Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

22 occurrences of བརྒྱུད་གསུམ་
[Clear Hits]


  
 
བླ་མའི་རྣལ་འབྱོར་སྐུ་གསུམ་རིག་འདུས།
 
 
 
  
  
  
 
  
 
 
  
 
  
  
 
 
  
  
  
  
  
  
 
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  


22 occurrences of བརྒྱུད་གསུམ་
[Clear Hits]

 
previousབླ་མའི་རྣལ་འབྱོར་སྐུ་གསུམ་རིག་འདུས།next

བླ་མའི་རྣལ་འབྱོར་སྐུ་གསུམ་རིག་འདུས།


JSD003_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་རྣལ་འབྱོར་སྐུ་གསུམ་རིག་འདུས་ཞེས་བྱ་བ་བཞུགས་སོ། །


JSD003_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱ། དེ་ཡང་རང་ལ་གསང་སྔགས་ཀྱི་སྨིན་གྲོལ་སྟོན་པའི་བླ་མ་དེ་ཉིད་སྐྱབས་གནས་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་བཀའ་དྲིན་སངས་རྒྱས་ལས་ཀྱང་ཆེ་བར་ཤེས་ནས། ངེས་འབྱུང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་དེ་གསོལ་འདེབས་བླ་མ་སྒྲུབ་པ་ནི་ལེགས་པའི་ཡོན་ཏན་དང་དངོས་གྲུབ་ཐམས་ཅད་ཀྱི་གཞིའམ་རྩ་བ་ཡིན་པས་དེའི་ཚུལ་ལ་འཇུག་པར་འདོད་ན། དང་པོར་སྐྱབས་སུ་འགྲོ་བ་ནི། ན་མོ། བདག་སོགས་དེང་


JSD003_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་རྩ་གསུམ་སྐུ་གསུམ་ཡོངས་འདུས་དཔལ། །འཁོར་ལོའི་དབང་ཕྱུག་རྗེ་བཙུན་བླ་མ་ལ། །སྐྱབས་སུ་མཆིའོ་ཐུགས་རྗེས་བཟུང་དུ་གསོལ། །གཉིས་པ་སེམས་བསྐྱེད་པ་ནི། བདག་གིས་འགྲོ་དྲུག་སེམས་ཅན་ཀུན་བསྒྲལ་ནས། །བདེ་ཆེན་སངས་རྒྱས་ས་ལ་འགོད་བྱའི་ཕྱིར། །ཟབ་མོའི་རྣལ་འབྱོར་མཆོག་གི་ལམ་ཞུགས་ཏེ། །རང་གནས་


JSD003_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གསུམ་ཐོབ་པར་སེམས་བསྐྱེད་དོ། །གསུམ་པ་ཚོགས་རྟེན་གསལ་གདབ་པ་ནི། ཨ། །རང་སྣང་བདེ་ཆེན་དག་པའི་ཞིང་ཁམས་སུ། །བདག་ཉིད་ཐུགས་རྗེ་ཆེན་པོའི་སྐུར་སེམས་ཉིད་ངལ་གསོ། མཆན། གསལ་བའི། །སྤྱི་བོར་ཡེ་ཤེས་འོད་ལྔ་འཁྲིགས་པའི་ཀློང་། །རྨ་བྱའི་ཁྲི་སྟེང་པདྨ་ཟླ་གདན་ལ། །རྩ་བའི་བླ་མ་སངས་རྒྱས་མཚན་འཆང་བ། །རྣམ་འགྱུར་བདེ་གཤེགས་སྣང་བ་མཐའ་ཡས་སྐུ། །དམར་གསལ་མཚན་དཔེའི་འོད་ཟེར་འབུམ་ཕྲག་འཕྲོ། །ཆོས་གོས་གསུམ་གསོལ་ཕྱག་གཉིས་མཉམ་གཞག་གིས། །རིན་ཆེན་ལྷུང་བཟེད་བདུད་རྩིའི་བཀང་བ་བསྣམས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །གཡས་སུ་སེམས་དཔའ་སྤྱན་རས་གཟིགས་དབང་དང་། །གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་པ་གཉིས། །བཞེངས་པའི་སྟབས་ཅན་པདྨའི་ཡུ་བ་བཟུང་། །ཞི་འཛུམ


JSD003_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྒྱན་གྱིས་རྣམ་པར་སྤྲས། །མདུན་ན་པདྨ་འབྱུང་གནས་དཀར་དམར་མདངས། །ཕྱག་གཉིས་རྡོ་རྗེ་ཐོད་འཛིན་སྐྱིལ་ཀྲུང་བཞུགས། །ཐེག་གསུམ་ཆས་རྫོགས་པད་ཞྭ་རྒོད་ལྡེམ་མཛས། །མཆན་ཁུང་གཡོན་ན་ཡུམ་གྱི་ཁ་ཊཱཾ་འཆང་། །རྒྱབ་ཏུ་བྱང་སེམས་དགྲ་བཅོམ་འཕགས་པའི་ཚོགས། །སྐུ་མདོག་ཕྱག་མཚན་རྒྱན་དང་ཆ་ལུགས་ནི། །ཆགས་བྲལ་ཆགས་ཅན་མ་ངེས་ཅིར་ཡང་འཆར། །མཐའ་བསྐོར་རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་དམ་ཅན་རྒྱ་མཚོ་སྤྲིན་ལྟར་གཏིབས། །སྣང་སྟོང་ལྷུན་གྲུབ་དབྱེར་མེད་ཆེན་པོར་གསལ། །ཀུན་གྱི་གནས་གསུམ་འབྲུ་གསུམ་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་པ་རྣམས་སྤྱན་དྲངས་གྱར། །བཞི་པ་སྤྱན་འདྲེན་པ་ནི། ཧཱུྃཿ། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས། །ཆོས་


JSD003_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྣང་བ་མཐའ་ཡས་གཤེགས་སུ་གསལ། །ལྷོ་ཕྱོགས་རི་བོ་གྲུ་འཛིན་ཞིང་ཁམས་ནས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ། །རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས། །སྤྲུལ་སྐུ་པདྨ་འབྱུང་གནས་གཤེགས་སུ་གསོལ། །ཐུགས་རྗེ་གང་འདུལ་སྤྲུལ་པའི་ཞིང་ཁམས་ནས། །བྱང་སེམས་དགྲ་བཅོམ་འཕགས་པ གཤེགས་སུ་གསོལ། །ཆོས་དབྱིངས་འོག་མིན་གནས་ཡུལ་དུར་ཁྲོད་ནས། །རབ་འབྱམས་རྩ་གསུམ་ལྷ་ཚོགས་གཤེགས་སུ་གསོལ། །བཀའ་དང་དམ་ཚིག་གཉན་པོའི་གཞལ་ཡས་ནས། །སྔགས་བདག་ བརྒྱུདགསུམ next hit་དྲེགས་ཚོགས་གཤེགས་སུ་གསོལ། །འཇའ་ཚོན་ཡེ་ཤེས་འོད་ལྔ་ཀྱི་ལི་ལི། །རིག་འཛིན་སྐུ་དང་ཐིག་ལེ་ཤིགས་སེ་ཤིག །སྤྱི་གཙུག་པདྨ་ཟླ་བའི་གདན་སྟེང་དུ། །བསྐྱེད་པའི་ཚོགས་ཞིང་དམ་ཚིག་པ་རྣམས་དང་། །དབྱེར་མེད་མཉམ་པ་ཉིད་དུ་བཞུགས་སུ་


JSD003_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ལྔ་པ་ཚོགས་བསགས་ཡན་ལག་བདུན་པ་ནི། །གདོད་ནས་བྱང་ཆུབ་རྡོ་རྗེ་སྙིང་པོའི་གདུང་། །དཀོན་མཆོག་གསུམ་དངོས་དམ་ཆོས་རིན་ཆེན་མཛོད། །དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །རབ་འབྱམས་སྐུ་གསུམ་ཞིང་གི་མཆོད་པའི་སྤྲིན། །མཁའ་མཉམ་འགྲོ་བའི་ཚོགས་ཆེན་རབ་རྫོགས་ཕྱིར། །བློ་ཡིས་བླངས་ནས་ཁྱབ་བདག་བླ་མར་འབུལ། །ཐོག་མེད་དུས་ནས་སྲིད་པར་འཁོར་བ་ནས། །དུག་གསུམ་དབང་གིས་སྒོ་གསུམ་མི་དགེའི་ལས། །བཅས་དང་རང་བཞིན་སྡིག་ལྟུང་དྲི་མ་ཀུན། །བླ་མ་རྒྱལ་བ་སྲས་བཅས་སྤྱན་སྔར་བཤགས། །འཕགས་བཞི་སོ་སོ་སྐྱེ་བོ་མ་ལུས་པའི། །རང་གཞན་དོན་དུ་ཟག་བཅས་ཟག་མེད་ཀྱི། །དགེ་བའི་རྩ་བ་


JSD003_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་དང་བགྱིད་གྱུར་པ། །རབ་ཏུ་དགའ་བས་རྗེས་སུ་ཡི་རང་ངོ་། །མ་རིག་སྲིད་པའི་ཆུ་བོར་བྱིང་བ་ཡི། །འགྲོ་བའི་ཁམས་དབང་བསམ་པ་ཇི་བཞིན་དུ། །རྒྱུ་འབྲས་ཟབ་ཅིང་རྒྱ་ཆེའི་ཆོས་འཁོར་ལོ། །འཁོར་བ་མ་སྟོངས་བར་དུ་བསྐོར་བར་བསྐུལ། །རྒྱལ་དང་དེ་སྲས་བྱང་སེམས་རིག་པ་འཛིན། །འགྲོ་བའི་བླ་མ་མཆོག་མཛད་དེ་དག་ལ། །སྲིད་པར་སེམས་ཅན་གཅིག་ཀྱང་མི་གནས་པ། །དེ་སྲིད་མྱ་ངན་མི་འདའ་བཞུགས་པར་གསོལ། །འདིས་མཚོན་དུས་གསུམ་བསགས་ཡོད་དགེ་བ་ཀུན། །མཁའ་མཉམ་འགྲོ་ཀུན་སངས་རྒྱས་འཐོབ་བྱའི་ཕྱིར། །འཁོར་གསུམ་དམིགས་མཐའ་བྲལ་བའི་དབྱིངས་སུ་བསྔོ། །ཟུང་འཇུག་སྐུ་དང་ཡེ་ཤེས་མངོན་གྱུར་ཤོག །དྲུག་པ་ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། །ཀྱེ་ཀྱེ། བླ་མ་འོད་དཔག་མེད། །བདག་སོགས་འཁོར་བའི་སེམས་ཅན་རྣམས། །དུས་ངན་མཐར་སྐྱེས་


JSD003_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉོན་རགས། །བཟོད་མེད་སྡུག་བསྔལ་དྲག་པོས་མནར། །རེ་ལྟོས་སྐྱབས་བྲལ་མགོན་མེད་ལ། །ཐུགས་རྗེས་ཟུངས་ཤིག་འོད་དཔག་མེད། །ལམ་སྣ་དྲོངས་ཤིག་སྤྱན་རས་གཟིགས། །བྱིན་གྱིས་རློབས་ཤིག་གུ་རུ་རྗེ། །འཕགས་པའི་ཚོགས་ཀྱིས་བསྐྱབ་ཏུ་གསོལ། །མོས་གུས་ཁོ་ནའི་ཉེ་རྒྱུ་ལས། །ཐབས་གཞན་འབད་ཀྱང་གྲོལ་མིན་ཞེས། །བླ་མའི་དྲིན་གྱིས་གང་གསུངས་པ། །སྙིང་གི་དཀྱིལ་དུ་རྟག་བཀོད་ནས། །ཁ་ཙམ་ཚིག་ཙམ་མ་ཡིན་པར། །རྩེ་གཅིག་གདུང་བས་གསོལ་བ་འདེབས། །མི་མཐུན་བགེགས་དང་བར་ཆད་སོལ། །དབང་བྱིན་དགོངས་བརྒྱུད་བདག་ལ་འཕོས། །ཐུགས་ཡིད་གཅིག་འདྲེས་ད་ལྟ་ཉིད། །རྟོགས་གྲོལ་ཆེན་པོར་བྱིན་གྱིས་རློབས། ཨོཾ་ཨཱཿབཛྲ་གུ་རུ་དྷརྨ་ཀཱ་ཡ།སམྦྷོ་ཀཱ་ཡ། ནིརྨ་ཀཱ་ཡ་སརྦ་སིདྡྷི་ཧཱུྃ་ཨཱ༔ ཞེས་བཟླས་མཐར་དབང་བཞི་བླང་བ་ནི། །


JSD003_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་མཐུ་ཡིས་བླ་མའི་རྒྱུད་བསྐུལ་ཏེ། །རྒྱལ་ཀུན་རྡོ་རྗེ་གསུམ་གྱི་སྙིང་པོ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་རིམ་གཅིག་ཆར། །བྱུང་བ་རང་གི༔ གནས་གསུམ་ཐིམ་པ་ཡིས། །སྒོ་གསུམ་ཤེས་སྒྲིབ་བག་ཆགས་བཅས་པར་སྦྱངས། །དབང་བཞི་ཐོབ་ཅིང་ཐུགས་ཡིད་དབྱེར་མེད་འདྲེས། །ལྷན་སྐྱེས་བདེ་ཆེན་སྐུ་བཞིའི་རང་ཞལ་བལྟ། །ཨ་ཨཱ༔ ཞེས་བླ་མའི་དགོངས་ཀློང་དང་དབྱེར་མེད་དུ་བསྲེས་པའི་ངང་ལ་མཐའ་བྲལ་དུ་གློད་དེ།།དེ་ཡང་ངང་ལ་གནས་པ། །དྲན་གཞི་ཟད་པ། འབད་རྩོལ་མེད་པ། རེ་དོགས་གྲོལ་བ།ཡང་དོག་མེད་པ། རིག་ལ་མི་འཛིན་པ།མ་ཡེངས་པ་ལ་རྟོག་པས་མ་བསླད་པའི་རང་བཞིན་དུ་མཉམ་པར་བཞག །དེ་ལས་ལྡང་བ་ན།དགེ་བ་འདི་ཡིས་མྱུར་དུ་བདག །སྐུ་གསུམ་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དེང་ནས་བདག་སོགས་སྐྱེ་བ་ཐམས་ཅད་དུ། །མི་ཁོམ་བརྒྱད་


JSD003_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་དལ་འབྱོར་ཡོན་ཏན་ཐོབ། །མཐའ་ཡས་འགྲོ་ལ་ཕན་ཕྱིར་ཐེག་པ་མཆོག །དེར་ཞུགས་ནས་ནི་དག་རྫོགས་སྨིན་པར ཚེ་ཡི་འདུ་བྱེད་སྟོངས་པར་གྱུར་མ་ཐག །བདེ་བ་ཅན་དང་རི་བོ་པོ་ཊ་ལ། །ཟངས་མདོག་དཔལ་རིའི་ཞིང་དུ་བརྫུས་སྐྱེས་ཏེ། །འོད་དཔག་མེད་དང་སྤྱན་གཟིགས་པད་འབྱུང་རྗེས། །བཤེས་གཉེན་མཆོག་མཛད་སྨིན་གྲོལ་ལུང་བསྟན་ཅིང་། །ཕ་རོལ་ཕྱིན་བཅུ་རབ་རྫོགས་བདེ་གཤེགས་ཁོལ། །སྒྲིབ་བྲལ་འབྲས་བུའི་སྦུབས་སུ་གྲོལ་བར་ཤོག །ཅེས་དང་བདེ་སྨོན་རྒྱས་བསྡུས་ཟངས་མདོག་དཔལ་རིའི་སྨོན་ལམ་སོགས་ཀྱིས་མཐའ་བརྒྱན་ཏེ་སྤྱོད་ལམ་ཐམས་ཅད་བླ་མའི་རྣལ་འབྱོར་གྱི་ལམ་ཁྱེར་དང་མ་བྲལ་ན་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་རྐྱེན་གཞན་ལ་རག་མ་ལུས་པར་མྱུར་བ་ཉིད་དུ་འབྱུང་བ་ཡིན་པས་ཉམས་སུ་བླང་བར་བྱའོ། །ཞེས་པའང་སྔོན་ཆད་རང་ཉིད་ཀུལླུའི་རི་ཁྲོད་ཕུན་ཚོགས་དགའ་ཚལ་དུ་འདུག་


JSD003_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་གུ་རུ་བརྟུལ་ཞུགས་གླིང་པ་དཔོན་སློབ་རྣམས་ཀྱིས་རིན་པོ་ཆེ་སྣ་ལྔའི་མཎྜལ་དང་བཅས་དངོས་སུ་བསྐུལ་བ་དང་། ཉེ་ཆར་ཡི་གེའི་ལམ་ནས་ནན་ཏན་གྱིས་བསྐུལ་བའི་ངོ་མལྡོག་པར་དུས་ཞབས་ཀྱི་བྱ་སྤྲང་སྙོམས་ལས་པ་སངས་རྒྱས་རྡོ་རྗེས་རབ་ཚེས་ལྕགས་གླང་ཟླ་༣ཚེས་༡༠ལ་ལྷོ་མོན་གྱི་མཚམས་རི་ལྗོངས་སྨན་ཤིང་མེ་ཏོག་རྒྱས་པའི་ཚལ་དུ་སྦྱར་བའོ།། །།


previousབླ་མའི་རྣལ་འབྱོར་སྐུ་གསུམ་རིག་འདུས།next