Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ལས་འབྲས་ཡིད་ཆེས།
  
  
  
  
  


4 occurrences of འབེན་
[Clear Hits]

 
previousལས་འབྲས་ཡིད་ཆེས། next

ལས་འབྲས་ཡིད་ཆེས།


JSD003_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཕྱག་འཚལ་ལོ། །བུ་རུལ་ཉོན་ཅིག༔ ཁྱོད་ཀྱི་ཉམས་ལེན་སྙིང་པོ་བྱེད་རྒྱུ་ནི། ད་ལྟའི་རིག་པ་ཡེ་ནས་མ་བཅོས་པ །ངོ་བོ་ལ་བལྟས་ན་སྟོང་སང་ངེ་བ། སྤྲོས་པ་ཐམས་ཅད་ལས་རབ་ཏུ་འདས་པ། རང་བཞིན་ནས་བསམ་ན་དྲན་མེད་འཐོམ་མེ་མ་ཡིན་པ་རང་གསལ་ཧྲིག་གེ་ཝལ་ལེ་བ། ངོ་བོ་རང་བཞིན་གཉིས་ཁ་ཁ་སོ་སོ་ཕྱེ་བ་མ་ཡིན་པ། མེ་ཡི་ཚ་བ་དང། ཆུ་ཡི་རླན་ཆ། ནམ་མཁའི་གོ་འབྱེད་ཆ་བཞིན་དབྱེར་མེད་མཉམ་པ་ཆེན་པོ་དེ་ལ་ཐུགས་རྗེ་ཀུན་ཁྱབ་ཅེས་མིང་བཏགས་ཀྱི་རེད། ངོ་བོ་སྟོང་པས་རྟག་མཐའ་དང། རང་བཞིན་གསལ་བས་ཆད་མཐའ་བསལ་ཞིང། ཐུགས་རྗེ་འགགས་པ་མེད་པའི་རང་རྩལ་ལས་ལམ་གྱི་ཡོན་ཏན་ཐམས་ཅད་འབྱུང་བ་ཡིན་པས། ངོ་རང་ཐོག་ཏུ་ཁྱོད་ལ་སྤྲད་ཀྱང། དོན་ཡིན་ཐོག་ཏུ་མ་


JSD003_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱོལ་གྱི་བར་དུ་བསྒོམ་པ་མི་གཡོ་གསུམ་ལྡན་གྱི་གཉུག་མའི་དྲན་པའི་རྒྱུན་བསྐྱང་བ་འདི་གལ་ཆེ་བ་ཤེས་དགོས། རྣམ་རྟོག་ལ་དགག་སྒྲུབ་གཉིས་ཀ་མི་རུང། རང་བབ་ཆོས་ཉིད་རིག་པའི་གཤིས་སུ་ཆོས་ཅན་འཁྲུལ་སེམས་ཀྱི་དྲི་མ་རྩ་བ་ནས་དག་པའི་ངང་སྒོམ་དེ་ལ་རྫོགས་ཆེན་སྤྱོད་པའི་གནད་ཚང་ཡོད། མདོར། ངོ་ཤེས། རྩལ་རྫོགས། བརྟན་པ་ཐོབ་པ་གསུམ་མ་བྱུང་གི་བར་དུ་རྩབ་རྩུབ་མང་པོ་མ་བྱེད་པར་གནས་ལུགས་མ་བཅོས་པའི་རྒྱུན་བསྐྱང་བ་དང། རྗེས་ཐོབ། དད་པ། ངེས་འབྱུང། སེམས་བསྐྱེད། ལས་འབྲས་ཡིད་ཆེས་ཀྱི་གྲོགས་དང་བཅས་ན། ལམ་གནད་ཐམས་ཅད་ཆུ་བརྒྱ་ཟམ་འོག་ཏུ་འདུ་བ་དང་འདྲ་བ་ཡིན་པས་སྙིང་ལ་ཆོངས་ཤིག །ཅེས་བྱ་བྲལ་སངས་རྡོར་པས་སོ།།


previousལས་འབྲས་ཡིད་ཆེས། next