Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེའི་བདག
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousརྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེའི་བདགnext

རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེའི་བདག


JSD003_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེའི་བདག །མགོན་པདྨ་ལས་འབྲེལ་རྩལ་ལ་འདུད། །མི་བདག་སོགས་མོས་པའི་བུ་རྣམས་ལ། །ཐུགས་ཟབ་གསང་དགོངས་པས་བྱིན་གྱིས་རློབས། །ཨེ་མ་གསོན་དང་སྐལ་ལྡན་མ། །རྟེན་ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས། །འདི་ཨུ་དུམ་ཝ་རའི་མེ་ཏོག་བཞིན། །རྙེད་དཀའ་བ་ལགས་ཀྱང་མི་ཕན་གྱི། །དུས་ལ་འུར་སྙིང་པོ་མ་བླང་ན། །ཁོང་འཆི་བདག་ནམ་འོང་ཆ་མ་མཆིས། །དོན་དེ་ལ་བསམ་ནས་ལྷ་ཆོས་མཛོད། །གནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་ན། །ཆུ་ཡི་རྦ་རླབས་བཞིན་དུ་འཁྲུགས། །དེར་རང་ཉིད་ཐར་པས་མི་འོང་སྟེ། །མ་འགྲོ་དྲུག་ཕ་མར་མ་གྱུར་མེད། །ཆོས་ཐེག་ཆེན་རྩ་བ་བྱམས་སྙིང་རྗེ། །འདི་སངས་རྒྱས་ས་བོན་མ་ལགས་སམ། །དེང་ཚེ་ཐུང་ནད་མང་


JSD003_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་རྒོད་པས། །ཚིག་ཐ་སྙད་མཁྱེན་རྒྱ་མི་འཚལ་གྱི། །སེམས་གཉུག་མའི་བདར་ཤ་གཅོད་རེ་རན། །བློ་རིང་པོའི་གྲབས་གཤོམ་ཐར་པའི་དགྲ། ། བློ་རྩབ་རྩུབ་མང་པོ་འགྲུབ་དུས་མེད། །སངས་རྒྱས་རང་ལ་ཡོད་པ་འདི། །བཞག་ན་གཞན་ནས་ཅང་རྙེད་དམ། །འཁོར་འདས་སྤང་བླང་རེ་དོགས་ཀྱིས། །སྔོན་ཆད་ཐམས་ཅད་འཁོར་བར་བསྐུར། །ད་ནི་བླ་མའི་མན་ངག་ལ། །བརྟེན་ནས་རང་ངོ་སྤྲོད་ཐོག་ཏུ། །ངོ་ཤེས་ཐག་ཆོད་གདིང་ཐོབ་དགོས། །ཡུན་ཐུང་གྲངས་མང་ཚུལ་དུ་ནི། །དབེན་རིར་སྡོད་ལ་ཉམས་སུ་ལོངས། །བསྒོམ་དུ་མེད་ཀྱང་བརྟན་ཐོབ་བར། །ཡེངས་མེད་དྲན་པའི་བྱ ར་གཅེས། །གནས་ལུགས་ཚིག་གིས་མཚོན་མིན་པས། །དོན་བརྒྱུད་སྙིང་ལ་འཕོ་བའི་ཐབས། །མོས་གུས་གཅིག་ཆོག་མེད་ཐབས་མེད། །གྲོགས་


JSD003_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དམ་ཚིག་དག་པ་དང། །བསགས་སྦྱོང་སྤེལ་བའི་གནད་ལྡན་དགོས། །སྒྲུབ་ཚུགས་ཞེ་རུས་དྲག་པོ་ཡིས། །ཚེ་འདིར་གདིང་ཞིག་མ་ཐོབ་ན། །ཤི་ནས་ཅི་གྱུར་ཆ་མེད་པས། །ད་ལྟ་འཁྲུལ་སྣང་ལོག་མ་ལོག །རང་གི་དཔང་པོ་རང་ཉིད་ཆེ། །འཆི་ཁ་བར་དོར་གྲོལ་མི་གྲོལ། །རང་གི་བློ་ལ་དྲིས་དང་ཤེས། །དེ་བས་འབད་པ་ཐམས་ཅད་ཀྱིས། །སྒོ་གསུམ་ཆོས་དང་ཡང་དག་བསྟུན། །དེ་ལས་མེད་དོ་སྙིང་ལ་སྦོས། །ཞེས་པའང་བཙུན་མ་ཨ་ཚེས་བསྐུལ་ངོར་སངས་རྡོར་པས་བྲིས་པ་དགེ།།


JSD003_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེའི་བདགnext