Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཀུན་བཟང་བླ་མའི་ཞབས་ལ་འདུད།
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousཀུན་བཟང་བླ་མའི་ཞབས་ལ་འདུད།next

ཀུན་བཟང་བླ་མའི་ཞབས་ལ་འདུད།


JSD003_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་བླ་མའི་ཞབས་ལ་འདུད། །ཉམས་ལེན་ཚིག་གསུམ་བཤད་ཀྱི་ཉོན། །མོས་གུས་བྱང་སེམས་བསགས་སྦྱངས་རྣམས། །མེད་ཐབས་མེད་དོ་འབད་འབུངས་ཐོན། །མཐར་ཐུག་དོན་ལ་བློ་ཡིད་དང་། །ཚོགས་བརྒྱད་ཕུང་ལྔས་མ་རིག་པའི། །གཤིས་རིག་གཉུག་མའི་ངོ་བོ་ལ། །རང་བབ་ཀློད་ལ་ཁྲེས་སེ་ཞོག །དེ་ཚེ་མ་བཅོས་སོ་མ་ནི། །ཐ་མལ་ཤེས་པ་རྒྱ་གྲོལ་ཀློང་། །ཐ་མལ་ཤེས་པ་རྒྱ་གྲོལ་ཀློང་། །ཡེ་ཡིན་སྟོང་གསལ་འདུས་མ་བྱས། །མཁའ་མཉམ་གཞི་དབྱིངས་སྤྲོས་བྲལ་ལ། །རྣམ་གསུམ་རྟོག་བྲལ་སྒོམ་མེད་ངང་། །ལྟོ་སྒོམ་སྤྱོད་འབྲས་སྤུ་རིས་ཟད། །ངང་འབྱམས་གང་ཤར་ཆོས་ཉིད་རྩལ། །དགག་སྒྲུབ་འཇུར་བུའི་གཟེབ་དང་ཁྲོལ། །ང་བུའི་གཟེབ་དང་ཁྲོལ། །འཁོར་འདས་རེ་དོགས་ཐད་ཀར་ཆོད། །ཆོས་སྐུ་ཉག་གཅིག་ཟང་ཐལ་


JSD003_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ལེ། །སྐྱེ་འགག་འགྱུར་མེད་ཀ་ནས་དག །རང་གྲོལ་སྐུ་གསུམ་དགོངས་པ་ལ། །བྱར་མེད་རང་ས་ཟུངས་ཤིག་དང་། །བདག་དང་འབྲལ་མེད་བདེ་ཆེན་ཐང་། །ཡངས་པ་ཆེན་པོར་ཨ་ལ་ལ། །འདུས་བྱས་མི་རྟག་བསླུ་ཆོས་ལ། །ཨ་འཐས་འཆིང་བ་ཚེ་འདིར་ཆོད། །དེ་སྐད་བིདྱ་དྷ་རི་ཡིས། །རིང་པོའི་ཡུལ་ནས་འཕྲིན་བསྐུལ་ངོར། །ཐོལ་བྱུང་གཏམ་གྱི་སྐྱེས་མཚོན་པ། །ཁོ་བོ་བུདྡྷ་བཛྲ་གྱིས། །སུག་རྩེ་འདར་བའི་ཞོར་ལ་བྲིས། །དགེ་བས་ཚེ་གཅིག་རྟོགས་གྲོལ་ཤོག།


previousཀུན་བཟང་བླ་མའི་ཞབས་ལ་འདུད།next