Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
བླ་མའི་རྣལ་འབྱོར་བྱིན་རླབས་འདོད་དགུའི་དཔལ་སྟེར།
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousབླ་མའི་རྣལ་འབྱོར་བྱིན་རླབས་འདོད་དགུའི་དཔལ་སྟེར།next

བླ་མའི་རྣལ་འབྱོར་བྱིན་རླབས་འདོད་དགུའི་དཔལ་སྟེར།


JSD003_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་བྱིན་རླབས་འདོད་དགུའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།


JSD003_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཡེ། གང་ཞིག་དངོས་གྲུབ་མཆོག་འདོད་པས། །བཅོས་མིན་དད་དང་མོས་གུས་ཀྱིས། །ཨོཾ། རིག་སྟོང་དབྱེར་མེད་བླ་མ་ལ། །ཐ་དད་བྲལ་བར་སྐྱབས་སུ་མཆི། །འཁོར་འདས་མཉམ་ཉིད་རྫོགས་པའི་ཀློང་། །ངང་བཞག་གཉུག་མའི་ཡེ་སེམས་བསྐྱེད། །ཅེས་པས་སྐྱབས་འགྲོ་སེམས་བསྐྱེད་ནས། །ཨཱ༔ ཆོས་ཉིད་མངོན་སུམ་ནམ་མཁའ་ལ། །ཉམས་སྣང་གོང་འཕེལ་


JSD003_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ཟེར་ཀློང་། །ཚད་ཕེབས་རྡོ་རྗེའི་བླ་མ་ནི། །ཆོས་ཟད་གདོད་མའི་སངས་རྒྱས་དངོས། །འཇམ་དཔལ་གྲུབ་པའི་ནོར་བུའི་ཞབས། །གྲུབ་པ་མཆོག་གི་བརྟུལ་ཞུགས་འཆང་། །དཀར་གསལ་ཞལ་གཅིག་འཛུམ་མཛེས་སྒེག །ཕྱག་གཉིས་རལ་གྲི་བནྡྷ་བསྣམས། །པད་ཉིར་རོལ་པའི་སྟབས་ཀྱིས་བཞུགས། །ཐོད་སྐམ་རྩེ་བྲན་རུས་པའི་རྒྱན། །དཔའ་བོ་སྟག་


JSD003_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཤམ་ཐབས་གསོལ། །སྤྱི་བོར་རྣམ་དག་འོད་ལྔའི་ཀློང་། །རིགས་བདག་ཨ་ཙཱརྱ་ཡ་མ། །ཐེག་གསུམ་ཆས་རྫོགས་རང་འོད་ཡུམ། །འཁྲིལ་སྦྱོར་རྗེས་ཆགས་ཉམས་བརྒྱ་འབར། །སྣང་སྲིད་ཟིལ་གནོན་ཆེན་པོར་བཞུགས། །གསང་གསུམ་རྡོ་རྗེ་སྙིང་པོ་ལས། །འོད་འཕྲོས་ཡེ་ཤེས་འཁོར་ལོ་བསྐུལ། །དམ་ཚིག་ཕྱག་རྒྱར་དབྱེར་མེད་བསྟིམ། །མ་འདྲེས་ཡོངས་སུ་རྫོགས་པར་གྱུར། །དེ་ལྟར་སྣང་སྟོང་སྒྱུ་མའི་སྐུར། །གསལ་བཏབ་ཡན་ལག་བདུན་པ་ནི། མ་བཙལ་རྫོགས་ལྡན་བླ་མ་ལ། །རང་གྲོལ་ལྟ་བའི་ཕྱག་འཚལ་ལོ། །ཚོགས་དྲུག་འཛིན་དག་མཆོད་པ་འབུལ། །མ་རིག་སྦུབས་སུ་ཆུད་པ་བཤགས། །འཁོར་འདས་མཉམ་བརྡལ་རྗེས་ཡི་རང་། །བྱ་རྩོལ་བྲལ་བའི་ཆོས་འཁོར་བསྐོར། །གཞོན་ནུ་བུམ་སྐུར་བཞུགས་གསོལ་འདེབས། །དགེ་ཚོགས་ཀ་དག་དབྱིངས་སུ་བསྔོ། །དེ་


JSD003_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསོལ་འདེབས་རྒྱུད་བསྐུལ་བ། མོས་གུས་མཆི་མ་འཁྲུགས་པའི་ངང་། རིག་སྟོང་འཇམ་དཔལ་ཁྲོས་པ་གཤིན་རྗེའི་གཤེད། །དབྱེར་མེད་སྐུ་ཡི་མཆོག་སྟེ་གསུང་དབང་ཕྱུག །དཔལ་ལྡན་ཀུན་བཟང་བླ་མར་གསོལ་བ་འདེབས། །དོན་བརྒྱུད་དགོངས་པ་འཕོ་བར་བྱིན་གྱིས་རློབས། །ཞེས་པ་ཕུར་ཚུགས་གསོལ་བ་བཏབ། །དངོས་གྲུབ་བསྐུལ་ཕྱིར་མཚན་སྔགས་ནི། །ཨོཾཨཱཿགུ་རུ་མཉྫུ་ཤྲཱི་མ་ཎི་སིདྡྷི་ཧཱུྃ་ཧཱུྃ། ཞེས་པ་བརྒྱ་སྟོང་ཁྲི་འབུམ་སོགས། །ཟླས་མཐར་དབང་བླངས་དམིགས་གནད་བཅས། ཧཱུྃཿ། བླ་མ་རྗེ་བཙུན་ཧེ་རུ་ཀའི། །ཡི་གེ་གསུམ་ལས་འོད་ཟེར་འཕྲོས། །རང་གི་སྒོ་གསུམ་ལ་ཐིམ་པས། །རྡོ་རྗེ་གསུམ་གྱི་དབང་བྱིན་ཐོབ། །བླ་མ་འོད་ཞུ་སྙིང་དབུས་ཐིམ། །བློ་འདས་ཆོས་སྐུར་ལ་བཟླའོ། །དེ་ལྟར་མཉམ་པར་བཞག་པའི་རྗེས། །སྣང་སྲིད་བླ་མའི་རོལ་པར་བལྟ། །བསྔོ་སྨོན་ཤིས་བརྗོད་སྤྱི་ལྟར་བྱ། །


JSD003_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དུབ་མོས་གུས་དད་པས་གསོ། །ཞེས་པའང་མཚན་དགོན་བྱང་འདྲེན་པ་ཆེ་མཆོག་གིས་གསུང་བསྐུལ་ངོར། རྒྱལ་ཁམས་ཀྱི་ཀུ་སཱ་ལི་སྨྱོན་པ་སངས་རྒྱས་རྡོ་རྗེས་བྲིས་པ་དགེ།


previousབླ་མའི་རྣལ་འབྱོར་བྱིན་རླབས་འདོད་དགུའི་དཔལ་སྟེར།next