Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
གསོལ་འདེབས་རྒྱང་འབོད།
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousགསོལ་འདེབས་རྒྱང་འབོད། next

གསོལ་འདེབས་རྒྱང་འབོད།


JSD003_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱ། དེ་ཡང་རིག་འཛིན་འཇིགས་མེད་གླིང་པས། བསྐལ་པར་རྒྱལ་དང་རྒྱལ་སྲས་བསྙེན་བསྐུལ་ཞིང་། །བསྐྱེད་རིམ་བརྒྱ་ཕྲག་བསྒོམ་ལས་བླ་མ་ནི། །སྐད་ཅིག་དྲན་པ་མཆོག་ཅེས་རྒྱལ་བས་གསུངས། །ཞེས་དང་། རྒྱུད་ལས། བསྙེན་སྒྲུབ་བཟླས་བརྗོད་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་དགའ། །ཞེས་པས་རྡོ་རྗེའི་བླ་མ་ལ་ཡིད་ཁྱེད་ཤེས་ཀྱི་དད་པས་ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི་བྱིན་རླབས་རྒྱུད་ལ་མྱུར་དུ་འཇུག་པའི་རྒྱུ་མངོན་སུམ་པ་ཡིན་པས་ཚིག་གི་རྗེས་སུ་ཡིད་གཞོལ་བས་རྒྱང་འབོད་བྱ་བ། ན་མོ་གུ་རུ་བུདྡྷ་ཡ། ན་མོ་གུ་རུ་དྷརྨ་ཡ། ན་མོ་གུ་རུ་སངྒ་ཡ། དུས་གསུམ་གྱི་བླ་མ་རིག་འཛིན་རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། འཁོར་བའི་མཚོ་ལས་སྒྲོལ་བའི་གྲུ་བོ་ལྟ་བུའི་བླ་མ་རིན་པོ་ཆེ་མཁྱེན་ནོ། །མ་ནོར་ཐར་ལམ་སྟོན་པའི་དེད་དཔོན་


JSD003_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་བླ་མ༔ སྲིད་པའི་རྒུད་པ་སེལ་བའི་ནོར་བུ་ལྟ་བུའི༔ ལས་ཉོན་མེ་དཔུང་འཇོམས་པའི་ཆུ་རྒྱུན་ལྟ་བུའི་བླ་མ༔ དམ་ཆོས་ཆར་པ་འབེབས་པའི་སྤྲིན་བཟང་ལྟ་བུའི༔ མ་རིག་མུན་པ་སེལ་བའི་ཉི་ཟླ་ལྟ་བུའི༔ ཉོན་མོངས་ནད་ཀུན་སེལ་བའི་སྨན་པ་ལྟ་བུའི༴ དགོས་འདོད་རེ་བ་སྐོང་བའི་དཔག་བསམ་ལྟ་བུའི་བླ་མ༔ དབང་བྱིན་དངོས་གྲུབ་གཏེར་མཛོད་བུམ་པ་ལྟ་བུའི་བླ་མ༔ འགྲོ་ཀུན་བྱམས་པས་སྐྱོང་བའི་ཕ་མ་ལྟ་བུའི༔ མཐའ་བྲལ་ནམ་མཁའ་ལྟ་བུའི་ལྟ་བ་རྟོགས་པ་ཞིག་མཁྱེན་ནོ། །ཡེངས་མེད་རི་རྒྱལ་ལྟ་བུའི་བསྒོམ་པ་བརྟན་པ་ཞིག་མཁྱེན་ནོ། །ཕྱོགས་མེད་རང་གྲོལ་སྤྱོད་པའི་བོགས་ཆེན་འབྱིན་པ་ཞིག་མཁྱེན་ནོ། །གདེང་བཞི་རང་ཐོག་རྙེད་པའི་འབྲས་བུ་ཐོབ་པ་ཞིག་མཁྱེན་ནོ། །ཚེ་གཅིག་དོན་གྱི་སངས་རྒྱས་འགྲུབ་པ་ཞིག་མཁྱེན་ནོ། །འཆི་ཁ་གནད་གཅོད་


JSD003_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་འཇིགས་སྐྲག་མེད་པ་ཞིག་མཁྱེན་ནོ། །བར་དོ་རང་ངོ་ཤེས་ནས་འཁྲུལ་སྣང་སྟོང་པ་ཞིག་མཁྱེན་ནོ། །དོན་གཉིས་ལྷུན་གྲུབ་ས་ལ་ད་ལྟ་ཕྱིན་པ་ཞིག་མཁྱེན་ནོ། །ད་ལྟ་སྟན་ཐོག་འདི་རུ་ཆོས་སྐུ་རྟོགས་པ་ཞིག་མཁྱེན་ནོ། །ཞེས་བརྗོད་ལ་ཐུགས་ཡིད་འདྲེས་པའི་ངང་ནས་བཅས་བཅོས་དགག་སྒྲུབ་དང་བྲལ་བར་མཉམ་པར་བཞག །ཅེས་པའང་དད་ལྡན་གྱི་སློབ་མ་རྡོ་རྗེ་མཁའ་འགྲོས་བསྐུལ་ངོར་སྤྲང་སྨྱོན་རིག་པ་འཛིན་པ་ཁྲོ་རྒྱལ་རྡོ་རྗེས་མར་ངོའི་ཚེས་བཅུ་ལ་ཤར་མར་བྲིས་པའོ།། །།


JSD003_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགསོལ་འདེབས་རྒྱང་འབོད། next