Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
འོད་གསལ་སྙིང་གི་ཐིག་ལེ་ལས། དབང་དྲག་རྡོ་རྗེ་གྲོ་ལོད་མཐིང་ནག་རྡོ་རྗེ་ཁྲོ་ཕུར་གྱི་ཕྲིན་བཀླགས་ཆོག་ཏུ་བཀོད་པ་བདུད་དཔུང་ཚར་གཅོད།
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousའོད་གསལ་སྙིང་གི་ཐིག་ལེ་ལས། དབང་དྲག་རྡོ་རྗེ་གྲོ་ལོད་མཐིང་ནག་རྡོ་རྗེ་ཁྲོ་ཕུར་གྱི་ཕྲིན་བཀླགས་ཆོག་ཏུ་བཀོད་པ་བདུད་དཔུང་ཚར་གཅོད།next

འོད་གསལ་སྙིང་གི་ཐིག་ལེ་ལས། དབང་དྲག་རྡོ་རྗེ་གྲོ་ལོད་མཐིང་ནག་རྡོ་རྗེ་ཁྲོ་ཕུར་གྱི་ཕྲིན་བཀླགས་ཆོག་ཏུ་བཀོད་པ་བདུད་དཔུང་ཚར་གཅོད།


JSD003_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་སྙིང་གི་ཐིག་ལེ་ལས། དབང་དྲག་རྡོ་རྗེ་གྲོ་ལོད་མཐིང་ནག་རྡོ་རྗེ་ཁྲོ་ཕུར་གྱི་ཕྲིན་བཀླགས་ཆོག་ཏུ་བཀོད་པ་བདུད་དཔུང་ཚར་གཅོད་ཅེས་བྱ་བ་བཞུགས་སོ། །


JSD003_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་དབང་དྲག་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ། མཉམ་ཉིད་ཆོས་སྐུའི་ཀློང་ནས་སྙིང་རྗེའི་གར། །གདུལ་དཀའ་དམ་འགོང་གཤེད་དུ་རབ་ཁྲོས་པ། །ཆེ་མཆོག་རྡོ་རྗེ་གྲོ་ལོད་ལ་བཏུད་དེ། །ཕྲིན་ལས་བདུད་དཔུང་ཚར་གཅོད་བསྡེབ་ལ་སྤྲོ། །དེང་སང་སྙིགས་མ་ལས་ཀྱང་ཆེས་སྙིགས་མའི་དུས་སུ་མི་ཐུབ་པ་ལྔ་བདོ་ཞིང་སྡོམ་པ་དམ་ཚིག་ཉམས་པའི་དབང་གིས། ནག་ཕྱོགས་བདུད་རིགས་དམ་སྲི་རྣམས་ཁ་དར་ནས་ཆོས་བྱེད་ཕོ་མོ་


JSD003_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཚེ་དང་ཆོས་ལ་བར་ཆད་ཤིན་ཏུ་སྡང་བའི་སྐབས་འདིར། གཅིག་ཆོག་གི་གཉེན་པོ་སྟོབས་ཀྱི་ལྷ་མཆོག་འཆོལ་བའི་ཁྲོ་རྒྱལ་གྲོ་ལོད་མཐིང་ནག་རྡོ་རྗེ་ཁྲོ་ཕུར་གྱི་ཕྲིན་ལས་ཟབ་འདྲིལ་ལ་འཇུག་པར་འདོད་པས། སྦྱོར་བ་གནས་ཁང་གི་ཕུགས་ལོགས་སུ་སྐུ་གསུང་ཐུགས་ཀྱི་རྟེན་གང་འཛོམ་བཀྲམ་པའི་མདུན་དུ་སྟེགས་གཙང་མར་པད་སྣོད་དུ་ཟན་ལ་གདན་འཁོར་ལོ་རྩིབས་བཞི་ཉི་ཟླའི་སྟེང་དུ་དཔལ་གཏོར་བརྗིད་ལྡན་པད་འདབ་བཞི་པའི་མཐར་ཐེབས་


JSD003_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུ་གང་མང་གིས་བསྐོར་བ་རྒྱན་སྤྲོས་ཅན། སྐུ་ཙག་དང་དར་གདུགས་མཐིང་ནག་ཕུབ་པའི་གཡས་གཡོན་དུ་སྨན་རཀ། མདུན་དུ་ཞི་དྲག་གི་ཉེར་སྤྱོད་སོགས་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས། ཆོ་ག་དངོས་ལ། སྔོན་འགྲོ་དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་སྔོན་འགྲོའི་ཐོག་མར། བརྒྱུད་པའི་གསོལ་འདེབས་ནི། ཆོས་སྐུ་འོད་མཚན་སྟོང་འབར་རིགས་ཀྱི་བདག །ལོངས་སྤྱོད་ཡོངས་རྫོགས་ཐུགས་རྗེ་སྤྱན་རས་གཟིགས། །སྤྲུལ་སྐུ་པདྨ་རྒྱལ་ལ་གསོལ་བ་འདེབས། །བདུད་དཔུང་མ་ལུས་འཇོམས་པར་བྱིན་གྱིས་རློབས། །འཇམ་དབྱངས་མངའ་བདག་ཚངས་པ་ལྷའི་མེ་ཏོགྋ །གསང་བའི་བདག་མོ་བདེ་ཆེན་མཚོ་རྒྱལ་མ། །འདྲེན་མཆོག་པདྨ་ལས་འབྲེལ་ལ་གསོལ་བ་འདེབས། །བདུད་དཔུང་མ་ལུས་འཇོམས་པར་བྱིན་གྱིས་རློབས། །ཟབ་གསང་གདམས་པའི་བཀའ་བབས་བུདྡྷའི་


JSD003_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། །ལས་སྨོན་སྐལ་ལྡན་ལུང་ཟིན་ཆོས་ཀྱི་བདག །རིག་འཛིན་རྩ་བརྒྱུད་བླ་མར་གསོལ་བ་འདེབས། །བདུད་དཔུང་མ་ལུས་འཇོམས་པར་བྱིན་གྱིས་རློབས། །ཡི་དམ་དཀྱིལ་འཁོར་གཙོ་མཆོག་གྲོ་བོ་ལོད། །དབང་ཆེན་རྟ་མགྲིན་རིགས་ལྔའི་ཐོད་ཕྲེང་རྩལ། །ལས་མཛད་གིང་ཆེན་སྡེ་བཞི་ལ་གསོལ་བ་འདེབས། །བདུད་དཔུང་མ་ལུས་འཇོམས་པར་བྱིན་གྱིས་རློབས། །དཔའ་བོ་མཁའ་འགྲོ་སྒོ་སྐྱོང་རྒྱལ་ཆེན་བཞི། །ཡེ་ཤེས་ལས་གྲུབ་དམ་ཅན་གཏེར་སྲུང་སོགས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །བདུད་དཔུང་མ་ལུས་འཇོམས་པར་བྱིན་གྱིས་རློབས། །རྩ་གསུམ་ཀུན་འདུས་དབང་དྲག་ཞི་ཁྲོའི་ལྷར། །རྩེ་གཅིག་གདུང་བ་དྲག་པོས་གསོལ་བཏབ་མཐུས། །སྨིན་གྲོལ་བསྙེན་


JSD003_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲབ་ཕྲིན་ལས་མཐར་ཕྱིན་ནས། །ཟུང་འཇུག་པདྨ་ཧེ་རུ་ཀ་འགྲུབ་ཤོག །སྐྱབས་སུ་འགྲོ་བ་ནི། རང་གི་སྙིང་གའི་ཧཱྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ ས་སད་པར་མོས་ལ། ཧཱྃ་ཧྲཱི༔ ཆོས་སྐུའི་སྟོན་པ་སངས་རྒྱས་འོད་དཔག་མེད༔ ལྔ་ལྡན་ལོངས་སྐུའི་ཁྱབ་བདག་སྤྱན་རས་གཟིགས༔ ཐུགས་རྗེ་སྤྲུལ་སྐུའི་མངའ་བདག་པདྨ་འབྱུང་༔ སྐུ་གསུམ་རིག་འཛིན་བླ་མ་གྲོ་བོ་ལོདཿ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི༔ བར་ཆད་བདུད་སྡེའི་གཡུལ་ལས་བསྐྱབ་ཏུ་གསོལ༔ ལན་གསུམ། སེམས་བསྐྱེད་པ་ནི། མ་དད་གདུལ་བར་བྱ་བའི་ཚུལ་བསྟུན་ཏེ༔ སྲིད་གསུམ་མ་ལུས་དབང་དུ་སྡུད་པ་དང་༔ ངན་སོང་གནས་སྦྱོང་མ་རིག་མུན་ཁང་གཏིབས༔


JSD003_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གཞིག་ཅིང་གཡུལ་དུ་འབྲུབ་པ་དང་༔ དུས་གསུམ་རྒྱལ་བའི་སྐུ་ཡང་བསྐྱེད་པའི་ཕྱིར༔ བླ་མེད་བྱང་ཆུབ་གནས་སུ་འགོད་པར་བྱའོ༔ ལན་གསུམ། རྒྱུན་བཤགས་ནི། ཧོ༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལཿ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ དག་པའི་མཆོད་པ་བཞེས་སུ་གསོལ༔ དངོས་གྲུབ་ཆུ་བོ་གཅོད་པའི་གེགསཿ༔ ཉེས་བྱས་མ་ལུས་བཤགས་པར་བགྱི༔ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང་༔ དག་པའི་མཐའ་བཞི་དྲི་མ་མེད༔ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔ བདེ་གཤེགས་དབང་ཕྱུག་སེམས་ཅན་


JSD003_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔ ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔ ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཛ་ཧཱུྃ་བཾ་ཧོ༔ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། ཕྱི་རོལ་པ་ལ་གཏོར་མ་སྦྱིན་པ་དང་། བགེགས་ལ་བཀའ་བསྒོ་བ་ནི། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བ་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། ཅེས་གཉུག་མའི་ལྷར་ལྡང་ནས། གྲལ་གཤམ་དུ་དཀར་གཏོར་དང་བགེགས་གཏོར་བཤམས་ལ། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿཀྱིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་བྷཾ་ལས་རིན་པོ་ཆེའི་སྣོད་


JSD003_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ཧ་ཧོ་ཧྲཱི༔ ས་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ས་སྤྱན་དྲངས། སྠ་ན་པ་ཏི་ཀྵེ་ཊ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ་གྱིས་བསྔོས་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་


JSD003_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་ཕྲིན་ལས་བཅོལ། སརྦ་བྷ་ཏ་ཨ་ཀརྵ་ཡ་ཛ༔ ས་བགེགས་བཀུག །ཨོཾ་སརྦ་བིགྷན་ན་མ༔ སརྦ་སོགས་ནམ་མཁའ་མཛོད་སྔགས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ་ཧྲཱི༔ འཁྲུལ་པ་གཟུང་འཛིན་རྟོག་ངན་རྒྱུ༔ རྐྱེན་ནི་ཆགས་སྡང་ལ་སོགས་པ༔ ལྟ་བ་ལོག་པ་ཉོན་མོངས་ལྔ ལས་ཀྱི་འབྲས་བུ་སྨིན་པ་ཡི༔ བགེགས་རིགས་འབྱུང་པོར་གཏོགས་པ་རྣམས༔ མཆོད་སྦྱིན་གཏོར་མ་ཆེན་པོ་འདི༔ མང་པོར་ཏིང་ངེ་འཛིན་གྱིས་བསྐྱེད༔ སོ་སོར་ཐོབ་པ་སྔགས་ཀྱིས་བྱས༔ ཕྱག་རྒྱས་ཕམ་རྒྱལ་འཐབ་རྩོད་མེད༔ ཚིག་བཤད་བདེན་


JSD003_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཀྲོལ་ཏེ་བསྔོ༔ སྔགས་འཆང་བདག་གི་བཀའ་མ་བཅག༔ གུམ་གུམ་ཆུམ་ཆུམ་དམ་ལ་འདུས༔ ཧཱུྃ ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ༔ ཞི་བས་ཕན་པར་མི་འགྱུར་ཏེ༔ ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད༔ ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་༔ འཇིག་རྟེན་གསུམ་པོ་སྲེག་བྱེད་ནཿ༔ སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས༔ ཁམས་གསུམ་མ་ལུས་དབང་སྡུད་ནཿ༔ མ་དད་སེམས་ཅན་སྨོས་ཅི་དགོས༔ སརྦ་བིགྷན་མཱ་ར་ཡ་ཕཊཿ༔ ཅེས་དྲག་སྔགས་ཡུངས་ཐུན་རོལ་མོ་ཚམ་རྔམ་དང་བཅས་པས་བགེགས་བསྐྲད། སྲུང་འཁོར་བསྒོམ་པ་ནི། ཧཱུྃ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ྋ ཐབས་ཤེས་ཉི་ཟླའི་ག་འུ་དང་༔ ཕྱི་རོལ་མཚོན་ཆ་མེ་རིའི་གུར༔ སྲུང་བའི་ཚོགས་ཁང་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་རཀྵ་རཀྵ་


JSD003_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་དམ་བཅའ་བཟུང་བ་ནི། ཧོ༔ མ་རིག་རླབས་ཀྱིས་སེམས་ཉིད་རང་ཞལ་བསྒྲིབས༔ ཡེ་ནས་དབྱེར་མེད་རྟོག་པས་སོ་སོར་བཟུང་༔ བྱུང་འདུ་འབྲལ་མེད་པའི་རྡོ་རྗེ་སེམས༔ སྐུ་གསུང་ཐུགས་སུ་བསྒྲུབ་པར་དམ་བཅའ་འོ༔ ཨོཾ་ཨཱཿཧཱུྃ་ས་མ་ཡ་ཧོ༔ བྱིན་དབབ་པ་ནི། སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ལ། ཧཱུྃ དཔལ་ཆེན་རྡོ་རྗེ་གྲོ་བོ་ལོད༔ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ གདུག་པའི་དམ་སྲི་བཏུལ་བ་བཞིན༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གིས༔ དུར་ཁྲོད་རྫས་ལ་རྟེན་བཅས་ཏེ གདུང་བ་དྲག་པོས་རྒྱུད་བསྐུལ་ན༔ ཐུགས་རྗེ་ཆེན་པོས་འདིར་དགོངས་ཤིག༔ ཕྱི་ནང་གསང་བའི་བར་ཆད་སོལ༔ དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿ་ཧཱུྃ་ས་མ་ཡ་ཨ་


JSD003_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཝེ་ཤ་ཡ་བིཾ་ཕེ་ཧྲཱིཿ་ཧྲཱིཿ་སརྦ་སརྦ་སིདྡྷི་ཧཱུྃ མཆོད་རྫས་བྱིན་བརླབ་ནི། ཧཱུྃ དབྱིངས་ནས་ཡི་གེ་འབྲུ་གསུམ་ཆར་དུ་བབཿ༔ མཆོད་རྫས་ཉེས་སྐྱོན་མ་དག་བསྲེགས་གཏོར་བཀྲུས༔ བྷཾ་ལས་རིན་ཆེན་ཨ་ལས་བྷནྡྷའི་ནང་༔ ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་བཛྲ་ཨནྱཱཾ་པཱཏྱཾ་པུཥྤ་དྷུ་པེ་དཱི་པཾ་གྷནྡྷ་རཱུ་པ་ཤབྡ་གྷདྡྷེ་རཱ་ས་སྤརྻ་སརྦ་པཱུཙ་ཨཱཿཧཱུྃ ཞེས་དང་། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཥུ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཧཱུྃ་ཨོཾ་མ་ཧཱ་རཀྟ་ཧཱུྃ་ཧྲཱིཿཥྛཿཞེས་ནང་མཆོད་ཀྱི་སྔགས་རྣམས་ལན་གསུམ་གསུམ་བརྗོད་དོ། །གཉིས་པ་དངོས་གཞི་ལ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱྃཿ རྣམ་པར་མི་རྟོག་ཡེ་ནས་སྐྱེ་མེད་ཅིང་༔ གཟུང་འཛིན་རྟོག་མེད་མཐའ་གཉིས་མ་ཆགས་དབྱིངས༔ ཡེ་ནས་མཉམ་ཉིད་རང་བཞིན་ཇི་བཞིན་ང་


JSD003_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མའི་རྟོག་བྲལ་སྨྲ་བསམ་བརྗོད་ལས་འདས༔ ཤུ་ནྱ་ཏཱ་ཛྙཱ་ན་་ཨཏྨ་ཀོ྅་ཧཾ༔ མ་ལྟར་བྱམས་པ་ཀུན་ལ་ཁྱབ་པའི་སྐུ༔ མཁའ་ལྟར་དག་པ་ཆོ་འཕྲུལ་འབྱུང་བའི་རྒྱུ༔ ཀུན་ལ་སྙོམས་པའི་ཡེ་ཤེས་གསལ་བ་དང་༔ ཡོན་ཏན་རིན་ཆེན་འབྱུང་བའི་དབང་ལྡན་ཡུམ༔ དྷརྨ་དྷཱ་ཏུ་ཧཱུྃ༔ ཡི་གེ་ཧཱུྃ་ནི་སེམས་ཀྱི་རང་བཞིན་ཏེ ཆགས་པའི་སྐྱོན་བྲལ་པདྨ་རཱ་གའི་མདོག༔ སངས་རྒྱས་ཆེ་བའི་ཁྱད་པར་བསྟན་པའི་ཕྱིར༔ རྒྱ་མཚོའི་རླབས་ལྟར་ཁྲོ་བོའི་སྤྲལ་པ་འབྱུང་༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ལས་ཞེ་སྡང་འབར་བའི་ནམ་མཁའ་ལ༔ ཕྲག་དོག་གཡོ་བའི་འཚུབ་མ་རྒྱ་གྲམ་ལྡན༔ ཆགས་པ་རཀྟའི་རྦ་ཀློང་འཁྱིལ་ཞིང་གཏམས༔ གཏི་མུག་མུན་པའི་ཀེང་རུས་ས་གཞི་བརྡལ༔ ང་རྒྱལ་ཆེན་པོའི་རི་རབ་མེ་རི་འབར༔ དབང་ཆེན་འབྱུང་བ་ཡུམ་ལྔའི་


JSD003_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་ཤར༔ རྡོ་རྗེ་མེ་དཔུང་དུར་ཁྲོད་ཁོར་ཡུག་དབུས༔ བྷཾ་ལས་དབང་དྲག་རོལ་པའི་གཞལ་ཡས་ཁང་༔ ཕྱི་ནི་རིན་ཆེན་ནང་ནི་ཐོད་པའི་མཁར༔ ཁྲག་ཞག་འདམ་འཐས་གནམ་ལྕགས་གཟེར་མས་གཏམས༔ ཡིད་བཞིན་འབྱོར་ལྡན་རྒྱལ་བ་རྒྱ་མཚོའི་ཞིང་༔ སྣ་ཚོགས་ཡོན་ཏན་གསང་བའི་མཛོད་ཀྱི་གཏེར༔ ཁྲོ་བོའི་འབྱུང་གནས་དཔལ་ཆེན་རྔམ་པའི་ཡུལ༔ ཐུག་ཆོམ་འུར་སྒྲ་ཁམས་གསུམ་ཡོངས་སུ་ལྡིར༔ ་ཡོངས་མ་ཆད་ཚད་མེད་དཔག་ལས་འདས༔ ཚངས་པ་ཕོ་མོ་བསྣོལ་བའི་གདུང་ཁྱམས་ལ༔ ཏི་ར་ཕོ་མོ་བསྣོལ་བའི་གྲལ་མ་བཏབ༔ ཕྱོགས་ང་གཡང་གཞི་ཤ་ཆེན་ཐོག་ས་བཀྲམ༔ ཉ་ཆེན་འཕན་དང་སྦྲུལ་ནག་ཟ་ར་ཚགས༔ ཆུ་སྲིན་རུས་སྦལ་ཞིང་ཆེན་སྨུག་པོའི་སྒོ༔ གཟའ་བརྒྱད་རྒྱུ་


JSD003_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་ཚོགས་ཀྱིས་ཁ་བད་བཅས༔ ཉི་མ་ཟླ་བ་སྣང་བའི་སྐར་ཁུང་བརྒྱན༔ ཞིང་ཆེན་རྒྱལ་མཚན་ཞིང་ཆུང་བ་དན་ཕྱར༔ སྔོན་ཆད་འདས་པའི་རྒྱལ་སྲས་རྣམས་ཀྱི་དབྱིངས༔ ད་ལྟ་བཞུགས་པ་ཁྲོ་རྒྱལ་རོལ་པའི་གནས༔ སླད་ནས་འབྱོན་པའི་རྒྱལ་སྲས་གཤེགས་པའི་ཤུལ༔ དུས་གསུམ་སངས་རྒྱས་བཞུགས་པའི་ཕོ་བྲང་དབུས༔ ཐོད་རུས་བར་ཁྱམས་གྲུ་ཆད་དཔགས་པ་ལ༔ གནམ་ལྕགས་རྡོ་རྗེ་འབར་བའི་གཟེར་མགོས་གཏམས༔ འཁོར་ལོ་རྩིབས་བཞི་ལྟེ་བར་ཆོས་འབྱུང་དབུས༔ སྣ་ཚོགས་པདྨ་ཟླ་བ་ཉི་མའི་དབུས༔ བདུད་དང་དམ་སྲི་བྱི་ཆིངས་བསྣོལ་བའི་སྟེང་༔ དམུ་སྟག་མི་ཟན་ཤིན་ཏུ་རྔམ་པའི་ཚུལ༔ ཞེ་སྡང་རྒྱས་པའི་མཆེ་བ་སྡེར་མོ་གཟེངས༔ འདོད་ཆགས་འཁྲུགས་པའི་མིག་རྩ་ཁྲག་ཏུ་ཁོལ༔ ང་རྒྱལ་ཁེངས་པ་ཧཱུྃ་གི་ང་


JSD003_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རོ་སྒྲོགས༔ དབང་གི་ཕྲིན་ལས་མགྱོགས་པའི་མཐུ་དང་ལྡན༔ ཤེས་རབ་རྩལ་གྱིས་ཡེ་ཤེས་ཕ་རོལ་ཕྱིན༔ རིག་པའི་རླབས་ཀྱིས་ས་གསུམ་ཅིག་ཆར་གནོནཿ༔ མཁའ་ལྡིང་རྒྱལ་པོ་གཟན་ལ་བབ་པའི་ཚུལ༔ རང་རིག་གསལ་བ་རྒྱུ་ཡི་ཡི་གེ་ཉིད༔ གདན་ལ་བབ་ཅིང་བྱང་ཆུབ་སེམས་སྤྲིན་ལས༔ སྤྲུལ་པ་བསམ་མི་ཁྱབ་ཅིང་ཡོངས་གྱུར་པས༔ ཐིག་ལེ་དམར་པོ་འབར་ཞིང་འཕྲོ་བར་གྱུར༔ སྟོང་པའི་དབྱིངས་ལས་ཐུགས་རྗེ་གླུས་བསྐུལ་ཏེ༔ ཨེ་མཾ་སེམས་ཅན་སངས་རྒྱས་ཚོགས་ཅན་རྣམས༔ མ་དད་འཁྲུལ་པའི་ལོག་རྟོག་སེམས་ཅན་རྣམས༔ སྔོན་གྱི་ལས་ཉོན་ས་བོན་རྩུབ་མོས་འཕངས༔ འབྲས་བུ་ཉོན་མོངས་ལྔ་རུ་སྨིན་པ་རྣམས༔ གདུལ་བྱ་འདུལ་ཕྱིར་ཁྲོ་བོ་འཆོལ་བར་བཞེངས༔ བསྐུལ་བ་གསན་ནས་


JSD003_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུང་ཐུགས་རྗེ་གཡོས༔ སྲིད་གསུམ་ཟླ་མེད་པདྨ་ཐོད་ཕྲེང་རྩལ༔ འཆི་མེད་རྡོ་རྗེ་ཕྱག་རྒྱ་ཆེན་པོ་བརྙེས༔ དབང་དྲག་ཁྲོས་པ་རྡོ་རྗེ་གྲོ་བོ་ལོདཿ༔ སྐུ་མདོག་མཐིང་ནག་སྟོང་ཟིལ་ཆགས་པའི་མདངས༔ བཻཌཱུར་སྔོན་པོ་ཉི་མ་བྱེ་བས་བརྒྱན༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་སག་ལྷམ་གསོལ༔ འདོར་སྟབས་སྟག་མོའི་མགོ་དང་འཕོངས་སྟེང་བརྫིས༔ སྒེག་དཔའ་འཇིགས་རུང་དགོད་གཤེ་དྲག་ཤུལ་འབར༔ སྒེག་དཔའ་འཇིགས་རུང་དགོད་གཤེ་དྲག་ཤུལ་འབར༔ སྙིང་རྗེ་རྔམ་དང་ཞི་བ་གར་དགུ་རྫོགས༔ དམར་སྨུག་བེར་ཕྱམ་ཆོས་གོས་གསུམ་གྱིས་སྤྲས༔ ཁ་དོག་མེ་འབར་བྱུ་རུའི་འོད་འཁྱིལ་བས༔ ས་གསུམ་ཟིལ་གནོན་སྲིད་གསུམ་གཞོབ་ཏུ་བསྲེག༔ རལ་པ་ཁམ་ནག་རྡོ་རྗེའི་ཚོམ་བུར་འཁྱིལ༔ མེ་རླུང་འཁྲུགས་པས་ཞེ་སྡང་གདུག་པའི་ཚོགས༔ ཁྲོ་བོ་དབང་སྡུད་འཇིགས་པའི་ཧཱུྃཿ་སྒྲ་


JSD003_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རྔམ༔ སྤྱན་མིག་མེ་འབར་སྟོང་གསུམ་ཉི་ཟླ་འཁྲུགས༔ སྨིན་མ་གློག་འགྱུ་དུག་གསུམ་རྩད་ནས་གཅོདཿ༔ སྙན་ཆ་དུང་ལོང་རྡོ་རྗེའི་ཁོངས་གསེང་ནས༔ འབྲུག་གི་སྒྲ་སྒྲོགས་རྡོ་རྗེའི་ཐོག་ཆར་འབེབས༔ ཤངས་ཀྱི་ཀློང་ནས་མཚོན་ཆའི་བུ་ཡུག་འཚུབས༔ རྒྱུད་ལྔ་སྒྲོལ་བའི་ཧོམ་ཞལ་ཨམ་གཙིགས་བསྡམས༔ མཆེ་བ་རབ་གཙིགས་ལྗགས་ལས་འོད་ཟེར་འཕྲོ༔ ཨག་ཚོམ་སྨ་ར་གདུག་པའི་མེ་དཔུང་འབར༔ ལོག༔ འདྲེན་བདུད་དང་མུ་སྟེགས་ཐལ་བར་བརླག༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་འཕྱར༔ རྭ་ལས་སྐྱེས་པའི་གནམ་ལྕགས་རལ་གྲི་འབར༔ རྡོ་རྗེའི་ཚྭ་ཚྭས་བན་དགྲ་གླང་སྙིང་འགེམས༔ ཕྱག་གཡོན་སྐུ་གསུམ་ལྷུན་གྲུབ་ལྕགས་ཕུར་འདྲིལ༔ ཞེ་སྡང་ལས་སྐྱེས་རྒྱལ་འགོང་དམ་སྲི་རྣམས༔ དཔའ་


JSD003_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བཀོང་ཟིལ་གནོན་མྱ་ངན་སྐྱེད་པར་བྱེད༔ ལྕགས་སྡིག་ནག་པོ་སེར་ཆེན་བཞིན་དུ་འབེབས༔ ཐུགས་ཀར་རིན་ཆེན་ཟླ་གམ་དམར་པོའི་དབུས༔ དཔལ་ཆེན་རྟ་མཆོག་པདྨ་ཧེ་རུ་ཀཿ༔ དམར་གསལ་འཁྲུགས་པ་དུས་མཐའི་མེ་བཞིན་འབར༔ དབུ་ལྔ་བཅུ་དྲུག་ཕྱག་ལ་ཞབས་བརྒྱད་བསྒྲདཿ༔ རྗེའི་ཁྱུང་གཤོག་བྱ་ཁྱུང་ཉི་ཟླས་མཚན༔ དུར་ཁྲོད་དཔལ་གྱི་ཆས་རྣམས་སྐུ་ལ་རྫོགས༔ ཤར་ལྷོ་ནུབ་བྱང་ཕྱོགས་བཞིར་གཟིགས་པའི་དབུ༔ ཞལ་ཀུན་ཀྱང་ལས་བཞིའི་རྟ་མགོ་འཚེར༔ དྲི་ཟ་གཤིན་རྗེ་ཀླུ་ཡི་དབང་པོ་དང་༔ གནོད་སྦྱིན་བདུད་ཀྱི་ཚོགས་ལམྱ་ངན་སྐྱེད༔ གཡས་བརྒྱད་རྡོ་རྗེ་ཊཱཾ་དྲིལ་བུ་དང་༔ ལྕགས་ཀྱུ་སྤྲུལ་ཞགས་འཁོར་ལོ་རལ་གྲི་ཞགས༔ གཡོན་བརྒྱད་ཐོད་ཁྲག་པདྨ་རུ་དྲའི་སྙིང་༔ རྡོ་རྗེའི་དབྱུག་པ་རྒྱ་གྲམ་བེ་ཅོན་


JSD003_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མེ༔ ཏྲི་ཤུ་ལ་དང་ཡེ་ཤེས་ཁྱུང་ཁྲ་འགྱེདཿ༔ ཡུམ་ཆེན་པདྨ་གཟི་ལྡན་བཻཌྰུར་མདོག༔ ཕྱག་གཉིས་ནོར་བུ་རིན་ཆེན་ཟ་མ་བསྣམས་ཤིང་ཡབ་ཡུམ་བདེ་བ་ཆེན་པོར་སྦྱོར༔ གཙོ་བོའི་སྤྱི་གཙུག་པདྨ་ཉི་ཟླའི་སྟེང་༔ རྡོ་རྗེ་སློབ་དཔོན་བུདྡྷ་ཐོད་ཕྲེང་རྩལ༔ དམར་སྨུག་བརྗིད་པ་ཞི་ཁྲོའི་ཉམས་ཀྱིས་སྒེག༔ སྔགས་ཀྱི་བེར་ཆེན་མཐིང་ནག་སྐུ་ལ་གསོལ༔ དབུ་སྐྲ་ཐོར་ཚུགས་དར་མཐིང་ཅོད་པན་འཕུར༔ ཚོགས་དར་དང་རིན་པོ་ཆེ་ཡིས་བརྒྱན༔ གཡས་པ་ཌཱ་རུ་གཡོན་པས་འཁོར་ལོ་འཛིན༔ མི་གཡོ་མཉམ་པ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཕྱོགས་བཞིའི་རྩིབས་སྟེང་པདྨ་ཉི་ཟླའི་དབུས༔ རྡོ་རྗེ་རིན་ཆེན་པདྨ་ཐོད་ཕྲེང་རྩལ༔ ཀརྨ་ཐོད་ཕྲེང་དཀར་སེར་དམར་ལྗང་མདོག༔ རྡོ་རྗེ་རིན་ཆེན་པདྨའི་


JSD003_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྡོང་དང་༔ ཕྲིན་ལས་ལྷུན་གྲུབ་སྣ་ཚོགས་རྒྱ་གྲམ་གཡོན༔ ཀུན་ཀྱང་གཡས་པས་ཐོད་པའི་ཌཱ་རུ་འཁྲོལ༔ རྒྱན་དང་ཆ་ལུགས་གཙོ་བོའི་ཚུལ་དང་མཚུངས༔ གྲུ་ཆད་བཞི་ལ་པདྨ་བམ་གྱི་སྟེང་༔ རིགས་བཞིའི་གིང་ཆེན་དཀར་སེར་དམར་ལྗང་མདོག༔ གཡས་པས་རང་རྟགས་གཡོན་པས་བྷནྡྲ་ཐོགས༔ གསང་བའི་ཡུམ་བཞི་གྲི་གུག་ཐོད་པ་འཛིན༔ ཀུན་ཀྱང་གཅེར་བུ་རིན་ཆེན་རུས་པས་བརྒྱན༔ ཞབས་གཉིས་བཞེངས་སྟབས་གར་གྱི་རོལ་པས་འགྱིངས༔ ཁྱམས་གནས་གསུམ་དཔའ་བོ་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་ཚོགས་རྣམས་མ་ལུས་པ༔ སྐུ་མདོག་ཕྱག་མཚན་མ་ངེས་ཅིར་ཡང་འཆར༔ ཕོ་བྲང་སྒོ་བཞིར་ལྕགས་ཀྱུ་ཞགས་པ་དང་༔ རྡོ་རྗེ་ལྕགས་སྒྲོག་རྡོ་རྗེ་དྲིལ་བུ་མ༔ ཕྲིན་ལས་བཞི་སྒྲུབ་རྒྱལ་ཆེན་ཕོ་


JSD003_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཉར་འགྱེད༔ སྣང་སྟོང་མ་འགགས་འཇའ་ཚོན་ཤར་བ་བཞིན༔ གདོད་ནས་ལྷུན་གྲུབ་དཀྱིལ་འཁོར་ཆེན་པོར་ཤར༔ མི་འགྱུར་མི་ཤིགས་འོད་གསལ་སྙིང་པོའི་ངང་༔ ཉོན་མོངས་རང་གྲོལ་ཡེ་ཤེས་ལྔ་དང་ལྡན༔ ཕུང་ཁམས་སྐྱེ་མཆེད་གདོད་ནས་རྣམ་དག་པའི༔ གསུང་ཐུགས་ཀྱི་རྡོ་རྗེའི་དཀྱིལ་འཁོར་རྫོགས༔ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿ་ཨཱ༔ ཨ་བྷི་ཥིཉྩ་ཧཱུྃ ཨོཾ་ཨཱཿཧཱུྃ ཡེ་ཤེས་པ་སྤྱན་དྲངས་པ་ནི། སྤོས་རོལ་གདུང་དབྱངས་ཀྱིས་བསྐུལ་ཏེ། ཧཱུྃ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་


JSD003_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ ཧཱུྃ སྔོན་གྱི་བསྐལ་པའི་དང་པོ་ལ༔ གླིང་གི་མིང་ནི་འཛམ་བུའི་གླིང་༔ གནས་ཀྱི་མཆོག་གྱུར་ཨོ་རྒྱན་གནས༔ ཡུལ་གྱི་མིང་ནི་ལི་ཡི་ཡུལ༔ རང་བྱུང་མཆོད་རྟེན་འཇིག་རྟེན་བརྩེགས༔ སློབ་དཔོན་རྡོ་རྗེ་གྲོ་བོ་ལོད༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ འཁོར་དུ་ཀརྨ་མཁའ་འགྲོས་བསྐོར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ བཛྲགུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ བཞུགས་སུ་གསོལ་བ་ནི། ཧཱུྃ བདེ་ཆེན་ཆོས་སྐུ་བརྡལ་བའི་ཞིང་ཁམས་སུ༔ ཡེ་ཤེས་ལྔ་ལྡན་རིགས་ལྔའི་ཕོ་བྲང་


JSD003_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དབུས༔ གདུལ་ཐབས་སྒྱུ་མར་རོལ་པའི་གདན་ཁྲི་ལ༔ ཡེ་ནས་གཉིས་མེད་ལྷུན་གྲུབ་ཆེན་པོར་བཞུགས༔ དབྱིངས་དག་པ་དབང་གི་དཀྱིལ་འཁོར་འདིར༔ ཡེ་ཤེས་ཁྱད་པར་འཕགས་པའི་གཞལ་ཡས་སུ༔ དཔལ་ཆེན་རྡོ་རྗེ་གྲོ་ལོད་ལྷ་ཚོགས་རྣམས༔ གཉིས་སུ་མེད་པའི་ཚུལ་གྱིས་བཞུགས་སུ་གསོལ༔ ས་མ་ཡ་ཛཿ༔ ས་མ་ཡ་སྟཱཾ༔ པྲ་ཝེ་ཤ་ཡ་ཕཊ༔ ཨཱ་ཝེ་ཤ་ཡ་ཨཱ༔ ཕྱག་འཚལ་བ་ནི། ཧཱུྃཿ འདོད་ཆགས་དག་པས་ཤེས་རབ་ཕ་རོལ་ཕྱིན༔ མ་འགག་རོལ་པའི་ཕྱག་རྒྱ་ཅིར་ཡང་སྣང་༔ བདེ་གཤེགས་ཡབ་ཡུམ་སྐུ་ལ་ཕྱག་འཚལ་ལོ༔ ཉོན་མོངས་རྟོག་པའི་དྲྭ་བ་ཀུན་བཅོམ་ནས༔ ཡེ་ཤེས་དགུ་ཡི་དོན་དང་རབ་ལྡན་པ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་


JSD003_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ༔ པྲ་ཏཱིཙྪ་ཧོ༔ ཤྲཱི་ན་མ༔ མཆོད་པ་འབུལ་བ་ལ། ལྷ་རྫས་ཕྱི་མཆོད་ནི། ཧཱུྃཿ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེན་པོར་ཤར༔ ཕྱོགས་བཅུའི་སངས་རྒྱས་ཞིང་ཁམས་རྒྱས་པར་འགེངས༔ སྐུ་གསུང་ཐུགས་ཀྱི་དགྱེས་པ་བསྐྱེད་པའི་ཕྱིར༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་མ༔ མཆོད་ཆེན་དབང་གི་ཚུལ་དུ་འབུལ་ལགས་ན༔ དམ་ཚིག་དགྱེས་པ་མཆོག་ལ་རོལ་མཛོད་ཅིག༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏ་ཁཾ་ཨུཏྤ་ཏེ་སྤ་ར་ཚ་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ པུཥྤ་དྷུ་པེ་ཨཱ་ལོ་ཀེ་གནྡྷ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཁཾ་སྭཱ་ཧཱ རང་བྱུང་ནང་མཆོད་ནི། ཧཱུྃཿ འདོད་ཡོན་རང་འཕྲུལ་རྡོ་རྗེའི་དམ་ཚིག་སྟེ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ཀྱི་ཁམས༔ རྡོ་རྗེའི་ལྷ་མོ་གསང་བའི་མཆོད་པ་རྣམས༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ་


JSD003_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཞེས༔ རཱུ་པ་ཤབྡ་གཏྗེ་རཱ་ས་སྤངྒེ་དྷརྨ་པཱུ་ཛ་ཧོ༔ གཉིས་མེད་གསང་མཆོད་ནི། ཧོ༔ དགྱེས་ཉམས་མཆོག་གི་མཆོད་པ་ཆེན་པོ་འདི༔ འདོད་པའི་ཡོན་ཏན་ལྷ་མོར་བྱིན་བརླབས་ཤིང་༔ པདྨ་རཀྟ་པཉྩཨ་མྲྀ་ཏ༔ དམ་ཚིག་བཞིན་དུ་ཅི་བདེར་བཞེས་སུ་གསོལ༔ ཧ་ཧེ་པྲ་ཝེ་ཤ་ཡཀྴ་རཀྴ་ས་མ་ཡ་ཨ་ར་ལླི་ཁཱ་ཏི༔ ཞེས་པ་ཙམ་མམ། རྒྱས་པར་སྤྲོན་གཞུང་གི་དངོས་བསྟན་ཚོགས་མཆོད་སྐབས་འབྱུང་བའི་མཆོད་ཕྲེང་འཁྲུགས་བསྡེབས་ཀྱིས་འདིར་བླངས་པ་སྟེ། དེ་ཡང་ཕྱི་སྒེག་བཞི་ནི། སྤོས་ཀྱི་སྤྲིན་ལྡིང་བདུག་པ་མོ༔ རྒྱལ་བའི་དཀྱིལ་འཁོར་བདུག་པས་འགེངས༔ བྱམས་པ་ཐབས་དང་ཤེས་བཛྲ་དྷུ་པེའི་མཆོད་པར་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་དྷུ་པེ་དྷུ ཨུཏྤལ་མཐིང་ག་མེ་ཏོག་འཐོར༔ ཟླ་གམ་རིན་ཆེན་འཕྲོ་འདུ་གསལ༔


JSD003_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཐབས་དང་ཤེས་རབ་ལས༔ བཛྲ་པུཥྤའི་མཆོད་པར་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤ་པུ དབང་གི་ཕྱག་ན་སྒྲོན་མེ་བསྣམས༔ ཆོས་ཀྱི་རྒྱལ་མཚན་འབར་བ་འཛིན༔ དགའ་བ་ཐབས་དང་ཤེས་རབ་ལས༔ བཛྲ་ཨཱ་ལོ་ཀེའི་མཆོད་པར་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱི༔ ཙནྡན་བདུད་རྩིའི་ཆར་འབེབས་མ༔ དཀྱིལ་འཁོར་གསལ་བའི་ཐིག་ལེ་འབེབས༔ བཏང་སྙོམས་ཐབས་དང་ཤེས་རབ་ལས༔ བཛྲ་གདྡྷེའི་མཆོད་པར་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་གཉཱེ་གན༔ ཕྱི་ཡི་མཆོད་པ་དམ་པ་འདི༔ ཚད་མེད་བཞི་དང་མཉམ་པར་སྦྱོར༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ ནང་སྒེག་བཞི་ནི། ཧོ༔ དུང་མདོག་སྒེག་མོ་རྡོ་རྗེའི་སྤྱན༔ སེམས་དཔའ་སྔོན་པོའི་ཡེ་ཤེས་འབེབས༔ མེ་ལོང་ལྟ་བུའི་ཡེ་ཤེས་ལས༔ བཛྲ་ལཱ་སྱའི་མཆོད་པར་


JSD003_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ལཱ་སྱ་ཧཱུྃ ཡིད་བཞིན་རིན་ཆེན་འོད་འབར་མ༔ འཇམ་དཔལ་རྣོན་པོའི་དངོས་གྲུབ་འཛིན༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ལས༔ བཛྲ་མཱ་ལེའི་མཆོད་པར་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་མཱ་ལེ་ཏྲཾ༔ པདྨ་དབྱངས་མཁན་རྨ་བྱའི་མགྲིན༔ སྤྱན་རས་གཟིགས་ཀྱི་དངོས་གྲུབ་འཛིནནཿ༔ སོ་སོར་རྟོགས་པའི་ཡེ་ཤེས་ལས༔ བཛྲ་གཱིརྟིའི་མཆོད་པར་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་གཱིརྟི་ཧྲཱི༔ གར་མཁན་འགྱིང་འབག་གཟི་ལྡན་མ༔ ལས་ཀྱི་འཁོར་ལོ་རྣམ་པར་འཇོམས༔ བྱ་བ་ནན་ཏན་ཡེ་ཤེས་ལས༔ བཛྲ་ནཱིརྟིའི་མཆོད་པར་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ནཱིརྟི་ཨཱ༔ ནང་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་བཞི་དང་མཉམ་པར་སྦྱོར༔ ཨ་ལ་ལ་སྟེ་བཞེས་སུ་གསོལ༔ འདོད་ཡོན་གྱི་ལྷ་མོ་ལྔ་ནི། གཟུགས་


JSD003_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྣང་བ་ཐམས་ཅད་ཀུན༔ སྣང་སྟོང་ངོ་བོ་ཉིད་ཀྱི་གཞི༔ ཆོས་དབྱིངས་དག་པ་ཡེ་ཤེས་ཏེ༔ རྡོ་རྗེ་ལྷ་མོ་གཟུགས་མཛེས་མ༔ འདོད་ཡོན་ཕྱག་ན་བསྣམས་ནས་ནི༔ རྐང་པས་གར་བྱེད་ལག་སྟབས་བསྒྱུར༔ སྙན་པའི་གླུ་དབྱངས་བླངས་ནས་ནི༔ དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ༔ ཨོཾ་ཤྲཱི་བཛྲ་རཱ་ག་རཱུ་པ་ཙ༔ ཐམས་ཅད་མ་ལུས་སྒྲ་རྣམས་ནི༔ གྲག་སྟོང་ངོ་བོ་ཉིད་ཀྱི་གཞི༔ མེ་ལོང་ལྟ་བུའི་ཡེ་ཤེས་ཏེ༔ རྡོ་རྗེ་ལྷ་མོ་འཇམ་པའི་སྒྲ༔✖ འདོད་ཡོན་ཕྱག་ན་བསྣམས་ནས་ནི༔ རྐང་པས་གར་བྱེད་ལག་སྟབས་བསྒྱུར༔ སྙན་པའི་གླུ་དབྱངས་བླངས་ནས་ནི༔ དཀྱིལ་འཁོར་ལྷ་ལ་མཆོད་པ འབུལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ཤབྡ་ཧཱུྃ བདེ་བས་ཚིམ་བྱེད་བསོད་ནམས་མཆོག༔ ཚིམས་སྟོང་ངོ་བོ་ཉིད་ཀྱི་གཞི༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ༔


JSD003_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལྷ་མོ་དྲི་མཆོག་མ༔ འདོད་ཡོན་ཕྱག་ན་བསྣམས་ནས་སུ༔ རྐང་པས་གར་བྱེད་ལག་སྟབས་བསྒྱུར༔ སྙན་པའི་གླུ་དབྱངས་བླངས་ནས་ནི དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ༔ ཨོཾ་ཤྲཱི་བཛྲ་རཱ་ག་གཉཱེ་ཏཱཾ བདེ་བའི་རོ་ཡིས་ཚིམས་བྱེད་མ༔ རོ་སྟོང་ངོ་བོ་ཉིད་ཀྱི་གཞི༔ སོ་སོར་རྟོགས་པའི་ཡེ་ཤེས་ཏེ༔ རྡོ་རྗེ་ལྷ་མོ་བདེ་བ་མོ༔ འདོད་ཡོན་ཕྱག་ན་བསྣམས་ནས་སུ༔ རྐང་པས་གར་བྱེད་ལག་སྟབས་བསྒྱུར༔ སྙན་པའི་གླུ་དབྱངས་བླངས་ནས་ནི༔ དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ༔ ཨོཾ་ཤྲཱི་བཛྲ་རཱ་ག་རཱ་ས་ཧྲཱི༔ དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ༔ བདེ་མཆོག་དཀྱིལ་འཁོར་ཡངས་བྱེད་མ༔ བྱ་བ་གྲུབ་པའི་ཡེ་ཤེས་ཏེ༔ རྡོ་རྗེ་ལྷ་མོ་རེག་བྱ་མ༔ འདོད་ཡོན་ཕྱག་ན་བསྣམ་ནས་


JSD003_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པས་གར་བྱེད་ལག་སྟབས་བསྒྱུར༔ སྙན་པའི་གླུ་དབྱངས་བླངས་ནས་ནི༔ དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ༔ ཨོཾ་ཤྲཱི་བཛྲ་རཱ་ག་སྤརྴ་ཨཱ༔ ཁྱད་པར་དུར་ཁྲོད་དྲག་པོའི་མཆོད་པ་ནི། ཧཱུྃཿ དུར་ཁྲོད་དྲག་པོའི་གཞལ་མེད་ཁང་ཆེན་པོ༔ རྡོ་རྗེ་འཛིན་ཀྱང་འཇིགས་པའི་ཕོ་བྲང་དུཿ༔ དགྲ་བགེགས་བསྒྲལ་བའི་ཁྲག་གི་མཆོད་ཡོན་དང་༔ དབང་པོའི་མེ་ཏོག་ཚིལ་གསུར་བདུག་པའི་སྤྲིན༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་རྫིང་༔ རུས་ཞལ་ཟས་རྐང་གླིང་ཐོད་རྔའི་སྒྲ༔ བྱང་སེམས་དཀར་དམར་བདུད་རྩི་རཀྟའི་མཚོ༔ ཕུང་པོ་མ་ཚང་མེད་པའི་གཏོར་མ་ཆེ༔ དམ་རྫས་རྒྱ་ཆེན་པོས༔ བླ་མ་དྲག་པོ་འཁོར་བཅས་ཐུགས་དམ་བསྐང་༔ དགྱེས་པར་བཞེས་ལ་དྲག་པོའི་ཕྲིན་ལས་མཛོད༔ ཨོྃ་བཛྲ་ཨརྒྷཾ་པུཥྤེ་


JSD003_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཤབྡ་བོ་དྷི་ཙིཏྟ་མ་ཧཱ་རཀྟ་མཱཾ་ས་བ་ལིཾ་ཏ་པཱུ་ཛ་ཧོ༔ ཞེས་དང་། ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མངའ་བདག་ཆོས་རྒྱལ་ཡབ་སྲས་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རིག་འཛིན་པདྨ་ལས་འབྲེལ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ལས་ཅན་ཆོས་བདག་སྐྱེས་བུའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དྲིན་ཅན་རྩ་བརྒྱུད་བླ་མའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གུ་རུ་ཐོད་ཕྲེང་སྡེ་ལྔའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཡི་དམ་རྡོ་རྗེ་གྲོ་ལོད་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་


JSD003_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་རཾ་ཁཱ་ཧི། དབང་ཆེན་རྟ་མགྲིན་ཡབ་ཡུམ་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ལས་མཛད་གིང་ཆེན་སྡེ་བཞིའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དཔའ་བོ་ཌཱ་ཀི་སྒོ་སྐྱོང་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། དམ་ཅན་ཆོས་སྲུང་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མཆོད་པར་འོས་པ་རྣམས་ཀྱི་ཞལ་དུ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཨོཾ་ཨཱཿཧཱུྃ ཞེས་བདུད་རྩི་མྱང་། བསྟོད་པ་བྱ་བ་ནི། ཧཱུྃ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་ཀུན་ཏུ་བཟང་པོའི་སྐུ༔ གསུང་ནི་མི་འགགས་མཉམ་ཉིད་རིག་པའི་གསུང་༔ ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས༔


JSD003_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ལྡན་པདྨ་རྒྱལ་ལ་བསྟོད༔ འགྲོ་བའི་དོན་དུ་རང་བྱུང་འོད་དཔག་མེད༔ བཀྲ་ཤིས་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ འཇིག་རྟེན་མངའ་བསྒྱར་པདྨ་རྒྱལ་པོའི་སྲས༔ རྡོ་རྗེ་གྲོ་ལོད་རྩལ་ལ་ཕྱག་འཚལ་བསྟོད༔ དབང་དྲག་མེ་ལྟར་འབར་བའི་དཀྱིལ་འཁོར་ནས༔ ཁྲོ་བོའི་རྒྱལ་པོ་ཟ་བྱེད་ཧཱུྃཿ་སྒྲ་ཅན༔ རྟ་སྐད་རྔམ་པ་དངོས་གྲུབ་གཏེར་གྱི་མཛོདཿ༔ དབང་མཆོག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལཿ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔ ཕྲིན་ལས་རྫོགས་པའི་རྗེ་ལ་ཕྱག་འཚལ་བསྟོད༔ སྣ་ཚོགས་གར་སྦྱར་ཐོགས་མེད་


JSD003_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་བདག༔ རིགས་བཞིའི་གིང་ཆེན་མཁའ་འགྲོའི་ཚོགས་ལ་བསྟོད༔ ཚོགས་ཆེན་འདུས་པའི་དཀྱིལ་འཁོར་སྒོ་སྐྱོང་ཞིང་༔ ཚད་མེད་བཞི་ལྡན་ཕྲིན་ལས་རྣམ་བཞི་སྒྲུབ༔ གདུག་པའི་འཁོར་བ་ལིངས་ལ་འདེབས་མཁས་པ༔ གདུག་པའི་འཁོར་བ་ལིངས་ལ་འདེབས་མཁས་པ༔ དཔལ་གྱི་བཀའ་ཉན་སྐྱོང་མ་བཞི་ལ་བསྟོདཿ༔ བདག་ཅག་སེམས་ཅན་ལས་ཀྱིས་མནར་ཞིང་གཟིར༔ མ་རིག་དབང་གིས་སྨིན་སོ་རྒྱུད་ལྔར་འཁྱམསཿ༔ ལོག་རྟོག་ངན་པའི་དབང་གྱུར་འགལ་འཁྲུལ་རྣམས༔ ཡེ་ཤེས་གཟིགས་མངའ་འཕགས་པའི་ཚོགས་ལ་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཚང་བར་བརྗོད། བཟླས་པ་ལ་བསྙེན་སྒྲུབ་ལས་གསུམ་ལས། ཡེ་ཤེས་སེམས་དཔར་བསྙེན་པ་ནི། རང་ཉིད་དབང་དྲག་གྲོ་ལོད་སྐུར་གསལ་བའི༔ །ཐུགས་ཀར་ཡེ་ཤེས་སེམས་དཔའ་རྟ་མགྲིན་དམར༔ དེ་ཡི་ཐུགས་ཀར་རིན་


JSD003_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཟུར་བརྒྱད་དབུས༔ གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེ་བ་ལ༔ པདྨ་ཉི་མ་ཟླ་བའི་དཀྱིལ་འཁོར་དབུས༔ རང་བྱུང་རིག་པ་ཧཱུྃཿ་ཡིག་དམར་པོའི་མཐརཿ༔ རྩ་བའི་རིག་སྔགས་བྱུ་རུའི་ཕྲེང་བ་བཞིན༔ བསྐོར་ཞིང་འཁོར་བས་ཐ་མལ་སྣང་ཞེན་སྦྱངས༔ སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་ངོ་བོར་རྫོགས༔ ཞེས་པའི་ཏིང་ངེ་འཛིན་ལ་ཡིད་རྩེ་གཅིག་པས། ཨོཾ་པདྨ་ཏ་ཀྲི་ཏ་ཧྱ་གྲྀ་ཝ་ཧཱུྃ༔ ཞེས་འབུམ་ཕྲག་བཅུ་བཟླ། དམ་ཚིག་སེམས་དཔར་སྒྲུབ་པ་ནི། སླར་ཡང་ཐུགས་སྲོག་སྒྲུབ་སྔགས་ཀྱིས་བསྐོར་བའི༔ འོད་ཟེར་ལྕགས་ཀྱི་ཚྭ་ཚྭ་གཏམས་པའམ༔ མགལ་མེ་དམར་པོ་ཀླད་ལ་བསྐོར་བ་བཞིནཿ༔ འཁོར་ཞིང་སྣང་བས་བདེ་གཤེགས་ཞིང་ཁམས་འགེངས༔ སྒྲ་དང་འོད་ཀྱིས་རྒྱུད་བསྐུལ་མཆོད་སྤྲིན་སྤྲོས༔ སླར་ཡང་ངན་སོང་གནས་སྦྱངས་རྒྱུད་ལྔ་


JSD003_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ༔ ཀུན་ཀྱང་དཔལ་ཆེན་ཁྲོ་བོའི་ཞིང་དུ་བསྒྱུར༔ གཟུང་འཛིན་རྟོག་བྲལ་བྱང་ཆུབ་སེམས་ཀྱི་ངང་༔ གདན་གསུམ་ཡོངས་རྫོགས་ཆོས་སྐུའི་རོལ་པར་བལྟ༔ ཞེས་ཡེ་ཤེས་སེམས་དཔའ་སྟངས་དཔྱལ་དང་། བདག་མདུན་བར་དུ་འཁོར་བའི་དོ་ལིའི་དམིགས་པ་གཙོབོར་བཟུང་ལ། ཨོཾ་བཛྲ་ཤྲཱི་གྲོ་བོ་ལོད་སརྦ་སིདྡྷི་ཧཱུྃ་ཞེས་འབུམ་ཕྲག་བཅུ་གསུམ་བཟླ། ལས་སྦྱོར་ནི། བདག་ཉིད་པདྨ་དྲག་པོའི་ཐུགས་ཀ་ནས། །འོད་ཟེར་མེ་ཕུང་ལྕགས་སྡིགས་ཚྭ་ཚྭ་འཕྲོས། །སྡེ་བརྒྱད་དམ་སྲི་བར་ཆད་བདུད་སྡེའི་ཚོགས། །ཐལ་བར་བརླག་ཅིང་ཀ་དག་ཆོས་སྐུར་བསྒྲལ། །ཚུར་འདུས་བདག་ཐིམ་ཆེ་བཙན་འགྲན་བྲལ་གྱུར། ཨོཾ་བཛྲ་ཙཎྜ་སརྦ་དུབྫན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་དྲེགས་པའི་གཟིར་སྔགས་སྒྲུབ་པའི་བཅུ་ཆ་ཙམ་བཟླ། གཞན་ཡང་དགོས་པ་ཁྱད་པར་ཅན་གྱི་ཚེ་སྲུང་བཟློག་བསད་པའི་


JSD003_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་ཀྱང་སྦྱར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ལ། ཚོགས་ཀྱི་མཆོད་པ་ནི། དམ་རྫས་རྣམས་ཆུ་ནང་ཆང་གསུམ་གྱིས་བྲན་ལ། ཨོཾ་སརྦ་དྲ་བྱཾ་ཤྭ་དྷ་ཡ་ཧཱུྃ་ཕཊ༔ ཀྱིས་བསང་། རཾ་ཡཾ་ཁཾགིས་སྦྱང་། ཧཱུྃ བཀྲ་ཤིས་མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ དམ་རྫས་བདུད་རྩི་ལྔ་དང་ཤ་ཆེན་ལྔ༔ ཕྱི་ནང་གསང་བ་སྒྲུབ་པའི་དམ་ཚིག་རྫས༔ གཞན་ཡང་འདོད་ཡོན་ཕུན་སུམ་ཚོགས་པ་རྣམས༔ རྣམ་དག་བྱང་ཆུབ་ཡི་གེ་གསུམ་གྱིས་སྦྱོར གསུང་ཐུགས་ཀྱྀ་དངོས་གྲུབ་བསྡུས་པའི་དབྱིག༔ ཟག་མེད་ཀུན་བཟང་སྤྲིན་གྱི་རོལ་པར་བསྒྱུར༔ ༀ་ཨཱཿཧཱུྃ ལན་གསུམ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཨོཾཿ བདེ་བར་གཤེགས་སོ་བཅོམ་ལྡན་འདས༔ བསོད་ནམས་ཞིང་དུ་དེང་བདག་གྱུར༔བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཡིད་


JSD003_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མཆོད་པ་དམ་པ་བཞེས་སུ་གསོལ༔ ཤྲཱི་བཛྲ་ཨོཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ བཛྲ་སྤོཊ་བ༔ བཛྲ་གྷཎྜེ་ཧོ༔ མདུན་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམ་ལ། ཨོཾ་ཤྲཱི་རཱ་ག་དྷུ་པེ་བྷྱ༔ པུཥྤཔུ ཨཱ་ལོ་ཀེ་ཧྲཱི༔ གནྠེ་གན༔ ཨོཾ་ཤྲཱི་བཛྲ་རཱ་ག་ལཱ་སྱེ་ཧཱུྃ མཱ་ལྱེ་ཏྲཾ གཱིརྟི་ཧྲཱི༔ ནཱིརྟི་ཨཱ༔ ཞེས་པ་རྣམས་ཀྱིས་སྤྱིར་མཆོད། ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ། མཆོད་པ་ནི། ཧཱུྃ ཐབས་དང་ཤེས་རབ་ལྡན་གྱུར་ཅིང་༔ བྱང་ཆུབ་སེམས་དང་མ་ཆགས་པའི༔ གཉིས་སུ་མེད་པར་ཐིམ་གྱུར་ནས༔ ཚོགས་ཆེན་གཉིས་ཀྱང་རྫོགས་པར་ལྡན༔ ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན༔ ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ༔ གཟུགས་དང་སྒྲ་དང་དྲི་དང་རོ༔ རེག་བྱ་ཆོས་ལ་སོགས་པ་ཡི༔ འདོད་ཡོན་ལྔ་ཡི་མཆོད་པ་འདི༔


JSD003_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གཤེགས་ལ་འབུལ་ལགས་ན༔ དགྱེས་པའི་དོན་ལ་བཞེས་སུ་གསོལ༔ མཉམ་ཉིད་བདེ་བའི་མཆོད་པ་ནི༔ ཆོས་ཀྱི་དབྱིངས་སུ་རོ་གཅིག་པས༔ ཕྱི་ནང་གསང་བའི་མཆོད་པ་ཡིས༔ ལྷ་རྣམས་མཉེས་ཤིང་དངོས་གྲུབ་འབེབས༔ མ་ཧཱ་ག་ཎ་ཙཀྲ་པྲཱ་ཛ་ཁཱ་ཧི༔ བཤགས་པ་ནི། ཧོ༔ དབང་ཆེན་རྡོ་རྗེ་གྲོ་ལོད་དགོངས་སུ་གསོལཿ༔ མ་རིག་རྨོངས་པས་ལྗོངས་པའི་སྐྱེ་འགྲོ་དང་༔ རྣལ་འབྱོར་དམ་ལ་གནས་པའི་སྒྲུབ་པ་པོ༔ ཐོག་མ་མེད་པའི་དུས་ནས་ད་བར་འཁོར༔ གཟུང་འཛིན་ཆགས་པའི་དབང་གིས་བསགས་པ་ཡི༔ རྒྱུད་དྲུག་བག་ཆགས་ཇི་སྙེད་མ་་ལུས་དང་༔ རྩ་བ་ཡན་ལག་དམ་ཚིག་ཉམས་པ་རྣམས༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ དག་ཚངས་མཆོག་གི་དངོས་


JSD003_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྩལ་དུ་གསོལ༔ ཡིག་བརྒྱ་བརྗོད། ཚོགས་ཐ་མ་ལ་རྟེན་བྱས་ཏེ་བསྒྲལ་བ་ལ་ཧོམ་བསྐྱེད་ནི། ཨེ་ལས་གནམ་ལྕགས་འབར་བའི་ཁང་སྒྲོམ་ནང་། །ནྲ་དང་ཏྲི་ལས་གནོད་བྱེད་དགྲ་བགེགས་རྣམས། །ཡན་ལག་ལྕགས་སྒྲོག་གིས་བཅིངས་ཉམ་ཐག་པ། །མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར། །འགུགས་གཞུག་ནི། ན་མོ། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །ཁྱད་པར་དབང་དྲག་པདྨ་དྲག་པོ་ཧེ་རུ་ཀའི། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་ནུས་མཐུ་ཎྜ ཡིས། །དགྲ་བགེགས་ཐམས་ཅད་ཁུག་ཅིག་གཟུགས་ལ་ཕོབ། །ནྲྀ་ཏྲི་རཱུ་ཏྲ་ཨངྐུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཕུར་པ་གདབ་ཅིང་སྒྲོལ་གྲིས་གཏུབ་ལ། ཧཱུྃ ང་ནི་རིག་པ་དཔལ་ཆེན་ཧེ་རུ་ཀཿ༔ འཁོར་འདས་རོ་གཅིག་ལྟ་བའི་ཕུར་བུ་ཡིས༔ མ་རིག་གཉིས་འཛིན་བདུད་དང་དགྲ་བགེགས་རྣམས༔ སྙིང་རྗེས་


JSD003_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་ཞིང་གཏུབ་བོ་ཀཱི་ལ་ཡ༔ ཀ་དག་མངོན་རྫོགས་སངས་རྒྱས་ཕྱིར་མ་ལྡོག༔ ༀ་དྷརྨ་དྷཱ་ཏུ་ཀཱི་ལ་ཡ་རུ་ཏྲ་མཱ་ར་ཡ་དུན་མྱོག་ཐཾ་རྦདཿ༔ ཅེས་ཚེ་ཁྲུས་ཀྱི་དགོངས་པ་དང་ལྡན་པས། བསྒྲལ་བའི་ཤཁྲག་བདུད་རྩིར་སྦར་ལ་བསྟབ་པ་ནི། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཞལ་ཕྱེས་ཤིག༔ ཁམས་གསུམ་ཡོངས་སྒྲོལ་དགྲ་བགེགས་ཞལ་དུ་བསྟབ༔ རྔམས་བྱེད་ཧོམ་ཁུང་ཡངས་པའི་མགུལ་དུ་བསྟིམ༔ འཁོར་འདས་མཉམ་ཉིད་ངང་དུ་མཆོད་པར་བཞེས༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊཿ༔ འདིར་རྒྱལ་བ་སྤྱི་སྐོང་སོགས་སྦྱར་ན་ལེགས། ཚོགས་ལ་རོལ་བ་ནི། བརྡའི་འབུལ་ལེན་བཅས་ནང་གི་རྣལ་འབྱོར་དང་ལྡན་པས་ལོངས་སྤྱོད། ལྷག་མ་གཏོང་བ་ནི། ྋ ཨོཾ་ཨཱཿཧཱུྃ ལན་གསུམ།


JSD003_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་གཏོར་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་གཏེར་དུ་གྱུར། ཞེས་བྱིན་བརླབས་ལ། ༀ་ཨཱ་རལླི་ཤྲཱི་ཤྲཱི་ཛ༔ ཞེས་ལྷག་སྡུད་ཀྱི་ཕོ་ཉ་རྣམས་སྤྱན་དྲངས་ཏེ། ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ བླ་མ་ཡི་དམ་ཕུད་ཀྱི་བདག༔ བར་དུ་ཚོགས་ཀྱིས་མི་མཆོད་རྒྱུ༔ མ་དང་མཁའ་འགྲོ་ཚོགས་ལ་དགྱེས༔ ཐ་མ་ལྷག་མས་མི་མཆོད་རྒྱུ༔ བྲན་དང་བཀའ་ཉན་ལྷག་ལ་དགྱེས༔ དབང་ཕྱུག་མ་སྲིང་མཁའ་འགྲོ་མ༔ འབར་མ་གིང་ལང་ཕོ་ཉའི་ཚོགས༔ འབུམ་ཕྲག་ཡངས་པའི་སྡེ་བརྒྱད་རྣམས༔ འདིར་གཤེགས་ལྷག་མའི་གཏོར་མ་བཞེས༔ སྔོན་ཚེ་དཔལ་གྱི་བཀའ་ལུང་བཞིན༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཨོཾ་ཨུཙྪིཥྚ་བཛྲ་ཨ་ཏི་ཏྲ་ས་མ་ཡ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཧྲཱིཿབྷྱོཿ་བྷྱོ༔ ཞེས་ཕྱི་རོལ་དུ་འབུལ་ལ། ཐུགས་དམ་བསྐུལ་


JSD003_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། ཧཱུྃ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་༔ འཇིག་རྟེན་འཇིག་རྟེན་འདས་པའི་དུར་ཁྲོད་ནས༔ དཀོན་མཆོག་རྩ་བ་གསུམ་དང་ཆོས་སྐྱོང་ཚོགསཿ༔ སྡེ་བརྒྱད་དྲེགས་པའི་དམག་དཔུང་དབྱིངས་ནས་བཞེངས༔ ད་དུས་བསྐལ་པ་སྙིགས་མའི་ཡང་མཐའ་འདིར༔ བསྟན་པ་གཉན་ལ་སྡང་བའི་དགྲ་དར་ན༔ ལེ་ལོ་བཏང་སྙོམས་གཡེལ་བར་མ་མཛད་པར༔ བསྟན་དང་བསྟན་འཛིན་བདག་གི་གྲོགས་ལ་དགོངས༔ ཆོས་ཀྱི་དབྱིངས་ནས་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ རིག་འཛིན་ཁྲག་འཐུང་ལྷ་ཚོགས་སྐུར་སྟོན་པ༔ རྣལ་འབྱོར་མོས་པའི་གདུང་ཤུགས་བཟོད་དཀའ་བས༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད༔ ཆད་མདོ་བསྒྲག་པ་ནི། གཏོར་མ་ལ་སྨན་རཀ་བྲན་ཅིང་འབྲུ་གསུམ་གྱིས་བརླབ་ལ། ཧཱུྃ་


JSD003_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་ནས༔ དཔལ་ཆེན་རྟ་མགྲིན་རྡོ་རྗེ་གྲོ་བོ་ལོདཿ༔ འཐུང་རིགས་ལྔའི་ཚོགས་ཀྱིས་གར་བསྒྱུར་ཞིང་༔ མ་རུངས་དྲེགས་པའི་སྡེ་དཔོན་འདུལ་བའི་ཚེ༔ དམ་ལ་བཏགས་པའི་དབང་ཕྱུག་མཁའ་འགྲོ་གིང་༔ མ་སྲིང་འབར་མ་ཕོ་ཉ་ལས་མཁན་རྣམས༔ དམ་རྫས་དམར་གྱིས་བརྒྱན་པའི་གཏོར་མ་ལོངས༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ རྒྱ་གར་ཡུལ་གྱི་དུར་ཁྲོད་གནས་ཆེན་བརྒྱད༔ བཀའ་བབ་རིག་འཛིན་སོ་སོའི་ཐུགས་མཛོད་བརྟོལ༔ དཔལ་ཆེན་སྒྲུབ་པ བཀའ་བརྒྱད་སྐུར་བཞེངས་ཚེ༔ དམ་ལ་བཏགས་པའི་ཞིང་སྐྱོང་མཁའ་འགྲོའི་ཚོགས༔ དམ་རྫས་དམར་གྱིས་བརྒྱན་པའི་གཏོར་མ་ལོངས༔


JSD003_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ ཚ་ཤོད་མང་ཡུལ་དཔལ་མོའི་སྒྲབ་པའི་མཚོར༔ ཆེན་རྟ་མཆོག་རོལ་པའི་སྐུར་བསྟན་ནས༔ དམ་ལ་བཏགས་པའི་དགེ་བསྙེན་ཉེར་གཅིག་དང་༔ བོད་སྐྱོང་བརྟན་མ་ཆེན་མོ་བཅུ་གཉིས་དང་༔ དགེ་བསྙེན་བྱང་བཙན་འབྲོག་མོ་གཉན་ཆེན་སོགས༔ དམ་རྫས་དམར་གྱིས་བརྒྱན་པའི་གཏོར་མ་ལོངས༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་སིལ་མ་ལ་དང་འུ་ཡུག་མལ་གྲོ་ཀླུངས༔ ཧས་པོ་རི་དང་ཤམ་པོ་མཁའ་རི་དང་༔ ཏི་སེའི་གངས་དང་མཆིམས་ཕུ་ཤེལ་བྲག་དང་༔ མཁར་ཆུ་བསམ་ཡས་ཁྲ་འབྲུག་ལ་སོགས་དང་༔ ཁྱད་པར་སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དཔལ་ཆེན་རྡོ་རྗེ་གྲོ་ལོད་སྐུར་བསྟན་ཏེ༔


JSD003_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཡུལ་མཐའ་དབུས་གཏེར་གྱིས་གཏམས་བྱས་ནས༔ དམ་ལ་བཏགས་པའི་གཟའ་ཀླུ་རྒྱལ་གསུམ་དང་༔ གངས་ཅན་དྲེགས་པའི་སྡེ་བརྒྱད་ཚོགས་དམ་རྫས་དམར་གྱིས་བརྒྱན་པའི་གཏོར་མ་ལོངས༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཕན་བདེ་རྒྱལ་བའི་བསྟན་པ་སྲུང་བ་དང་༔ ༔མཐའ་དམག་ཟློག་ལ་ནད་གདོན་གནོད་པ་སྲུངས༔ ཆོས་རྒྱལ་རྗེ་ཡི་བརྒྱུད་པ་བུ་བཞིན་སྐྱོངས༔ སད་སེར་མུ་གེ་བྱད་ཕུར་རྦོད་༤ གཏོང་ཟློག༔ བཀའ་དང་དམ་ལ་མ་འདའ་ཕྲིན་ལས་མཛོད༔ ས་མ་ཡ་དམ་ལས་མ་འདའ་ཞིག༔ རཀྵ་སི་ཧཱུྃ༔ སྐབས་འགའ་ཞིག་ཏུ་ཆད་མདོའི་གཏོར མ་དེ་ཉིད་མཚོན་ཆའི་ཕུང་པོར་བསྒྱུར་ལ་ཟོར་དུ་འཕང་བ་ནི། བྷྱོ༔ དོ་ནུབ་དྲག་པོ་སྔགས་ཀྱིས་བྱིན་བརླབས་པ༔ དྲང་སྲོང་དམོད་པའི་དམར་གྱི་གཏོར་མ་འདི༔


JSD003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་བྱ་བའི་ཞིང་བཅུའི་སྟེང་དུ་འཕེན༔ ཟློག་སྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ཟློག་སྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྔགས་རྒོད་ལོཀྟྲིའི་ཤམ་དུ། མཱ་ར་ཡ་ཟོར་ཡ༔ ཨེ་ས་བྷོ་ཟློག་རྦད་ཡ༔ ཞེས་དགྲ་ཕྱོགས་སུ་འཕང་། བཤལ་ཆུ་གཏོར་མར་སྦྲེང་ཞིང་བརྟན་མ་བསྐྱང་བ་ནི། ༀ་ཨཱཿཧཱུྃ་གིས་བརླབས་ནས། བརྟན་མ་སྐྱོང་མཛད་མ་དང་སྲིང་༔ དཔལ་གནས་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མཿ༔ མེ་ཏོག་ཟླ་འོད་བྱང་རྒྱལ་མ༔ གསེར་ཐང་ཀུན་བཟང་ཤཱིནྟིཾ་དཔལ༔ ཀླུ་མོ་གཟི་འབར་ལ་སོགས་པའི༔ བརྟན་མ་བཅུ་གཉིས་གཏོར་མ་ལོངས༔ མི་མཐུན་གནོད་པའི་ཕྱོགས་རྣམས་ཟློགཿ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཁཱ་ཧི༔ མ་མ་ཧྲཱིཿམ་མ་ཧྲཱིཿཁཱ་ཧི་ཁཱ་ཧི༔ རྟ་བྲོ་བརྡུང་བ་ནི། ཧཱུྃཿ ཨེ་ཡི་དཀྱིལ་འཁོར་ཆེན་པོ་འདིརཿ༔ རྒྱུད་དྲུག་


JSD003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་སེམས་ཅན་གྱི༔ འཁོར་ལོའི་ལམ་ལྔ་དགག་པའི་ཕྱིར༔ ཡིག་འབྲུ་འཁྲིགས་པའི་བྲོ་བརྡུངས་པས༔ རྒྱུད་དྲུག་འབྲོས་ཁུངས་གཅོད་པའི་རྒྱ༔ དུག་གསུམ་རྡུལ་ཕྲན་བཞིན་དུ་བཤིག༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཚོགས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་སུ་བདག་སྦྱོར་བས༔ ཕྱག་རྒྱ་ཆེན་པོར་བདག་གྱུར་ཅིག༔ ཧ་ཧ་རུ་ལུ་ཧ་ཧ་རུ་ལུ་ཧཱུྃ་ཕཊ༔ དངོས་གྲུབ་བླང་བ་ནི། གཏོར་མ་ལྷར་གསལ་བ་ལ་མཆོད་ཅིང་བསྟོད་ནས། ཧཱུྂ ཚད་མེད་རྨད་བྱུང་ཐུགས་རྗེའི་གཏོར་མ་འདི༔ གོས་འདོད་ཀུན་འབྱུང་ནོར་བུ་རིན་པོ་ཆེ༔ དབང་གི་རྒྱལ་པོ་དངོས་གྲུབ་སྒྲུབ་པའི་མི་ཟད་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལཿ༔ རྩ་སྔགས་མཐར། ༀ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཧཱུྃ ཞེས་སྒྲུབ་རྫས་གནས་གསུམ་དུ་གཏུག་ཅིང་མྱང་


JSD003_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །བཟོད་པར་གསོལ་བ་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱིས་པ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཡི་གེ་བརྒྱ་པ་མང་དུ་བརྗོད། དཀྱིལ་འཁོར་བསྡུ་བ་ནི། མདུན་དཀྱིལ་དང་འབྲེལ་ན་དེའི་ཡེ་ཤེས་པ་རྣམས། །འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། བརྟན་བཞུགས་བྱ་བའམ། མེད་ན་ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུ ཞེས་པས་གཤེགས་གསོལ་བྱ། ཏིང་ངེ་འཛིན་གྱི་


JSD003_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར། ཧཱུྃ ངོ་མཚར་སྤྲུལ་པའི་འཁོར་ལོ་མ་ལུས་པ༔ མ་སྐྱེས་སེམས་ཀྱི་དཀྱིལ་འཁོར་ཆེན་པོར་ཐིམ༔ ཆོས་རྣམས་རྩ་བ་བྱང་ཆུབ་སེམས་ཀྱི་ངང་༔ ཡེ་ཤེས་ལྔ་རྫོགས་སྟོང་ཉིད་དམ་པའི་མཛོདཿ༔ ཨ་ཨ་ཨཱ༔ ཞེས་མཉམ་པར་བཞག་པས་རྟག་མཐའ་བསལ། སླར་ཡང་ཁམས་གསུམ་འགྲོ་བའི་དོན་མཛད་པ༔ འགྲོ་དྲུག་མུན་སེལ་དབང་ཆེན་གྲོ་བོ་ལོད༔ སྒེག་པའི་ཉམས་ཀྱིས་སྒེག་པའི་གར་མཛོད་ཅིག༔ ཅེས་ང་རྒྱལ་བཟུང་བས་ཆད་མཐའ་བསལ། བསྔོ་སྨོན་ནི། ཧོ༔ ལྷ་མཆོག་བསྙེན་ཅིང་བསྒྲུབ་པའི་དགེ་བ་འདིས༔ སེམས་ལ་ཉམས་ཀྱི་སྣང་བ་ནང་དུ་འཆར༔ ལུས་ལ་གར་གྱི་སྣང་བ་ཕྱི་རུ་ཤར༔ ངག་ལ་བདེན་པ་སྔགས་ཀྱི་སྣང་བ་འཆར༔ ཡུལ་སྣང་ཞེན་པ་རྒྱལ་བའི་ཐུགས་སུ་ཤར༔ སྐུ་གསུམ་རྨི་ལམ་སྒྱུ་འདྲའི་དོན་རྟོགས་ཤོག༔


JSD003_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་བརྗོད་པ་ནི། མེ་ཏོག་གི་ཆར་དབབ་ལ། འཆི་མེད་ཟླ་གམ་དམར་པོ་དབང་གི་དཀྱིལ༔ སྐྱེ་ཤི་གཉིས་མེད་མགོན་པོ་ཚེ་མཐའ་ཡས༔ ཐུགས་རྗེ་སྒྱུ་མའི་རོལ་པ་རྟ་མཆོག་དཔལ༔ སྤྲུལ་པའི་ཁྲོ་བོ་འཆོལ་པ་གྲོ་བོ་ལོད༔ སྐུ་གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ༔ ཅིར་ཡང་སྟོན་ཅིང་ཅིར་ཡང་སྣང་བ་ཡི༔ གཅིག་ཏུ་མ་ངེས་ཡོན་ཏན་ཕྲིན་ལས་རྣམས༔ ཅིས་ཀྱང་མ་བསྒྲིབས་ཁམས་གསུམ་རྣམ་པར་རྒྱལ༔ བདེན་པ་དེས་ཀྱང་འདིར་ནི་བདེ་ལེགས་སྩོལ༔ སྟོང་གསུམ་འཇིག་རྟེན་མི་མཇེད་སྤྲལ་པའི་ཞིང་༔ སྤྲུལ་པའི་གར་བསྒྱུར་སྟོན་པས་བསམ་མི་ཁྱབ༔ བསྟན་གཉིས་ཉི་ཟླ་ཟུང་གཅིག་འཁོར་ཞིང་སྣང་༔ བདེན་པ་དེས་ཀྱང་འདིར་ནི་བདེ་ལེགས་སྩོལཿ༔ ཁྱད་པར་བསིལ་ལྡན་ར་བ་དཀར་པོར་བསྒྱུར༔


JSD003_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ཐོས་དྲན་རེག་བྱང་ཆུབ་ལམ་ལ་བཀོད༔ མཐའ་དབུས་མེད་པ་རིན་ཆེན་གཏེར་གྱིས་གཏམསཿ བདེན་པ་དེས་ཀྱང་འདིར་ནི་བདེ་ལེགས་སྩོལ༔ འགྲོ་བ་གདུལ་བྱ་སོ་སོའི་སྣང་ངོ་རུ༔ ཁྱོད་ཀྱི་ཕྲིན་ལས་སྤྲུལ་སྐུ་འཇའ་ལྟར་ཤར༔ འཁོར་བ་དོང་སྤྲུགས་མཛད་པའི་ངོ་མཚར་འབར༔ དེས་ཀྱང་འདིར་ནི་བདེ་ལེགས་སྩོལ༔ ཅེས་དང་། གཞན་ཡང་ཤིས་བརྗོད་ཇི་ལྟར་རིགས་པ་སྤེལ་བས་དགེ་ལེགས་སུ་བྱའོ། །འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་བི་མ་ལའི། །རྣམ་འཕྲུལ་རྩོད་མེད་ཡོངས་གྲགས་རིག་འཛིན་རྗེ། །པདྨ་ལས་འབྲེལ་དག་སྣང་ཆོས་སྒོ་ཕྱེས། །རྩ་གཞུང་གབ་སྦས་གཅུས་དཀྲུགས་རྡོ་རྗེའི་ཚིག །ཕལ་གྱིས་རྟོགས་དཀའ་རོ་འཛིན་མདུད་རྒྱར་ཚུད། །ལག་ལེན་ནོར་འཁྲུལ་མ་དག་རྒྱུན་འབྱམས་དོགས། །གུ་རུའི་ཐུགས་བསྐྱེད་བསླུ་མེད་བདེན་མཐུ་ལས། །རྩ་བའི་གཞུང་དང་གྲུབ་པའི་མན་ངག་ལ། །བརྟེན་ནས་རྣམ་གསལ་


JSD003_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་བདེའི་ཆོ་གའི་ཁྲིགས། །གསར་དུ་བསྡེབས་གང་སྤྱི་བརྟོལ་མ་ལགས་ཏེ། །བླ་མ་ལྷ་ཡིས་གནང་བ་ཐོབ་ནས་བྱས། །དངོས་གྲུབ་བསྒྲུབ་ལ་བསླུ་བའི་ལྕགས་ཀྱུ་མེད། །ནོངས་ན་འཆགས་སོ་དགེ་བས་སྲིད་གསུམ་འགྲོ། །དབང་དྲག་པདྨའི་དགོངས་ཀློང་བྱང་ཆུབ་ནས། །ཟབ་ལམ་ཕྲིན་ལས་མི་ནུབ་དར་སྨིན་རྒྱས། །དགེ་ལེགས་བཀྲ་ཤིས་སྲིད་ཞིའི་སླར་འབར་ཤོག །དེ་ལྟར་དབང་དྲག་གྲོ་ལོད་མཐིང་ནག་རྡོ་རྗེ་ཁྲོ་ཕུར་གྱི་ཕྲིན་ལས་བཀླགས་ཆོག་ཏུ་བཀོད་པ་བདུད་དཔུང་ཚར་གཅོད་ཅེས་བྱ་བ་འདི་ནི། རྣམ་པར་དགེ་བའི་བློ་གྲོས་ཅན་མདོ་ཁམས་གོ་འཇོ་བླ་མ་ཕུན་ཚོགས་བཀྲ་ཤིས་ཀྱིས་དོན་གཉེར་ཆེན་པོས་བསྐུལ་བ་ལས། དུས་བབ་ཀྱི་ཟབ་ལམ་འདི་ཉིད་སྲིད་པའི་མཐར་ཡང་མི་ནུབ་ཅིང་ལམ་ཞུགས་རྣམས་ལ་བར་ཆད་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་ཆ་རྐྱེན་དུ་ཡང་དག་པར་དམིགས་ནས། ཤར་རྒྱལ་བ་ཀཿཐོག་པའི་བཀའ་འབངས་ཐ་ཤལ་བ་སངས་རྒྱས་རྡོ་རྗེས་ཆུ་མོ་གླང་ལོ་ཆོ་འཕྲུལ་ཟླ་བའི་


JSD003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཕྱོགས་ཀྱི་རྫོགས་པ་གཉིས་པའི་དུས་ཚེས་དགེ་བ་ལ། འཕགས་ཡུལ་ཤར་ཕྱོགས་བྷང་ག་ལའི་ཡུལ་གྱི་བྱེ་བྲག་རྡོ་རྗེ་བཀོད་པའི་གླིང་གི་སྒྲུབ་སྡེ་ཀུན་གྲོལ་འོད་གསལ་རྩེའི་བསྟི་གནས་སུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་སྔགས་བན་ཆོས་དབྱིངས་དཔལ་མཆོག་གིས་བགྱིས་པ་དགེ་ལེགས་སུ་གྱུར་ཅིག༔ སརྦ་མངྒ་ལཾ།། ༈ འདིའི་བརྒྱུད་པ་ནི། ཆོས་སྐུ་འོད་སྣང་་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཆོས་རྗེ་པདྨ་ལས་འབྲེལ་རྩལ། དེས་ཁོ་བོ་བྱ་བྲལ་སངས་རྒྱས་རྡོ་རྗེ་ལའོ།། །།


previousའོད་གསལ་སྙིང་གི་ཐིག་ལེ་ལས། དབང་དྲག་རྡོ་རྗེ་གྲོ་ལོད་མཐིང་ནག་རྡོ་རྗེ་ཁྲོ་ཕུར་གྱི་ཕྲིན་བཀླགས་ཆོག་ཏུ་བཀོད་པ་བདུད་དཔུང་ཚར་གཅོད།next