Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
རྡོར་སེམས་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་དང་འབྲེལ་བའི་སྤྲོས་བཅས་སྒྲུབ་ཆེན་གྱི་ལག་ལེན་སྐལ་བཟང་དགྱེས་པའི་དགའ་སྟོན།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousརྡོར་སེམས་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་དང་འབྲེལ་བའི་སྤྲོས་བཅས་སྒྲུབ་ཆེན་གྱི་ལག་ལེན་སྐལ་བཟང་དགྱེས་པའི་དགའ་སྟོན།next

རྡོར་སེམས་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་དང་འབྲེལ་བའི་སྤྲོས་བཅས་སྒྲུབ་ཆེན་གྱི་ལག་ལེན་སྐལ་བཟང་དགྱེས་པའི་དགའ་སྟོན།


JSD003_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་སེམས་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་དང་འབྲེལ་བའི་སྤྲོས་བཅས་སྒྲུབ་ཆེན་གྱི་ལག་ལེན་སྐལ་བཟང་དགྱེས་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །


JSD003_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་རྡོ་རྗེ་སེམས་དཔའ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །དེ་ཡང་ཀུན་མཁྱེན་འཇིགས་མེད་གླིང་པ་གོང་འོག་གི་རྡོ་རྗེའི་གསུང་རྡོར་སེམས་བླ་མ་མཆོད་པའི་ཆོ་ག་བདེ་ཆེན་ལམ་བཟང་འདི་ཉིད་རྣལ་འབྱོར་རྐྱང་སྒྲུབ་སྤྲོས་མེད་ལུགས་ཡིན་པ་དང་ཚིག་ཚོགས་ཉུང་ན་ཡང་། ལྷ་གྲངས་དང་སྔགས་བཅས་ནི་ངམ་ཤོད་རྡོར་སེམས་ཕྱག་རྒྱ་གཅིག་པ་ལས་འདི་ཉིད་རབ་ཏུ་རྒྱས་པའི་ཕྱིར་སྤྲོས་བཅས་སྒྲུབ་ཁོག་ཇི་ལྟར་སྦྱར་ཡང་མི་འགལ་བའི་


JSD003_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱེད། འདི་ཡི་གཞུང་ལས། སྒྲུབ་གྲོགས་གཞན་ཡོད་ན་སྒྲུབ་པའི་ཁོག་དབུབ་རྒྱས་བསྡུས་གང་རིགས་དང་། ཁོར་ཡུག་གསུང་མི་ཆད་པའི་བཟླས་པ་བྱའོ་ཞེས་གསལ་བར་གསུངས་པའི་དོན་ལ་དྲན་པ་ཉེ་བར་བཞག་སྟེ་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྤྲོས་བཅས་ལག་ལེན་རྣམ་གྲོལ་སྙེ་མ་ཉིད་རྒྱས་བསྡུས་འཚམས་ཤིང་རིགས་མཐུན་གྱི་གཞུང་དུ་སྣང་བས་འདི་ལ་སྤར་བཀབ་ཇི་ལྟར་བྱ་བའི་ཚུལ་འཆད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་


JSD003_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱ་བའོ། །དང་པོ་ལ་ལྔ། ས་ཆོག་མཚམས་གཅོད། ལྷ་སྟ་གོན། ཐིག་ཚོན། རྒྱན་བཀོད་ཀྱི་ལས་རིམ་མོ། །དང་པོ་ནི། ལམ་འདིའི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་བསྙེན་པ་སྔོན་དུ་སོང་བའི་སྒྲུབ་པ་པོས། ཐོག་མར་གང་དུ་སྒྲུབ་པའི་གནས་ཁང་བྱི་དོར་དང་རྒྱན་གྱིས་སྤྲས་པའི་གོང་དུ་སྟེགས་བུ་ལ། བདག་བསྐྱེད་བླ་གཏོར་དཀར་པོ་ལྔ་རྒྱན་ཅན་གྱི་གཡས་གཡོན་སྨན་རག །མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་བཤམས། དཀྱིལ་འཁོར་གྱི་གཞིར་མཉྫིའི་སྟེང་དུ་ས་ལྷའི་གཏོར་མ་དཀར་ཟླུམ་བཤམས་པའི་མཐར། བྱང་ཤར་དུ་མཚམས་འཛིན་ཚཚ གྱི་མེ་ཏོག་ནས་བརྩམས་ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་བཤམས། དེ་ནས་ཚིག་བདུན་གསོལ་འདེབས་དང་། འོས་གྱུར་གསོལ་འདེབས། གཞི་དབྱིངས་རིག་པ་སོགས་བརྒྱུད་པའི་གསོལ་འདེབས་རྗེས། བསང་ཆུ་བྱིན་རླབས། ཨོཾ་བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཁྲོ་བོའི་ཆས་ཅན་རྡོ་རྗེ་


JSD003_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུང་ཁྲག་འཛིན་པའི་སྐུར་གྱུར་པར་བསམས་ལ། དེའི་ཐུགས་ཀ་ནས་རཾ་ཡཾ་བཾ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་།དང་དུང་ཁྲག་འཛིན་པའི་སྐུར་གྱུར བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། མ་སཱུརྱ་མཎྜལ། ཉི་མ་ལ་གནས་པའི་ཧཱུྃཿ་ཡིག་དམར་པོ། སྤ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃཿ། འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བཛྲ་མ་ཧཱ་ཀྲོ་ངྷི་ཤྭ་རཱི་ཧཱུྃ་ཕཊ། ཁྲོ་མོ་དབྱིངས་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང་། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ༀ་མ་ཧཱ་ཀྲོ་ངྷི་ཤྭ་རཱི་སརྦ་དྲ་བྱཾ་ཤྭ་དྷ་ཡ་་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱ། ཞེས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པས། ཁྲོ་མོ་དབྱིངས་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། དེ་ནས། རང་གི་སྙིང་ག་ནས་སོགས། རྡོར་སེམས་མངོན་དགའི་ཞིང་སྦྱོང་


JSD003_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྐྱབས་སེམས་ཚོགས་བསགས་རྗེས། མ་ཧཱ་ཤཱུ་ནྱ་ཏ་སོགས་ནས་བསྐྱེད་བཟླས་བསྡུ་ལྡང་བར་བཏང་ལ་མཆོད་པ་རྣམས། ཨོཾ་མཧཱ་ཀྲོ་དྷི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷ་ཝས་སྦྱངས། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷཾ་ལས་རིན་ཆེན་སྣོད་ནང་དུ༔ ཨོྃ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤ་དྷཱ་པེ་ཨཱ་ལོ་ཀེ་གནྡྷ་ནཻ་ཝིདྱེ་ཤབྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་རྒྱ་དང་བཅས་པས་གཏོར་མ་བརླབ། བྷཱ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཨོཾ་བཛྲ་ཨཧཱུྃ་པྲ་ཏཱིཙྪ་སྭཱཧཱ་ནས་ཤབྡའི་བར་གྱིས་མཆོད། བྷཱ་མི་པ་ཏི་ས་པ་རི་ཝཱ་རེ་བྷྱཿན་མཿསརྦ་སོགས་ནམ་མཁའ་མཛོད་སྔགས་ལན་གསུམ་གྱིས་གཏོར་མ་ཕུལ་ལ།


JSD003_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃཿ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང་༔ བྱིན་རླབས་བསྔོས་པའི་མཆོད་གཏོར་འདི་བཞེས་ལ༔ ཕྲིན་ལས་གཉན་པོ་སྒྲུབ་ཕྱིར་ས་སློང་གིས༔ ཅི་བདེ་བར་ནི་དགྱེས་པར་བསྩལ་དུ་གསོལ༔ ཞེས་གསོལ་བས་ས་གཞི་བྱིན་པར་བསམ་ལ། འཇམ་རོལ་དང་བཅས་པས་གཏོར་མ་ཕྱིར་བསྐྱལ་ལ་མཆོད་པ་རྣམས་བསྡུས་ཏེ་ས་སློང་བའོ། །དེ་ནས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ལ་དཀྱིལ་འཁོར་གྱི་གཞིར་དྲི་དང་བ་བྱུང་གི་ཆུ་རྡོ་རྗེ་ཁུ་ཚུར་གྱིས་གཏོར་བ་བྱང་ཚེ་ཤར་ནས་གཡས་བསྐོར་དུ་བྱུག །སྭ་བྷ་ཝའི་སྔགས་ལན་བདུན་བརྗོད་པ་དང་བསྟུན། སློབ་དཔོན་གྱིས་ལག་གཡས་ཐལ་མོ་སར་འཇོག་སྟེ་སྦྱོང་བའོ། །རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར། ཧཱུྃཿ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ འདུ་བའི་ལྷ་


JSD003_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མ་གཏོགས་པ༔ གནོད་བྱེད་གདོན་བགེགས་འབྱུང་པོའི་ཚོགས༔ ད་ལྟ་ཉིད་དུ་སོ་སོར་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ འཇིགས་བྱེད་ཁྲོ་རྒྱལ་ཐུགས་ཁྲོས་ནས༔ རྡོ་རྗེའི་མཚོན་ཆ་འབར་བ་ཡིས༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ ཞེས་བཀའ་བསྒོ། ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུྃཿ། ཞེས་དང་། སུམྦྷ་ནིའི་དྲག་སྔགས་བཟླ་ཞིང་རོལ་མོ་ཚམ་རྔམ་དང་བཅས་ཏེ་གུ་གུལ་གྱིས་བདུག །སློབ་དཔོན་གྱིས་སྙེམས་པ་དང་བཅས་དཀྱིལ་ཚེ་འཁོར་གྱི་ས་གཞི་ལ་གཡས་བསྐོར་གྱིས་འགྲོ་ཞིང་ཐུན་གྱིས་བྲབ་སྟེ་བཟུང་བའོ། །གཉིས་པ་སྲུང་བའི་སླད་དུ་མཚམས་བཅད་པ་ལ་ཕྱི་མཚམས་ནི། དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཕྱོགས་བཞིར། ཐོ་ལ་སྐུ་རྟེན་རྒྱལ་མཚན་དང་བཅས་པ་བཙུགས་པའི་མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་དང་དཀར་གཏོར་རེ་རེ་བཤམས། ཐོག་མར་ཤར་དུ་ཕྱིན་ལ་མཆོད་གཏོར་གོང་སྨྲོས་ལྟར་བསང་སྦྱང་བྱིན་


JSD003_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས། དེ་ནས་ཐོ་བསང་སྦྱང་། སྟོང་པའི་ངང་ལས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་སྐུ་མདོག་དཀར་པོ་མཛེས་ཤིང་བརྗིད་པའི་ཆས ཅན་པི་ཝཾ་འཛིན་པའི་སྐུར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་བཅས་བཛྲ་ས མ་ཡ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་བསྟིམ། ༀ་དྷྲྀཥྚ་རཏྣ་ཡ་སྭཱཧཱ༔ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ༔ ནས། ཤབྡའི་བར་གྱིས་མཆོད། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿ་ནས། ཁཾ་སྭཱཧཱའི་བར་ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་དང་རྡོར་ཐལ་ཕྱེ་རྒྱས་གཏོར་མ་འབུལ། དྲི་ཟ་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཤར་ཕྱོགས་བགེགས་ཀྱི་མཚམས་གཅོད་ཅིག


JSD003_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཕྲིན་ལས་བཅོལ། རང་སྔགས་ལན་གསུམ་བཟླ། ཏིཥྛ་བཛྲ་ཞེས་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། དེ་བཞིན་དུ་ལྷོར། མཆོད་བརླབ་དང་། ཐོ་བསང་སྦྱང་། སྟོང་པའི་ངང་ལས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་སྐུ་མདོག་སྔོན་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་རལ་གྲི་འཛིན་པའི་སྐུར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་བཅས་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿས་དྲངས་བསྟིམ་བྱ། ཨོཾ་བཻ་རཱུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་ཨརྒྷཾ་སོགས་དང་ནམ་མཁའ་མཛོད་སྔགས་ལན་གསུམ། གྲུལ་བུམ་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ལྷོ་ཕྱོགས་བགེགས་ཀྱི་མཚམས་གཅོད་ཅིག །ཅེས་དང་། རང་སྔགས་ལན་གསུམ། ཏིཥྛ་བཛྲ།


JSD003_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཏུ། མཆོད་བརླབ་དང་། ཐོ་བསང་སྦྱང་། སྟོང་པའི་ངང་ལས་རྒྱལ་པོ་ཆེན་པོ་མིག་མི་བཟང་སྐུ་མདོག་དམར་པོ་མཛེས་ཤིང་བརྗིད པའི་ཆས་ཅན་སྦྲུལ་ཞགས་དང་མཆོད་རྟེན་འཛིན་པའི་སྐུར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་མིག་་མི་བཟང་འཁོར་བཅས་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿས་དྲངས་བསྟིམ་བྱ། ཨོཾ་བི་རཱུ་པཀྵཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས་ཤབྡའི་བར་དང་། ན་མཿསརྦ་ཏ་ང་ཐཱ་ག་ཏེ་བྷྱོཿ་ནས་ཁཾ་སྭཱ་ཧཱའི་བར་ལན་གསུམ། ཀླུ་དབང་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་མིག་མི་བཟང་། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནུབ་ཕྱོགས་བགེགས་ཀྱི་མཚམས་གཅོད་ཅིག །རང་སྔགས་ལན་གསུམ། ཏིཥྛ་བཛྲ། བྱང་དུ།


JSD003_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་བརླབ་དང་། ཐོ་བསང་སྦྱང་། སྟོང་པའི་ངང་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་སེར་པོ་མཛེས་ཤིང་བརྗིད་པའི་ཆས་ཅན་བེ་ཅོན་དང་ནེའུ་ལེ་འཛིན པའི་སྐུར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་བཅས་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ས་དྲངས་བསྟིམ་བྱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཨོཾ་བཛྲ་ཨརྒྷཾ་སོགས་དང་། ནམ་མཁའ་མཛོད་སྔགས་ལན་གསུམ་གྱིས་གཏོར་མ་འབུལ། གནོད་སྦྱིན་དག་གི་བདག་པོ་ཆེ། །རྒྱལ་པོ་ཆེན་པོ་ངལ་གསོས་པོ། །བཙུན་མོ་སྲས་དང་བློན་པོར་བཅས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བྱང་ཕྱོགས་བགེགས་ཀྱི་མཚམས་གཅོད་ཅིག །རང་སྔགས་ལན་གསུམ། ཏིཥྛ་བཛྲས་བརྟན་བཞུགས་བྱའོ། །ནང་མཚམས་ནི། སྒྲུབ་ཁང་གི་སྒོ་རུ་བྲུབ་ཁུང་གྲུ་གསུམ་དུ་བྲུ། དེར་


JSD003_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ར་སོག་གཾ་གྲོཤོག་ལ་དམ་སྲིའི་ལིངྒ་བྲིས་པའི་སྙིང་གར་ཏྲི་ཡ་མ་དམ་སྲི་སཾ་བྷ་ནི་ཛཿཛ༔ ཞེས་བྲིས་པ་བཀོད། གསེར་སྐྱེམས། རཾ་ཡཾ་ཁཾ་གཅིག༔ ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ གསུམ་གྱིས་བྱིན་བརླབས། དབྱངས་རོལ་བཅས། ཧཱུྃཿ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་རྡོར་སེམས་ཞི་ཁྲོའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་སུམ་ཅུ་ཡབ་ཡུམ་སྲས། །བཀའ་ཉན་བྲན་གཡོག་མངག་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་


JSD003_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །ཅེས་པའི་ཚིག་མཚམས་གསུམ་པོར་གསེར་སྐྱེམས་འབུལ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུར་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། མ་རུང་པའི་སེམས་ཅན་ཡ་མ་དམ་སྲིའི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་


JSD003_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་མཆིས་པར་གྱུར་ཅིག༔ ཏྲི་ཡཾ་ཛ༔ ཏྲི་བཛྲ་ཨོཾ་གུ་ཤ་ཛ༔ ཛཿ་ཧཱུྃ་བྃ་ཧོ༔ ཞེས་བདེན་པ་དང་འགུགས་བསྟིམ་ལན་གསུམ་བྱས་ལ་དྲག་སྔགས་སོ་ལྔ་པ་བཟླ་ཞིང་ཐུན་བྲབ། ཧཱུྃ༔ གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ བཀའ་ལས་འདའ་བྱེད་དམ་སྲི་རྣམས༔ མནན་ཅིང་གཟིར་རོ་སྟཱཾ་བྷ་ཡཿ༔ ཡ་མ་དམ་སྲི་མྷཾ་བྷ་ཡ་ནན༔ ཨོཾ་ལཾ་ཧཱུྃཿ་ལཾ་མཱ་ར་ཡ་ནན༔ ཞེས་པས་མནན་དོང་ཁ་བཅད། མཆེད་ལྕམ་རྣམས་ལག་གཡས་སྟེང་S་དུ་བྱས་ནས་བསྣོལ་བའི་མཐེའུ་ཆུང་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ཏེ། སུམྦྷ་ནི་དང་། ཧཱུྃཿ། ང་ནི་འཇིགས་བྱེད་ཆེན་པོ་སྟེ། །ཁམས་གསུམ་ཐམས་ཅད་སྤྱི་ནས་གནོན། །དགྲ་བགེགས་སྡིག་ཅན་འབྱུང་པོ་རྣམས། །དུག་གསུམ་ལས་ཀྱི་ཁུང་བུར་ནན། །མནན་ནོ་བཅིངས་སོ་བྷཾ་བྷ་ཡ། །རྡོ་རྗེ་བྲོ་ཡི་རྒྱས་བཏབ་པས། །སུས་ཀྱང་འཇིག་


JSD003_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནུས་མ་ཡིན། །ཨོཾ་ལཾ། ཨཱཿལཾ། ཧཱུྃ་ལཾ། སཾ་བྷ་ཡ་ནན། ཞེས་པས་བྲོ་བརྡུང་། དེ་ནས་བར་མཚམས་ནི། དཀྱིལ་འཁོར་གྱི་སྒོའི་ཡ་ཐེམ་གྱི་ཕྱི་ངོས་སུ། གཤིན་རྗེ་གཤེད་ཀྱི་རྟེན་བཏགས་པའི་མདུན་དུ་ཆུ་གཉིས་ཉེར་སྤྱོད་དང་གཏོར་མ་ཞིག་ཀྱང་བཤམས། མཆོད་གཏོར་སྔར་ལྟར་བསངས་སྦྱངས་བརླབ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཧཱྃ་ཡིག་ལས་གཤིན་རྗེ་གཤེད་ནག་པོ་དབྱུག་པ་དང་ཞགས་པ་འཛིན་པའི་སྐུར་གྱུར། བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཨོྃ་བཛྲ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ནམ་མཁའ་མཛོད་ཀྱི་སྔགས་དང་རྡོར་ཐལ་གྱི་རྒྱས་གཏོར་མ་འབུལ། ཧཱུྃཿ། གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས། །བཅོམ་ལྡན་ཆོས་རྗེས་བཀའ་བསྩལ་ལྟར། །བདག་ཅག་རིག་འཛིན་སྒྲུབ་པ་པོ། །བཀའ་གསང་གཞུང་ཆེན་འདི་སྒྲུབ་ཀྱིས། །འདི་ལ་གནོད་ཅིང་བར་གཅོད་རྣམས། །སྒོ་འདི་ཡན་ཆད་མ་བཏང་ཞིག །ཕྱི་འཁོར་སྐྱོང་བའི་མུ་རན་


JSD003_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རྡོ་རྗེ་ཡལ་གམ་ཐུབ་པར་མཛོད། །ཨོཾ་བཛྲ་ཡ་མ་རཱ་ཡ་ཛ་ས་མ་ཡ་ཧཱུྃཿ། ཞེས་བཟླས་ནས་མེ་ཏོག་འཐོར་ཞིང་། ཏིཥྛ་བཛྲས་བརྟན་བཞུགས་བྱ། དེ་ནས་དཀྱིལ་འཁོར་གྱི་འོག་གཞིའི་ཕྱོགས་བཞི་དང་མཚམས་བཞི། ཤར་ནུབ་ཀྱི་ཕྱི་རྣམས་སུ་ཕུར་གདན་བཅུ་བཀོད། སློབ་དཔོན་ཤར་དུ་ཞལ་ཕྱོགས་པའི་མདུན་དུ་སེང་ལྡེང་གི་ཕུར་བུ་བཅུ་ཙནྡན་དམར་པོས་ཁ་དོག་བསྒྱུར་མེ་ཏོག་ཕྲེང་བ་བཅིངས་པ་བཀོད་ལ། རང་གི་ཐུགས་ཀ་ནས་ཧཱུྃ་ཡིག་བཅུ་སྤྲོས་ཕུར་བུ་རྣམས་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་སྟོད་ཁྲོ་བོའི་གཟུགས་ཅན་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པར་བསམ་ལ། འདོད་རྒྱལ་གྱི་རྒྱ་དང་ཧཱུྃ་བཞི་པའི་སྔགས་ཀྱིས་ཕྱོགས་བཅུའི་བགེགས་རྣམས་བཀུག་པ་ལ། ཨོཾ་བཛྲ་ཀྲོ་ཏ་སརྦ་དུཀྑཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཧཱུྃཿ་ཕཊཿ༔ ཅེས་པའི་སྔགས་ལན་བཅུས་ཕྱོགས་ཀྱི་ཕུར་བུ་རྣམས་ཤར་ནས་གཡས་བསྐོར་དང་། མཚམས་


JSD003_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཤར་ནས་གཡོན་བསྐོར། སྟེང་གི་ཕུར་བུ་ཤར་གྱི་ཤར་དང་། འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ། བགེགས་རྣམས་ཀྱི་སྙིང་ཕུག་ནས་གཡོ་འགུལ་མེད་ཅིང་འོད་གསལ་བར་བསམ་ཞིང་ཕུར་བུ་ལས་བྱུང་བའི་འོད་ཟེར་སྲུང་བའི་འཁོར་ལོར་འཁྲིགས་པས་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་གྱུར། ཧཱུྃཿ༔ ང་ནི་ཡེ་ནས་རང་བྱུང་བའི༔ སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར༔ ཆེ་མཆོག་བཛྲ་ཧེ་རུ་ཀཿ ཐུགས་ལས་ཁྲོ་ཆུང་མཚོན་ཆ་དང་༔ རབ་འབར་མེ་ཡི་ཚྭ་ཚྭ་འཕྲོ༔ ཕྱོགས་མཚམས་ཀུན་ཏུ་རབ་ཏུ་གཏམས༔ བར་ཆད་ཀུན་གྱིས་མི་ཕྱེད་པའི༔ གཞོམ་མེད་རྡོ་རྗེའི་གུར་དུ་གྱུར༔ བཛྲ་ཀྲོ་ཏ་ཙཀྲ་རཀྵ་ཛྭ་ལ་རཾ་ཧཱུྃ་ཧཱུྃ༔ ཞེས་སྲུང་འཁོར་བསྒོམ། བསྲུང་བྱ་སྲུང་བྱེད་སྲུང་བ་ཐམས་ཅད་གདོད་ནས་སྤྲོས་བྲལ་དུ་འོད་གསལ་བ་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་ཡང་བསྒོམ་པ་སྟེ། དེ་དག་ནི་ནུབ་དང་པོའི་བྱ་བའོ། །འདི་དག་གི་


JSD003_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་ཕྱི་བཤགས་སཱཙྪ་བཏབ་པ། ཆུ་གཏོར་གཏོང་བ། མདོ་སྡེ་ཀློག་པ། གླུད་གཏོར་གསེར་སྐྱེམས་ལ་སོགས་པ་དགེ་བའི་དཔུང་སྐྱེད་ཅིང་བར་གཅོད་ཞི་བའི་ཐབས་ཀྱི་རིམ་པ་ཇི་ལྟར་འགྲུབ་པར་བྱའོ། །གསུམ་པ་སྟ་གོན་ནི། བདག་བསྐྱེད་མཆོད་གཏོར་སྔ་ཉིན་ལྟར་བཤམས། དཀྱིལ་འཁོར་གྱི་གཞི་ལ་བདུད་རྩི་ལྔ་དང་བསྲེས་པའི་དྲི་བཟང་གི་ཐིག་ལེ་གྲུ་བཞི་པ་ལ་མེ་ཏོག་དཀར་པོའི་ཚོམ་བུ་བཀོད། དེའི་མཐའ་བསྐོར་དུ་ཕྱི་མཆོད་གཡས་བསྐོར་དུ་བཤམས་ལ་བདག་བསྐྱེད་བླ་མའི་རྣལ་འབྱོར་གྱི་ཆོ་ག་སྔ་ཉིན་བཞིན་བཟླས་པ་བསྡུ་ལྗང་གི་བར་སོང་ཚེ་ནས། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམས་ལ། ༀ། སྟོང་པ་ཤིན་ཏུ༴ སོགས་ཚིགས་བཅད་དང་སྔགས། ས་མ་ཡ་སྟཱཾ་བར་དང་། གདོད་ནས་གྲུབ་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་དཀྱིལ་འཁོར་གྱི་ས་


JSD003_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་སྟེང་གི་ནམ་མཁའ་ལ་བཞུགས་པར་གྱུར། ཞེས་མོས་ལ་རང་གཞུང་ཚོགས་བསགས་ཀྱི་སྐབས་ལྟར། རང་གི་སྙིང་ག་ལས་རྡོ་རྗེའི་རིག་མ་བཅུ་དྲུག༔ སོགས་ནས། ཨ་ནུ་རཱ་ག་མ་ཧཱ་པཱུ་ཛ་ཧོ༔ བར་རམ། བསྡུ་ན། ཨོཾ་ཨཱཿཧཱུྃ། དངོས་སུ་འབྱོར་དང་སོགས་ཚིགས་བཅད་དང་། ཨོཾ་གུ་རུ་བཛྲ་སཏྭ་ས་པ་རི་ཝཱ་ར་ཨཧཱུྃ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་མཆོད། མི་རྟོག་རྡོ་རྗེ་སོགས་ཀྱིས་བསྟོད། སྙན་གསན་དབབ་པ་ནི། སློབ་དཔོན་གྱིས་པུས་མོ་གཡས་པ་བཙུགས། སྤོས་དང་བཅས་པའི་རྡོར་དྲིལ་འཛིན་ལ། ༀ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔ སྔོན་གྱི་ཞལ་བཞེས་དགོངས་མཛོད་ལ༔ བདག་དང་སློབ་མ་རྣམས་དོན་དུ༔ བཅོམ་ལྡན་ཁྱོད་ལ་མཆོད་བགྱིད་ན༔ དགྱེས་མཛད་བརྩེ་བས་དགོངས་ནས་ནི༔ ནངས་པར་འདིར་ནི་འབྱོན་པར་མཛོད༔ ཅེས་ལན་གསུམ་བརྗོད་ལ། མེ་ཏོག་


JSD003_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་སོགས་ཤྭ་ལོ་ཀ་གསུམ་གྱིས་མཆོད། བཛྲ་མུས། རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཞེས་མོས། བཞི་པ་ཐིག་ཚོན་གྱི་བྱ་བ་ལ་ཐོག་མར་གོམས་ཡེ་གཏོང་བ་ནི། ཧཱུྃ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ རང་བྱུང་བདུད་རྩི་རྣམ་པ་ལྔ༔ ཡེ་ཤེས་དངོས་གྲུབ་མཆོག་གྲུབ་ཕྱིར༔ ཁྱབ་བརྡལ་ཆེན་པོར་ཆག་ཆག་འདེབས༔ ཨོཾ་པཉྩ་ཨ་མྲྀ་ཏ་མ་དྷ་ལ་བྷཾ་སྭཱ་ཧཱ། ཞེས་འཇམ་རོལ་དང་བཅས་པས་དཀྱིལ་འཁོར་གྱི་གཞི་བ་བྱུང་གིས་བྱུགས། དྲི་བཟང་དང་སྦྱར་ཆུ་བའི་བདུད་རྩི་ལྔའི་ཆུ་རྡོ་རྗེའི་ཁུ་ཚུར་གྱིས་གཏོར་བ་བྱང་ཤར་ནས་གཡས་བསྐོར་དུ་ཁྱེམ་མེད་པར་བྱུག་གོ། །དེ་ནས་སྤྲོ་ན་ཐིག་ཚོན་གྱི་བྱ་བ་དངོས་ནི་སྨིན་གླིང་རྡོར་སེམས་ཆོ་གའི་དབུ་ན་གསལ་བ་ལྟར་ལག་ཏུ་བླང་བར་བྱའོ། །ལྔ་པ་རྒྱན་བཀོད་པ་ནི། སློབ་དཔོན་རྡོར་དྲིལ་དང་སྤོས་ཀྱི་རེང་བུ་འཛིན་པས་ཐོག་དྲངས། མཆེད་གཞན་རྣམས་ཀྱིས་མྱོང་གྲོལ་རིལ་བུ་སྒྲུབ་པ་དང་འབྲེལ་ན་དེའི་སྣོད་


JSD003_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བྷནྡྷ་ཁ་སྦྱོར། རྣམ་རྒྱལ་བུམ་པ། ཐོད་པ། མེ་ལོང་། ཤེལ་རྡོ། རལ་གྲི་བཞི། མདའ་བཞི། ཕུར་བུ་བཞི། གདུགས། བ་དན་བཞི། རྒྱལ་མཚན་བཞི། ཉེར་སྤྱོད་ཙམ་ཐོགས་པའི་སེར་སྦྲེང་གིས་དཀྱིལ་འཁོར་ལ་གཡས་སུ་བསྐོར་ཞིང་། ཧཱུྃཿ། ཡེ་ཤེས་བུམ་པ་རྡོ་རྗེའི་གཞལ་ཡས་ཁང་། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས་པའི་གནས། །སྐུ་དང་གསུང་དང་ཐུགས་དང་དབྱེར་མེད་ཅིང་། །དངོས་གྲུབ་རྣམ་གཉིས་སྩོལ་ཕྱིར་བཞུགས་སུ་གསོལ། །ཨོཾ་ཨཱཿགུ་རུ་བཛྲ་སཏྭ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿ་ཧཱུྃཿ། སརྦ་ས་མ་ཡ་ཏིཥྛ་ལྷན། ཞེས་འཇམ་རོལ་དང་བཅས་རིལ་བུའམ་སྨན་གྱི་ཕོ་བྲང་ཡོད་ན་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་སྟེགས་ལ་བཀོད། དེ་སྟེང་འཕྲུལ་སྟེགས་ལ་རྣམ་བུམ་གྱི་ཁར་ཐོད་པ་མེ་ལོང་ཤེལ་རྡོ་བཅས་བཞུགས་སུ་གསོལ། དེ་ནས་རལ་གྲི་སོགས་ཚིག་བསྟུན་ཕྱོགས་མཚམས་སུ་མཛེས་པར་བཀྲམ་ཞིང་། ཧཱུྃཿ ཤེས་རབ་རལ་གྲིས་ཉོན་མོངས་དྲྭ་བ་གཅོད༔ ཡེ་ཤེས་


JSD003_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་ཡིས་མ་རིག་དུག་གསུམ་འབིགས༔ ཕྲིན་ལས་ཕུར་པས་བར་ཆད་བདུད་དཔུང་འདུལ༔ དཀྱིལ་འཁོར་ཆེན་པོའི་རྒྱན་དུ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃཿ༔ བྱམས་པའི་གདུགས་མཆོག་འཁོར་བའི་ཚ་གདུང་སྐྱོབ༔ ཆོས་ཀྱི་རྒྱལ་མཚན་བར་ཆད་བདུད་ལས་རྒྱལ༔ ཤེས་རབ་འཕན་དར་བྱང་ཆུབ་ཆོས་རྣམས་རྫོགས༔ རྒྱལ་བའི་དཀྱིལ་འཁོར་མཛེས་པའི་རྒྱན་དུ་འབུལ༔ བཛྲ་སྥ་ར་ཎ་ཕཊ༔ ཨངྒྷཾ་མེ་ཏོག་བདུག་སྤོས་མར་མེ་དང་༔ དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པ་རྣམས༔ དཀྱིལ་འཁོར་ལྷ་ཚོགས་མཆོད་ཕྱིར་འབུལ་བར་བགྱི༔ སརྦ་པཱུ་ཛ་སམ་ཡ་ཧཱུྃཿ༔ ཞེས་སོ་སོའི་མཐར་འཇམ་རོལ་བྱ། ལག་ལེན་བདེ་ཁྱད་གདུགས་ཐོག་མ་ནས་དབུབ། བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་


JSD003_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མཚམས་བརྒྱད་དུ་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་བསྐོར་དུ་བཀོད། མདུན་ལྟ་བུ་གང་བདེར་དཀྱིལ་འཁོར་ལྷའི་འདས་གཏོར་བླ་གཏོར་ཟླུམ་པོ་ཐེབ་ཀྱུ་བཞི་བཅུ་རྩ་གཉིས་ཀྱིས་བསྐོར་བ་དཀར་པོ་དང་། དཔལ་གཏོར་ཟུར་གསུམ་ཀྱུ་གུ་ང་བརྒྱད་ཀྱིས་བསྐོར་དམར་པོ་བཅས་རྒྱན་སྤྲོས་དར་གདུགས་ཅན། དེ་དག་གི་གཡས་སུ་བཀའ་སྲུང་མ་མགོན་ལྕམ་དྲལ་གཏོར་སྤུངས་དང་ཕོ་རྒྱུད་རིགས། གཡོན་དུ་ཚེ་རིང་མའི་གཏོར་མ་དང་མོ་རྒྱུད་རིགས། གཡས་གཡོན་དུ་སྒྲུབ་པའི་རྫས་དང་སྦྱར་བའི་སྨན་རཀ་རྣམས་བཀོད། འགྲུབ་ན་ཕྱི་མཆོད་བརྒྱ་རྩ་ལ་སོགས་པ་དང་། སྨན་རཀ་གཏོར་མ་ཚ་ཚོགས་གཏོར་རྣམས་ཀྱང་བརྒྱ་རྩའི་ཕྲེང་བས་དཀྱིལ་འཁོར་གྱི་མཐའ་བསྐོར་ཞིང་། བཀྲ་ཤིས་རྫས་རྟགས་སྣ་བདུན་སོགས་ཀྱི་གཟུགས་བརྙན་བྲིས་འབུར་ཡང་བཀྲམ་པ་དང་། གོས་དང་རྒྱན་གྱི་ཡོ་བྱད་སོགས་འདུ་བྱ། སྔར་སྲུང་བའི་ཚེ་བཏབ་པའི་ཁྲོ་བཅུའི་ཕུར་བུ་རྣམས་ཀྱང་ཕྱོགས་མ་འཆོལ་བར་དཀྱིལ་འཁོར་གྱི་མཐར་བཀོད། སྒྲུབ་མཆོད་དངོས་གཞི་ལ་མཁོ་བའི་སྤོས་རོལ། གཡབ་དར།


JSD003_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བསང་ཆུ། འཐོར་གཡབ། སྔོན་འགྲོ་དཀར་བགེགས། ཚོགས་ཀྱི་ཡོ་བྱད། མ་མགོན་ཕུད་ཕྱར་དང་། འབུལ་གཏོར། ཧོམ་ཁུང་དུ་ཉུལ་ལེའི་ལིངྒ་ཐུན་རྫས། གདབ་ཕུར། མཆོད་པ་ཁ་གསོ་བར་སྟབས་བདེ་སླད་དཀྱིལ་འཁོར་མདུན་ངོས་ཕྱི་རོལ་དུ་ཕྱི་མཆོད་ཕྲེང་ཚར་དང་། མེ་ཏོག་སྤོས་དང་ཞལ་ཟས་སོགས་ཁ་གསོ་བྱེད་རྣམས་ཀྱང་གྲབས་སུ་ཚུད་པར་བྱའོ། །དེས་ཉིན་གཉིས་པའི་བྱ་བ་གྲུབ། མགྱོགས་ཁྱད་ལྟ་བུར་སྔོན་འགྲོའི་ཉི་མ་གཉིས་པོ་སྦྲེལ་ན། ཕུར་གདབ་སྲུང་འཁོར་གྱི་འཕྲོས་དེ་མ་ཐག་པར། ལྷ་སྟ་གོན་གྱི་ཉེར་བསྡོགས་གྲབས་སུ་ཚུད་པར་བྱས་ནས། བླ་མཆོད་གཞུང་གི། ཨོཾ་ཨཱཿཧཱུྃ། མཆོད་པའི་དམ་རྫས་སོགས་མཆོད་པ་བྱིན་བརླབས། སྙིང་གའི་ཧཱུྃ་གི་སོགས་མན་ཆད་གོང་སྨོས་དཀྱུས་བཞིན་བཏང་བས་འགྲུབ་།བར་འདིར་སྤྲོ་ན་མངའ་གསོལ་བྱ་བ་སྡུག་བསྔལ་རང་གྲོལ་སྒྲུབ་ཁོག་ཏུ་གསལ་བ་བཞིན་ལག་ཏུ་བླང་བར་བྱའོ། །གཉིས་པ་སྒྲུབ་མཆོད་དངོས་གཞི་ལ། སློབ་དཔོན་དཀྱིལ་འཁོར་ལ་ཞལ་


JSD003_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་པའི་མདུན་གཡོན་ནས་བརྩམས། ནང་མཆོད། རྡོར་དྲིལ། ཅང་ཏེའུ། མེ་ཏོག་གི་སྣོད། ལས་བུམ་རྣམས་བཞག །གཞན་ཚོགས་པ་རྣམས་ཀྱང་ཇི་ལྟར་འོས་པར་འཁོད་ལ། ངག་བྱིན་རླབས། སྔོན་འགྲོའི་ངག་འདོན་རྣམ་མཁྱེན་ལམ་བཟང་དང་འབྲེལ་བར་རང་ལུགས་སེམས་བསྐྱེད་སྡོམ་ཆོག་བཅས་སྔོན་དུ་འགྲོ་བས། ཚིག་བདུན་གསོལ་འདེབས་ལན་གསུམ་དང་། བླ་མ་སྐུ་གསུམ་གསོལ་འདེབས་སོགས་དང་། འོས་གྱུར་གསོལ་འདེབས་ཀུན་མཁྱེན་འཇིགས་མེད་གླིང་པའི་རྣམ་ཐར་དང་། འཁྲུངས་རབས་གསོལ་འདེབས་གང་འོས། བརྒྱུད་འདེབས་རྣམས་རིམ་བཞིན་བཏང་བའི་རྗེས་སུ་བླ་མཆོད་གཞུང་གི་སྐྱབས་སེམས་ཚོགས་བསགས་སྔོན་གཏོར་ནས་བརྩམས་བཟླས་པའི་བར་དང་གལ་ཏེ་མྱོང་གྲོལ་རིལ་བུ་དང་། བདུད་རྩི་སྨན་སྒྲུབ་གང་རུང་དང་འབྲེལ་ན་དེ་དང་དེའི་ལག་ལེན་དམིགས་འདོན་བཟླས་པ་བཅས་རང་གཞུང་བདེ་ལམ་དང་བདེ་སྙིང་ལས་གསལ་བ་ལྟར་ཉམས་སུ་ལེན་ཅིང་འདི་ནས་བཟུང་སྟེ་ཛཔ་རྒྱུན་འཛུག །བུམ་ཛཔ་གཉིས་


JSD003_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཅི་རིགས་བཟླས་ནས་བསགས་སྦྱང་སྤེལ་གསུམ་བྱ་བ། རང་དང་སེམས་ཅན་ཐམས་ཅད་སོགས་ནས་ཡན་ལག་བདུན་པའི་མཐའི། འགྲོ་ཀུན་ཐར་པའི་ལམ་དུ་ཕྱིན་པར་ཤོག །ཁར་དང་། དེ་ནས་ཡེ་ཤེས་སྐུ་མཆོག་གི་བཤགས་པ། བཀའ་གསང་རྨད་དུ་སོགས་སྐོང་བ། ཚོགས་བྱིན་རླབས་ནས་ལྷག་མའི་བར་བཏང་ཞིང་དེ་དག་ལ་དབྱངས་རོལ་དང་གསོལ་གདབ་ཀྱི་སྤྲོས་པ་མི་དགོས། སྐབས་འདིར་ཉུལ་ལེའི་ལིངྒ་སློབ་དཔོན་གྱི་དྲུང་དུ་བཤམས། ཨེ་ཡཾ་རཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་བློ་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཉམ་ཐག་པའི་གཟུགས་ཅན་དུ་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་


JSD003_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཞི་ཁྲོ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། སྤྲུལ་པ་ཡང་སྤྲུ ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉུལ་ལེ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག༔ ཏྲི་ཡཾ་ཛ༔ ཏྲི་བཛྲ་ཨོཾ་ཀུ་ཤ་ཛ༔ ཛཿཧཱུྃ་བཾ་ཧོ༔ དྲག་ཚུ སྔགས་སོ་ལྔས་ཐུན་བྲབ། ཨོཾ་བཛྲ་ཀྲོ་དྷ་སརྦ་དུཥྟཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་སརྦ་ཤཱ་ཏཱཾ་མཱ་ར་ཡ་རྦད། ཅེས་ཕུར་བུ་འདྲིལ་ཞིང་གདབ། དེ་ནས་སྦྱར་སྤོས་དྲི་ཞིམ་པོ་བསྲེག །ཞྭ་གོས་གཟི་བྱིན་བསྐྱེད་ལ། ཨོཾ་ཧཱུྃ་ཨ་ལ་ལ་ཧོཿབྷ་ག་ཝཱན་ས་མ་ཡ་ཧོ༔ ས་མ་ཡ་སྟཱཾ། ཧཱུྃཿ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་


JSD003_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་བརླབས་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཅེས་དང་ཡིག་བརྒྱའི་མཐར། ༀ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ར་ར་ར་ར་ཙཱལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཱཿཧབྷྱ༔ ཞེས་རོལ་མོའི་སྒྲ་སྦྱར་ཞིང་། དར་སྣ་ལྔའི་གཡབ་མོ་འདོར་ཏེ་སྒྲུབ་པའི་རྟེན་ལ་བྱིན་དབབ། ཧཱུྃཧཱུྃ་ཧཱུྃ་གིས་བྱིན་བསྡུ། ནམ་མཁའ་གང་བའི་ལྷ་ཚོགས་ཐམས་ཅད་སྒྲུབ་པའི་རྫས་ལ་ཐིམ་པས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་བྱིན་གྱིས་བརླབས་པར་གྱུར་པར་བསམ། ཛཔ་


JSD003_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་བྱ་ཞིང་འཚོགས་གྲོལ་བས་ཐུན་དང་པོ་གྲུབ། ཐུན་གཉིས་པར། རང་གི་སྙིང་ག་ནས་སོགས་སྔོན་འགྲོ་སྐྱབས་སེམས་ནས་བྱིན་དབབ་པ་ཡན་ཆད་བུམ་པ་སྒྲུབ་མི་དགོས་པ་མ་གཏོགས་གཞན་སྔ་མཇི་ལྟ་བར་བསྐྱར། ཐུན་གསུམ་པར་ཡང་དེ་དང་འདྲ་བ་ལས་ཚོགས་བསགས་ཡན་ལག་བདུན་པའི་རྗེས་སུ་ཁྲུས་དང་མཎྜལ་སྔོན་དུ་འགྲོ་བས་བདག་འཇུག་བླངས། དེ་ནས་གསོལ་ཁ་མ་མགོན་ལྕམ་དྲལ། རྒྱུད་མགོན་ལེགས་ལྡན། གཟའ། ཚེ་རིང་མ། གཡུ་སྒྲོན་མ། ངན་ནེ་མ། ཕུར་སྲུང་། གནོད་སྦྱིན་ཙི་དམར། སྐུ་ལྔ། དགོངས་བཙན། ཐང་ལྷ། གསེར་སྐྱེམས། རིག་འཛིན་རྩ་བརྒྱུད་མ། སྡེ་བརྒྱད་གསེར་སྐྱེམས་འདོད་གསོལ་བཅས་བཏང་། དེ་ནས་ན་རག་སྐོང་བཤགས་མར་མེ་སྨོན་ལམ་བར་དང་། ལས་རྡོར་གྱིས་གསོལ་གདབ་བཅས། ཚོགས་བྱིན་རླབས་ནས་འབུལ་དྲང་བྱ་བའི་བར་དང་། བསམ་ལྷུན། བསམ་པ་མྱུར་འགྲུབ་སོགས་འོས་གྱུར་གསོལ་འདེབས་བྱ། འདིར་ཕྱི་རོལ་དུ་ཆ་གསུམ་བཏང་ལ། ཕྱི་ནང་གསང་བ་སོགས་སྨོན་ལམ་མཐར་


JSD003_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྡོར་གྱི་གསོལ་གདབ་བཅས་ལྷག་མ་བསྔོས་ལ་བཙོན་དུ་འཛིན། ཧེ་རུ་ཀ་དཔལ་དཀྱིལ་འཁོར་དུ། །སོགས་སྨོན་ལམ་གདབ་པ་ཡང་བྱ། དེ་ནས་དམ་ཅན་གཏོར་མ་ལ་དམིགས་བྱ་འགུགས་པ་ནས་སྔགས་འབུལ། གསོལ་བསྡུས་བསྟོད་བཤགས་ཕྲིན་བཅོལ། སླར་ཡང་དམ་ཅན་སྤྱི་ཡི་གཏང་རག་མཆོད་བསྟོད་བཤགས་པ་བརྟན་བཞུགས་བསྔོ་སྨོན་བཀྲ་ཤིས་བཅས་མཐར་དབྱུང་། དེ་ནས་ཆོ་གའི་རྗེས་ཀྱི་བྱ་བ། མཆོད་བསྟོད་བཤགས་པའི་མཐར་རྡུལ་ཚོན་རས་བྲིས་སྐབས་ཕྱེད་པའི་བརྟན་བཞུགས་སྤྱི་མཐུན་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་ཕྱིན་གྱི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་


JSD003_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པར་དུའང་རྡུལ་ཚོན་ནམ། རས་བྲིས་ཀྱི་དཀྱིལ་འཁོར་བ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར་བས་བརྟན་བཞུགས་བྱ། དེ་ནས་བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་བཅས་དང་། བླ་མ་ཡི་དམ་སོགས་དོང་སྤྲུགས་སྨོན་ལམ་མཐར། ཡེ་དྷར་སྔོན་དུ་འགྲོ་བས་ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་རྣམས་དང་། དེང་འདིར་རྣལ་འབྱོར་པ་སོགས་སུ་ཛ་ཡའི་བར་གྲུབ་མཚམས། ཐམས་ཅད་རང་གྲལ་ནས་བཞེངས་ཏེ། ཞྭ་བཅས་སྔར་སྨྲོས་ལྟར་ཉུལ་ལེ་ལ་ཕུར་གདབ་དང་ཀུན་ཐུབ་རྒྱལ་མོ་བསྐུལ་ལ་ཐུན་བྲབ་བོ། །དེ་ནས་བྱིན་འབེབས་ཚིག་བདུན་གསོལ་འདེབས་ལན་གསུམ། བཞེངས་ཤིག་


JSD003_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་སོགས་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ། བར་དང་། ཡེ་ཤེས་ཀྱི་འཁོར་ལོ་ཐམས་ཅད་མཁའ་ཁྱབ་ཏུ་སད་པར་གྱུར། བཛྲ་ས་མཱ་ཛ༔ ཞེས་ཞྭ་གྱོན་རྔ་རོལ་བཅས་གོང་ལྟར་བྱིན་འབེབས་མཐར་བརྒྱུད་གསུམ་རོལ་མོ་བརྡུང་། ཛཔ་དབྱངས་ལན་གསུམ་བཅས་འཚོགས་གྲོལ། ཐུན་བརྗེ་ལན་བྱ་ཚུལ་སོགས་མཁྱེན་བརྩེ་དབང་པོའི་གསུང་སྡུག་བསྔལ་རང་གྲོལ་སྒྲུབ་ཆེན་ཟིན་བྲིས་ལྟར་བྱའོ། མཚན་མོའི་ཐུན་རྣམས་ལའང་སྔོན་འགྲོ་སྐྱབས་སེམས་ནས་བྱིན་འབེབས་ཡན་ཉིན་ཐུན་གཉིས་པ་དང་འདྲ་བ་ལས་མཆོད་པའི་སྐབས། ཨོཾ་ཨཱཿཧཱུྃཿ། དངོས་སུ་འབྱོར་དང་སོགས་དང་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་སྔགས་ཙམ་གྱིས་ཆོག །བྱིན་འབེབས་རྗེས་སུ་མཆོད་བསྟོད་་ནོངས་བཤགས་བརྟན་བཞུགས་འདི་ནི་རྟེན་དང་སོགས། བསྡུ་ལྡང་། བསྔོ་སྨོན། བཀྲ་ཤིས་བར་མཐར་དབྱུང་། ཛྭཔ་དབྱངས་ཀྱིས་གྲོལ་ལོ། །དེ་ལྟར་ཉིན་ཐུན་གསུམ་དང་། མཚན་ཐུན་


JSD003_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ་ཐུན་དྲུག་ཏུ་འབད་ན་ཤིན་ཏུ་ལེགས་པས་འདི་ཁོ་ན་ལྟར་བྱའོ། །ད་ནི་གསུམ་པ་རྗེས་སྒྲུབ་པ་གྲུབ་པའི་ཉིན་ཐ་མའི་བྱ་བའི་རིམ་པ་ནི། སང་གྲོལ་རྒྱུའི་དེ་རིང་དགོང་ཐུན་ནས་དཀྱིལ་འཁོར མདུན་དུ་སྟེགས་ཁེབས་དཀར་པོའི་སྟེང་འབྲང་རྒྱས་སོགས་དངོས་གྲུབ་ཀྱི་རྫས་གསར་པ་བཟང་དུ་བཤམས། སང་ཐོ་རངས་ཆོ་ག་ཚར་གཅིག་བུམ་སྒྲུབ་བདག་འཇུག་བཅས་བཏང་བའི་ཚོགས་ཐ་མ་བསྟབ་པའི་དུས་ཉུལ་ལེའི་ལིངྒ་མེར་བསྲེགས་པའི་ཐལ་བ་མ་མགོན་ལྕམ་དྲལ་གཏོར་མར་བསྟབ། ལྷག་ཆོག་སྐབས་སུ་སྔར་བཙོན་བྱས་པའི་ལྷག་མ་རྣམས་ཀྱང་སྒྲུབ་ཁང་ཕྱི་རོལ་ལྷོ་ནུབ་གོམ་པ་བདུན་ཅུའི་སར་སྤུངས། གཏོར་འགུགས་སྔགས་འབུལ་ཕྲིན་བཅོལ་སྐབས་ཆོས་སྐྱོང་གཏོར་མ་རྣམས་བཀྱགས་ལ་ཡང་ཐོག་སོགས་སུ་འབུལ། དེ་ནས་དངོས་གྲུབ་བླང་བ་དངོས་ནི། ལས་བྱང་མཆོད་བསྟོད་ནོངས་བཤགས་བཅས་གྲུབ་མཚམས། དངོས་གྲུབ་ཀྱི་རྫས་རྣམས་ལ་དམིགས་ནས། ཧཱུྃཧཱུྃཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧལ་ཧཱུྃ། ཞེས་


JSD003_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཅིང་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། རོལ་མོའི་ཚམ་རྔམ་དང་བཅས་ཏེ་བགེགས་བསྐྲད། ཧཱུྃཿ དབྱིངས་ཀྱི་ངང་ལས་སོགས་ལས་བྱང་ལྟར་སྲུང་འཁོར་བསྒོམ། འཕགས་མཆོག་ཐུགས་རྗེ་མས་བྱིན་དབབ། ཡེ་ཤེས་སྐུ་མཆོག་སོགས་དང་ཡིག་བརྒྱ་ལན་གསུམ་གྱིས་བཤགས་པ་བྱ། དེ་ནས་མྱོང་གྲོལ་རིལ་བུའམ་བདུད་རྩི་སྨན་སྒྲུབ་སྐབས་ཕྱེད་པའི་དམིགས་བཟླས་ལག་ལེན་རྣམས་གཞུང་བཞིན་མ་ནོར་མ་ཆད་པར་ལག་ཏུ་བླང་ངོ་། །མཚམས་འདིར་ཁ་སྐོང་ལ་ཞི་རྒྱས་གང་རུང་གི་སྦྱིན་སྲེག་བསྙེན་སོང་གི་སློབ་དཔོན་གཞན་པ་དང་གྲྭ་པ་གྲངས་བཅད་ཀྱིས་བསྒྲུབ། དེའི་ཚུལ་ནི། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་ལས་ཀྱི་སེམས་དཔའ་གཉིས་པའི་རྣམ་པར་སྤྲོས་ཏེ་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་གྱུར། ཞེས་པའི་རྗེས་སུ་སྦྱིན་སྲེག་ལ་འཇུག་ཅིང་དེའི་སྦྱོར་དངོས་གཞུང་གསལ་ལྟར་ལ་ཡེ་ཤེས་མེ་ལྷ་བསྐྱེད་ཆོག་སྐབས། གླང་པོས་མཚན་པའི་


JSD003_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ཁྲི་སྟེང་དུ། །པདྨ་ཟླ་བའི་གདན་བཅས་གསལ་བར་གྱུར། །ཞེས་པའི་མཚམས་སུ། ཨོཾ། སྟོང་པ་ཤིན་ཏུ་སོགས་སྤྱན་འདྲེན་ཚིག་བརྗོད་བསྟུན་ལས་རྡོར་གྱིས་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚན་པར་སྤོས་རོལ་བཅས་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་རྩ་སྔགས་བཟླ་བཞིན་མེ་ཏོག་ཐབ་ཏུ་འདོར་མཐར་རང་བྱུང་ལྷུན་གྲུབ་ཡེ་ཤེས་མེ་དཀྱིལ་དབུས། །རྩ་བའི་བླ་མ་རྡོ་རྗེ་མི་བསྐྱོད་པ། །སྐུ་མདོག་དཀར་གསལ་སོགས་དཀྱུས་ལྟར་དང་། རྗེས་བསྡུ་བའི་སྐབས། བཛྲ་མུས། ཡེ་ཤེས་པ་སྒྲབ་པའི་དཀྱིལ་འཁོར་དུ་གཤེགས་པར་གྱུར། ཞེས་སྦྱར་ལ་ལས་རྡོར་གྱིས་ཚོམ་བུ་སླར་སྤྱན་དྲངས་པ་ནི་ཁྱད་པར་རོ། །རྒྱས་པའི་སྦྱིན་སྲེག་བྱ་ན། ཐབ་དང་། རྫས། ཁ་དོག །སྤེལ་ཚིག་སོགས་ཁ་བསྒྱུར་ཤེས་པར་བྱའོ། །དེ་ནས་རྡུལ་ཚོན་ཡིན་ན་བརྟན་བཞུགས་བོར་ནས། ༀ། ཁྱེད་ཀྱི་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་


JSD003_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

པ་འོད་གསལ་དུ་བསྡུ། དེ་ནས་བདེ་སྟོང་ཟུང་འཇུག་སོགས་བློ་ཀས་བསྡུ་ལྡང་དང་ཡི་གེ་བརྒྱ་པས་བརྟན་པར་བྱ། དེ་ནས་ཕྱི་རོལ་དུ་སོང་ནས་རྒྱལ་ཐོ་བཞི་ལ་མཆོད་གཏོར་བཤམས་ནས་བྱིན་བརླབས་བསྐྱེད་བསྟིམ་མཆོད་གཏོར་འབུལ་བ་རྣམས་སྔར་ཐོ་སྡོམ་ལྟར་ལས། བསྟོད་པའི་རྐང་པ་ཐ་མ་ཤར་ཕྱོགས་བགེགས་སོགས་ཀྱི་ཚབ་ཏུ། བཅོལ བའི་ཕྲིན་ལས་སྒྲུབས་པར་མཛོད། །ཅེས་སྦྱར་བའི་མཐར། བཛྲ་མུས་གཤེགས་སུ་གསོལ། སྒོ་བྱང་ལ། མཆོད་གཏོར་བཤམས་བཀོད་རློབ་པ་བསྐྱེད་དྲངས་བསྟིམ་བསྟོད་འབུལ་བི རྣམས་སྡོམ་པ་ལྟར་ལཾ། བཛྲ་མུས་གཤེགས་སུ་གསོལ། དེ་ནས་ནང་དུ་ལོག་སྟེ། སྐམ་པའི་རྒྱས་ཕུར་བུ་རྣམས་མས་རིམ་ནས་བཏོན་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱདྷ་ནི་སྭཱ་ཧཱ། ཞེས་བཟླས་པའི་འོ་མས་ཕུར་རྩེ་རྣམས་བཀྲུ་ཞིང་ཕུར་ཁུང་ལའང་གཏོར་རྡུལ་ཚོན་ཡིན་ན་དཀྱིལ་འཁོར་ཨ་ཀཱ་རོ་བཟླ་ཞིང་རྡོ་རྗེ་དབང་ལྡན་གྱི་རྩིག་པ་ནས་བརྩམས་ཏེ་


JSD003_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བའི་བར་བསྐོར་བའི་རེ་ཁཱ་གསུམ་འཐེན་ཞིང་ལྷ་མཚན་ཅུང་ཟད་བླངས་པ་མགོ་བོར་བཀོད་ཅིང་དོན་དུ་གཉེར་བ་རྣམས་ལའང་ཅུང་ཟད་བྱིན་པའི་ལྷག་མ་རྣམས་ཕྱགས་ལ་བུམ་པ་སོགས་སྣོད་དུ་བླུག །དྲི་བཟང་ཆུས་ཐིག་རྣམས་ཀྱང་མཐའ་ནས་རིམ་བཞིན་བསུབ། དེ་ནས་མར་མེ་སྨོན་ལམ་སྡུག་བསྔལ་རང་གྲོལ་སྒྲུབ་ཁོག་ལྟར་སྟོང་ཐུན་སྔོན་དུ་འགྲོ་བས་དབྱངས་བོར་ལེན་གྱིས། ཧཱུྃ། དུར་ཁྲོད་གསང་བ་སོགས་སྨོན་ལམ་རྩེ་གཅིག་ཏུ་གདབ་བོ། །གཞན་ཡང་། ཧོ། སྣང་སྲིད་ཐམས་ཅད་སོགས་གཞུང་གི་སྨོན་ལམ་ཡང་གདབ། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །སོགས་ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པས་ཐོག་དྲངས་བཀྲ་ཤིས་རྒྱས་པའི་མཇུག་ཏུ་གཞུང་ལྟར། གདོད་མའི་མགོན་པོ་སོགས་དང་། ཉིན་མོ་བདེ་ལེགས། འབྱུང་པོ་གང་དག །འདིར་ནི་རྒྱལ་བ་སོགས། དེང་འདིར་རྣལ་འབྱོར་པ་སོགས་བརྗོད་ལ་རོལ་མོ་བཅས་མཐའ་རྒྱས་སུ་བྱའོ། །རྟུལ་ཚོན་ཡིན་ན་ཆུ་བོར་གཤེགས་


JSD003_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱི་ཆོ་ག་ནི་རང་ལུགས་ཐུགས་ཆེན་སྡུག་བསྔལ་རང་གྲོལ་སྒྲུབ་ཁོག་ལས་འབྱུང་བ་ལྟར་ཤེས་པར་བྱའོ། །ཞེས་པ་འདི་ཡང་བལ་ཡུལ་གུ་རུའི་སྒྲུབ་གནས་ཀྱི་རྒྱལ་པོ་དཔལ་གྱི་ཡང་ལེ་ཤོད་རིག་འཛིན་དགའ་ཚལ་གྱི་འདུས་སྡེ་རྣམས་ཀྱི་དུས་མཆོད་རྡོར་སེམས་བླ་མ་མཆོད་ཆོག་འདི་ལ་མེད་དུ་མིང་རུང་བའི་སྤྲོས་བཅས་ལུགས་ཀྱི་སྒྲབ་ཁོག་ཅིག་ཡོད་ན་བློ་གྲོས་གསར་བུ་རྣམས་འཇུག་པ་བདེ་བ་ལ་ཕན་ཐོགས་ཆེ་བར་འདུག་ཅེས་གྲྭ་ཚང་སློབ་དཔོན་བསམ་གཏན་དབང་ཕྱུག་གིས་ཡང་ཡང་གསུང་བསྐུལ་གནང་བའི་ངོར་སྙིང་ཐིག་གི་གྲལ་མཐར་བསྟི་བ་བཛྲས་སྨིན་གླིང་རྡོར་སེམས་སྒྲུབ་མཆོད་ཕྱག་ལེན་འཇམ་མགོན་གུ་ཎས་མཛད་པ་ཉིད་གཞིར་བཞག་ཐོག་ཚིག་གི་འབྱིན་འཇུག་དང་བསྒྱུར་ཁ་བགྱིད་འོས་རིགས་དོན་གྱི་དགོས་པ་དང་མི་འགལ་བར་སྦས་པ་པདྨའི་ཚལ་གྱི་ཡང་ཁྲོད་སྒྲུབ་སྡེ་ཀུན་བཟང་ཆོས་གླིང་དུ་རབ་ཚེས་ས་འབྲུག་སྣྲོན་ཟླའི་ཚེས་བཅུ་བདུན་ལ་གྲུབ་པར་བསྡེབས་པའི་ཡི་གེ་པ་ནི་ངག་དབང་བློ་གྲོས་སོ། སརྦ་མངྒ་


JSD003_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལཾ།


previousརྡོར་སེམས་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་དང་འབྲེལ་བའི་སྤྲོས་བཅས་སྒྲུབ་ཆེན་གྱི་ལག་ལེན་སྐལ་བཟང་དགྱེས་པའི་དགའ་སྟོན།next