Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
ཡང་གསང་བླ་ན་མེད་པའི་ཚོགས་བསྡུས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousཡང་གསང་བླ་ན་མེད་པའི་ཚོགས་བསྡུས།next

ཡང་གསང་བླ་ན་མེད་པའི་ཚོགས་བསྡུས།


JSD003_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསང་བླ་ན་མེད་པའི་ཚོགས་བསྡུས་ནི། ཨོཾ་ཨཱཿཧཱུྃ། ཡེ་གཞི་གདོད་མའི་བྷཉྫ་རུ། །འཁོར་འདས་མཉམ་ཉིད་ཚོགས་གཏོར་བཤམས། །རང་བྱུང་གཉུག་མའི་ལྷ་ལ་འབུལ། །རང་ངོ་མ་ཤེས་དབྱིངས་སུ་བཤགས། །མ་རིག་གཟུང་འཛིན་རིག་པར་བསྒྲལ། །སྐྱེ་བ་མེད་པའི་ཀློང་དུ་བསྟབ། །དབྱིངས་རིག་དབྱེར་མེད་རྒྱན་དུ་རོལ། །རྩལ་སྣང་ཤར་གྲོལ་ལྷག་མས་བརྔན། །འཁྲུལ་པ་གཞིར་སངས་ཕྲིན་ལས་སྒྲུབ། །ཀ་དག་ཀུན་བཟང་ས་ཐོབ་ཤོག །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ། །ཞེས་པའང་རིག་འཛིན་བུདྡྷའི་མིང་གིས་གུ་རུའི་གནས་ཆེན་ལྗོན་པ་ལུང་དུ་དུས་མཆོད་སྐབས་སུ་བྲིས་པ་ཤུ་བྷཾ།།


JSD003_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


JSD003_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ༔ ཀ་དག་ཕྱོགས་ཡན་བྷཉྫ་རུ། །སྲིད་ཞི་མཉམ་ཉིད་ཚོགས་འཁོར་བཤམས། །རང་རིག་ཡེ་ཤེས་ལྷ་ལ་འབུལ། །མ་འཁྲུལ་གདོད་མའི་ས་ཐོབ་ཤོག །བུདྡྷས་སོ།།


JSD003_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཡང་གསང་བླ་ན་མེད་པའི་ཚོགས་བསྡུས།next