Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཀ་གདུང་རྒྱན་སྤྲོས་སྤངས་པའི་བྲག་ཕུག
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousཀ་གདུང་རྒྱན་སྤྲོས་སྤངས་པའི་བྲག་ཕུགnext

ཀ་གདུང་རྒྱན་སྤྲོས་སྤངས་པའི་བྲག་ཕུག


JSD003_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མོ་རྗེ། ཀ་གདུང་རྒྱན་སྤྲོས་སྤངས་པའི་བྲག་ཕུག་ཏུ། །ཁ་ཟས་རྒྱབ་གོས་ངན་ངོན་ཙམ་བརྟེན་ནས། །ག་ལེར་རང་བྱུང་རིག་པ་སྐྱོང་ཐུབ་ན། །ང་བདག་ཉོན་ཤེས་འཁྲུལ་པས་བརྫི་བར་དཀའ། །ཅ་ཅོ་འཁྲུལ་པའི་གཏམ་ལ་ཟད་མཐའ་མེད། །ཆ་ལུགས་མི་གཙོ་ཅི་བདེ་གང་དགའ་གྱིས། །ཇ་ཆང་འདོད་ཡོན་བརྟེན་བཞིན་སླར་ལ་སྲེད། །ཉ་མོ་ལྕགས་ཀྱུས་བཟུང་བའི་ངང་ཚུལ་སོམས། །ཏ་ཐཱ་ག་ཏའི་ཆོས་མཆོག་དང་འཕྲད་ཚེ། །ཐ་མལ་དལ་འབྱོར་སྟོང་ལོག་མ་བྱེད་པར། །ད་ལྟ་ཉིད་ནས་འོད་གསལ་རྫོགས་ཆེན་སྒོམས། །ན་དགའ་འཆི་སྐྱིད་བྲང་འོག་ཨེ་ཆུག་ལྟོས། །པཱ་པཾ་སྡིག་ལྟུང་ཞར་དང་ཞོར་ལ་གསོག །ཕ་མའི་དོན་དུའང་མི་དགེ་སྡིག་ལ་འཛེམས། །བ་ལ་ཧ་ཡིས་ཚོང་པ་བསྒྲལ་བ་བཞིན། མ་


JSD003_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འཁོར་བའི་ཕ་རོལ་སྒྲོལ་སེམས་བསྐྱེད། །ཙྭ་རི་པད་བཀོད་དེང་སང་ཀླ་ཀློས་བཟུང་། །ཚ་གྲང་སྙོམས་པའི་རི་ཁྲོད་དབེན་པ་ན། །ཛ་ཧུའི་རྒྱུན་བཞིན་མ་བཅོས་ཅོག་བཞག་རྒྱུན། །ཝ་ལེར་སྐྱོང་ལས་མྱུར་ལམ་གཞན་ཡོད་མིན། །ཞྭ་མོའི་ཏོག་ལྟར་མཚན་ལྡན་བླ་མ་བཀུར། །ཟ་རེ་ཟི་རེ་ཆོས་བརྒྱད་བློ་མ་མང་། །འ་ཅག་བློ་ཕུགས་འཆི་ཆོས་གཤའ་མར་གཏོད། །ཡ་མཚན་གོང་མའི་རྣམ་ཐར་རྗེས་ཤུལ་སྙོགས། །རྭ་ལྟར་གྱོང་པོའི་རང་རྒྱུད་མ་ཐུལ་ན། །ལ་ལུང་འཕྲང་བརྒལ་དཀའ་ལས་སྡུག་གྱོང་རེད། །ཤ་ཆང་ཤྭ་སྦག་ཚོང་བུན་དུག་བཞིན་སྤོངས། །ས་བཅུ་དབང་ཕྱུག་རྣམས་ཀྱིས་དེ་དག་བཀག །ཧ་ལ་དུག་ལྔའི་མེ་འབར་ཀུ་སཱ་ལི། །ཨ་བསེ་སངས་རྒྱས་རྡོ་རྗེས་གྲོགས་རྣམས་ལ། །ཕན་པའི་སེམས་ཀྱིས་སྙིང་གཏམ་ཡི་གེར་


JSD003_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས། །མ་བརྗེད་རྒྱུད་ལ་སྦྱོར་དང་དོན་ཆེའོ། །ཞེས་པའང་ཡོལ་ཕུ་བྱེ་མ་ཐང་དུ་ཆར་སྐྱོབ་ཙམ་ལ་བརྟེན་ནས་དཀའ་ཐུབ་ལ་གནས་སྐབས་སུ་སྦྱར་བ་དགེ་བར་གྱུར་ཅིག། །།


JSD003_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཀ་གདུང་རྒྱན་སྤྲོས་སྤངས་པའི་བྲག་ཕུགnext