Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྙན་བརྒྱུད་ཀྱི་ཡིག་ཆུང་གམ་བྷི་ར།
  
  
  
  


4 occurrences of འབེན་
[Clear Hits]

 
previousསྙན་བརྒྱུད་ཀྱི་ཡིག་ཆུང་གམ་བྷི་ར།next

སྙན་བརྒྱུད་ཀྱི་ཡིག་ཆུང་གམ་བྷི་ར།


JSD003_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་བརྒྱུད་ཀྱི་ཡིག་ཆུང་གམ་བྷི་ར།།སྟྲི། །


JSD003_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །དེ་ལ་རྟེན་གྱི་གང་ཟག་དབང་རབ་ཚེ་འདིར་གྲོལ་བ་ལ་འདི་མི་དགོས། འབྲིང་བར་དོར་གྲོལ་བའི་གདམས་པ་ཤེས་བྱ་སྦུབས་འཇུག་གི་གདམས་པ་རྨི་ལམ་འོད་གསལ་དུ་སྦ་བ་ལ། གང་ཟག་རབ་ལྟ་སྒོམ་ཆིག་ཆོད་དུ་སོང་ནས། ཡེངས་ཡུལ་ཆོས་ཉིད་དུ་གྲོལ་བ་དང། འབྲིང་ཉིན་མཚན་ཁོར་ཡུག་གི་རྣལ་འབྱོར་


JSD003_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་འདི་མི་དགོས་ཀྱང། ཐ་མ་ཉིན་སྣང་ཙམ་ལས་མཚན་འཁྲུལ་མ་ཆོད་པའི་རིགས་ལ་དགོས། ལ་ལུས་དང་ཡིད་ཀྱི་གནད་གཉིས་གལ་ཆེ་སྟེ། དང་པོ། ལུས་གནད་གན་རྐྱལ་དུ་ཉལ་ན་འདོད་ཆགས་དང། གཞོག་གཡོན་ས་ལ་ཕབ་ན་ཞེ་སྡང། ཁ་སྦུབས་སུ་ཉལ་ན་གཏི་མུག་གི་རྟོག་པ་རྒྱས་པ་སྙིང་གའི་རྩ་འཁོར་ཆགས་ཚུལ་གྱིས་ཡིན།


JSD003_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཉལ་བའི་ཚེ་གཞོག་གཡས་སར་ཕབ་ལ་ལག་མཐིལ་གཡས་པས་འགྲམ་པ་བཏེགས། ལག་གཡོན་བརླ་གཡོན་སྟེང་དུ་བཞག །མགོ་ཤར། རྐང་པ་ནུབ། ཁ་བྱང་། རྒྱབ་ལྷོར་བསྟན་སེངྒེའི་ཉལ་སྟབས་བྱ། དེའི་དགོས་ཆེད། སྤྱིར་སྙིང་རྩེ་སྐྱེས་པ་ལ་གཡོན་དང། བུད་མེད་ལ་གཡས་སུ་བསྟན་ནས་གནས་པ། ཉལ་སྟབས་གཅིག་པུས་སྟོབས་ཀྱིས། དོན་དམ་གྱི་རྩ་ཀ་ཏི་ཤེལ་བུག་ཅན་རྒྱ་གཡེར་ཁ་ཕྱེ་མ་རག་ལྟ་བུ་དེ། གྱེན་དུ་ཕྱོགས་ཏེ་ཁ་ཅུང་ཟད་ཕྱེ་བས་འོད་གསལ་འཆར་བ་ཡིན་ལ། དེའི་གནད། ཡེ་ཤེས་ཀྱི་རྩ་ཀ་ཏི་ན། དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་གནས་པས། རྩ་དེ་ཁ་ཕྱེ་བ་ན། འོད་གསལ་ཤུགས་ཀྱི་འཆར་བའི་གནད་དོ། །དེ་ཡང་སངས་རྒྱས་བྱང་སེམས་སོགས་འཕགས་པ་རྣམས་ལ་བཤད་མ་ཐག་པའི་རྩ་དེ་གྱེན་དུ་ཕྱོགས་ཤིང་


JSD003_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཕྱེས་པའི་སྟོབས་ཀྱིས་མངོན་ཤེས་དང་རྫུ་འཕྲུལ་ཚད་མེད་པ་ལ་དབང། མཐོ་རིས་ཀྱི་འགྲོ་བ་གསུམ་ལ་རྩ་དེ་ཐད་ཀར་གོང་སྨྲས་ལྟར་ཡོད་པས་བློ་རྣོ་ཞིང་རིག་པ་གསལ་བ་དང། ངན་འགྲོ་གསུམ་ལ་རྩ་ཐུར་དུ་བསྟན་ནས་ཁ་ཟུམ་པས་བློ་རྟུལ་ཞིང་དབང་པོ་མི་གསལ་བ་དེ་ལྟར་ཡིན་ནོ། །གཉིས་པ་སེམས་ཀྱི་གནད་རང་ལུས་ཕྲུ་མ་ཕུས་བཏབ་པ་བཞིན་སྟོང་སངས་ཀྱི་དཀྱིལ་དུ། དོན་དམ་གྱི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་གི་རྟེན་ཀུན་རྫོབ་ཀྱི་རྩ་དབུ་མ་ཁང་སྟོང་དུ་ཀ་བ་བཙུགས་པ་བཞིན་མར་སྣ་ལྟེ་འོག་དང་། ཡར་སྣ་སྤྱི་བོར་ཁ་ཟུམ་པའི་ནང་དུ་བརྟེན་པ་ཤེལ་སྦུག་ཅན་གནས་པའི་སྙིང་གའི་ཐད་དུ་རིག་པའི་རྟེན་འོད་ལྔའི་ཐིག་ལེའི་དབུས་སུ་ཨ་ཡིག་དཀར་པོ་ཟླ་བ་ཉ་གང་བའི་ཁ་དོག་ལྟ་བུ་ཞིག་བསམ། དེ་ལ་སེམས་ཟིན་པ་ན། གཞི་ཡི་


JSD003_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་དེ་ལས་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དུ་ཨ་ཡིག་ཉི་ཤུ་རྩ་གཅིག་རིམ་པར་ཆད་དེ་སྤྱི་བོའི་བར་ཤེལ་དོང་དུ་དོང་ཙེ་བརྩེགས་པ་ལྟར་གང་བར་བསམ། ཨ་ཡིག་དེ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པར་འཕྲོས། དབུ་མ་ལས་ཐལ་ཏེ་ལུས་ནང་ཐམས་ཅད་ལྷང་ངེར་ཁྱབ། དེ་ནས་རིམ་པར་ཕྱི་རོལ་གྱི་སྣོད་བཅུད་ཐམས་ཅད་ཉིན་མོ་བཞིན་སྒྲིབ་མེད་དུ་གསལ་བར་བསམ་ལ། གཉིད་དུ་ཕྱོགས་པ་ན་ཕྱིའི་འོད་རྣམས་ཚུར་འདུས་ཨ་ཡིག་རྣམས་ལ་ཐིམ་ཨ་ཡིག་རྣམས་སྤྱི་བོ་ནས་ཡས་རིམ་གྱིས་གཅིག་ལ་གཅིག་ཐིམ་སྟེ་མཐར་སྙིང་གའི་གཞིའི་ཨ་ལ་ཐིམ་པའི་ངང་དུ། ཧ་ཅང་སྒྲིམ་ཆེ་ན་གཉིད་མི་ཁུག །ཧ་ཅང་ལྷོད་ཆེ་ན་ཡང་འཁྲུལ་འབྱམས་ལ་འགྲོ་བས་གྲིམ་ལྷོད་ཚོད་ཟིན་པར་བྱས་ལ་ཨ་ཡིག་བློ་ཡུལ་ནས་མ་བོར་ཙམ་ལ་སྦྱོང་ན། ཇི་སྐད་དུ། རབ་ལ་འཆར་དང་


JSD003_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་ལ་འཆད། །ཐ་མའང་རྨི་ལམ་དགེ་བར་འགྱུར། ཞེས་གསུངས་པས་སྔར་དུས་ལྟར་ནག་ཐོམ་མེར་གཉིད་འགྲོ་བ་དེ་འོད་གསལ་སྦུབས་འཇུག་ལ་སྦྱོང་བའི་སྟོབས་ཀྱིས་མེད་ལ། ཤེས་པ་དབང་མེད་དུ་ཡུལ་ལ་རྒྱུག་པ་དེ་ཡང་གཉིད་ཡེར་བས་ནང་དུ་བསྡུས་ནས། གཉིས་ཀྱི་བར་ནས་འོད་གསལ་ཟིན་པ་དགོས། དེ་ལ་གཉིས་ཏེ། སྲབ་མོའི་འོད་གསལ་བྱ་བ་འོད་གསལ་ཟིན་པའི་ངང་ནས་མཐོང་རྒྱ་ཆུང་བ་ཉེ་འཁོར་ཁང་ཁྱིམ་ནས་ཡུལ་གྲུ་རེ་ཙམ་སྣང་བས་གསལ་ཞིང་ཡུལ་ལ་རྟོག་དཔྱོད་དང་བཅས་པ་དང་། འཐུག་པོའི་འོད་གསལ་བྱ་བ་ཅི་ཞིག་ན་མཐོང་སྣང་རྒྱ་ཆེ་བ་འཛམ་བུའི་གླིང་ནས་མཐར་སྟོང་གསུམ་ཙམ་དུ་སྣང་ཞིང་མཐོང་ཡུལ་ལ་ཡིད་དཔྱོད་ཀྱང་མི་འཇུག་པ་འབྱུང་ཞིང་། དེ་ལ་དོན་གྱི་འོད་གསལ་ཞེས་ཀྱང་


JSD003_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །འབྲིང་རྨི་ལམ་རྒྱུན་ཆད་དེ་ཅི་རྨིས་མེད། ཐ་མ་ཉིན་མོ་དགེ་བའི་བག་ཆགས་སྟོབས་སུ་གྱུར་པས་མི་དགེ་བའི་བག་ཆགས་ཤས་ཆུང་ཞིང་། རྨི་ལམ་དུ་ལྷ་དང་བླ་མ་མཇལ་ཞིང་ཐོས་བསམ་བྱེད་པ་དང། ལྟ་སྒོམ་གྱི་ཉམས་ལེན་སྐྱོང་བ་སོགས་བཟང་པོ་ཤ་སྟག་རྨི་བ་འོང། འབྲིང་ཐ་གཉིས་པོ་ཡང་སྦྱངས་པས་ཇི་ཞིག་ན་སྔ་མའི་སོ་ན་མི་གནས་པར་འོད་གསལ་ཁོར་ཡུག་ཏུ་འཆར་བར་གསུངས་སོ། །དེ་ལྟར་ད་ལྟ་འོད་གསལ་ཟིན་པ་ལ་དགོས་པ་ཇི་ཡོད་སྙམ་ན། དེ་ལ་གཉིད་དང་འཆི་བ་གཉིས་ལ་ཕྲ་རགས་ཙམ་ལས། ཐིམ་རིམ་རྫོགས་པ་དང་འོད་གསལ་འཆར་བ་ལ་ཁྱད་པར་མེད་པས། ད་ལྟ་རྨི་ལམ་འོད་གསལ་དུ་འཆར་བ་ངོས་ཟིན་ན་འཆི་བའི་བར་དོའི་འོད་གསལ་ཟིན་ནས་ཀ་དག་དང་པོའི་གཞི་ལ་གྲོལ་ནས་བར་དོ་གཉིས་ཀྱི་བར་ལ་འཁྲུལ་པའི་


JSD003_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པ་དང་བྲལ་བའི་གནད་དོ། །དེ་ཡང་འཆི་བའི་སྐབས་འབྱུང་ལྔའི་ཐིམ་རིམ་དབང་ལྔའི་ཐིམ་རིམ་རྣམས་རྫོགས་ནས་རླུང་གི་གནས་གློ་བ་ནས་དབུགས་འཕག་ཏེ་མིད་པའི་ལམ་རྒྱུད་ཁ་ནས་ཧ་ཞེས་ཕྱིར་སོང་བ་ཧུ་ཞེས་ཚུར་མི་འདུ་ཚེ་ཕྱི་དབུགས་ཆད་པ་སྟེ། དེའི་སྐད་ཅིག་དང་པོ་ན་སྤྱི་བོ་ནས་ཕ་ལས་ཐོབ་པའི་ཐིག་ལེ་དཀར་ཆ་དབུ་མའི་ལམ་ནས་ཐུར་དུ་བབ་པས་ཕྱི་རྟགས་སུ་ནམ་མཁའ་སྤྲིན་མེད་ལ་ཟླ་འོད་ཀྱིས་ཕོག་པ་ལྟར་དཀར་ལམ་འཆར། ནང་གི་རྟགས་སུ་ཞེ་སྡང་གི་རྟོག་པ་སུམ་ཅུ་སོ་གསུམ་འགགས། གསང་བའི་རྟགས་སུ་སེམས་ཅན་ཐ་མལ་པ་རྣམས་ལ་གསལ་ཉམས་ཙམ་དང། རྣལ་འབྱོར་པ་ལ་དེས་བརྒྱན་པའི་འོད་གསལ་འཆར་ཞིང་ངོ་ཤེས་པའི་ངང་ལ་མཉམ་པར་བཞག །དེ་ནས་སྐད་ཅིག་གཉིས་པ་ན་མ་ལས་ཐོབ་པའི་


JSD003_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟ་དམར་ཆ་གྱེན་དུ་འཕག་པའི་ཚེ། ཕྱི་རྟགས་སུ་སྤྲིན་མེད་པའི་མཁའ་ལ་ཉི་འོད་ཕོག་པ་བཞིན་དམར་ལམ་འཆར་ཞིང་། ནང་རྟགས་སུ་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། གསང་བའི་རྟགས་སུ་ཐ་མལ་པ་ལ་བདེ་ཉམས་ཙམ་དང། རྣལ་འབྱོར་པ་རྣམས་ལ་དེས་བརྒྱན་པའི་འོད་གསལ་འཆར། དེ་ནས་ཡང་སྐད་ཅིག་གསུམ་པ་ན། ཐིག་ལེ་དཀར་དམར་སྙིང་གར་ཞལ་འཛོམ་པའི་དབུས་སུ་རྣམ་ཤེས་འཐུམ་སྟེ་ཕྱི་རྟགས་སུ་ནམ་མཁའ་དྭངས་པ་ལ་སྨག་གིས་ཁྱབ་པ་བཞིན་ནག་ལམ་འཆར། ནང་རྟགས་སུ་གཏི་མུག་གི་རྟོག་པ་བདུན་འགགས་གསང་བའི་རྟགས་སུ་སེམས་ཅན་ཕལ་ལ་མི་རྟོག་པ་ཙམ་དང། རྣལ་འབྱོར་བ་ལ་དེས་བརྒྱན་པའི་འོད་གསལ་འཆར། དེ་ནས་སྐད་ཅིག་བཞི་པ་ལ་སྔར་གྱི་ཐིག་ལེ་དཀར་དམར་སྙིང་ག་ནས་ཁ་ཕྱེ་སྟེ་ནང་དབུགས་


JSD003_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་པ་དང་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་ཆོས་ཀྱི་དབྱིངས་སུ་ཐིམ་ནས་འཆི་སྲིད་ཆོས་སྐྱའི་འོད་གསལ་ཤར་བ་ངོས་ཟིན་ན་ཀ་དག་གི་ས་ལ་གྲོལ་བས་དེ་ཕན་ཆད་བར་དོ་མེད་དོ། །ཨ་རོགས་རྣམས་ད་ལྟ་ནས་ཉིན་མོ་མངོན་སུམ་དང་མཚན་མོ་འོད་གསལ་ལ་སྦྱངས་ནས་འདི་དང་བར་དོ་གང་རུང་ལ་གྲོལ་ཚད་གོམས་པ་ཞིག་མ་བྱས་ན་འཁོར་བའི་སྡུག་བསྔལ་དོས་དྲག་ལ་ཡུན་རིང་བ་མྱོང་ཏ་རེ། ཨ་ཀྱང་དངོས་རང་ལའང་དེ་འདྲའི་གདེང་མེད་བཞིན་གཞན་ལ་ཁ་ཏ་བྱེད་པ་འོན་པས་རོལ་མོ་སྙན་པར་སྒྲོག་པའི་དཔེར་སོང་གདའ་བ་ཧ་ཧ། ཞེས་རང་སློབ་དམ་པ་རྡོ་རྗེ་དབང་རྒྱལ་གྱིས་ཟིན་བྲིས་ལྟ་བུ་ཞིག་དགོས་ཞེས་རྒྱ་ཤོག་དྲི་མེད་ཀྱི་རྟེན་བཅས་ནན་བསྐལ་ངོར་ཀུན་མཁྱེན་ངག་དབང་དཔལ་བཟང་གི་ཞབས་རྡུལ་སྤྱི་བོས་ལེན་པའི་དཱ་རི་དྲ་ཁྲོ་


JSD003_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རྡོ་རྗེས་གྲུབ་པའི་བསྟི་གནས་རིག་ཕུ་ཁྲ་ཆོག་སྒྲུབ་སྡེའི་མཚམས་མལ་ནས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།


previousསྙན་བརྒྱུད་ཀྱི་ཡིག་ཆུང་གམ་བྷི་ར།next