Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
རྡོ་རྗེ་ཕུར་བུ་སྤུ་གྲི་རེག་ཕུང་དང་འབྲེལ་བར་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་ལྷུན་གྲུབ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousརྡོ་རྗེ་ཕུར་བུ་སྤུ་གྲི་རེག་ཕུང་དང་འབྲེལ་བར་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་ལྷུན་གྲུབ།next

རྡོ་རྗེ་ཕུར་བུ་སྤུ་གྲི་རེག་ཕུང་དང་འབྲེལ་བར་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་ལྷུན་གྲུབ།


JSD003_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕུར་བུ་སྤུ་གྲི་རེག་ཕུང་དང་འབྲེལ་བར་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།


JSD003_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་བཛྲ་ཀུ་མཱ་ར་ན་མོ། བླ་མ་དཔལ་ཆེན་ཕུར་པའི་ལྷར། །དངོས་པོ་ཀུན་གྱིས་ཕྱག་བྱས་ཏེ། །དེ་ཉིད་སྒྲུབ་པའི་ཡན་ལག་ཏུ། །སྲེག་བླུགས་ཆོ་ག་ཉུང་ངུར་སྤེལ། །དེ་ལ་ལས་ཀྱི་ཁ་སྐོང་ཞིང་འདོད་དོན་མྱུར་དུ་སྒྲུབ་པ་མཆོད་སྦྱིན་སྲེག་བླུགས་ཀྱི་ཆོ་ག་བསྡུས་པའི་ཚུལ་གྱིས་བཤད་པ་ལ་གཉིས་ཏེ། སྐབས་དོན་ཞི་བའི་སྦྱིན་སྲེག་དང་། དེ་ཉིད་ལས་གཞན་ལ་ཁ་བསྒྱུར་བའི་ཚུལ་ལོ། །དང་པོ་ནི། གང་དུ་བྱ་བའི་གནས་དེར་གཞི་བདག་ལ་


JSD003_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་སྦྱིན་ནས་བཀའ་བསྒོས། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ་ཀཱི་ལ་ཡ་བརྒྱ་རྩ་བཟླས་པས་བྱིན་གྱིས་བརླབས་ནས་སྟོང་ཉིད་དུ་རྒྱས་བཏབ། ཐབ་སྟེགས་གྲུ་བཞི་པ་བ་བྱུང་དང་དྲི་བཟང་གིས་བྱུགས་པའི་ཁར་བྲིས་ཐབ་ལ་ཚངས་ཟུར་གྱིས་ཐིག་བཏབ་པར་མཐོ་གང་ཚད་ཀྱིས་ཟླུམ་པོར་བསྐོར་ལ་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པ། ཕྱི་རོལ་སོར་བཞི་པའི་མུ་རན་ལ་མེ་རི་གཡས་བསྐོར་དུ་འབར་བ་དང་། ཁ་ཁྱེར་སོར་


JSD003_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ལ་རྡོ་རྗེ་ནོར་བུའི་ཕྲེང་བས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲི། ཁ་དོག་ཐམས་ཅད་ཀུན་ནས་དཀར་པོར་བྱས་ཤིང་མེ་ཏོག་དཀར་པོ་གཅལ་དུ་བཀྲམ་པའི་ཁ་ཁྱེར་གྱི་ནང་དུ་སྲོག་ཆགས་མེད་པའི་བ་ལང་གི་ལྕི་བའམ་བུད་ཤིང་གིས་ཟླུམ་པོར་བརྩིགས་ལ་མེ་ཚང་བཅའ། རང་གི་གཡས་ངོས་སུ་གཏོར་མ་དཀར་ཟླུམ་པད་སྦུག་རིལ་བུ་ཅན་དང་སྨན་རཀ་ཉེར་སྤྱོད་རྣམས་དང་། གཡོན་དུ་འོ་མ་ཅན་གྱི་ཡམ་ཤིང་སོར་བཞི་པ། མར་ཁུ། ཏིལ་དཀར་ནག །ཡུངས་དཀར། མེ་ཏོག་དང་འབྲུ་སྣ་དཀར་པོའི་རིགས་སོགས་གང་གཙོ་བོར་བྱེད་པའི་རྫས་ཉིད་མང་ཚ དུ་བསགས་ལ་བཤམ། གཞན་ཡང་། དགང་བླུགས། རླུང་གཡབ། གོས་ཟུང་། སོ་རྩི་བཅས་འདིར་དགོས་པའི་ཡོ་བྱད་རྣམས་འདུ་བྱས་ལ། བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པས་ཞི་ཞིང་དགའ་བའི་སེམས་ཀྱིས་ཁ་ཤར་དུ་ཕྱོགས་པས་འཁོད་དེ། ཨ་མྲྀ་ཏས་དགང་བླུགས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་། །


JSD003_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ལས་གྲུབ་དགང་གཟར་བླུགས། །མཚན་ཉིད་ཀུན་ལྡན་གསལ་བ་ལ། །བདག་གི་ཐུགས་ཀའི་འོད་ཟེར་གྱིས། ཡེ་ཤེས་ལྷ་ཡི་ཐུགས་རྒྱུད་བསྐུལ། །ཐབས་ཤེས་རང་བཞིན་ཡེ་ཤེས་པ། །འོད་ཟེར་ཚུལ་གྱིས་དགང་བླུགས་ལ། །ཐིམ་པས་དམ་ཚིག་ཡོ་བྱད་གྱུར། །མཆོད་སྲེག་གི་རྫས་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷཾ་ཡིག་ལས། །རིན་ཆེན་སྣོད་མཆོག་རྒྱ་ཆེའི་ནང་། །འབྲུ་མི གསུམ་འོད་ཞུ་ལས་བྱུང་བའི། །མཆོད་དང་སྲེག་རྫས་འདོད་ཡོན་ཚོགས། །ཟག་མེད་བདུད་རྩིའི་རང་བཞིན་ཅན། །མི་ཟད་ནམ་མཁའ་མཛོད་དུ་གྱུར། །ཨོཾ་ཨཱཿཧཱུྃ་ཞེས་ལན་བདུན་གྱིས་བྱིན་རླབས། བཀྲ་ཤིས་པའི་ལག་ནས་བྱུང་བའི་མེ་གཡས་སུ་བསྐོར་ཞིང་། ཨོཾ་ཨགྣ་ཡེ་ཛྭ་ལ་རཾ་གྱིས་ཐབ་ཀྱི་ཤར་ལྷོ་ནས་བཅུག༔ ཧཱུྃ་


JSD003_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཞེས་རླུང་གཡབ་ཀྱིས་མེ་སྦར་ཞིང་། ཧཱུྃ་ལན་བདུན་བཟླས་པའི་བླུགས་གཟར་གྱི་མར་ཁུས་ཀྱང་གསོ། མེ་ཐབ་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། མི་དམིགས་སྟོང་པའི་ངང་ཉིད་ལས། །རང་མདུན་ཞི་བའི་ཐབ་ཁུང་ནི། །ཚད་དང་མཚན་ཉིད་ཐམས་ཅད་ཀུན། །ཡོངས་རྫོགས་དྭངས་ཤིང་སྒྲིབ་མེད་ཀྱི། །འོད ཟེེར་རབ་ཏུ་འཕྲོ་བའི་དབུས། །ཐར་པ་ཆེན་པའི་གཞལ་མེད་ཁང་། །ཞེས་སོགས་ནས། རྒྱུ་ཡི་ཧཱུྃཿ་ཡིག་འཕྲོ་འདུ་ལས། །ཞེས་སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་ལས་བྱང་བཞིན་སོང་མཐར། ལྷ་ཚོགས་དགྱེས་པའི་ཞལ་གྱི་ལྗགས། །རྡོ་རྗེ་ཧཱུྃ་ཡིག་མཚན་པ་ཡིས། །སྲེག་རྫས་བདུད་རྩིའི་རྒྱུན་དྲངས་ཏེ། །གསོལ་བས་རབ་མཉེས་བྱིན་རླབས་བཅུད། །འོད་ཟེར་ཟླ་ཤེལ་རྣམ་པར་འཕྲོས། ྋ།རང་གཞན་འཁོར་བཅས་ལ་ཐིམ་པས། །ཉེས་ཚོགས་མ་ལུས་ཞི་བར་


JSD003_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ཅེས་གསལ་བཏབ་ནས། །རྩ་སྔགས་འབྲུ་བཅུ་བཞི་པས་མར་ཁུ་བླུགས་གཟར་བདུན་གྱིས་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱོར་པུས་མོའི་ནང་ལས་མི་འདའ་བར་གཡས་སུ་བསྐོར་ཞིང་། བཞི་སྙིང་གཅིག་དྲིལ་མཐར། བདག་གི་མཆོད་རྫས་འདི་བཞེས་ལ། །ནད་གདོན་སྡིག་སྒྲིབ་བར་ཆད་སོགས། །མི་མཐུན་ཉེས་པའི་ཚོགས་ཐམས་ཅད། །ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་སྤེལ་ཚིག་སྦྲེལ་བས་ཕུལ། ཚུལ་དེ་ལྟ་བུས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག །དེ་ནས་ཡམ་ཤིང་སོགས་རྫས་གཞན་རྣམས། རྩ་སྔགས་འབྲུ་བཅུ་བཞི་པའི་ཤམ་དུ། ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། །ཞེས་བཏགས་པས་ཐབ་ཏུ་འབུལ་ཞིང་། མཚམས་སུ་སྤེལ་ཚིག་གོང་ལྟར་སྦྱར། གྲངས་རྫོགས་པ་ན། སླར་ཡང་དགང་བླུགས་སྔར་བཞིན་ཕུལ་མཐར། ཨོཾ་བཛྲ་ཝནྜ་ཡ་སྭཱ་ཧཱ། ཞེས་གོས་ཟུང་དང་། ཨོཾ་བཛྲ་ཏམྦུ་ལ་ཞེས་སོ་རྩི་འབུལ།


JSD003_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཆུ་གཉིས་ཉེར་སྤྱོད་སྔགས་ཙམ་གྱིས་མཆོད་ཅིང་ཤྭ་ལོ་ཀ་གཅིག་གིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ནས་ཡི་གེ་བརྒྱ་པས་ནོངས་པ་བཤགས། ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་ནས། བཛྲ་མུས་ཡེ་ཤེས་པ་གཤེགས་སུ་གསོལ། རླུང་ནང་དུ་འཇུག་པ་དང་ལྷན་ཅིག་མེ་ལྷ་དམ་ཚིག་པ་རང་གི་སྙིང་གར བསྡུས་ལ་བསྔོ་སྨོན་དང་ཤིས་པ་བརྗོད་པས་མཐའ་བརྒྱན། མེ་རང་ཞིར་བཏང་བའམ། ལོང་མེད་ན་དྲི་བཟང་གི་ཆུས་གཞིལ་ལ་ཐལ་སོལ་ཆུ་བོར་སྦྱང་ངོ་། །གཉིས་པ་དེ་ཉིད་ལས་གཞན་ལ་ཚེ ཁ་བསྒྱུར་བའི་ཚུལ་ནི། སྦྱོར་བའི་སྐབས་ཐབ་སྟེགས་ཀྱི་དཀྱིལ་འཁོར་རྒྱས་པ་ལ་གྲུ་བཞི་སེར་པོ་རིན་པོ་ཆེས་མཚན་པ། དབང་ལ་ཟླ་གམ་དམར་པོ་ལྕགས་ཀྱུས་མཚན་པ། དྲག་པོ་ལ་གྲུ་གསུམ་མཐིང་ནག་རལ་གྲིས་མཚན་པ་བྲི། རྩིག་ཤིང་རྒྱས་པ་དང་དབང་ལ་འབྲས་བུ་ཅན་གྱི་ཤིང་གིས་གྲུ་བཞི་དང་ཟླ་གམ་དུ་བརྩིག་ཅིང་། དྲག་པོ་ལ་ཚེར་མ་ཅན་གྱི་ཤིང་གིས་གྲུ་གསུམ་དུ་


JSD003_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བརྩིག །གཏོར་མ་རྒྱས་པར་གྲུ་བཞི་པད་འདབ་ཅན། དབང་ལ་ཟླ་གམ་པདྨས་མཚན་པ། དྲག་པོ་ལ་གྲུ་གསུམ་རལ་གྲིས་མཚན་པ། ཡམ་ཤིང་ཡང་རྒྱུ་དེ་དང་མཚུངས་པ་ལས་རྒྱས་པ་ལ་གྲུ་གང་། དབང་ལ་མཛུབ་གང་། དྲག་པོ་ལ་སོར་བཅུ་གཉིས་པ་བཅས་རང་རང་གི་དབྱིབས་ཅན་དུ་བྱ། སྲེག་རྫས་གོང་ལྟར་ལས་རྒྱས་པར་འབྲུ་སྨན་རིན་པོ་ཆེའི་རིགས་སེར་པོ་དང་། དབང་ལ་དམར་པོའི་རིགས། དྲག་པོར་འབྲུ་ནག་གི་ལིང་ག་སོགས་འདུ་བྱ། ཆོ་ག་དངོས་གཞིའི་སྐབས། རྒྱས་པར་མེ་རྒྱལ་རིགས། དབང་ལ་སྨད་འཚོང་མ། དྲག་པོར་གདོལ་བཤན་གྱི་ལག་ནས་བྱུང་བས་སྤར། ཐབ་བསྐྱེད་སྐབས། རང་མདུན་ཞི་བའི་ཐབ་ཁུང་གི་མལ་དུ། རྒྱས་པའི། དབང་གི། དྲག་པོའི། ཞེས་དང་། འོད་ཟེར་ཟླ་ཤེལ་སོགས་རྐང་པ་གསུམ་གྱི་མལ་དུ། རྒྱས་པ་ལ། འོད་ཟེར་གསེར་མདོག་རྣམ་པར་འཕྲོས། །རང་གཞན་འཁོར་བཅས་ལ་ཐིམ་


JSD003_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཚེ་བསོད་མ་ལུས་རྒྱས་པར་གྱུར། །ཞེས་དང་། དབང་ལ། འོད་ཟེར་པད་རག་རྣམ་པར་འཕྲོས། །རང་གཞན་འཁོར་བཅས་ལ་ཐིམ་པས། ཁམས་གསུམ་མ་ལུས་དབང་འདུས་གྱུར། །ཅེས་དང་། དྲག་པོ་ལ། འོད་ཟེར་མཚོན་ཆའི་རྣམ་པར་འཕྲོས། །སྡང་བྱེད་དགྲ་བགེགས་ལ་ཕོག་པས། །གནོད་བྱེད་གདུག་རྩུབ་ཚར་བཅད་གྱུར། །ཅེས་དང་། སྤེལ་སྔགས། པུཥྤ་ཀུ་རུ་ཨོཾ། ཝཱ་ཤཾ་ཀུ་རུ་ཧོ༔ མཱ་ར་ཡ་ཕཊཿ༔ སོ་སོར་སྦྱར་བས་འབུལ་ཞིང་། འདོད་དོན་གསོལ་སྐབས་རྒྱས་པར། བདག་གི་མཆོད་རྫས་འདི་བཞེས་ལ། །ཚེ་བསོད་དཔལ་འབྱོར་ཡོན་ཏན་སོགས། །མཐུན་རྐྱེན་ལེགས་ཚོགས་མ་ལུས་པ། །རྒྱལ་པའི་ཕྲིན་ལས་མཛད་དུ་གསོལ། །དབང་ལ། བདག་གི་མཆོད་རྫས་འདི་བཞེས་ལ། །ཆེ་བཙན་ལྷ་འདྲེ་མི་ལ་སོགས། །


JSD003_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་སེམས་སྣང་བ་མ་ལུས་པ། །དབང་གི་ཕྲིན་ལས་མཛད་དུ་གསོལ། །དྲག་པོར། བདག་གི་མཆོད་རྫས་འདི་བཞེས་ལ། །དགྲ་བགེགས་དམ་སྲི་འབྱུང་པོ་སོགས། །གནོད་ཅིང་འཚེ་བའི་རིགས་ཐམས་ཅད། །ཚར་གཅོད་ཕྲིན་ལས་མཛད་དུ་གསོལ། །ཞེས་བསྒྱུར། མཐར་རྒྱས་པའི་མེ་རང་ཞིར་བཏང་སྟེ་ཐལ་སོལ་བང་མཛོད་དུ་སྦ། དབང་གི་མེ་ཆང་གིས་གཞིལ་ཏེ་ཐལ་སོལ་རླུང་ལ་བསྐུར། དྲག་པོའི་མེ་དུག་ཁྲག་གིས་གཞིལ་ཏེ་ཐལ་སོལ་ལམ་རྒྱ་གྲམ་སོགས་སུ་མནན། གཞན་ཆོ་གའི་ཆིངས་ཞི་བ་ཁོ་ནས་ཕྱི་མ་གསུམ་ཀར་འཕྲུལ་ཤེས་པར་བྱའོ། །ཞེས་པའང་རེབ་ཀོང་ཕུར་ཐོགས་པ་ཤེས་རབ་རྡོ་རྗེས་འདི་ལྟ་བུའི་ཉུང་བསྡུས་ཤིག་དགོས་ཞེས་བསྐུལ་ངོར་རྒྱལ་ཁམས་ཉུལ་བའི་ཀུ་སཱ་ལི་ཁྲོ་རྒྱལ་རྡོ་རྗེས་ཉང་ཀོང་གི་བྱེ་བྲག་གུ་རུའི་སྒྲུབ་གནས་ཀྱི་རྒྱལ་པོ་ཤར་ཕྱོགས་ལྗོན་པ་ལུང་གི་གཙུག་ལག་ཁང་དུ་གཏེར་ཆེན་བླ་མའི་གསུང་ལ་གཞི་བྱས་


JSD003_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ༎ །།


previousརྡོ་རྗེ་ཕུར་བུ་སྤུ་གྲི་རེག་ཕུང་དང་འབྲེལ་བར་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་ལྷུན་གྲུབ།next