Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གསོལ་འདེབས་དང་འབྲེལ་བའི་ཞལ་གདམས་ཐོལ་བྱུང་མ།
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousགསོལ་འདེབས་དང་འབྲེལ་བའི་ཞལ་གདམས་ཐོལ་བྱུང་མ།next

གསོལ་འདེབས་དང་འབྲེལ་བའི་ཞལ་གདམས་ཐོལ་བྱུང་མ།


JSD003_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་དང་འབྲེལ་བའི་ཞལ་གདམས་ཐོལ་བྱུང་མ་བཞུགས་སོ། །


JSD003_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཧོ། །ངོ་བོ་གདོད་མའི་སངས་རྒྱས། །རང་བཞིན་མ་འགགས་ལོངས་སྐུ། །ཟུང་འཇུག་ཐུགས་རྗེའི་རང་མདངས། །སྐུ་གསུམ་བླ་མ་མཁྱེན་ནོ། །དགུ་ལྡན་སྐུ་བཞིའི་བདག་ཉིད། །ལུང་ཟིན་སངས་རྒྱས་རྡོ་རྗེ། །བྱིན་བརྒྱུད་དགོངས་ཀློང་ཡོངས་གྲུབ། །དབྱིངས་ནས་བརྩེ་ཆེན་རོལ་པས། །མོས་པའི་བུ་ལ་གཟིགས་ཤིག །དགོངས་བརྡ་


JSD003_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་བརྒྱུད་བྱིན་དབང་། །ད་ལྟ་ཉིད་དུ་བསྩལ་ནས། །ཉིད་དང་དབྱེར་མེད་མཛོད་ཅིག །གསོལ་བ་ང་ཡིས་འདེབས་ན། །ཐུགས་རྗེ་ཁྱེད་ཀྱིས་གཟིགས་ལ། །ཉམས་ཀྱི་ཤུན་པ་བྲལ་བའི། །རིག་སྟོང་ཆོས་སྐའི་ཕ་ཕོགས། ལྟ་སྒོམ་སྤྱོད་འབྲས་ལས་འདས། །རང་བྱུང་གདོད་མའི་གཤིས་ལུགས། །བློ་བྲལ་ཡེ་ཡིན་ངང་དུ། །མ་བཅོས་སོ་མའི་


JSD003_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཚད། །ངོ་ཤེས་ལ་ཟླའི་གདེང་ལྡན། །གཅེར་མཐོང་རང་གྲོལ་བོགས་ཆེན། །ད་ལྟ་སྟན་ཐོག་འདི་རུ། །བདག་ལ་ཐོན་པར་མཛོད་ཅིག༔ འོད་གསལ་རྫོགས་ཆེན་མྱུར་ལམ། །མོས་གུས་ཉེ་རྒྱུས་མཐུ་ལས། །ཚེ་གཅིག་རྟོགས་གྲོལ་མངོན་གྱུར། །ས་ལམ་གཞིར་རྫོགས་འབྲས་བུ། །ཕྱི དུས་མི་རེ་ཨ་ཧོ། །སྔོན་བསགས་བསོད་ནམས་ལས་སད། །སྨིན་གྲོལ་བདུད་རྩི་འཐུངས་པས། །མ་རིག་ལས་ཉོན་འཁྲུལ་བག །སྐྱེ་མེད་ཆོས་སྐུར་སངས་ཏེ། །རྩོལ་བྲལ་སྙིང་རྗེས་འགྲོ་ཁམས། །དོང་ནས་སྤྲུགས་པའི་ཁྱད་ཆོས། །ཕ་གཅིག་བླ་མའི་དྲིན་ལས། །བུ་རུལ་བདག་ལ་ཐོབ་སྟེ། །བརྒྱ་ཤེས་གཅིག་རྡུག་མི་རེ། །གཅིག་ཤེས་ཀུན་གྲོལ་ངང་ནས། །མི་ཚེ་ཧྲིལ་པོ་སྐྱེལ་གཏོང་། །ནོར་གོལ་ཤོར་བའི་བརྐུང་འཕྲང་།


JSD003_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མས་སྐྱོབས་མཛོད། །མོས་གུས་གསོལ་འདེབས་མ་གཏོགས། །དགེ་གཞན་བྱར་མེད་བྱ་བཏང་། །ད་ནི་ཨེ་འོང་མི་འོང་། །རང་ལག་ཡོད་པ་ལོས་ཤེས། །འདི་ལྟར་ཕྱི་ནང་སྣོད་བཅུད། །རང་གཞན་ཀུན་གྱི་ཐོག་ཏུ། །མི་ཐུབ་སྙིགས་ལྔའི་བདུད་མདས། །ཕོག་པའི་ཚུལ་འདིར་དགོངས་ནས། །ཉམ་ཆུང་བྱ་བཏང་བརྟུལ་ཞུགས། །དབེན་ཁྲོད་ངེས་མེད་རྣམས་སུ། །གྲོགས་མེད་གཅིག་པུས་བསྐྱངས་ཏེ། །ཉིན་མཚན་ཆུ་བོའི་རྒྱུན་བཞིན། དྲན་སྣང་ཡེ་ཤེས་འཁོར་ལོར། །མཉམ་རྗེས་མཉམ་ཉིད་རྡོ་རུས། །རྐྱེན་ཐོག་རོ་སྙོམས་ནུས་པར། །མཁྱེན་ནོ་བླ་མ་མཁྱེན་ནོ། །ཁ་ཏ་སྐམ་པོའི་འུད་ཀྱིས། །སྐྱེ་འཆི་བར་དོའི་འགག་ལ། །བསླུ་བའི་ཉེན་ཅིག་འདུག་པས། །དྲན་པའི་སོ་


JSD003_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་རེམ་མཛོད། །ཅེས་བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་ཞལ་གདམས་ཀྱི་དོད་འདི་སྔགས་ཕྲུག་འཇིགས་མེད་བློ་བདེ་ནས་གསེར་དངུལ་གྱི་མཎྜལ་དང་བཅས་བསྐུལ་ལྕག་སྔ་ཕྱི་ཡང་ཡང་བྱུང་བ་དོན་མེད་དུ་མ་སོང་ཕྱིར་དཀོར་རྒན་བུདྡྷ་བཛྲས་རང་གནས་གཡུ་འབྲུག་སྒང་མཚམས་ཁང་ནས་སྨྲས་པ་བུ་མོ་སྭ་ར་སྭ་སྟིས་ཡི་གེར་བྲིས་པ་མངྒ་ལཾ།།


previousགསོལ་འདེབས་དང་འབྲེལ་བའི་ཞལ་གདམས་ཐོལ་བྱུང་མ།next