Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
ཕུར་པ་སྤུ་གྲི་རེག་ཕུང་གི་བསྙེན་སྒྲུབ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousཕུར་པ་སྤུ་གྲི་རེག་ཕུང་གི་བསྙེན་སྒྲུབ།next

ཕུར་པ་སྤུ་གྲི་རེག་ཕུང་གི་བསྙེན་སྒྲུབ།


JSD003_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་དགོངས་གཏེར་ཕུར་པ་སྤུ་གྲི་རེག་ཕུང་གི་བསྙེན་སྒྲུབ་ལ་གཞོལ་བ་དག་གིས་དམིགས་བསལ་གྱི་བཟླས་དམིགས་ཅུང་ཟད་སྦྱར་བར་འདོད་ན། རྩ་བའི་བཟླས་དམིགས་ཀྱི་རྗེས་སུ། དང་པོ་བསྙེན་པའི་དུས། ཐུགས་ཀའི་ཏིང་འཛིན་སེམས་དཔའ་ལས། །སྔགས་ཕྲེང་བར་མ་ཆད་པ་བྱུང་། །ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན། །རང་གི་ཞལ་ནས་ཡུམ་ཞལ་ཞུགས། །མཁའ་ནས་རྡོ་རྗེའི་སྦུབ་བརྒྱུད་དེ། །ཡེ་ཤེས་སེམས་དཔའི་གསང་བ་ནས། །དྭངས་སྲོག་ལ་ཐིམ་བདེ་སྟོང་གི །ཡེ་ཤེས་མཆོག་ཏུ་འབར་བར་གྱུར། །ཅེས་མགལ་མེ་ཀླད་སྐོར་གྱི་དམིགས་པས་རྩ་སྔགས་འབྲུ་བཅུ་བཞི་པ་ཉིད་འབུམ་ཕྲག་བཅོ་ལྔའམ། བདུན་འབུམ་ཉིས་ཁྲི་ཙམ་བཟླ། གཉིས་པ་བ་པའི་དུས། འདི་ནས་ནུབ་ཐ་མའི་དངོས་གྲུབ་བླང་བའི་བར་ཐུན་ཐམས་ཅད་ལ་བཟླས་པའི་ཐོག་མར་སྙིང་པོ་ལ་ཕཊ་ཛཿབཏགས་པ་བརྗོད་པས་ཛཔ་ཁང་དབྱེ། བཟླས་དམིགས་སྤྱིར་བཏང་གི་


JSD003_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཁྱད་པར། ཐུགས་ཀའི་སེམས་དཔའ་སུམ་བརྩེགས་ལས། །འོད་འཕྲོས་ཕྱོགས་བཅུའི་རྒྱལ་ཀུན་དང་། །མདུན་བསྐྱེད་གཙོ་འཁོར་ཐམས་ཅད་ཀྱི། ཐུགས་ཀར་ཐིམ་པས་མཆོད་ཅིང་བསྐུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས། །སྔགས་ཕྲེང་དམར་པོའི་རྣམ་པ་རུ། །ལྷ་ཚོགས་སོ་སོའི་ལྟེ་བ་ནས། བྱུང་སྟེ་བདག་གི་ལྟེ་བར་ཞུགས། །སྲོག་གི་ཧཱུྃ་ལ་རབ་ཐིམ་ཞིང་། །ཀུན་ཀྱང་སྔགས་སྒྲ་སྒྲོག་པར་གྱུར། །ཞེས་བུང་བ་ཚང་ཞིག་གི་དམིགས་པས་འབྲུ་བཅུ་བདུན་པའི་ཚེ བཟླས་པ་སྔ་མའི་ཚད་ཙམ་བྱ། གསུམ་པ་ལས་སྦྱོར་ནི། འདི་དུས་ཐུན་རེ་ལ་ཆ་གཉིས་བགོས་ཏེ། ཆ་དང་པོ་དམ་ཅན་ཉེ་བསྙེན་ནི། བསྙེན་སྒྲུབ་ཀྱི་བཟླས་པ་ཁྱུག་ཙམ་རེ་སོང་རྗེས། བདག་མདུན་ཐུགས་ཀའི་སྔགས་འཕྲེང་ལས། །འོད་དམར་ཛཿཡིག་རྣམ་པར་འཕྲོས། །ཕུར་སྲུང་དམ་ཅན་ལྕམ་དྲལ་རྣམས། །འོད་ཀྱིས་བཀུགས་ཤིང་མདུན་དུ་


JSD003_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འཁོད། །སླར་ཡང་ཚ་རྩུབ་འོད་ཟེར་གྱིས། །དྲག་ཏུ་བསྐུལ་ཏེ་གང་དམིགས་པའི། །དགྲ་བགེགས་སྒྲོལ་བའི་ལས་བྱེད་གྱུར། །ཅེས་དམིགས་ལ་བཞི་སྙིང་གཅིག་དྲིལ་བཟླ། ཆ་གཉིས་པ་ལ་ངན་སྔགས་ཉེ་བསྙེན་ནི། དཀྱིལ་འཁོར་གསུམ་གྱི་ལྷ་རྣམས་ལས། །སྤྲུལ་པ་ཁྲོ་ཆུང་མཚོན་ཐུན འཕྲོས། །སྔགས་སྒྲ་འབྲུག་སྟོང་ལྡིར་ལྟར་སྒྲོགས། །བར་ཆད་ལོག་འདྲེན་བདུད་བགེགས་ཀུན། །འོད་ཟེར་མེ་ཡི་ཚྭ་ཚྭ་བསྲེགས། །ཐལ་བའི་རྡུལ་བཞིན་བརླག་པར་གྱུར། །ཅེས་མགར་གྱི་ཚྭ་ཚྭ་སྤྲོ་བ་ལྟ་བུའི་དམིགས་པས་སྤུ་གྲིའི་དྲག་སྔགས་འདུས་པ་བཟླ་བ་སྟེ། འདི་གཉིས་ཀྱི་གྲངས་ཚད་བསྙེན་པའི་བཅུ་ཆ་ཙམ་ལ་གཟུང་ངོ་། །ཚེ་སྒྲུབ་ནི་བསྙེན་སྒྲུབ་ལས་གསུམཁྱུག་ཙམ་རེ་སོང་ནས་ཟུར་བྱང་ལྟར། བདག་མདུན་དཔལ་ཆེན་ཐུགས་ཀ་རུ༔ ཞེས་བསྒྱུར་བ་ཙམ་དང་། གྲངས་ཇི་ཙམ་མང་ན་ལེགས་


JSD003_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །ཐ་ན་འབུམ་ཕྲག་ལས་མི་ཉུང་བར་བྱའོ། །ཞེས་པའང་གཏེར་སློབ་ཁྲོ་རྒྱལ་རྡོ་རྗེས་ལྷག་པའི་ལྷ་འདི་བསྙེན་སྐབས་ཀྱི་ཐུན་གསེང་ཞིག་ཏུ་བསྙེན་པའི་མན་ངག་དང་མི་འགལ་བར་བློ་དམན་འཇུག་པ་བདེ་བའི་ཆེད་དུ་སྦྱར་བའོ། །ཤུ་བྷཾ།། །།


previousཕུར་པ་སྤུ་གྲི་རེག་ཕུང་གི་བསྙེན་སྒྲུབ།next