Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཆོས་མ་སྨིན་གྲོལ་གྱི་ངོར།
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousཆོས་མ་སྨིན་གྲོལ་གྱི་ངོར།next

ཆོས་མ་སྨིན་གྲོལ་གྱི་ངོར།


JSD003_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་དོན་སྟོན་བླ་མར་འདུད། །འོད་གསལ་རང་མདངས་སྐྱོང་བ་ན། །གེགས་དང་གོལ་ས་ཐམས་ཅད་ཀྱི། །རྩ་བ་ཡིད་དཔྱོད་འཛིན་པ་ཡིན། །དུས་གསུམ་རྟོག་པསམ་བསླད་པར། །རང་བབ་སྟོང་གསལ་ཕྱོགས་མེད་ངང་། །མ་ཡེངས་རང་ཚུགས་མ་ཤོར་ཙམ། །དགག་སྒྲུབ་བྲལ་བར་ཆམ་གྱིས་ཞོག །དེ་ལ་གོལ་ཤོར་འཛོལ་ས་མེད། །རྣམ་རྟོག་ཇི་འགྱུ་དགག་མི་དགོས། །གཞི་རྩ་ངོ་བོ་རིག་པའི་གཤིས། །རྗེན་པ་ངོས་བཟུང་ངང་དེར་སྐྱོང་། །ཆུ་ལ་རི་མོ་བྲིས་པ་བཞིན། །ཤར་གྲོལ་རང་གྲོལ་ཉིད་དུ་འགྲོ། །ལྟ་བ་མཐའ་དང་བྲལ་བ་ལ། ། སྒོམ་པ་བསལ་བཞག་དེར་འཛིན་ཁྲོལ། །སྤྱོད་པ་ཚོགས་དྲུག་ལྷུག་པར་ཞོག །འབྲས་བུ་སྐུ་གསུམ་རང་ངོར་རྫོགས། །ལྟ་སྒོམ་སྤྱོད་འབྲས་བཞི་པོ་


JSD003_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །སོ་སོ་མ་ཡིན་ཐ་མི་དད། །རིག་པའི་ངོ་བོ་ངོ་ཤེས་ཤིང་། །སྒོ་ལྔའི་དབང་ཡུལ་གསལ་བ་ལ། །ཡིད་དཔྱོད་གཟུང་འཛིན་མ་ཞུགས་པ། གཉུག་མའི་དྲན་པ་མ་ཡེངས་ཙམ། །དེ་ལ་མཉམ་བཞག་ཅེས་སུ་འདོགས། །ཆེད་དུ་སྒོམ་པ་མ་ཡིན་ཅིང་། །བཏང་སྙོམས་ཐ་མལ་མ་ཤོར་བར། སྤྲུལ་བསྒྱུར་བསྐྱེད་རྫོགས་ལ་སོགས་པ། །དེ་ཡི་རང་ཞལ་བྱེད་པ་ལ། །རྗེས་ཐོབ་ཉིད་དུ་བཞག་ན་ཡང་། །རྗེ་བཙུན་མི་ལའི་ཞལ་ན་རེ། །འགྲོ་འཆགས་ཉལ་འདུག་སེམས་ལ་བལྟ། །ཐུན་མཚམས་མེད་པའི་དགེ་སྦྱོར་ཡིན། །ཞེས་དང་དམ་པ་རྒྱ་གར་གྱིས། །གཅིག་པུ་ལྐོག་ཏུ་ཉལ་ཙ་ན། རིག་པ་རྗེན་པར་བཞག་པ་ཡིན། །མང་པོའི་ཚོགས་སུ་གནས་ཙ་ན། །གང་ཤར་གྱི་ངོ་བོ་ལྟ་བ་ཡིན། །ཞེས་གསུངས་དེ་ལས་མེད་པར་གོ། །སྙིང་རྗེ་


JSD003_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་མོས་གུས་དང་། །བྲལ་བའི་མཐོ་སྐད་ཅི་ཆེ་ཡང་། །ཉན་ཐོས་འགོག་པ་གཟུགས་མེད་ཁམས། །ཡང་ན་དུད་འགྲོའི་རུ་འགྱུར། །སྟོང་ཉིད་མཁའ་ལྟར་རྟོགས་ན་ཡང་། །ལས་འབྲས་སྤངས་བླང་མ་ནོར་གཅེས། །རང་སེམས་ཆོས་སྐུ་མཐོང་ན་ཡང་། །བླ་མར་དད་དང་མོས་གུས་བྱ། །བདག་གཞན་གཉིས་མེད་དོན་རྟོགས་ཀྱང་། །འགྲོ་བའི་དོན་དུ་བྱང་སེམས་བསྐྱེད། །ལྟ་སྤྱོད་འབྲེལ་བ་རྒྱལ་བའི་ལམ། །འདི་མིན་གཞན་གྱི་སངས་མི་རྒྱ། །འདི་བྲིས་དགེ་བ་གང་ཐོབ་དེས། །མཁའ་མཉམ་འགྲོ་ཁམས་རྒྱ་མཚོ་ཀུན། །ཟུང་འཇུག་ཀུན་བཟང་གྲོལ་ནས། །འཁོར་བ་དོང་སྤྲུགས་དཔལ་དུ་ཤོག །ཅེས་པའང་ཆོས་མ་སྨིན་གྲོལ་ནས་ནན་བསྐུལ་ངོར་རྒྱལ་ཁམས་ཉུལ་བའི་བྱ་སྤྲང་ཁྲོ་རྒྱལ་པས་སོ།།


JSD003_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཆོས་མ་སྨིན་གྲོལ་གྱི་ངོར།next