Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
ལམ་ཟབ་བླ་མའི་རྣལ་འབྱོར།
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousལམ་ཟབ་བླ་མའི་རྣལ་འབྱོར།next

ལམ་ཟབ་བླ་མའི་རྣལ་འབྱོར།


JSD003_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཟབ་བླ་མའི་རྣལ་འབྱོར་ནི། ངེས་འབྱུང་དད་པས་རྒྱུད་བསྐུལ་ཞིང་། སྐྱབས་སེམས་ནི། རང་རིག་བླ་མར་སྐྱབས་སུ་མཆི། །ཁམས་གསུམ་ཡོངས་གྲོལ་བྱང་སེམས་བསྐྱེད། །ཅེས་སོ། ཨ། རང་མདུན་ནམ་མཁར་འཇའ་ཟེར་འོད་ཀློང་དུ། །ཕ་བརྒྱུད་གསུམ་བླ་མའི་ཚོགས་དབུས་ན། །སྐྱབས་ཀུན་འདུས་བུདྡྷ་བཛྲ་ནི། །ཚུལ་མཚོ་སྐྱེས་རྡོ་རྗེ་ངོ་བོར་བཞུགས། །ཞེས་གསལ་བཏབ་ལ་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་དེ། ཀྱེ་ཀྱེ་བླ་མ་རིན་པོ་ཆེ། །རེ ལྟོས་སྐྱབས་གནས་ཁྱེད་ལ་འཆའ། །དེང་ནས་སངས་རྒྱས་མ་ཐོབ་བར། །མཐོ་དམན་སྐྱིད་སྡུག་ཅིར་གཏོང་མཁྱེན། །ལས་ཉོན་སྡིག་ལྟུང་ཀུན་བྱང་ཞིང་། །དབང་བཞིས་རྒྱུད་སྨིན་ཉམས་རྟོགས་སྤོར། །སྒོ་གསུམ་རྡོ་རྗེ་གསུམ་དུ་རློབས། །ཨོཾ་ཨཱཿགུ་རུ་བུདྡྷ་བཛྲ་སིདྡྷི་ཧཱུྃ་ཧཱུྃ། ཞེས་ཅི་ནུས་སུ་གསོལ་བ་བཏབ་ཅིང་རྒྱུད་བསྐུལ་


JSD003_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། བླ་མའི་སྐུ་ཡི་གནས་བཞི་ལས། །འོད་ཟེར་དཀར་དམར་མཐིང་ལྗང་བྱུང་། །རང་གི་གནས་བཞིར་ཐིམ་པ་ཡིས། །སྐུ་བཞིའི་ས་བོན་ཐེབས་པའི་མཐར། །གུ་རུ་འོད་ཞུ་སྙིང་དབུས་ཐིམ། །བློ་འདས་ཆོས་སྐུའི་རང་ཞལ་བལྟ། །ཞེས་སྤྲོས་བྲལ་གནས་ལུགས་ཀྱི་ངང་མདངས་སྐྱོང་ངོ་། །དེ་ལས་ལྡང་ཚེ་སྣང་གྲག་རྟོག་པ་བླ་མའི་གསང་བ་གསུམ་དུ་བལྟས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་སྨོན་ལམ་གྱི་རྒྱས་བཏབ་ནས་སྤྱོད་ལམ་ཐམས་ཅད་དོན་ཡོད་པར་བྱའོ། །ཞེས་པའང་བཙུན་མ་མདོ་སྡེ་བཟང་མོའི་ངོར་རྒྱལ་ཁམས་པ་སངས་རྒྱས་རྡོ་རྗེས་ཤར་མར་ཐང་འཐེན་མེད་པར་བྲིས་པ་དགེའོ།། །།


previousལམ་ཟབ་བླ་མའི་རྣལ་འབྱོར།next