Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཀ་ཡེ་གསོན་དང་དབྱངས་ཅན་སྒྲོན།
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousཀ་ཡེ་གསོན་དང་དབྱངས་ཅན་སྒྲོན།next

ཀ་ཡེ་གསོན་དང་དབྱངས་ཅན་སྒྲོན།


JSD003_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཡེ་གསོན་དང་དབྱངས་ཅན་སྒྲོན། །ཁ་དོག་དབྱིབས་འདས་སེམས་ཉིད་འདི། །ག་ལེར་གཉུག་མའི་དྲན་པས་སྐྱོངས། །ང་བདག་གཅོད་པའི་རལ་གྲི་ཡིན། །ཅ་གས་བསྲུང་བའི་ནོར་རྫས་སོགས། །ཆ་མེད་བར་དོར་ཁྱེར་དབང་མེད། །ཇ་ཆང་འདོད་ཡོན་ཞེན་ཆགས་སྐྱ་ཉ་ལྟར་ངེས་མེད་རི་ཁྲོད་སྙོགས། །ཏ་ཐཱ་ག་ཏའི་བསྟན་པ་ཀུན། །ཐ་མལ་ཤེས་པའི་ངང་དུ་རྫོགས། །ད་ནི་རྩབ་རྩུབ་མི་མང་བར། །ན་ཡང་འོད་གསལ་རྫོགས་ཆེན་བསྒོམས། །པ་ར་པུ་རིའི་ཀུན་རྟོག་རྣམས། །ཕ་རོལ་མ་ཡིན་རང་རིག་རྩལ། །བ་ལང་རྔ་མོང་བུ་རྟོར་བཞིན། །མ་ཡེངས་ཁོ་རང་ངོ་བོ་ལྟོས། །ཙཱ་རིའི་གནས་ལག་ཁྱད་འཕགས་འདིར། །ཚ་གྲང་སྙོམས་ཤིང་རིག་པ་དྭངས། །ཛ་བྷོ་དྲག་ལས་མ་ཤེས་ཀྱང། །ཝ་ལྟར་ཁུང་དུ་


JSD003_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཞྭ་ལྟར་བླ་མ་གཙུག་ཏུ་ཁུར། །ཟ་མ་ཕུད་ཀྱིས་མཆོད་དགོས་པ། །འ་ཅག་རྡོ་རྗེ་ཐེག་པའི་གནད། །ཡ་མཚན་ཆེ་ཤོས་དེ་ན་ཡོད། །ར་བའི་ཕག་བཞིན་མ་འཐོམ་པར། །ལ་ཁ་མཐོན་པོར་ཐོད་རྒལ་ལྟོས། །ཤ་ཁྲག་གཟན་སྐྱར་ཉམས་ལེན་འབུངས། །ས་ཐག་རིང་པོར ༜བསྐོར་འདོད་སྐྱུར། །ཧ་ལ་དུག་འདྲའི་རང་རྒྱུད་འདི། །ཨ་ཏི་རྫོགས་ཆེན་ལམ་གྱིས་ཐུལ། །ཞལ་གདམས་གཞན་ལ་བྲི་མཁན་ང་། །རང་རྒྱུད་ལ་མེད་ངོ་ཡང་ཚ། །མང་པོ་མི་བཤད་མགོ་བོ་འཁོར། །གཅིག་ཤེས་ཀུན་གྲོལ་ཨ་ལ་ལ། །དེ་ལས་གཞན་མེད་སྙིང་ལ་ཕུར། །ཞེས་བཙུན་ཆུང་དབྱངས་ཅན་ངོར་བུདྡྷས་སོ།། །།


previousཀ་ཡེ་གསོན་དང་དབྱངས་ཅན་སྒྲོན།next