Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
ཛཔ་དམིགས་ནི།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousཛཔ་དམིགས་ནི།next

ཛཔ་དམིགས་ནི།


JSD003_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཛཔ་དམིགས་ནི། ཛཔ་ཁང་དབྱེ་བ་སྔོན་དུ་འགྲོ་བས། བདག་ཉིད་རྡོ་རྗེ་གཞོན་ནུ་ཆེའི། །ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི། སེམས་སྟངས་དཔྱལ་དཀར་གསལ་འཚེར། །ཞི་བ་ལོངས་སྤྱོད་རྫོགས་སྐུ་ཡི། །ཐུགས་ཀར་རྡོ་རྗེ་རྩེ་ལྔ་མཐིང་། །ལྟེ་བར་ཉི་སྟེང་ཧཱུྃཿ་མཐིང་ནག །དེ་མཐར་ཀཱི་ལ་ཡ་འབྲུ་དགུ། །སྤུ་ཡིས་བྲིས་པ་ལྟ་བུས་བསྐོར། །དེ་ལས་འོད་ཟེར་རབ་འཕྲོས་པས། །རྒྱལ་བའི་ཞིང་ཀུན་གཡོས་ཤིང་བླ མཆོད། །འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད། །དག་པའི་བརྟན་གཡོ་འབའ་ཞིག་གྱུར། །རྒྱལ་ཀུན་གསང་གསུམ་བྱིན་རླབས་དབྱིག །སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི། །རྣམ་པར་བྱུང་སྟེ་རང་ལ་ཐིམ། །བྱིན་རླབས་དངོས་གྲུབ་ཀུན་ཐོབ་བསམ། ཨོཾ་ནི་དཔལ་ཆེན༴ སོགས། ཞེས་པའི་


JSD003_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་སྲོག་ཏུ་བཟུང་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ། ཞེས་འབྲུ་དགུ་པ་བཟླ་བ་ནི་བསྙེན་པའོ། །རང་རང་སྔགས་ཀྱི་ཡིག་འབྲུ་ལས། །སྔགས་ཕྲེང་གཉིས་པ་རེ་ཆད་པ། །ལུ་གུ་རྒྱུད་དུ་འབྲེལ་བ་བྱུང་། །རྡོ་རྗེའི་དབུས་ར་ནས་ཐོན་ཏེ། །ཡེ་ཤེས་སེམས་དཔའི་སྐུའི་དབྱིབས་བརྒྱུད། །ཞལ་ནས་བྱུང་སྟེ་བདག་རྩ་བའི། །ཤངས་བུག་གཡས་ནས་མདུན་བསྐྱེད་ཀྱི། །ཤངས་བུག་གཡོན་ཞུགས་ཐུགས་ཀར་ཐིམ། །སྐུ་གསུང་ཐུགས་ལ་མཉེས་མཆོད་འབུལ། །དབང་དང་དངོས་གྲུབ་མདུན་བསྐྱེད་ལྷའི། །ཤངས་བུག་གཡས་ནས་ཚུར་བྱུང་བ། །རང་གི་སྣ་བུག་གཡོན་ནས་ཞུགས། །འཁོར་བས་བདག་མདུན་རྟེན་བརྟེན་པ། །ཤིན་ཏུ་གསལ་ཞིང་འབར་བར་བྱས། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག །མཆོག་ཐུན་དངོས་གྲུབ་ཐོབ་པར་བསམ།


JSD003_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དོ་ལིའི་དམིགས་པ་གཙོ་བོར་བཟུང་ལ། ཨོཾ་བཛྲ་ཀཱི་ལི་ཀཱ་ལ་ཡ་ཧཱུྃ་སརྦ་བིག་ནན་བཾ་ཧཱུྃ་ཕཊ། ཅེས་ཡིག་འབྲུ་བཅུ་བཞི་པ་བཟླ་བ་ནི་ཉེ་བསྙེན། །ཡང་དམིགས་པ་གོང་ལྟར་གསལ་ལ། ༀབཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་སརྦ་བིག་ནན་བཾ་ཧཱུྃ་ཕཊ་ཛཿཧཱུྃ་ཨ༔ ཞེས་ཡིག་འབྲུ་བཅུ་བདུན་པ་ཉིད་བསྙེན་པའི་འགྲོས་དང་སྦྱར་ནས་བཟླ་བ་ནི་སྒྲུབ་པའོ། སྒྲུབ་པ་ཆེན་པོ་ནི་ལུགས་འདིར་དམ་ཅན་ཉེ་བར་བསྙེན་པ་ཡིན་པས་དེ་ནི་ཕུར་པ་རྒྱུད་ལུགས་ལས་ཤེས་པར་བྱ་སྟེ་སྤྲོས་པས་ཆོག་གོ། །ཞེས་པའང་པདྨའི་སྒྲུབ་གནས་་བལ་ཡུལ་ཡང་ལེ་ཤོད་དུ་རང་གཞན་བདུད་བཞིའི་བར་ཆད་ལས་རྒྱལ་བའི་ཆེད་དུ་ཕུར་པ་བདུད་དཔུང་ཟིལ་གནོན་སྒོ་ནས་སྒྲུབ་ཕྲན་ཙམ་བགྱིས་སྐབས་ལས་དང་པོ་པ་རྣམས་འཇུག་པ་བདེ་ཕྱིར་ཉེ་བར་མཁོ་བ་ལ་བརྟེན་ནས་རྒྱུད་ཕུར་ལས་བྱང་ཆེ་འབྲིང་གི་དགོངས་པ་ཚིགས་བཅད་དུ་བསྡེབས་པ་པོ་ནི་རྡོ་རྗེ་ཕུར་པའི་རྣལ་འབྱོར་པ་ཁྲོ་རྒྱལ་རྡོ་རྗེ་སྟེ་འདིས་ཀྱང་དངོས་གྲུབ་རྣམ་གཉིས་འགུགས་པའི་


JSD003_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུར་གྱུར་ཅིག །


previousཛཔ་དམིགས་ནི།next