ངག་མཛོད་དང་། འཇིགས་གླིང་རི་ཆོས་ཞལ་གདམས་ངོ་མཚར་རྒྱ་མཚོ། ཚེ་རིང་ལྗོངས་ཀྱི་བཅའ་ཡིག་སོགས་ལ་ཞིབ་ཏུ་གསན་དགོངས་གནང་བའི་བསླབ་སྦྱོང་ཀུན་སྤྱོད་སོགས་སྒྲིག་


JSD002_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་རྣམས་གཏོང་མཁན་གྱིས་གཏོང་ཁུར་མཁན་གྱིས་ཁུར་ནས་སྣེ་གཅིག་མ་འགལ་བ་ཚིག་རྗེས་དོན་གྱིས་གསོབ་པ་ཞིག་བྱུང་ཚེ་མང་དུ་ཕ་རྒན་དང་ང་འདྲ་བའི་སྤྱོད་ངན་གྱི་རྗེས་སུ་ཁྱི་ནུ་མ་དགོས་ཤིང་། དོན་དུ་ཀུན་མཁྱེན་རྒྱལ་བ་ཡབ་སྲས་ཀྱི་རྣམ་ཐར་ལ་བྱ་མིག་གྱེན་བལྟ་བྱ་བ་ལས། མིག་ཐུར་ལྟས་བྱ་རྒྱུ་མིན་ཏེ། འཇིགས་གླིང་གིས། ལར་དངོས་ཀྱི་རིང་ལུགས་འཛིན་པ་ཀུན་བསྟན་པའི་མིག་རྐྱེན་འདི་གཅེས་པར་འཛིན་པ་ལས་ཞིག་པོ་དང་། ཐོ་ཅོའི་ཀུན་ཏུ་སྤྱོད་པས་ནམ་ཡང་བསྒྱིངས་པར་མི་བྱའོ། །ཞེས་གསུངས་པ་ལྟར། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་འཛིན་མཁན་དགེ་འདུན་གྱི་སྡེ་གང་དུ་ཡོད་ཀྱང་དེ་ལ་སངས་རྒྱས་ཀྱི་བསྟན་པ་དར་ཟེར་བ་མ་གཏོགས་ཕྱིའི་གཙུག་ལག་ཁང་རྒྱ་


JSD002_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་དང་བཀོད་ལེགས་པ་དང་གསེར་དངུལ་དང་གོས་ཆེན་གྱི་མཆོད་རྫས་རིན་ཐང་ཆེ་བ་རྣམ་གྲངས་འཛོམ་པ་སོགས་དང་། སེམས་ཉིད་ངལ་གསོའི་ལུང་བསྟན་ལས། བཙུན་གཟུགས་མང་ན་སྡོམ་ཉམས་མང་། །དེ་དུས་སྡེ་ཡིས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར། བཙུན་པའི་གཟུགས་བརྙན་འདུལ་ཁྲིམས་དང་སེམས་བསྐྱེད་དམ་ཚིག་གང་ཡང་མི་ལྡན་པའི་གྲྭ་པ་མང་ཡང་། བསྟན་འཛིན་དང་། བསྟན་པ་དར་བར་ངོས་འཛིན་དཀའ་བས་ངོ་མཚར་དུ་མི་འཛིན།⇨ འཇིག་རྟེན་འདིའི་ཁ་ཐབས་མཁོས་ཀ་བརྒྱ་བཤིག་སྟོང་འགུགས་ཀྱི་བསྒྲུབས་པའི་ལོག་འཚོ། ལོངས་སྤྱོད་དཔལ་འབྱོར། སྟོབས་རྣམ་དཔྱོད་སོགས་ལ་ཟེར་བ་མིན་པ་ཤེས་དགོས། ཐེག་ཆེན་ལམ་གྱི་རྩ་བ་སེམས་བསྐྱེད་དང་སྔགས་ཀྱི་རིམ་གཉིས་ལ་འབད་འབུངས་མི་འདོན་པར་ཆོ་ག་བོན་གྱེར་དབྱངས་རོལ་


JSD002_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྟོང་སྒྲ་ཙམ་སྒྲ་ཙམ་ལ་སྙིང་པོར་རེ་བ་ནི་བསྟན་པ་སྙིགས་པའི་རྟགས་སུ་ཤེས་ནས་རྩ་བ་བོར་ནས་ཡལ་ག་ལ་འཇུ་བ་ཡང་ནོར་བ་ཆེན་པོ་སྟེ། ཀློང་ཆེན་རབ་འབྱམས་གཉིས་པ་འཇིགས་གླིང་གིས། བྱང་ཆུབ་ཀྱི་སེམས་དང་བསྐྱེད་རྫོགས་ཀྱི་དོན། །གོ་ཡུལ་ཙམ་དུའང་མ་ཆགས་པར། །སྐད་རོ་དང་དབྱངས་རོལ་ལ་སྒྲུབ་མཆོད་དུ། །རེ་བའི་འཇིག་རྟེན་འཁྲུལ་ལུགས་ཨང་། ཞེས་དང་། རྡོ་གྲུབ་བསྟན་པའི་ཉི་མས། ཕྱི་མའི་དུས་སུ་སྟོན་ཆེན་དང་སྡེ་དགོན་ཕལ་ཆེ་མངའ་ཐང་དང་འཁོར་སློབ་ཀྱི་གཟི་བྱིན་འགྲན་ཅིང་། དབྱངས་རོལ་དང་མདོས་གཏོར་ཙམ་ལ་སྙིང་པོར་རེ་ནས། རྙིང་བསྟན་རི་མོའི་མར་མེ་ལྟར་གྱུར་པ་ན། ཞེས་ཀུན་མཁྱེན་བླ་མ་དང་བརྒྱུད་འཛིན་མཁས་གྲུབ་ཀྱི་དབང་པོ་དེ་དག་གི་གསུངས་ལ་གོ་རྒྱུ་ཆེ། ལྷག་པར་སྙིགས་དུས་ཀྱི་སྐྱེ་བོ་


JSD002_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཅོལ་ཆུང་ཆོས་ཀྱི་གནད་མ་གོ་བ་ཕལ་ཆེ་བས། རྙེད་པ་དང་བཀུར་སྟི། འདུ་འཛི་སུ་ཆེ་བ་དེ་འགྲོ་དོན་དང་འཕྲིན་ལས་རྒྱས་པ་དང་། རྒྱལ་བསྟན་དར བར་འཛིན་པ་ནི་ཤུན་པ་དང་སྙིང་པོ་ནོར་ནས། བསྟན་པའི་འགལ་རྐྱེན་བར་ཆད་ལ་སྐྱོན་དུ་མ་ཤེས་ནས་ཡོན་ཏན་མཆོག་ཏུ་རློམ་པ་སྟེ། མདོ་ལས། རྙེད་པ དང་བཀུར་སྟི་ནི་གཅིག་ཏུ་བག་མེད་པའི་རྩ་བ་ཡིན་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དགེ་བའི་རྩ་བ་འཕྲོག་པར་བརྟག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་བསྐྱེད་པར་བརྟག་པར་བྱའོ། །ཞེས་གསུངས་ཤིང་། མཉམ་མེད་ཇོ་བོ་ཆེན་པོས། བསོད་ནམས་ཟེར་བའི་འདུ་འཛི་དེ་ཡང་ཆོས་ཀྱི་བར་ཆད་ཡིན་པས་སྤོངས། ཞེས་གསུངས་པས་སྟོབས་འབྱོར་མངའ་ཐང་ལ་བསྟན་པ་རྣལ་མར་མི་འཛིན་


JSD002_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པར། ནང་པ་སངས་རྒྱས་པའི་ཁྲིམས་ཀྱི་ཡི་གེ་མདོར་བསྡུས་པ་འདི་ལྟར། སྡིག་པ་ཅི་ཡང་མི་བྱ་ཞིང། །དགེ་བ་ཕུན་སུམ་ཚོགས པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་བསྲུང་བའི་དགེ་སྦྱོང་དག །སྡུག་བསྔལ་ཀུན་ལས་ངེས་གྲོལ་ལོ། །ཞེས་གསུངས་པ་ལྟར། རང་ཉིད་ཀྱི་ཡི་དམ་དུ་བྱེད་པ་ཁོ་ན་གནད་གལ་ཆེ་བར་མ་ཟད་ཆོས་ཀྱི་འགགས་དེ་གང་འདྲ་ཞིག་ལ་བསྡུ་དགོས་ཟེར་ན་འདི་འབྲས་ལྗོངས་རྫོགས་ཆེན་པའི་རི་ཆོས་གནད་ཀྱི་ཕྲེང་བ་ལས། ཆོས་སྒྲ་སྐད་ཆེ་ལ་རྣམ་གྲངས་མང་བ་ཅི་ཐོབ་ཀྱང་འགགས་ཉམས་ལེན་སྙིང་རུས་ཀྱི་རྟིང་


JSD002_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་པ་གཅིག་ལ་འདུ། བླ་མ་ཇི་ཙམ་མཇལ་ཡང་འགགས་མོས་གུས་ལ་འདུ། དཔའ་བོ་མཁའ་འགྲོ་འདུ་མི་འདུའི་འགགས་དམ་ཚིག་ལ་འདུ། འགྲོ དོན་རྒྱ་ཆེ་ཆུང་གི་འགགས་སེམས་བསྐྱེད་དང་སྨོན་ལམ་ལ་འདུ། དག་སྣང་གི་འགགས་ཕྱོགས་རིས་ཡོད་མེད་ལ་འདུ། རྐྱེན་ལམ་དུ་ལོང་མ་ལོང་གི་འགགས་གཉེན་པོ་དགོས་མི་དགོས་ལ་འདུ། གྲུབ་པ་ཐོབ་མ་ཐོབ་ཀྱི་ཚད་རེ་དོགས་དབྱིངས་སུ་དག་མ་དག་ལ་འདུ། ལག་ལེན་གྱི་སྙིང་པོ་བདག་མེད་རྟོགས་ཚེ ནས་ཀུན་གོང་དུ་ཁུར་དགོས། བྱར་མེད་རྟོགས་ནས་འཁྲུལ་པ་ཙམ་མི་འབྱུང་བ་ཞིག་དགོས། འཛིན་མེད་རྟོགས་ནས་ལྟོ་གོས་ལ་གྱོང་ཐེག་པ་ཞིག་དགོས། ཞེན་མེད་རྟོགས་ནས་སྒྲ་ལུས་ལ་བདག་འཛིན་བྲལ་བ་ཞིག་དགོས། རི་ཁྲོད་འགྲིམ་ནས་ཤ་ཆང་སོགས་སྡིག་ཟས་དང་རྣམ་གཡེང་ལ་ཞེན་པ་ལོག་པ་ཞིག་


JSD002_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། ཕ་ཡུལ་བསྐྱུར་ནས་གཞན་ཡུལ་སྒྱུ་མར་ཤེས་པ་ཞིག་དགོས། རྒྱུ་འབྲས་ལ་སྤང་བླང་མེད་ན་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བ་ཞིག་དགོས་པ་ཡིན་ནོ། །ཞེས་གསུངས་པ་ལ་གོ་རྒྱུ་ཆེན་པོ་ཡོད་པ་ཡིན་པས། སྐྲ་སོར་གསུམ་བཅད། གོས་གྲུ་བཞི་གྱོན་ནས་གྲོང་ཡུལ་དུ་དམར་ལྷབ་བེ་མི་ཚེ་མི་ནག་གི་སྡུག་གཡོག་ལ་ཟད་དེ། བླ་མ་དང་ཆོས་གྲོགས་ཀྱི་ཞབས་མངོན་སུམ་དུ་འདྲེན་པ་ཞིག་ཡོང་ཉེན་ཤིན་ཏུ་ཆེ་བས་དེར་མ་སོང་བར་གཟབ་དགོས། མདོར་ན་ཚུལ་ཁྲིམས་འཆལ་བས་དཀོར་རྫས་ཁམ་གང་ཟོས་པའང་ཕྱི་མར་ཁྲོ་ཆུ་འཐུང་བའི་དམྱལ་བར་སྐྱེ་ཞིང་། དགེ་འདུན་གྱི་གདན་ལ་བསྡད་ན་ལྕགས་བསྲེགས་ཀྱི་ས་གཞིར་སྐྱེ་བ་དང་། ཚུལ་འཆལ་གཅིག་དགེ་འདུན་གྱི་ནང་དུ་འཚོགས་ན་སྦལ་པ་རྨ་ཅན་གྱི་དཔེ་ལྟར་འདུས་པ་ཐམས་ཅད་


JSD002_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་པའི་ན་ཕོག་པ་དང་། དེ་ལས་ཀྱང་གསང་སྔགས་ཀྱི་དམ་ཚིག་ཉམས་པའི་མི་ནི་ལྷན་ཅིག་ཏུ་འཚོགས་པ་ལྟ་ཅི་སྨོས། ལུང་པ་གཅིག་གི་ཆུ་ལ་བཏུང ཡང་དམྱལ་བ་མནར་མེད་དུ་ཁྱུ་དེད་བཏང་བར་གསུངས་པས་རང་རང་ཐད་ནས་ཀྱང་དམྱལ་བའི་ནང་དུ་བྱོན་མ་དགོས་ཙམ་བྱུང་ན་མི་ལུས་བླངས་ནས་ཆོས་དང མཇལ་བའི་དོན་པོ་ཡིན་པ་དང་། སྤྱིར་དགེ་བའི་ཕན་ཡོན་སྣ་རེ་ལ་ཡང་བསམ་གྱིས་མི་ཁྱབ་ཅིང་སྒོས་སུ་སོ་ཐར་ལས་བྱང་སྡོམ། དེ་ལས་སྔགས་ཀྱི་དམ་ཚིག་རྣམས་ཕན་ཡོན་ཆེས་ཆེ་བས་མྱུར་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ངེས་པས་དེ་ལྟར་ཐུགས་ལ་བཞག་པར་ཞུ། སྨྲས་པ། ཚངས་སྤྱོད་ངུར་སྨྲིག་གོས་འཆང་ཀུན་སྤྱོད་དག །ཤ་ཆང་ལོག་འཚོ་སྤངས་པས་འཚོ་བ་དག །མདོ་རྒྱུད་བཀའ་གཏེར་ཟུང་འཇུག་ཆོས་སྤྱོད་དག །དག་པ་


JSD002_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་གནས་འདི་རྟག་གང་ཤོག །སྡོམ་གསུམ་ཁྲིམས་ཀྱི་ཉིན་བྱེད་གསར་པའི་གཟིས། །ཉེས་སྤྱོད་མཚན་མོའི་ཐུན་གསུམ་།དྲི་མེད་རྒྱལ་བསྟན་པདྨོའི་ཚལ་རྒྱས་ཏེ། །ཕན་བདེའི་སྣང་བས་ས་གསུམ་ཁྱབ་གྱུར་ཅིག །ཉེ་བའི་ཚནྡོ་བལ་ཡུལ་གནས་ཀྱི་།ཕུན་ཚོགས་བཀོད་སྤྲིན་རབ་མཛེས་ནགས་ཀྱི་མཐོངས། །ཡང་ལེ་ཤོད་ཀྱི་བཤད་སྒྲུབ་ཆོས་སྡེ་རུ། །འབྲོག་རྒན་བུདྡྷ་སྙོམས་ལས་ཅན་དེ་ཡིས། །བདག་བསྟོད་གཞན་སྨོད་རྙེད་བཀུར་གྲགས་འདོད་སོགས། །ཆོས་མིན་བསམ་སྦྱོར་ལྀག་པ་རྒྱང་བསྲིངས་ནས། །བཀའ་ལུང་ཚད་མ་གསུང་སྒྲོས་རྣམ་དག་བཞིན། །སངས་རྒྱས་བསྟན་པ་དར་རྒྱས་མི་ནུབ་ཕྱིར། །བྲིས་པའི་དགེ་བས་བསྟན་འཛིན་སྐུ་ཚེ་བརྟན། །རྒྱུ་སྦྱོར་ཡོན་བདག་དཔལ་འབྱོར་གཙོ།


JSD002_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་ཐང་དར། །རྩོད་ལྡན་རྒུད་པ་མཐའ་དག་མིང་ཙམ་སྟོངས། །ཐམས་ཅད་ཕྱམ་གཅིག་རྫོགས་འཚང་རྒྱ་གྱུར་ཅིག །ཅེས་པ་འདི་ཡང་རང་ལ་ལྟོས་པའི་རྒྱ་བལ་ཕྱོགས་ཀྱི་དགོན་ཆུང་ཤར་ནུབ་དག་གི་སྒྲིགས་ཞུགས་བསླབ་ལྡན་དགེ་འདུན་རྣམས་དང་། དེ་ལས་གཞན་ཡང་མང་ཐོས་མཁྱེན་སྤྱན་མངའ་བ་རྣམས་ལ་འདི་འདྲ་ཞུ་མ་དགོས་ཀྱང་། རང་འདྲ་བློ་དམན་འགའ་ལའང་བླང་དོར་སྟོན་པའི་མིག་ཏུ་འགྱུར་ན་ཅི་མ་རུང་སྙམ་པའི་བློས་སྤོང་བ་པ་སངས་རྒྱས་རྡོ་རྗེས་རང་ལོ་དྲུག་ཅུ་རེ་ལྔར་སོན་པ་དམར་སེར་ཅན་གྱི་ལོ་ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་དགེ་བ་ལ་དཔལ་ཨོ་ཊི་ཡ་ནའི་བཛྲ་ཙརྱ་པདྨ་ཀཱ་རས་ཕྱག་རྒྱ ཆེན་པོའི་རིག་འཛིན་བརྙེས་ནས་ཉོན་མོངས་པའི་བདུད་བཅོམ་པའི་བྲག་ཕུག་ཡང་ལེ་ཤོད་ཀྱི་སྒྲུབ་གནས་སུ་ལེགས་པར་སྦྱར་བ་སྟེ་འདིས་ཀྱང་བསྟན་པ་རིན་པོ་


JSD002_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་མཛེས་པའི་རྒྱན་དང་བྱི་དོར་དམ་པར་གྱུར་ཅིག སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།


JSD002_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་ཡང་ལེ་ཤོད་རིག་འཛིན་གྲུབ་པའི་དགའ་ཚལ་གྱི་སྒྲུབ་སྡེའི་བཅའ་ཡིག་སྡོམ་གསུམ་མཛེས་རྒྱན།next