Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
ཐོ་རངས་ལྡང་བའི་བརྒྱུད་འདེབས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousཐོ་རངས་ལྡང་བའི་བརྒྱུད་འདེབས།next

ཐོ་རངས་ལྡང་བའི་བརྒྱུད་འདེབས།


JSD003_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ་བརྒྱུད་འདེབས་ཚོགས་བསགས་ནས་བརྩམས་ལས་བྱང་ནར་འདེད་ཀྱིས་ཛྭཔ་བསྐུལ་མགོར་བགྲང་ཕྲེང་བྱིན་བརླབས་བྱས་ལ་བསྙེན་པར་འཇུག །ནམ་ལང་ཉི་མ་རི་རྩེར་ཤར་བ་ན་དབྱངས་གསལ་རྟེན་སྙིང་ལན་གསུམ་རེའི་མཐར་སྟོང་ཚིག་བསྡུ་སྡང་བསྔོ་ཤིས་བཅས་ཀྱི་ཐོར་ཐུན་གྲོལ་ཏེ་ཞོག་ཇ་བཞེས། དེ་ནས་བསྲུང་འཁོར་ནས་བརྩམས་ཕྲེང་བ་བྱིན་རླབས་མི་དགོས་པ་ཙམ་ལས་གཞན་སྔར་ལྟར་བསྲང་ཏེ་ཉིན་གུང་ཟིན་པ་ན་སྔ་ཐུན་གྲོལ་ཏེ་གུང་ཚིགས་བཞེས། ཕྱི་ཐུན་ཀྱང་དེ་དང་འདྲ་བས་ཉི་བརྒལ་ཙམ་ནས་གྲོལ། སྲོད་ཐུན་གྱི་སྟོང་ཚིག་མཐར་གཏོར་བསྔོས་ཚོགས་མཆོད་སོགས་བྱ་ཞིང་ཆད་བརྟན་རྒྱུན་དུ་མི་དགོས་པས་དམ་ཅན་གཏོར་འབུལ་མཐར་བསྡུ་ལྡང་སོགས་མཐར་དབྱུང་ལ་གསུར་བསྔོ་སྨོན་


JSD003_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སོགས་མཚམས་སྦྱར་ཏེ་ཉལ་བའི་རྣལ་འབྱོར་ལ་འཇུག །ཚུལ་དེ་ལྟ་བུས་དུས་བསྙེན་ཟླ་དྲུག་ཚང་ནས་མཆོད་གཏོར་ཁ་གསོས་ལ་གཞུང་བསྲང་ལུགས་སྔར་དང་འདྲ་བ་ལས་བསྙེན་པའི་སྐབས་བསྙེན་ཡིག་བཞིན་སྒྲུབ་པའི་དམིགས་གནད་བཅས་རྩ་སྔགས་ལ་འཕྱོང་ཛཿཧཱུྃ་ཨཱ་བཏགས་པ་ཁོ་ན་བཟླ་ཞིང་དེ་ལྟ་བུའི་དུས་ཚད་ཟླ་དྲུག་ཚང་རྗེས། དམ་ཅན་ཉེ་བསྙེན་ཟླ་བ་གཅིག །དེ་རྗེས་ངན་སྔགས་ཉེ་བསྙེན་སྤུ་གྲིའི་སྔགས་ཟླ་བ་གཅིག་མཐའ་རྟེན་བཀྲ་ཤིས་ཚེ་སྒྲུབ་ཟླ་བ་གཅིག་བཅས་གྲུབ་ནས། དངོས་གྲུབ་བླང་བའི་ཛྭཔ་དགོངས་ཞག་བདུན་མཐར་དངོས་གྲུབ་བླངས་ཏེ་ཁ་སྐོང་ཞི་སྦྱིན་ཞག་ལྔ་ཙམ་གྱི་གྲུབ་པར་བྱས་ལ་མཚམས་གྲོལ་བས་ཕུར་པའི་དུས་ཀྱི་བསྙེན་ཆེན་ཐེམ་པ་ཡིན་ནོ། །བུདྡྷས་སོ།། །།


previousཐོ་རངས་ལྡང་བའི་བརྒྱུད་འདེབས།next