Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
སྒྲུབ་པ་སང་གྲོལ་རྒྱུའི་དེ་རིང་གི་དགོང་ཐུན།
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousསྒྲུབ་པ་སང་གྲོལ་རྒྱུའི་དེ་རིང་གི་དགོང་ཐུན།next

སྒྲུབ་པ་སང་གྲོལ་རྒྱུའི་དེ་རིང་གི་དགོང་ཐུན།


JSD003_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་སང་གྲོལ་རྒྱུའི་དེ་རིང་གི་དགོང་ཐུན་ནས། དངོས་གྲུབ་ཀྱི་རྫས་གསར་པ་བཤམས་ལ། དགོང་ཐུན་བཟླས་པའི་གཤམ་དུ། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་གྲངས་མེད་པ་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཕོག་པས་སྔོན་གྱི་ཐུགས་དམ་རྗེས་སུ་དགོངས་ཏེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ལྔའི་རྣམ་པས་བདག་དང་སྒྲུབ་པའི་རྫས་ལ་ཐིམ་པས་ཡེ་ཤེས་མཆོག་གི་གཟི་བྱིན་འབར་བར་གྱུར། བསྙེན་སྒྲུབ་རྩ་སྔགས་ཤམ་དུ། ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ། ཞེས་བཏགས་པ་བརྒྱ་རྩ་ཙམ་བཟླ། ཕྱིར་ནང་ཐོར་ཐུན་ལ་ཕྲིན་ལས་གཞུང་བསྲངས་ཏེ། བཟླས་པ་ཁ་སྐོང་མཆོད་བསྟོད་བཅས་གྲུབ་ནས་དངོས་གྲུབ་ལ་མི་དབང་ཞིང་ལྟ་ཉན་གྱི་བགེགས་ཚར་བཅད་པའི་ཕྱིར། བགེགས་བསྐྲད།


JSD003_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་འཁོར། བྱིན་འབེབས་བཅས་བྱ། དེ་ནས་ཡེ་ཤེས་ལྷ་ལ་འཁོན་གཅུགས་བཤགས་ཕྱིར། གནོང་འགྱོད་དྲག་པོས། ཡེ་ཤེས་སྐུ་མཆོག་མ། ཡིག་བརྒྱ་བཅས་སོང་ནས་དངོས་གྲུབ་བླང་བ་དངོས་ལའཇུག་པ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་གྲངས་མེད་པ་འཕྲོས། མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐུགས་དམ་རྗེས་སུ་དགོངས་ཏེ། སྐུའི་གནས་དང་སྦྱོར་མཚམས་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་རྣམས་ཀྱང་བྱང་སེམས་བདུད་རྩི་འོད་ཟེར་འབར་བའི་རྣམ་པར་སྤྱན་དྲངས། བདག་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམས་ལ། སྒྲུབ་སྔགས་ཀྱི་ཤམ་བུར། སརྦ་སིདྡྷི་ཕ་ལ་ཧཱུྃཿ་ཧཱུྃཿ། ཞེས་བཏགས་པ་བརྒྱ་སྟོང་བཟླས་མཐར། རང་གཞུང་གི་དངོས་གྲུབ་བླངས་པའི་ཚིག་བརྗོད་ལ། སྒྲུབ་རྟེན་ལྷར་གསལ་བའི་


JSD003_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམས་ནས་འོད་ཟེར་སྣ་ལྔ་རང་རང་གི་གནས་ལྔར་ཐིམ་པས་མི་ཟད་རྒྱན་འཁོར་ལྔ་དང་ཐུན་མཆོག་རིགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ། སྒྲུབ་རྟེན་རྣམས་གནས་ལྔར་གཏུགས་ཤིང་བདུད་རྩི་མྱང་། དངོས་གྲུབ་ཀྱི་རྫས་ཆ་གསུམ་དུ་བགོས་པའི་ཕུད་དཀྱིལ་འཁོར་གྱི་ལྷར་འབུལ། ཆ་གཅིག་སྦྱིན་སྲེག་གི་རྫས་ལ་བསྲེ། ཆ་གཅིག་རང་གིས་ལོངས་སྤྱད་པར་བྱའོ། །དེ་ནས་གསོལ་ཀ་དང་། ཚོགས་མན་རྗེས་ཆོག་རྣམས་མཐར་དབྱུང་བར་བྱའོ།། བུདྡྷས་སོ།།


JSD003_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousསྒྲུབ་པ་སང་གྲོལ་རྒྱུའི་དེ་རིང་གི་དགོང་ཐུན།next