Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
ཞི་ཁྲོའི་སྔགས་གསོའི་ཆོ་གའི་ཡན་ལག་ཚེ་འདས་རྗེས་འཛིན་རིགས་དྲུག་དོང་སྤྲུགས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousཞི་ཁྲོའི་སྔགས་གསོའི་ཆོ་གའི་ཡན་ལག་ཚེ་འདས་རྗེས་འཛིན་རིགས་དྲུག་དོང་སྤྲུགས།next

ཞི་ཁྲོའི་སྔགས་གསོའི་ཆོ་གའི་ཡན་ལག་ཚེ་འདས་རྗེས་འཛིན་རིགས་དྲུག་དོང་སྤྲུགས།


JSD003_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོའི་སྔགས་གསོའི་ཆོ་གའི་ཡན་ལག་ཚེ་འདས་རྗེས་འཛིན་རིགས་དྲུག་དོང་སྤྲུགས་ཞེས་བྱ་བ་བཞུགས་སོ།


JSD003_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ལ་ཕྱག་འཚལ་ལོ། ཐམས་ཅད་ཀྱི་རྒྱལ་པོ་དགོངས་པ་རང་གྲོལ་གྱི་སྒོ་ནས་ཚེ་འདས་ལ་ཕན་གདགས་ཚུལ་ལ་རྟོགས་པ་མཆོག་དང་ལྡན་ཞིང་སྙིང་རྗེ་ཆེན་པོའི་རྩི་དང་ལྡན་པའི་སློབ་དཔོན་གྱིས། སྦྱོར་བ་ཞི་ཁྲོའི་དཀྱིལ་འཁོར་དབང་རྫས་བཅས་གཞུང་བཞིན་བཤམས་པའི་ལྷོ་སྒོར་རིགས་དྲུག་གི་དལ་དུ་མིང་བྱང་ནྀ་རྟེན་བཅས་དགོད། གཞན་


JSD003_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྦྱོང་ཆས། ཏིལ་དང་མེ་ཆུ། བྲབ་རྫས། ལན་ཆགས་བདག་པོ་སྤྱི་ལ་བགེགས་གཏོར་གཅིག །ཐུབ་དྲུག་སྤྱི་ལ་ལྷ་བཤོས་གཅིག༔ ཟས་བསྔོ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཚང་བར་འདུ་བྱ། ཆོ་ག་སྔགས་གསོའི་དཀྱུས་བཞིན་ལྷག་མའི་མཐར་ཐུག་བར་བཏང་། འདིར་སྤྲོ་ན་ལས་བུམ་དུ་རྡོར་སེམས་བསྐྱེད་བཟླས་འོད་ཞུ་བཅས་བྱ་ཞིང་། མ་བྱས་ཀྱང་ཆད་སྐྱོན་མེད། གཤིན་དོན་གནས་ལུང་གི་ཆོ་ག་དངོས་ལ། རྟེན་བསྐྱེད་རྣམ་ཤེས་དགུག་ཅིང་


JSD003_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བསྟིམ། བགེགས་དང་སྡིག་སྦྱོང་རིགས་དྲུག་འདྲེན། །དབང་བསྐུར་ཟས་གཏད་སྨོན་ལམ་གདབ། །ནད་སྒྲིབ་སྦྱོང་དང་ལམ་བསྟན་ཅིང་། །གནས་སྤར་རྟེན་སྦྱང་སཱཙྪ་གདབ། །ཅེས་བཅུ་གཉིས་ལས། དང་པོ་ནི། རྟེན་ལས་སྔགས་ཀྱིས་བསང་། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ་གིས་སྦྱངས། སྟོང་པའི་ངང་ལས་པད་དཀར་ཟླ་བའི་སྟེང་། །ནྲྀཿལས་ཚེ་འདས་ཕུང་ཁམས་སྐྱེ་མཆེད་ཀུན། །གསོན་གྱི་རྣམ་པས་ཐལ་སྦྱར་མེ་ཏོག་བཅས། །བླ་མ་ལྷ་ལ་གུས་པས་འཁོད་པར་གྱུར། །གཉིས་པ་རྣམ་ཤེས་དགུག་པ་ནི། ཧཱུྃ༔ བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས༔ ཧཱྃ་ལས་འོད་འཕྲོས་ཚེ་འདས་རྣམ་ཤེས་དེ༔ རིགས་དྲུག་གང་ན་ཡོད་པའི་ས་དེ་ནས༔ བདག་གི་འོད་ཀྱིས་རེག་མ་ཐག་ཏུ་ནི༔ རྣམ་ཤེས་ནྲ་དེ་ཨ་དཀར་གཅིག་ཏུ་གྱུར༔ མདུན་དུ་བཀུག་ནས་མཚན་བྱང་རྟེན་ལ་ཐིམ༔ ལྕགས་ཀྱུའི་ཕྱག་རྒྱ་བཅས། ན་


JSD003_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མོ། བྱིན་རླབས་ཀྱི་རྩ་བ་བླ་མ་རྣམས་ཀྱི་བདེན་པ་དང་། བསླུ་བ་མེད་པ་དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་རྣམས་ཀྱི་བདེན་པ་དང་། དོན་དམ་རང་བཞིན་གྱི་རྣམ་པར་དག་པའི་བདེན་པ་དང་། ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་བདེར་གཤེགས་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རང་བཞིན་སྐྱེ་གནས་ཀྱི་བར་དོ་ནས་ཆོས་ཉིད་དང་སྲིད་པའི་བར་དོར་བརྒྱུད་ཁ་འཁྱལ་བའི་ཚེ་འདས་ཆེ་གེ་མོའི་རྣམ་པར་ཤེས་པ་འགྲོ་བ་རིགས་དྲུག༔ སྐྱེ་གནས་རྣམ་པ་བཞི། སྲིད་པ་བར་མ་དོ་གང་དུ་གནས་ཀྱང་སྐད་ཅིག་ཡུད་ཙམ་ལ་འདིར་མཆིས་པར་གྱུར་ཅིག༔ ནྲྀ་ཡཾ་ཛཿབཛྲ་ཨངྐུ་ཤ་ཛ༔ ཞེས་པས་


JSD003_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་དང་། ཨ་ནྲྀ་སུ་ཏྲི་པྲེ་དུ་མ་མ་ཨངྐུ་ཤ་ཛ༔ ཞེས་པས་རིགས་དྲུག་གི་བག་ཆགས་དགུག༔ ཛཿཧཱུྃ་བཾ་ཧོཿས་རྣམ་ཤེས་རྟེན་ལ་བསྟིམ། ཏིཥྛ་བཛྲ་ས་མ་ཡ་ལྷན། ཞེས་པས་རྟེན་དང་དབྱེར་མེད་དུ་བག་ཕེབ་སྟེ་འཁོད་པར་བསམ་མོ། །གསུམ་པ་ནི་བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་་ཨཱཿཧཱྃ་ཧོཿས་བརླབ། གཏོར་མ་གསུམ་རྟེན་ལ་བསྐོར་ཞིང་ཨོཾ་སརྦ་བིགྷན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྤ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྲྀཧྥེ་ཨི་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཞེས་ལན་གསུམ། ཏིང་ལོ་དང་ཆངས་བུས་བསྐོར་ཞིང་། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ། གྲྀ་ཧྞ་གྲྀ་ཧྞ་ཧཱུྃ། གྲྀ་ཧྞ་པ་ཡ། གྲྀ་ཧྞ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ༔ བྷ་ག་ཝཱན་བིདྱ་རཱ་ཛ་ཡ་ཧཱུྃ་ཕཊ། ཅེས་ལན་གསུམ་དང་། ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རང་རིག་སྟོང་གསལ་རིག་


JSD003_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདངས༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ རབ་འཇིགས་ཁྲག་འཐུང་སྤྲུལ་པའི་ཚོགས༔ སྣང་ལ་རང་བཞིན་མེད་པ་ཡིས༔ རབ་ཏུ་གང་ནས་འོད་འཕྲོས་པས༔ ཚེ་འདས་འདི་ལ་གནོད་བྱེད་ཅིང་༔ སྲོག་གཅོད་མདངས་འཕྲོག་གཤིན་ལྕགས་བགེགས། ཉོན་མོངས་མ་རིག་རྒྱུ་ལས་བྱུང་༔ རྒྱུ་དྲུག་འཁོར་བའི་ལམ་དགག་ཕྱིར༔ འདི་རུ་མ་འདུག་གཞན་དུ་དེངས༔ ཧཱྃ་ཧཱྃ་ཨུ་ཙཎྚ་ཡ་ཕཊ༔ བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་གནས་པ་དང་གཤིན་གྱི་དུས་སུ་ཟ་འདྲེ་ཤི་གཤེད་བྱེད་ཅིང་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་


JSD003_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། དྲག་སྔགས་དང་བཅས་གཏོར་མ་ཕྱི་རོལ་དུ་དོར། མཚོན་ཆ་ལྔ་ཡི་གུར་དུ་གྱུར་ནས་གཤེད་དང་བགེགས་ཀྱིས་བསྐལ་པར་མི་མཐོང་བར་གྱུར། ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཛྭ་ལ་རཾ་ཧཱྃ་ཕཊ་ཀྱིས་སྲུང་འཁོར་བསྒོམ། བཞི་པ་ལ་གསུམ་སྟེ། སྡིག་པ་དང་འཁོར་བའི་ས་བོན བག་ཆགས་ཐམས་ཅད་ཡེ་ཤེས་ཀྱི་མེ་དང་ཆུས་སྦྱང་བ། ཆོས་ཉིད་ཀྱི་རླུང་གིས་གཏོར་བ། བྱང་ཆུབ་སེམས་ཀྱི་ཆུས་བཀྲུ་བའོ། །དང་པོ་ནི། མཚན་བྱང་མདུན་དུ་གཡས་སུ་མེ། གཡོན་དུ་ཆུ། མདུན་དུ་ཏིལ་བཅས་བཤམས་ལ། ཚེ་འདས་ཀྱི་རྐང་མཐིལ་དུ་དམྱལ་བའི་ས་བོན་དུཿདུད་ཁ། གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེ་དམར་པོ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་ལྗང་གུ། སྙིང་གར་མིའི་ས་བོན་ནྀ་སྔོ་སྐྱ། མགྲིན་པར་ལྷ་མིན་གྱི་ས་བོན་སུཾ་སེར་པོ། སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ་རྣམས་བག་ཆགས་


JSD003_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་མདུན་གྱི་ཏིལ་ལ་ཐིམ་པར་གྱུར། ཏིལ་བཟུང་ལ་གཡས་གཡོན་དུ་བསྐོར་ཞིང་། ཧཱུྃ༔ བཅོམ་ལྡན་ཐུགས་མཆོག་རྡོ་རྗེ་སེམས་དཔའ་ཡི༔ ཐུགས་སྲོག་ཧཱྃ་ལས་ཡེ་ཤེས་རྣམ་ལྔའི་མེས༔ རིགས་དྲུག་འཁོར་བའི་ས་བོན་བག་ཆགས་དང་༔ ཉོན་མོངས་རྟོག་ཚོགས་སྡིག་སྒྲིབ ཐམས་ཅད་བསྲེགས༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་དུ་པྲ་ཏྲི་ནྲྀ་སུཾ་ཨ་སརྦ་བྷ་སྨིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་ལ་མེ་དང་ཆུར་དོར། གཉིས་པ་ནི། ཡིག་བརྒྱའི་མཐར། ༀ་དུ་ད་ཧ་ད་ཧ་སརྦ་ན་རཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿ༔ ཨོཾ་པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨོཾ་ཏྲི་མ་ཐ་མ་ཐ་སརྦ་ཏཱིརྱ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿ༔ ༀ་ནྲྀ་ཙྪིནྡྲ་ཙྪིནྡྲ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊཿ༔ ཨོཾ་སུཾ་སརྦ་དུ་ལ་སརྦ་ཀརྨ་པྲ་བེ་ཤ་ཡ་ཧཱུྃ་ཕཊ༔ ཨོཾ་ཨ་སརྦ་ཏ་ཐཱ་ག་ཏ་བྷི་ད་ན་ཁངྒ་ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊ༔ ཅེས་བཟླ་ཞིང་བྱེ་མ་དང་ཡུངས་


JSD003_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གྱིས་བྲབ། གསུམ་པ་ནི། ལས་བུམ་དུ་རྣམ་རྒྱལ་བུམ་པའི་ཆུ་ཅུང་ཟད་བསྲེས་ཏེ། མེ་ལོང་དུ་དཀྱིལ་འཁོར་ལྷའི་སྣང་བརྙན་འཆར་བར་ཁྲུས་གསོལ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །ཚེ་འདས་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མ་ཆབ་ཀྱིས་སྐུ་ཁྲུས གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱ༔ ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་སྐུ་ཕྱི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་


JSD003_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཞེས་ན་བཟའ་དང་རྒྱན་དབུལ། ཁྲུས་ཆུ་སླར་ཡང་བུམ་པར་བླུགས་ཏེ་དམིགས་རྟེན་བཀྲུ་ཞིང་། ཧཱུྃཿ༔ འདི་ནི་ཕ་རོལ་ཕྱིན་དྲུག་ཆུ༔ ཉོན་དྲུག་དྲི་མ་སྦྱོང་མཛད་པ༔ ཕར་ཕྱིན་དྲུག་ལ་ལེགས་འགོད་ཆུ༔ ཕྱིན་དྲུག་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའི་མཐར། ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་ཐབས་ཀྱི་རང་བཞིན་ཆུ༔ ཐབས་ཀྱི་དྲི་མ་སྦྱོང་མཛད་པ༔ ཐབས་ཆེན་ཉིད་ལ་ལེགས་འགོད་ཆུ༔ ཐབས་ཀྱི་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའི་མཐར། ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་སྟོབས་ཀྱི་རང་བཞིན་ཆུ༔ སྟོབས་ཀྱི་དྲི་མ་སྦྱོང་


JSD003_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ༔ སྟོབས་ཆེན་ཉིད་ལ་ལེགས་འགོད་ཆུ༔ སྟོབས་ཀྱི་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའི་མཐར། ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་སྨོན་ལམ་རང་བཞིན་ཆུ༔ སྨོན་ལམ་དྲི་མ་སྦྱོང་མཛད་པ༔ སྨོན་ལམ་ཉིད་ལ་ལེགས་འགོད་ཆུ༔ སྨོན་ལམ་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའི་མཐར། ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ འདི་ནི་ཡེ་ཤེས་རང་བཞིན་ཆུ༔ ཡེ་ཤེས་དྲི་མ་སྦྱོང་མཛད་པ༔ ཡེ་ཤེས་ཉིད་ལ་ལེགས་འགོད་ཆུ༔ ཡེ་ཤེས་ཆུ་ཡིས་དག་གྱུར་ཅིག༔ ཁྲུས་ལེགས་མཛད་ལ་ཕྱག་འཚལ་ལོ༔ ཡིག་བརྒྱའི་མཐར། ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ བཀྲུས་ནས། ཞར་ལ་དུག་སྦྱོང་ནི། ཀུ་ཤས་རྟེན་ལ་བྱབ་ཅིང་། འདོད་


JSD003_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ བདེ་གཤེགས་རིགས་ལྔ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ བདེན་པ་གང་གིས་སངས་རྒྱས་རྣམས༔ འཇིག་རྟེན་ཀུན་ཏུ་བླ་ན་མེད༔ བདེན་པའི་ཚིག་ནི་འདི་དག་གིས༔ ཁྱོད་ཀྱི་ཉོན་མོངས་དུག་རྣམས་ནི༔ རང་བཞིན་མེད་པར་དག་གྱུར་ཅིག༔ འབྱུང་བ་བཞིས་རྟེན་ལ་བསྐོར་ཞིང་། ས་ཆུ་མེ་རླུང་འབྱུང་བ་བཞི༔ དུག་གི་ཕ་དང་མ་ཡིན་ཏེ༔ བདེན་པའི་བདེན་ཚིག་འདི་བརྗོད་པས༔ དུག་རྣམས་འབྱུང་བཞིའི་ནང་དུ་སོང་༔ གང་བའི་སྣོད་དུ་དུག་སོང་ལ༔ ཁྱོད་ཀྱི་དུག་ནི་དུག་མེད་ཤོག༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཏིང་འཛིན་སྔགས་ཀྱི་བྱིན་རླབས་ཀྱིས༔ ཚེ་འདས་ལུས་བརྗེས་བུ་ཁྱོད་ཀྱི༔ དུག་རྣམས་གཏན་ནས་དག་གྱུར་ཅིག༔


JSD003_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བརྒྱ་དང་མི་འཁྲུགས་པའི་གཟུངས་སོགས་བརྗོད་ལ་ཁྲུས་བྱའོ། །ལྔ་པ་ནི། གསོལ་གདབ་ཆོས་བཤད་སྐྱབས་སུ་གསོལ། །དབང་བསྐུར་བྱ་ཞིང་ལན་ཆགས་སྦྱངས། །བསྲེགས་དང་བཀྲུ་ཞིང་གནས་ནས་དྲང་། །ཞེས་བརྒྱད་ལས། དང་པོ་ནི། ཚེ་འདས་ཉིད་ཀྱིས་གསོལ་བ་གདབ་པར་བསམ་ལ། ཀྱེ་མ་མགོན་པོ་ཐུགས་རྗེ་ཅན༔ རིགས་དྲུག་གནས་སུ་ལྟུང་བ་ཡི སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལཿ༔ གཉིས་པ་ནི། སློབ་དཔོན་གྱིས། འོ་སྔོན་ཚེ་མོའུ་འགལ་གྱི་མ་རིག་དྲུག་ཏུ་རིམ་པར་སྐྱེས་པ་དང་། རྒྱལ་བུ་དགེ་མཐོང་ན་རག་ཏུ་སྐྱེས་པ་དང་། བྲམ་ཟེ་དུང་གི་ཕྲེང་བའི་སློབ་བུ་ལས་ངན་གྱི་དབང་གིས་སེམས་ཅན་ལུས་སྲུལ་པོ་ཞེས་བྱ་བ་རིགས་དྲུག་གི་སྡུག་བསྔལ་དྲག་པོ་དུས་གཅིག་ལ་མྱོང་བ་རྣམས་ཀྱང་ཐབས་དང་རྟེན་འབྲེལ་ཟབ་མོའི་ཆོ་ག་ལ་བརྟེན་ནས་མཐོ་རིས་དང་ཐར་པའི་གནས་


JSD003_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དྲངས་པ་ལྟར་ཚེ་ལས་འདས་པ་ཁྱོད་རིགས་དྲུག་གི་གནས་ནས་འདྲེན་པའི་ཆོ་ག་བྱེད་པ་ཡིན་པས་དད་གུས་དང་སྤོ་བ་རྒྱ་ཆེན་པོ་བསྐྱེད་ཅིག །ཅེས་བཤད་ལ། ཨེ་མ༔ ཚེ་འཕོས་ལུས་བརྗེས་བར་དོའི་ཡིད་ལུས་ཁྱོད༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིསཿ༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བརྩམས་ཏེ་རྒྱལ་བའི་ཐུགས་རྗེ་ཡི༔ ཕོ་ཉས་བཟུང་སྟེ་རིགས་དྲུག་གནས་ནས་དྲང་༔ དོན་འབྲས་འདོད་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ འདྲེན་པ་ཐུབ་ཆེན་དྲུག་ལ་གསོལ་བ་ཐོབ༔ ཅེས་གདམས་ལ། གསུམ་པ་ནི། ཚེ་འདས་ཀྱིས། ཀྱེ་མ༔ བདག་འདྲའི་སེམས་ཅན་ལས་ངན་པ༔ དུག་ལྔ་དྲག་པོའི་ལས་དབང་གིས༔ རིགས་དྲུག་འཁོར་བའི་གནས་སུ་སྐྱེས༔ ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་དང་༔ འཐབ་རྩོད་འཕོ་


JSD003_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བྲེལ་ཕོངས་སོགས༔ སྡུག་བསྔལ་དཔག་མེད་བརྗོད་ལས་འདས༔ སྡུག་བསྔལ་འདི་ལས་བདག་སྒྲོལ་མཛོད༔ བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ ཅེས་གསོལ་ལ། སློབ་དཔོན་གྱིས། ཀྱེ་མ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ༔ ཉོན་མོངས་དུག་ལྔས་ཀུན་ནས་བསླངས་ནས་སུ༔ ལས་ངན་མི་དགེ་བཅུ་ཡི་རྣམ་སྨིན་གྱིས༔ འགྲོ་དྲུག་འཁོར་བའི་གནས་སུ་སྐྱེ་སྲིད་ཀྱི༔ དེ་ན་མགོན་དང་སྐྱབས་སུ་གྱུར་པ་ནི༔ འགྲོ་དྲུག་དོན་མཛད་སྤྲུལ་སྐུ་ཐུབ་དྲུག་བཞུགས༔ དེ་ལ་སྐྱབས་སུ་འགྲོ་བའི་ཚིག་འདི་སྨྲོས༔ དུག་ལྔ་གཟུང་འཛིན་ཀུན་སྤངས་བདེ་བར་གཤེགས༔ ཕྱིན་དྲུག་ཆོས་ཐོབ་ཉོན་མོངས་རྣམ་པར་དག༔ རིགས་དྲུག་ཐུབ་པ་རང་རྟགས་ཕྱག་རྒྱ་ཅན༔ ཚ་གྲང་བཀྲེས་སྐོམ་གླེན་ལྐུགས་འཐབ་རྩོད་དང་༔ འཕོ་ལྟུང་བྲེལ་ཕོངས་སྡུག་བསྔལ་སྦྱང་དུ་གསོལ༔ བཅོམ་ལྡན་ཐུབ་


JSD003_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དྲུག་ལ་སྐྱབས་སུ་མཆི༔ བྱམས་མགོན་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆི༔ མགོན་པོ་མཆོག་གྱུར་ཁྱེད་ལ་སྐྱབས་སུ་མཆི༔ འཁོར་བའི་སྡུག་བསྔལ་འདི་ལས་སྐྱོབས་མཛོད་ཅིག༔ ཚེ་འདས་དོན་དུ་ཞལ་ཟས་འདི་བཞེས་ལ༔ རིགས་དྲུག་འཁོར་བའི་གནས་ནས་དྲང་དུ་གསོལ༔ ཞལ་ཟས་བཏེགས་ལ། ཧཱུྃཿ༔ བཅོམ་ལྡན་ཐུབ་ཆེན་དྲུག་པོ་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་རྒྱན་གྱི་མཆོད་གཏོར་འབུལ༔ འགྲོ་དྲུག་སྡུག་བསྔལ་སྦྱང་དུ་གསོལ༔ཨོཾ་བཛྲ་ནཻ་ཝི་ཏྱཱ་ཨཱཿཧཱུྃ༔ ཞེས་དབུལ། བཞི་པ་ལ་གཉིས། ཐོག་མར་ཕྱག་མཚན་གྱི་དབང་བསྐུར་བ་ནི། ཐུབ་དྲུག་སོ་སོའི་ཕྱག་མཚན་ཐོགས་ལ། ཚ་གྲང་སྐྱོབ་བྱེད་མེ་ཆུ་བསིལ་དྲོད་ལྡན༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དམྱལ་བ་ཚ་གྲང་སྡུག་བསྔལ་ལས་གྲོལ་ནས༔ ན་ར་ཀ་ཡི་སྡུག་


JSD003_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་བྲལ་བར་ཤོག༔ དུཿ༔ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿ༔ ཨཱ༔ རིན་ཆེན་སྒྲོམ་གྱི་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ པྲེ་ཏ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿ༔ ༀ༔ ཤེས་རབ་རིག་པའི་པུསྟི་འདི༔ དུས་གསུམ་སངས་རྒྱས་ཞི་ཁྲོའི་གསུང་༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཏཱིརྱ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ ཏྲི་མ་ཐ་མ་ཐ་སརྦ་ཏཱིརྱ་ཀ་ག་ཏེ་ཧེ་ཏུ་ཧཱུྃ་ཕཊ༔ ཧཱ༔ ཤེས་རབ་དོན་མཚོན་རལ་གྲི་དང་༔ བདུད་ཀྱི་མཚོན་སྲུང་གོ་ཆ་འདི༔ དུས་གསུམ་རྒྱལ་བའི་སྦྱོར་སྒྲོལ་ཏེ༔ ཞི་ཁྲོ་རྒྱལ་བའི་ཕྱག་མཚན་འདིས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཧེ་ས་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ སུ་སརྦ་དུ་ལ་སརྦ་ཀརྨ་པྲ་བེ་ཤ་ཡ་ཧཱུྃ་ཕཊཿ༔ སྭཱ༔


JSD003_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་བདུད་ཀྱི་གཡེང་འཇོམས་པའི༔ པི་ཝཾ་སྙན་པའི་དོན་བྱེད་འདིས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ གཅིག་གིས་ལས་རྫོགས་ཤོག༔ ཨ་སརྦ་ཏ་ཐཱ་ག་ཏ་བིདྱཱ་ཁངྒ་ཙྪིནྡྷ་ཙྪིནྡྷ་ཧཱུྃ་ཕཊཿ༔ ཧཱུྃ༔ རིན་ཆེན་པར་བུ་ལྷུང་བཟེད་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུ༔ གསེག་ཤང་དྲང་སྲོང་སྒྲ་སྒྲོག་འདི༔ ཐུགས་རྟག་ཞི་ཁྲོ་ལྷ་ཡི་རྟགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ ཨ་བྷཱ་དྷཱ་ཏིའི་དབང་ཐོབ་ཤོག༔ ཨོཾ་ཙྪིནྡྲ་ཙྪིནྡྷ་སརྦ་ཨ་བ་ར་ཎ་ནི་ཧཱུྃ་ཕཊཿ༔ གཉིས་པ་བུམ་དབང་བསྐུར་བ་ནི། ཧཱུྃཿ༔ ལྔ་ཚན་ལྔ་ཡི་བུམ་པ་འདིར༔ བདེ་གཤེགས་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་༧་རིགས་ལྔའི་ལྷ་ཚོགས་བཞུགས༔ ཚེ་འདས་ཁྱོད་ལ་དབང་བསྐུར་བས༔ རིགས་དྲུག་སྐྱེ་སྒོ་བཅད་ནས་ནི༔ ཞིང་ཁམས་ལྔ་ལ་དབང་བསྒྱུར་ཤོག༔ ཧཱུྃ་


JSD003_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཨོཾ་བུདྡྷ་ཨ་བྷི་ཥིཉྩ་ཨཱ༔ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨཱཿ་མཱཾ་པདྨ་ཨ་བྷི་ཥིཉྩ་ཨཱ༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ ལྔ་པ་ནི། ལན་ཆགས་གཏོར་མ་ཨ་ཀཱ་རོས་བྱིན་གྱིས་བརླབས། ཧཱུྃཿ༔ གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཚེ་འདས་བུ་ལོན་ལན་ཆགས་སྙེགས་པ་ཡི༔ གསོན་བདུད་གཤིན་ལྕགས་ལན་ཆགས་ཁྱོད་ལ་སྦྱིན༔ གཏོར་མ་འདི་ཡིས་མགུ་ཞིང་ཚིམས་གྱིས་ལ༔ ཚེ་འདས་འདི་ལ་ཐར་པའི་གེགས་མ་བྱེད༔ ཅེས་བསྔོ། དྲུག་པ་ནི། བྱེ་མ་ཐོགས་ལ། འདོད་ཆགས་ཞེ་སྡང་གཏི་མུག་དང་༔ ང་རྒྱལ་ལོག་ལྟ་ཐེ་ཚོམ་སྟེ༔ འདི་དག་འཇིག་རྟེན་དུག་ཡིན་ཏེ༔ བཅོམ་ལྡན་རིགས་ལྔ་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ ཉོན་མོངས་དྲི་མ་དག་གྱུར་ཅིག༔ ཡིག་བརྒྱ་དང་སྒྲིབ་སྦྱོང་གི་སྔགས་སོགས་སྦྲེལ་བ་བརྗོད་ཅིང་བྱེ་མས་བྲབ་པས་ཡེ་ཤེས་


JSD003_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མེས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་བསྲེགས་པར་བསམ། བདུན་པ་ནི། ཁྲུས་བུམ་ཐོགས་ལ། འདི་ནི་ཕྱིན་དྲུག་རང་བཞིན་ཆུ༔ ཉོན་མོངས་ཁོང་ཁྲོ་སེར་སྣ་རྨོངས༔ ཕྲག་དོག་ང་རྒྱལ་ཐེ་ཚོམ་གྱི༔ དྲི་མ་རྣམ་དྲུག་སྦྱོང་མཛད་པ༔ བྱམས་སྦྱིན་ཡེ་ཤེས་ཚུལ་ཁྲིམས་དང་༔ ཏིང་འཛིན་སྤྲོ་དགའི་ཆུས་བཀྲུས་པས༔ ཉོན་དྲུག་དྲི་མ་དག་གྱུར་ཅིག༔ ཅེས་དང་ཡིག་བརྒྱ་བརྗོད་ཅིང་བཀྲུས་པས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་ཉོན་མོངས་པའི་ཐལ་བའང་སྦྱངས་པར་བསམ༔ བརྒྱད་པ་ནི། ས་འདི་བཅད་པ་མན་ཆད་ནི༔ རིགས་དྲུག་འཁོར་བའི་གནས་ཡིན་པས༔ བོར་རོ་སྤོང་ངོ་རིགས་ཀྱི་བུ༔ ཡུལ་དང་ཁང་ཁྱིམ་ནོར་རྫས་ཀུན༔ སྒྱུ་མའི་རྟ་གླང་ཇི་བཞིན་དུ༔ མི་རྟག་འབྲལ་བའི་ཆོས་ཅན་ཡིན༔ ཁྱོད་ཀྱི་མིང་ནས་འབོད་བྱེད་ཅིང་༔ ཕ་མ་ཉེ་དྲུང་ང་ཡིན་


JSD003_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས༔ སྨྲེ་ངག་འོ་དོད་འབོད་པ་ཀུན༔ཐར་ལམ་བར་ཆད་གེགས་ཡིན་པས༔ དེ་ལ་མ་ཉན་རིགས་ཀྱི་བུ༔ ཆགས་པར་མ་བྱེད་རིགས་ཀྱི་བུ༔ ས་འདི་བཅད་པ་ཡན་ཆད་ནི༔ ཐར་པ་བདེ་བའི་གནས་ཡིན་པས༔ འདོང་ངོ་གཤེགས་སོ་རིགས་ཀྱི་བུ༔ ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ཅེས་བརྗོད་ཅིང་རིགས་དྲུག་གི་གནས་ནས་དྲངས། རྡོ་རྗེས་ཕྱི་ལམ་བཅད་ལ་སློབ་དཔོན་གྱི་མདུན་དུ་དབང་སྟེགས་ལ་བཀོད། དྲུག་པ་དབང་བསྐུར་ནི། མཎྜལ་ནས་བརྩམས་ཏེ་གཏང་རག་གི་བར་ལོ་ཆེན་ཞི་ཁྲོའི་བདག་འཇུག་བཞིན་ལ། ཚིག་གི་མཚམས་སྦྱོར་རྒྱས་བསྡུས་ཅི་རིགས་པས་བརྡ་སྤྲད། འོན་ཀྱང་སྦྱོར་བ་སྡིག་སྒྲིབ་སྦྱོང་བའི་དབང་ནི་གནས་འདྲེན་གྱི་སྐབས་སུ་སོང་ཟིན་པས་འདིར་མི་དགོས། སྤྲོ་ན་མཇུག་ཏུ་ལུས་ལོངས་སྤྱོད་འབུལ་བ་དང་དགེ་བ་བསྔོ་བ་བྱའོ། །གལ་ཏེ་སྤྲོས་པ་བསྡུ་བའི་དབང་དུ་བྱས་ན། ཚེ་འདས་ཀྱིས་བརྗོད་པར་བསམ་ལ། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་མཎྜལ་


JSD003_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ། ཐལ་མོ་སྦྱར་ཏེ། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་འདྲའི་སེམས་ཅན་འཁོར་བར་འཁྱམས༔ ལོག་པའི་ལམ་དུ་ཞུགས་ལགས་པས༔ བདེ་ཆེན་ཐར་པའི་ལམ་སྟོན་འཚལ༔ དཀྱིལ་འཁོར་ཆེན་པོར་གཞུག་ཏུ་གསོལ༔ ཞེས་གསོལ་བ་སློབ་དཔོན་གྱིས། ཨེ་མ་ཚེ་འདས་བུ་ཁྱོད་ལེགས་པར་ཉོན༔ འཁོར་བའི་གནས་ནས་ཐར་པའི་གྲོང་འཇུག་ན༔ ཚེ་འདིའི་འབྲས་བུ་དོན་དུ་གཉེར་མི་བྱ༔ འཇིག་རྟེན་ཚེ་འདི་དོན་དུ་གཉེར་བ་ན༔ ཕ་རོལ་ཐར་པའི་འབྲས་བུ་ཐོབ་མི་འགྱུར༔ འཇིག་རྟེན་ཕ་རོལ་གཞན་དོན་གཉེར་བ་ན༔ འབད་པ་མེད་པར་འདི་འབྲས་རང་དོན་འགྲུབ༔ དེ་ཕྱིར་ཕ་རོལ་གཞན་དོན་གཉེར་བར་གྱིས༔ སླར་ཡང་ཉན་པར་བསྐུལ་བ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི༔ ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན༔ བརྗེད་


JSD003_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ངས་བློ་ལ་རྡོར་སེམས་ལ་སོགས་པའི༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་བྱིན་མི་རློབས༔ སྤྲོ་བ་བསྐྱེད་པ་ནི། བུ་ཁྱོད་ཤིན་ཏུ་སྐལ་པ་བཟང་༔ གང་གིས་སྒྱ་འཕྲུལ་ཞི་ཁྲོ་ཡིས༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན༔ ཉམས་ཆག་མ་ལུས་ཀུན་བྱང་སྟེ༔ མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང་༔ ན་རཀ་གནས་ཀྱང་དོང་སྤྲུགས་ཏེ༔ རིག་འཛིན་རྒྱལ་བའི་ཞིང་དུ་དྲང་༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་ལ༔ གང་ཞིག་གུས་པས་ཕྱག་འཚལ་ན༔ ཉམས་ཆག་ཀུན་ཀྱང་བྱང་བར་འགྱུར༔ དམ་ཚིག་བསྐངས་ནས་དངོས་གྲུབ་ཐོབ༔ དེ་ཕྱིར་སྤྲོ་བའི་སེམས་ཀྱིས་ཉོན༔ ཞེས་བསྐུལ་ལ། ཉེ་དྲུང་སོགས་ཡོད་ན་ཕྱག་འཚལ་དུ་བཅུག་ལ། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་


JSD003_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པ་ཡི། །ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་གུས་པས་ཕྱག་འཚལ་ལོ། །བླ་མ་རྒྱལ་བ་སྲས་བཅས་ཀྱིས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །འཁོར་བ་ངན་སོང་འཇིགས་ལས་སྐྱོབས། །བྱང་ཆུབ་གནས་སུ་དབུགས་དབྱུང་གསོལ། །ཞེས་བརྗོད། སྡོམ་པ་བཟུང་བ་ནི། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ ཚེ་འདས་བདག༔ ལ་དགོངས་སུ་གསོལཿ༔ དཀོན་མཆོག་རྩ་གསུམ་དཀྱིལ་འཁོར་ལྷར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ སོ་སོ་ཐར་པའི་སྡོམ་པ་དང་༔ སྨོན་དང་


JSD003_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་བྱང་ཆུབ་སེམས༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ ཞེས་བླངས། དེ་ནས་བྱང་བུར་མིག་དར་བཀབ་ཅིང་མེ་ཏོག་མདུན་དུ་བཞག་ལ། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ ཨཁཾ་བིར་ཧཱུྃ་ཞེས་བརྗོད། ཡེ་ཤེས་དབབ་པ་ནི། ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཨུཙྪ་ཊ་ཡ་ཕཊཿ༔ ཅེས་བགེགས་བསྐྲད་ལ། ཚེ་ལས་འདས་པ་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔར་གསལ་བའི་སྙིང་གར་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས། དུང་ཁང་དུ་འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། མགྲིན་པར་རིག་འཛིན་དཔའ་བོ་ཡབ་ཡུམ་བཅུ་སོགས་གདན་གསུམ་ཡོངས་རྫོགས་དམ་པ་རིགས་བརྒྱའི་རང་བཞིན་ཏིལ་གྱི་གོང་བུ་ཁ་ཕྱེ་བ་བཞིན་དུ་གསལ་བའི་གནས་གསུམ་གྱི་ཡི་གེ་ལས་འོད་ཟེར་འཕྲོས་པས། རང་བཞིན་ཆོས་ཀྱི་དབྱིངས་ནས་ཡེ་ཤེས་ཀྱི་འཁོར་ལོ་ཁ་ཆར་བུ་ཡུག་འཚུབས་


JSD003_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་བྱོན་ནས་དབྱེར་མེད་དུ་ཐིམ་པར་གྱུར། ༀ་ཨཱཿ་ཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿ་ཧཱུྃ༔ བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ༔ ཛཿཧཱྃ་བཾ་ཧོ༔ ཞེས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དཀྱིལ་འཁོར་དུ་འཇུག་པ་ནི་མཚན་བྱང་དཀྱིལ་འཁོར་ཕྱོགས་བཞིའི་སྒོར་ཁྱེར་ལ། དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞིའི་སྒོ ཞེ་སྡང་ང་རྒྱལ་འདོད་ཆགས་དང་༔ ཕྲག་དོག་སྒྲིབ་པས་བཅད་ལགས་ན༔ སྙིང་རྗེ་བྱམས་དགའ་བཏང་སྙོམས་ཀྱི༔ རྟ་གདོང་ཕག་སེང་སྦྲལ་གདོང་བཞི༔ སྒོ་བ་རྣམ་རྒྱལ་གཤིན་རྗེ་གཤེད༔ རྟ་མགྲིན་རྒྱལ་པོ་བདུད་རྩི་འཁྱིལ༔ སྒོ་མ་ལྕགས་ཀྱུ་ཞགས་པ་དང་༔ ལྕགས་སྒྲོག་དྲིལ་བུ་མ་བཞི་ཡིས༔ ཐབས་ཤེས་རང་རང་ཕྱག་རྒྱ་ཡིས༔ ཡེ་ཤེས་བཞི་ཡི་སྒོ་ཕྱེས་ལ༔ ཚེ་འདས་དད་པས་འཇུག་པར་བགྱི༔ ཀུན་བཟང་


JSD003_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོའི་ལྷ་ཚོགས་ལ༔ ཚེ་འདས་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་བེ་ཤ་ཡ་ཕཊ༔ ཨོཾ་བཛྲ་པུཥྤ་པྲ་ཏཱིཙྪ་ཧོ༔ ཞེས་བརྗོད་ལ་མེ་ཏོག་དོར། ༀ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊཿ༔ ཅེས་མིག་དར་བསལ། དེ་ནས་དབང་གི་དངོས་གཞིའི་སླད་དུ། ཕྱི་རིན་པོ་ཆེའི་བུམ་པ་ལ་ནང་གཞལ་ཡས་ཁང་གི་རྣམ་པར་གནས་པའི་དབུས་སུ་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་རྣམས་སྐད་ཅིག་གིས་གསལ་བའི་རྟེན་དང་བརྟེན་པར་བཅས་པ་སྤྱི་བོར་བཞག་ཅིང་དབང་བསྐུར་བའི་ཚེ མོས་པ་མཛོད་ཅེས་བརྡ་སྦྱར་ལ། ཧཱུྃཿ བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་རྣམས༔ སློབ་བུ་ཁྱོད་ལ་ཕབ་པ་ཡིས༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ཨོཾ་ཨཱ༔


JSD003_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ ལྷ་དབང་སྒོས་སུ་སྤྲོ་ན། ཞི་བའི་སྐུ་ཙཀ་རྣམས་ཐོགས་ལ། ཧཱུྃཿ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ལ། །སངས་རྒྱས་བཞི་བཅུ་རྩ་གཉིས་དབང་བསྐུར་བས། །རྟོག་ཚོགས་བཞི་བཅུ་རྩ་གཉིས་གནས་དག་ནས། །བཞི་བཅུ་རྩ་གཉིས་རྒྱལ་བའི་དབང་ཐོབ་ཤོག །ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ དྷརྨཱ་ཀཱ་ཡ། སམྦྷོ་ཀཱ་ཡ། ནིརྨཱ་ཀཱ་ཡ། ཨ་བྷིཥིཉྩ་ཧཱུྃཿ། ཁྲོ་བོའི་སྐུ་ཙཀ་རྣམས་ཐོགས་ལ། ཧཱུྃཿ། ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ལ། །ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དབང་བསྐུར་བས། །ཉོན་མོངས་རྟོག་ཚོགས་མ་སྤངས་རང་གྲོལ་ནས། །ལྔ་བཅུ་རྩ་བརྒྱད་ཁྲོ་བོའི་དབང་ཐོབ་ཤོག །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོཿ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃཿ། ངོ་སྤྲོད་ནི། དེ་ལྟར་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །གཞན་ན་


JSD003_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ་རང་རིག་བྱང་ཆུབ་སེམས། །ད་ལྟའི་ཤེས་རིག་མ་འགག་ས་ལེ་བ། །ཀུན་བཟང་གདོད་མའི་མགོན་པོ་དེ་ག་འོ། །ཅིར་ཡང་མ་གྲུབ་སྟོང་དབྱིངས་ཀུན བཟང་མོ། །དེ་ཉིད་རྟོགས་ན་སྐད་ཅིག་རྫོགས་འཚང་རྒྱ། །དེ་ཕྱིར་མ་ཡེངས་རང་ངོ་རང་གིས་ལྟོས། །གཞན་ཡང་ཕུང་ལྔ་མ་འགག་རིགས་ལྔ་སྟེ། །འབྱུང ལྔར་སྣང་བ་ཡུམ་ལྔའི་རང་བཞིན་ཡིན། །ཚོགས་བརྒྱད་མ་འགག་གསལ་བ་སེམས་དཔའ་བརྒྱད། །ཡུལ་བརྒྱད་རང་སར་དག་པ་སེམས་མ་བརྒྱད། །དུག་ལྔ་སེར་སྣ་གནས་དག་ཐུབ་པ་དྲུག །རྟག་ཆད་མུ་བཞི་གནས་དག་སྒོ་བ་བཞི། །སྐྱེ་གནས་བཞི་བདག་སྒོ་མ་བཞི་ཡིན་ཏེ། །བཞི་བཅུ་རྩ་གཉིས་རང་སྣང་དབ པའི་ལྷ། །གུད་ན་མི་དམིགས་རང་བྱུང་རིག་པའི་མདངས། །ཤེས་པར་གྱིས་ཤིག་ཚེ་འདས་རིགས་ཀྱི་བུ། །ཁྲག་འཐུང་འབར་བ་ལྔ་བཅུ་རྩ་བརྒྱད་ཀྱང་། །


JSD003_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་ན་མེད་དེ་ཉོན་མོངས་རྟོག་ཚོགས་རྣམས། །རང་སར་དག་ནས་རང་བཞིན་མེད་ཤེས་ནས། །ཁྲག་འཐུང་ལྷ་ཚོགས་སྐུ་རུ་གསལ་བ་སྟེ། །རང་བྱུང་རིག་པའི་རྩལ་དུ་ཤེས་པར་གྱིས། །སྐྱེ་གནས་བར་དོར་ཞི་ཁྲོའི་ལྷ་དེ་རྣམས། །ཙིཏྟ་དུང་ཁང་ལུས་ཀྱི་སྦུབས་སུ་གནས། །ལུས་སེམས་བྲལ་དུས་རང་མདངས་ཕྱིར་འཆར་ཏེ། །ཆོས་ཉིད་བར་དོར་སྒྲ་འོད་ཟེར་དང་བཅས། །ནམ་མཁའ་བར་སྣང་གང་བར་མངོན་སུམ་སྣང་། །འདི་དུས སྒྲ་འོད་ཟེར་ལ་མ་འཇིགས་པར། །རང་སྣང་རང་ངོ་ཤེས་པ་ལོངས་སྐུར་གྲོལ། །དེ་ཕྱིར་དངངས་སྐྲག་འཇིགས་སྣང་སྤོང་བྱོས་ལ། །གང་ཤར་རང་སྣང་རིག་པ་ངོ་ཤེས་བྱ། །དོན་ཆེན་འགག་ལ་ཐུག་པའི་དུས་ཚོད་འདིར། །རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག །དེ་ལྟར་མ་ཤེས་རང་སྣང་གཞན་བཟུང་ན། །


JSD003_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དངངས་སྐྲག་འཇིགས་ནས་སྲིད་པ་བར་དོར་འཁྱམས། །འདི་དུས་འདུན་པ་རྩེ་གཅིག་གལ་ཆེ་བས། །བླ་མ་དཀོན་མཆོག་ཡི་དམ་ལྷ་ཚོགས་དང་། །མི་ཡུལ་དབང་ཐོབ་ཆོས་འབྲེལ་གང་ཆེ་དང་། །དགེ་བའི་བྱ་བ་ཡིད་ལ་དྲན་པར་བྱོས། །ཀུན་ལ་དག་སྣང་མོས་གུས་གལ་ཆེ་ཞིང་། །མངལ་སྒོ་དགག་དང་རུ་ལོག་དྲན་པར་བྱ། །དག་པའི་ཞིང་ཁམས་ཡིད་ཀྱི་འདུན་པས་ཟུངས། །ཆགས་སྡང་སྤོངས་ལ་བླ་མ་ཡབ་ཡུམ་སྒོམས། །བུ་ཁྱོད་འཁོར་བ་འདི་ལ་མ་ཆགས་པར། ི །བདེ་ཆེན་དག་པའི་ཞིང་དུ་འགྲོ་བར་གྱིས། །ཞེས་ངོ་སྤྲོད་བྱ། སྤྲོན་འདིར་གཏོར་དབང་རེག་པ་དོན་ལྡན་བསྐུར། གང་ལྟར་ཡང་། མཐའ་རྟེན་གྱིས་མངའ་གསོལ་བ་ནི། སྣ་བདུན་དང་རྟགས་བརྒྱད་རིམ་པར་གཏད་ལ། ཧོ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །རྒྱལ་སྲིད་སྣ་བདུན་དབང་བསྐུར་བས། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །


JSD003_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་ནོར་བདུན་ཕྱུག་ནས་ཀྱང་། །གཞན་དོན་དཔག་མེད་འགྲུབ་པར་ཤོག །ཨོཾ་དྲ་བྱ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། ཧོ༔ ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །བཀྲ་ཤིས་རྟགས་བརྒྱད་དབང་བསྐུར་བས། །རྒྱལ་བུ་རྒྱལ་སར་ཐོན་ནས་ཀྱང་། །རྒྱལ་འབངས་མངའ་འོག་ཚུད་པ་ལྟར། བུམ་དབང་ཡོངས་སུ་རྫོགས་ཐོབ་ནས། །གཞན་དོན་དཔག་མེད་དབང་ཐོབ་ཤོག །ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་མཱཾ། གཞན་ཡང་ཤིས་པ་བརྗོད་པས་མངའ་གསོལ་བར་བྱའོ། །བདུན་པ་ནི། ཚེ་འདས་ལྷར་གྱུར་པ་ལ་འདོད་ཡོན་རྣམས། །རཾ་ཡཾ་ཁཾ་གིས་བསང་སྦྱངས། སྟོང་པའི་ངང་ལས་ལྷ་རྫས་ལས་དང་ཏིང་ངེ་འཛིན་ལས་གྲུབ་པའི་འདོད་ཡོན་གྱི་༴་དངོས་པོ་ཟད་མི་ཤེས་པ་ནམ་མཁའ་གང་བར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ་དང་ནམ་མཁའ་མཛོད་ཀྱིས་སྔགས་རྒྱས་བརླབས། ཧཱུྃཿ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་


JSD003_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱང་༔ བྱམས་གདུང་ཡིད་ལ་གཅགས་པའི་གཉེན་འདུན་དང་༔ སྨོན་ལམ་ལས་འབྲེལ་མཐུན་པའི་གྲོགས་འདི་རྣམས༔ ཡུན་དུ་འགྲོགས་པའི་སྐལ་དང་དབང་མེད་པས༔ བརྩེ་བའི་སེམས་ཀྱིས་ལོངས་སྤྱོད་སྣ་ཚོགས་བསགས༔ ཐུགས་རྗེ་ཐབས་དང་ལྡན་པའི་སློབ་དཔོན་གྱིས༔ ལོངས་སྤྱོད་གཏེར་ཆེན འཕྲུལ་གྱི་གཞོང་པ་རུ༔ རོ་བརྒྱ་བཅུད་དང་ལྡན་པའི་བཟའ་བ་དང་༔ ཉོན་མོངས་གདུང་བ་སེལ་བའི་བཏུང་བ་བཤམས༔ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས༔ ཚེ་འདས་རིགས་ཀྱི་བུ་ལ་བསྔོས་པ་ཡིས༔ བཀྲེས་སྐོམ་སྡུག་བསྔལ་མ་ལུས་ཞི་ནས་ནི༔ ཡུན་གྱི་ཟས་དང་སྐོམ་དུ་འབྱུང་བར་ཤོག༔ འདོད་ཡོན་ལོངས་སྤྱོད་འདི་ལྟར་དཔག་མེད་ཀྱང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་རྫས༔ དངོས་སུ་འབྱོར་བཤམས་ཡིད་ཀྱིས་ལེགས་སྤྲལ་ནས༔


JSD003_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ༔ ཚེ་འདས་རིགས་ཀྱི་བུ་ལ་བསྔོས་པ་ཡིས༔ འདོད་ཡོན་ལོངས་སྤྱོད་དཔལ་དུ་སྤྱོད་པར་ཤོག༔ ཅེས་བརྗོད་ལ་ཉེ་དུ་སོགས་ཀྱིས་དྲི་གསུར་བཏང་ལ་བསྔོ་ཞིང་། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱྃ། ལན་གསུམ། མཆོད་སྦྱིན་གྱི་གསུར་བསྔོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་ཚེ་ལས་འདས་པ་ལ་སྦྱིན་ནོ། །བསྔོའོ། །མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་བྲོ་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ། ཡིད་ཀྱི་ཡུལ་དུ་བདེ་


JSD003_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཆོག་གིས་ཚིམས་ནས། བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་མྱུར་དུ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག༔ ཅེས་བསྔོ། བརྒྱད་པ་ནི། འདི་ནས་ཤར་ལྷོ་ནུབ་བྱང་དང་༔ དབུས་ཀྱི་ཕྱོགས་ཀྱི་འཇིག་རྟེན་ན༔ བདེ་གཤེགས་རིགས་ལྔའི་ཞིང་ཁམས་ཡོད༔ ཐམས་ཅད་འབྱུང་ལྔའི་རང་བཞིན་ཏེ༔ འབྱུང་ལྔར་ཤི་ཞེས་བྱ་བ་མེད༔ སེམས་ཅན་སྲོག་ནི་འབྱུང་ཆེན་ཏེ༔ འབྱུང་བའི་སྙིང་པོ་མི་འགྱུར་བའི༔ ཡི་གེ་ལྔ་རུ་རྣམ་པར་དག༔ དེ་ལ་བརྟེན་ནས་བུ་ཁྱོད་ཀྱང་༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཞིང་མཆོག་ལྔར་ནི་སྐྱེས་གྱུར་ཏེ༔ ཡུམ་ཆེན་ལྔ་དང་གཉིས་མེད་ཤོག༔ ཅེས་བརྗོད་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་མཐུ་དང་ལྡན་པར་བསམ༔ དགུ་པ་ནི། སེམས་དཔའ་ལྔ་ཡི་སྐུ་གཟུགས་མེ་ལོང་ལ་ཤར་བ་བསྟན་ཅིང་། ཀྱེ་མ༔ མུན་པ་ལྟ་བུའི་འཇིག་རྟེན་


JSD003_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སུ་འཁྱམས༔ སྡུག་བསྔལ་ཉམ་ཐག་འོ་དོད་འབོད་པ་ཁྱོད༔ རྒྱལ་སྲས་ཐུགས་རྗེ་ཅན་གྱིས་སྐྱོབ་པར་ཤོག༔ མེ་ལོང་མཉམ་ཉིད་སོར་རྟོགས་བྱ་བ་གྲུབ༔ ཆོས་དབྱིངས་ཡེ་ཤེས་ངང་ལས་སྐུར་སྤྲུལ་པ༔ རྒྱལ་སྲས་ས་སྙིང་ནམ་སྙིང་སྤྱན་རས་གཟིགས༔ ཕྱག་རྡོར་སྒྲིབ་པ་རྣམ་སེལ་ཐུགས་རྗེ་ཡིས༔ ཚེ་འདས་མིག་དང་རྣ་བ་སྣ་དང་ལྕེ ལུས་ཀྱི་དབང་པོ་ལྔ་ཡི་ནད་བསལ་ནས༔ གཟུགས་སྒྲ་དྲི་རོ་རེག་བྱ་མྱོང་བར་ཤོག༔ སྔོན་ཚེ་གོང་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་འཁོར་བའི་སྐྱབས༔ རྒྱལ་སྲས་བྱང་ཆུབ་སེམས་དཔའ་ལྔ༔ ལྷ་མཆོག་རྣམས་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ ཞེས་བརྗོད་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པའི་མཐུ་དང་ལྡན་པར་བསམ། བཅུ་པ་ལ་ལམ་བསྟན་པ་དང་། གནས་སྤར་བ་གཉིས་ལས།


JSD003_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི་སྣང་གསལ་གྱི་འོད་ཀྱིས་མཚོན་པར་བྱས་ལ། ཧཱུྃཿ༔ རང་བཞིན་ཤུགས་ཀྱིས་དྲངས་པའི་དྲན་པས་ཉོན༔ འཁོར་བའི་རྦ་རླབས་མུན་ལྟར་འཁྱམས་པ་ལ༔ ཐུགས་རྗེའི་ཤུགས་ཀྱིས་སྒྲོན་མེ་འདི་བསྟན་པས༔ ཡེ་ཤེས་འོད་ལ་རྟག་ཏུ་འདེ་བར་ཤོག༔ ཐར་པའི་ཞིང་དུ་འགྲོ་བ་ལ༔ མུན་པ་འཐིབས་དང་མ་རིག་རྨོངས༔ མི་ཤེས་འཁྲུལ་དང་ལམ་སྟོར་ན༔ ཡེ་ཤེས་སྒྲོན་མེས་གསལ་གྱུར་ཅིག༔ ཡེ་ཤེས་སྣང་བ་ཆེན་པོ་སྟེ༔ སྔགས་འཆང་རྒྱལ་པོས་སྒྲོན་མེ་སྦྱིན༔ འདི་ལ་བརྟེན་ནས་བུ་ཁྱོད་ཀྱང་༔ འོག་མིན་ཆོས་དབྱིངས་ཞིང་ཁམས་སུ༔ ཡེ་ཤེས་ལྷ་དང་འཕྲད་པར་ཤོག༔ ཅེས་དང་། འདི་ནས་ཤར་ལྷོ་ནུབ་བྱང་དབུས༔ མངོན་དགའ་དཔལ་ལྡན་པདྨ་བརྩེགས༔ ལས་གྲུབ་སྟུག་པོ་བཀོད་པའི་ཞིང་༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་བཞུགས༔ གང་ཞིག་དེ་ཡི་མཚན་འཛིན་པ༔


JSD003_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མཆོག་དེར་ནི་སྐྱེ་བར་འགྱུར༔ ཞིང་མཆོག་དེ་རུ་སྐྱེ་བར་ཤོག༔ རྫོགས་པའི་སངས་རྒྱས་རིགས་ལྔ་ལ༔ ཚེ་ལས་འདས་པ་འདི་ཉིད་ཀྱི༔ ཕུང་པོ་ལྔ་པོ་ཡོན་དུ་འབུལ༔ ཡོན་འདི་བཞེས་ལ་ལམ་འདི་སྟོན༔ སེམས་འདི་བྱང་ཆུབ་གནས་སུ་དྲོངས༔ གཉིས་པ་གནས་སྤར་བ་ནི། ཐབས་ཤེས་ཟུང་འབྲེལ་མདའ་གཞུའི་འཕྲུལ་འཁོར་གྱིས་མཚོན་ཏེ། ཧཱུྃཿ ཐབས་ཀྱི་གཞུ་ལ་ཤེས་རབ་མདའ་བཀང་སྟེ༔ ཡེ་ཤེས་ཐུགས་རྗེའི་ཤུགས་ཀྱི་རྒྱུད་དང་ལྡན༔ བླ་ན་མེད་པའི་གནས་མཆོག་དམ་པ་རུ༔ ཚེ་འདས་མདའ་འཕང་བཞིན་དུ་སྐྱེ་བར་ཤོག༔ ཅེས་དང་། ཞིང་ཁམས་འདི་ནས་དབུས་ཀྱི་ཕྱོགས་རོལ་ན༔ འོག་མིན་ཆོས་དབྱིངས་ཕོ་བྲང་ཞེས་བྱ་ཡོད༔ དེ་ན་སངས་རྒྱས་ཀུན་གྱི་སྤྱི་མེས་ནི༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་བཞུགས༔ དུས་གསུམ་སངས་རྒྱས་


JSD003_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བསྐྱེད་པའི་ཡུམ༔ ཆོས་ཉིད་ཀུན་ཏུ་བཟང་མོ་ཞེས་བྱ་ཡོད༔ རྒྱལ་བའི་གཙོ་མཆོག་རྡོ་རྗེ་སེམས་དཔའ་བཞུགས༔ ཡུམ་ཆེན་ནམ་མཁའི་དབྱིངས་ཕྱུག་ཅེས་བྱ་བཞུགས༔ རིགས་བཞི་ཡབ་ཡུམ་གཙོ་འཁོར་གྲངས་མེད་ཡོད༔ སྤྲུལ་པའི་སངས་རྒྱས་གྲངས་ལས་འདས་པ་ཡོད༔ ཡ་མཚན་བཀོད་པ་བསམ་གྱིས་མི་ཁྱབ་ཡོད༔ དེ་ཕྱིར་མིང་ནི་སྟུག་པོ་བཀོད་པའི་ཞིང་༔ ཞིང་མཆོག་གཙང་མའི་གནས་རབ་དམ་པ་དེར༔ ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ རྫོགས་པའི་སངས་རྒྱས་དེ་ཡི་སྲས་མཆོག་ཏུ༔ རྩལ་ཆེན་མདའ་འཕངས་བཞིན་དུ་སྐྱེ་བར་ཤོག༔ ཕཊ༔ ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཧཱུྃ་མཐིང་ག་གཅིག་ཏུ་གྱུར་ཏེ༔ རྩལ་པོ་ཆེས་མདའ་འཕངས་པ་བཞིན་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པས༔ རྒྱལ་བའི་སྲས་སུ་


JSD003_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏེ་སངས་རྒྱས་པར་གྱུར༔ སླར་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པར་བྱེད་ནུས་པར་གྱུར་ཅིག༔ ཅེས་འོག་མིན་སྟུག་པོ་བཀོད་པར་གནས་སྤར། བཅུ་གཅིག་པ་ནི། མདུན་དུ་མར་མེ་བཞག་ལ། ཨོཾ་བཛྲ་སཏྭ་ཧཱུྃཿ ཞེས་བརྗོད་པས། མར་མེའི་དབུས་སུ་མེ་ལྷ་རྡོ་རྗེ་སེམས། །གསལ་བའི་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་ཐིམ། །ཐུགས་རྗེའི་འོད་འཕྲོས་ཚེ་ལས་འདས་པ་ཡི། །ཉོན་མོངས་སྡིག་སྒྲིབ་ཐམས་ཅད་བསྲེག་པར་གྱུར། །ཅེས་བསམས་ལ། ཧཱུྃཿ ཚེ་འདས་རིགས་ཀྱི་བུ་ཁྱོད་ཀྱི༔ ཉོན་མོངས་ལྔ་ཡི་ཐབ་ཁུང་དུ༔ ཕུང་པོ་ལྔ་ཡི་བུད་ཤིང་ལ༔ ཡེ་ཤེས་ལྔ་ཡི་མེ་སྦར་པས༔ ཉོན་མོངས་རྒྱ་མཚོ་སྐེམ་པར་ཤོག༔ བདག་ཏུ་འཛིན་པའི་ཕུང་པོ་ལ༔ སྟོང་པ་ཉིད་ཀྱི་མེ་སྦར་བས༔ གནས་ལུགས་ཇི་བཞིན་རྟོགས་པར་ཤོག༔


JSD003_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གསུམ་འདུས་པའི་ཕུང་པོ་ལ༔ སྐུ་གསུང་ཐུགས་ཀྱི་མེ་སྦར་བས༔ སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག༔ དུག་ལྔ་འདུས་པའི་ཕུང་པོ་ལ༔ རྒྱལ་བ་རིགས་ལྔའི་མེ་སྦར་བས༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ འབྱུང་བཞི་འདུས་པའི་ཕུང་པོ་ལ༔ ཡུམ་ཆེན་བཞི་ཡི་མེ་སྦར་བས༔ ཚད་མེད་བཞི་དང་ལྡན་༜ ནས་ཀྱང་༔ ཕྲིན་ལས་རྣམ་བཞི་ལྷན་གྲུབ་ནས༔ འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག༔ ཅེས་དང་། ཡི་གེ་བརྒྱ་པ་དང་མི་འཁྲུགས་པའི་གཟུངས་སོགས་བཟླཞིང་། ཨགྣ་ཡེ་ཛྭ་ལ་རཾ་ཞེས་བསྲེགས། བཅུ་གཉིས་པ་ནི། ཐལ་བ་བུམ་ཆུས་སྦྱངས་ཤིང་བྱེ་མས་བྲབ། ས་གཙང་མ་དང་སྦྱར་ནས་སཱཙྪ་གདབ། རབ་གནས་རྒྱས་བསྡུས་ཇི་ལྟར་རིགས་པ་བྱ་ཞིང་། དབེན་གནས་སམ་ཆུ་ཀླུང་ཆེན་པོར་སྤྱན་འདྲེན་པར་བྱ། ཚེ་འདས་ཀྱི་དོན་དུ་བཟང་པོ་སྤྱོད་པ་ལ་སོགས་སྨོན་ལམ་གདབ་ཅིང་། ཤི་རྒབ་བཅད་ཕྱིར་ཤིས་བརྗོད་རྒྱ་ཆེར་བྱ། བསྐུལ་དང་ཆད་མདོ་སོགས་ཆོ་


JSD003_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གའི་རྗེས་རིམ་རྣམས་གཞུང་བཞིན་བྱའོ། །ཞེས་པའང་ཟབ་མོའི་ལམ་འདི་ལ་མོས་ཤིང་དོན་གཉེར་དང་ལྡན་པ་སྦས་ཡུལ་ཀརྨ་རོང་གི་རྣལ་འབྱོར་པ་པདྨ་ཚེ་མཆོག་རྡོ་རྗེས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྔགས་གསོའི་ཆ་རྐྱེན་དུ་གཤིན་ཆོག་རྒྱས་བསྡུས་འཚམས་པ་འདི་ལྟ་བུ་ཞིག་དགོས་ཞེས་ནན་ཏན་ཆེན་པོས་བསྐུལ་བའི་གཡར་ཁྲལ་དུ། དུས་མཐའི་སྔགས་བན་སྙོམས་ལས་པ་ཁྲོ་རྒྱལ་རྡོ་རྗེའམ་མིང་གཞན་སངས་རྒྱས་རྡོ་རྗེར་འབོད་པས། ཨོ་རྒྱན་མཁན་པོའི་རྡོ་རྗེའི་གསུང་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་དགོངས་པ་ལྟར་ལ་ངག་འདོན་ཚིག་ཚོགས་ཀྱི་སྤྲོས་པ་ཇི་རིགས་སུ་བསྡུས་ནས་ཁྲིགས་སུ་བསྡེབས་པ་འདིས་ཀྱང་གཤིན་པོ་སྐྱབས་མེད་མགོན་བྲལ་མང་པོ་འཁྲུལ་སྣང་བར་དོ་དྲུག་གི་འཇིགས་སྐྲག་སྡུག་བསྔལ་གྱི་མཚོ་ཆེན་ལས་ཡོངས་སུ་བསྒྲལ་ཏེ་བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།


JSD003_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཞི་ཁྲོའི་སྔགས་གསོའི་ཆོ་གའི་ཡན་ལག་ཚེ་འདས་རྗེས་འཛིན་རིགས་དྲུག་དོང་སྤྲུགས།next