Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
བསྙེན་སྒྲུབ་སྤྱི་གཅེས་ཀྱི་ཟིན་བྲིས་ཨུ་པ་དེ་ཤ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousབསྙེན་སྒྲུབ་སྤྱི་གཅེས་ཀྱི་ཟིན་བྲིས་ཨུ་པ་དེ་ཤ།next

བསྙེན་སྒྲུབ་སྤྱི་གཅེས་ཀྱི་ཟིན་བྲིས་ཨུ་པ་དེ་ཤ།


JSD003_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སྒྲུབ་སྤྱི་གཅེས་ཀྱི་ཟིན་བྲིས་ཨུ་པ་དེ་ཤ་བཞུགས་སོ། ན་མོ་གུ་རུ། གཏེར་བྱོན་སྒྲུབ་ཐབས་རྩ་གསུམ་གང་ཡིན་གྱི་བསྙེན་སྒྲུབ་སྐབས་མཆོད་པ་རྣམ་རྩ་གསུམ་གང་བསྒྲུབ་ཀྱང་ངོ་བོ་ཨོ་རྒྱན་པདྨ་ལ་རྣམ་ཆ་དེ་དང་དེར་གསལ་ན་འགྲུབ་ཐག་ཉེ་བར་གསུངས་པས། དེ་ཡང་རང་གི་སྤྱི་བོར་ཁྲུ་གང་ཙམ་གྱི་ནམ་མཁར་་ རང་གི་རྩ་བའི་བླ་མ་དེ་ཉིད། སློབ་དཔོན་པདྨ་འབྱུང་གནས་བག་དྲོ་ལྷུན་ཆགས་གཟི་བྱིན་འོད་ཕུང་འབར་བ་ཞིག་གསལ་བཏབ་ལ། ཚིག་བདུན་གསོལ་འདེབས་ལན་གསུམ་རྗེས་ཐོར་ཐུན་འགོར་ ལེའུ་བདུན་མའི་བླ་མ་སྐུ་གསུམ། བསྟན་པ་རྨད་བྱུང་། ཉི་མ་ལྷོ་ནུབ་མ་བཅས་སོང་རྗེས། དབང་བཞི་བླང་བ། བླ་མའི་གནས་གསུམ་འབྲུ་གསུམ་ལས། །འོད་ཟེར་རིམ་དང་གཅིག་ཆར་འཕྲོས། །རང་གི་གནས་གསུམ་ཐིམ་པ་ཡིས། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག །ལམ་བཞི་སྒོམ་པའི་སྣོད་དུ་གྱུར། །མཐར་ནི་


JSD003_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཐིམ་དབྱེར་མེད་ངང་། །བློ་འདས་ཆོས་སྐུའི་རང་ཞལ་ལྟ། །ཞེས་དེ་ལྟར་དབང་བླང་རྗེས། ལས་བྱང་གི་བརྒྱུད་འདེབས་ནས་མཇུག །དེ་བཞིན་དུ་སྔ་ཐུན་འགོར་སྤྲོས་བྲལ་བདེ་ཆེན་མ། དགོང་ཐུན་ལ་སིནྡྷུ་རྒྱ་མཚོ་ཆེ་བ། སྲོད་ཐུན་ལ་སིནྡྷུ་རྒྱ་མཚོ་ཆུང་བ། སྤྲོ་ན་སྲོད་ཐུན་མཇུག་གསོལ་ཀའི་རྗེས་སུ། རྒྱལ་ཐོ་གསོ་བའང་ཉིན་རེ་བཞིན་བྱ། བསམ་ལྷུན་སོགས་དགེ་སྦྱོར་སྒྲིག་མ་རྣམས་བྱ། ཁྱད་པར་ཉིན་གུང་ཟས་ཀྱི་རྣལ་འབྱོར་ལ། རང་ལུས་རྩ་གསུམ་གང་ཡིན་གྱི་སྐུའི་གཙུག་ཏུ། རྩ་བརྒྱུད་ཀྱི་བླ་མ། དུང་ཁང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། མགྲིན་པར་རིག་འཛིན་མཁའ་འགྲོའི་ལྷ་ཚོགས། ཐུགས་ཀར་ཞི་བ་ཞེ་གཉིས། ལྟེ་བ་རྡོ་རྗེ་ཕག་མོའི་ལྷ་ཚོགས། གསང་གནས་སུ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས། གཞན ཡང་བ་སྤུའི་བུ་ག་ཐམས་ཅད་དུ་དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མའི་ལྷ་ཚོགས་ཀྱིས་ཐེམ་མེར་གང་བ། སྣོད་བཅུད་ཐམས་ཅད་དེ་ལྟར་གསལ་བའི་ངང་ནས། བཟའ་བཏུང་བདུད་རྩིའི་


JSD003_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོར་གྱུར་པར་མོས་ལ། འབྲུ་གསུམ་གྱིས་བྱིན་བརླབས་ལ། ཕུད་ཀྱིས་ལྷ་ཚོགས་མཆོད། ལྷག་མ་འཕྲོག་མ་མ་བུ་ལ་བསྔོ་ཞིང་། འགྲངས་ཆེས་པ་མ་ཡིན་པར་ལྟོ་རན་པ་སྒྲིག་ལ་གཅུན་པ་གལ་ཆེའོ། །ཞེས་པའང་དམ་པ་གོང་མའི་དགོངས་པ་ཚད་ལྡན་གྱི་རྗེས་སུ་འབྲངས་ནས་སྨྲ་བ་པོ་ནི་བྱ་བྲལ་སངས་རྒྱས་རྡོ་རྗེའོ།། །།སརྦ་མངྒ་ལཾ།། །།


JSD003_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབསྙེན་སྒྲུབ་སྤྱི་གཅེས་ཀྱི་ཟིན་བྲིས་ཨུ་པ་དེ་ཤ།next