Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དར་སེང་དཀར་མོས་གངས་སྟོད།
  
  
  


4 occurrences of འབེན་
[Clear Hits]

 
previousདར་སེང་དཀར་མོས་གངས་སྟོད།next

དར་སེང་དཀར་མོས་གངས་སྟོད།


JSD003_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཧོ༔ དར་སེང་དཀར་མོས་གངས་སྟོད་ཉུལ། །ཐང་དཀར་རྒོད་པོས་བྲག་རི་བསྙེགས། །གསེར་མིག་ཉ་མོས་གཙང་རྒྱུན་ཉུལ། །སྲོག་ཆགས་དེ་དང་དེ་དག་རྣམས། །འགྲོ་ལ་ཕོངས་པ་མ་ལགས་ཏེ། །སྔོན་ལས་བཙན་པོས་བསྐོས་ཐང་ཡིན། །རྣལ་འབྱོར་ཁྲོ་རྒྱལ་རྡོ་རྗེ་ང། །གཅིག་ཏུ་མི་སྡོད་དབེན་གནས་འགྲིམ། །ཕ་ཡུལ་གཏན་མེད་མ་ལགས་ཏེ། །ཆོས་མཛད་གོང་མའི་རྣམ་ཐར་བཞིན། །ཁྱེད་མཆེད་ལྕམ་གྱི་སྐུ་ཁམས་བདེ་བར་མཛོད། །གནས་སྐབས་ཀྱི་འབྲེལ་བ་དེ་ཙམ་ཡིན། །རྟག་པར་མི་འབྲལ་འགྲོགས་པ་ནི། །འདུས་བྱས་འཁོར་བའི་ཆོས་ལ་མེད། །དཔེ་འདིས་ཀྱང་འཆི་བ་དྲན་རྟེན་མཛོད། །ནམ་ཞིག་རྔ་ཡབ་དཔལ་རིའི་རྩེར། །འུ་ཅག་ལྷན་ཅིག་ཚོགས་པར་སྨོན། །བཀྲ་ཤིས་གླུ་དབྱངས་ཨ་ལ་ལ།


JSD003_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཀུན་སྤངས་པ་ཆེན་པོ་སངས་རྒྱས་རྡོ་རྗེས་ཡབ་ཡུམ་གཉིས་དང་འབྲལ་སྐབས་འཁོར་ལྷན་ལ་བསྩལ་བའོ།། །།


previousདར་སེང་དཀར་མོས་གངས་སྟོད།next