Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
བླ་མ་རྒྱང་འབོད་མོས་གུས་བྱིན་རླབས་བཅུད་སྩོལ།
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousབླ་མ་རྒྱང་འབོད་མོས་གུས་བྱིན་རླབས་བཅུད་སྩོལ།next

བླ་མ་རྒྱང་འབོད་མོས་གུས་བྱིན་རླབས་བཅུད་སྩོལ།


JSD003_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྒྱང་འབོད་མོས་གུས་བྱིན་རླབས་བཅུད་སྩོལ་ཅེས་བྱ་བ་བཞུགས་སོ། །ཨེ་མ་ཧོ། ངོ་བོ་གདོད་མའི་ཆོས་སྐུ། །ཀུན་ཏུ་བཟང་པོ་མཁྱེན་ནོ། །རང་བཞིན་མ་འགགས་ལོངས་སྐུ། །རྡོ་རྗེ་འཆང་ཆེན་མཁྱེན་ནོ། །ཐུགས་རྗེ་ཟུང་འཇུག་སྤྲུལ་སྐུ། །དགའ་རབ་རྡོ་རྗེ་མཁྱེན་ནོ། །ཤྲཱི་སེངྒ་ཛྙཱ་ན་སཱུ་ཏྲ། བི་མ་པད་འབྱུང་བཻ་རོ། །ཁྲི་སྲོང་མཚོ་རྒྱལ་མཁྱེན་ནོ། །བརྒྱུད་གསུམ་དགོངས་པས་སྐྱོངས་ཤིག །ལྟ་བ་ཀློང་ཆེན་རབ་འབྱམས། །བསྒོམ་པ་མཁྱེན་བརྩེའི་འོད་ཟེར། །སྤྱོད་པ་རྒྱལ་བའི་མྱུ་གུ། །ཤྲཱི་རྒྱལ་པོ་མཁྱེན་ནོ། །ལུང་རྟོགས་བསྟན་པའི་ཉི་མ། །ཆོས་རྗེ་ངག་གི་དབང་པོ། །ཐུགས་རྗེ་ཅན་རྣམས་མཁྱེན་ནོ། །བདེ་ཆེན་འཁོར་ལོའི་རྒྱན་དུ། །མ་ལུས་རིགས་བརྒྱའི་ཁྱབ་བདག །ཀུན་སྤངས་སངས་རྒྱས་རྡོ་རྗེ། ཁྱེད་ལ་རྩེ་གཅིག་གདུང་བས། །


JSD003_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་སྙིང་ནས་འདེབས་སོ། །བྱིན་རླབས་དབང་དང་དངོས་གྲུབ། །བདག་ལ་ད་ལྟ་སྩོལ་ཅིག །སེམས་ཉིད་དོན་གྱི་བླ་མ། །རང་རིག་ངོ་བོར་ཐག༔ ཆོད། །མ་བཅོས་སོ་མར་བཞག་ཚེ། །ཀུན་བཟང་རྒྱང་ཐག་མི་རིང་། །མཐའ་བྲལ་ལྟ་བའི་ངང་དེར། །ཡེངས་མེད་བསྒོམ་པ་བསྐྱང་སྟེ། །རང་གྲོལ་སྤྱོད་པས་བོགས་དབྱུངས། །འབྲས་བུ་ཕྱི་དུས་མི་རེ། །ས་ལམ་མ་བསྒྲོད་ཡེ་ཕྱིན། །གཞོན་ནུ་བུམ་སྐུར་འུབ་ཆུབ། །བློ་འདས་ཆོས་སྐུ་རྒྱལ་པོའི། །གཏན་སྲིད་ཟིན་པ་ཨ་ཧོ། །བླ་མ་ཀུན་མཁྱེན་ཡབ་སྲས། །དམ་ཆོས་སྙིང་གི་ཐིག་ལེ། །ཉམས་ལེན་མ་བསྒོམས་སངས་རྒྱས། །གཅིག་ཤེས་ཀུན་གྲོལ་མ་གཏོགས། །ཀུན་རྫོབ་བཅོས་མའི་ལམ་ལ། །ད་ནི་རེ་བ་ལྷོད་སོང་། །ཚེ་ལྷག་སྟོན་ཉི་ཙམ་འདི། །མི་མེད་དབེན་པའི་རི་ལ། །སྒྲུབ་པའི་ཕོ་ཚུགས་བཟུང་སྟེ། །དོན་བརྒྱུད་


JSD003_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་བ་ཐོབ་པའི། །མཉམ་རྗེས་དབྱེར་མེད་འབུངས་སོ། །ཞེས་པའང་སྒྲུབ་བརྩོན་དམ་པ་གླིང་ཚང་བླ་མ་བྱང་ཆུབ་རྡོ་རྗེས་ལྷ་རྫས་བཟང་པོའི་སྐྱེས་བཅས་ནན་བསྐལ་ངོ་མ་ཆོག་པར་སྦས་ཡུལ་ཡོལ་མོའི་ཆོས་སྒར་ནས་ཤིང་ཁྱི་ཟླ་༧ ཚེས་༡༨ དགེ་བར་སྙིང་ཐིག་གི་གྲལ་མཐའ་བ་མི་རྒན་འདུ་ཤེས་གསུམ་པ་སངས་རྒྱས་རྡོ་རྗེས་གང་དྲན་ཤར་མར་བྲིས་པ་དགེ། །།


JSD003_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབླ་མ་རྒྱང་འབོད་མོས་གུས་བྱིན་རླབས་བཅུད་སྩོལ།next