Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

4 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
 
འོད་གསལ་སྙིང་གི་ཐིག་ལེ་ལས། དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་སྨད་ལས་སྤུ་གྲི་འབར་བ་གློག་གི་འཕྲུལ་འཁོར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


4 occurrences of འབེན་
[Clear Hits]

 
previousའོད་གསལ་སྙིང་གི་ཐིག་ལེ་ལས། དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་སྨད་ལས་སྤུ་གྲི་འབར་བ་གློག་གི་འཕྲུལ་འཁོར།next

འོད་གསལ་སྙིང་གི་ཐིག་ལེ་ལས། དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་སྨད་ལས་སྤུ་གྲི་འབར་བ་གློག་གི་འཕྲུལ་འཁོར།


JSD003_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་སྙིང་གི་ཐིག་ལེ་ལས། དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་སྨད་ལས་སྤུ་གྲི་འབར་བ་གློག་གི་འཕྲུལ་འཁོར་ཞེས་བྱ་བ་བཞུགས་སོ།


JSD003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་དཔལ་པདྨ་དྲག་པོ་ལ་ཕྱག་འཚལ་ལོ། །དཔལ་ཁྲག་འཐུང་པདྨ་དྲག་པོ་རྡོ་རྗེ་གྲོ་ལོད་མཐིང་ནག་གི་རྩ་བའི་བསྙེན་ཐེམས་པའི་རྣལ་འབྱོར་པས་དམར་ཆེན་གཏོར་བཟློག་གི་ལས་སྦྱོར་བརྩམས་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ནི། གཟའ་སྐར་རྩུབ་ཅིང་དྲག་ལས་ལ་བསྔགས་པའི་དུས་སུ་ཕུགས་ལོགས་སུ་རྟེན་དང་བདག་བསྐྱེད་ཀྱི་མཆོད་གཏོར་བཤམས་པའི་མདུན་དུ་ལས་དཀྱིལ་གྱི་གཞིར་


JSD003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ཁྲག་གིས་ཆག་ཆག་བཏབ་པར་ཆོས་འབྱུང་ནག་པོ་ལྕགས་འཁོར་རྩིབས་བཞི་རྡོ་ར་མེ་རིས་མཚན་པ་ཅན་འབྲི་བའམ། མ་འབྱོར་ན་འབྲུ་ནག་གི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫིའི་ཁར་ལྕགས་སྣོད་དུ་འབྲུ་ནག་ཕྱེ་མ་ཁྲག་ཆང་གིས་སྦྲུས་པ་ལ་གཏོར་མ་ཟུར་གསུམ་ཐོག་གཟུགས་སྲིན་ཞལ་ཕྱུངས་པ་ལ། འཁོར་དམར་གཏོར་ཟུར་གསུམ་དགུ་དང་བཞིས་བསྐོར་བ་ལ་མེ་རི་སོགས་དྲག་རྒྱན་རྔམ་བརྗིད་ཅན་གྱི་རྩེར་སྐུ་རྟེན་དང་ཁྱུང་ཙཀ་དར་ནག་


JSD003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གི་འཕུར་ལྡིང་རྡོ་རྗེ་རྭ་གདེངས་པ་དང་། ཐོད་སྐམ་གྱི་ཏོག་གིས་སྨྲས་པ། མཚེ་ཡུངས་རྩང་གསུམ་ཤ་དུམ་རྒྱུ་རློན་རྣམས་ཀྱིས་བརྒྱན་པ་བཀོད་མཐར་ཁྲག་གི་ཨརྒྷཾ་སོགས་དྲག་པོའི་མཆོད་པས་གཡས་སུ་བསྐོར། མདུན་ངོས་སུ་བྲུབ་ཁུང་ལིངྒ་ཐུན་རྫས་བསྒྲལ་ཆས་སོགས་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། བསྐྱེད་བཟླས་ཀྱི་རྫོང་བཅའ་བ། ལས་སྦྱོར་གྱི་དཔུང་བསྡུ་བའོ། །དང་པོ་ནི། བརྒྱུད་འདེབས་ནས་བརྩམ་སྔོན་འགྲོ་རྣམས་དང་། དངོས་གཞི་བདག་མདུན་ཅིག་ཅར་དུ་གསལ་བཏབ་ལ་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་ཅི་འགྲུབ་མཐར། སྲུང་འཁོར་གྱི་དམིགས་པ་ནི། བདག་ཉིད་རྡོ་རྗེ་གྲོ་ལོད་ཀྱི༔ ཐུགས་མཆོག་འོད་ཀྱི་དྲྭ་བའི་ཀློང་༔ པདྨ་ཉི་ཟླའི་གདན་སྟེངས་སུ༔ ཕ་ལམ་ལས་གྲུབ་རྡོ་རྗེ་སེར༔ རྩེ་ལྔའི་ལྟེ་བར་ཉི་གདན་དབུས༔ ༸ཧཱུྃ་ཡིག་མཐིང་ཀའི་ཀླད་སྐོར་ནང་༔ བླ་མ་ཁོག་པར་བསྲུང་བྱ་དང་༔ ཞབས་ཀྱུ་


JSD003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མཁར་རྟ་ཕྱུགས་ལ༔ མཐའ་སྐོར་སྔགས་ཕྲེང་འཁོར་བ་ཡི༔ འོད་ཀྱིས་རྒྱལ་བ་སྲས་བཅས་མཆོད༔ བྱིན་རླབས་དངོས་གྲུབ་གསེར་བཙོ་མའི༔ འོད་ཀྱི་རྣམ་པར་འདུས་པ་ཡང་༔ ཕྲ་རབ་རྡོ་རྗེའི་རྡུལ་གྱུར་ནས༔ དམིགས་བྱའི་ལུས་ངག་ཡིད་གསུམ་དང་༔ ཕྱི་རོལ་རྡོ་རྗེའི་ར་གུར་ལས༔ འདྲེས་པས་ཅིས་ཀྱང་མི་ཤིགས་གྱུར༔ འདྲེས་པས་ཅིས་ཀྱང་མི་ཤིགས་གྱུར༔ རྩ་སྔགསཤམ་དུ༔ མ་མ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ་ཧཱུྃ༔ ཞེས་བཏགས་པ་ཅི་ནུས་སུ་བཟླ། །་དམིགས་ནི། སྐུ་དང་ཕྱག་མཚན་ཐམས་ཅད་ལས། །གནམ་ལྕགས་རྡོ་རྗེའི་ཚ་ཚ་དང་། །ལྕགས་སྡིག་ནག་པོ་སེར་ཆེན་བཞིན། །འབེབས་པ་སྟོང་ཁམས་ཐམས་ཅད་ཁེངས། །ཕ་རོལ་བྱད་ཕུར་དམག་ཚོགས་དང་། །སྡེ་བརྒྱད་ལོག་འདྲེན་ཐལ་བར་བརླག །འཁོར་འདས་བྱང་ཆུབ་སེམས་ཀྱི་


JSD003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་། །གཉིས་སྣང་དགྲ་འདྲེ་དབྱིངས་སུ་ཡལ། །ཞེས་རྩ་སྔགས་དང་གཟིར་སྔགས་སྦྲེལ་བའི་ཤམ་དུ། གནོད་བྱེད་དམ་སྲི་རྒྱལ་གདོན་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་མཱ་ར་ཡ་བྷོ་བྷྱོཿ་ཟློག་ཟློག་ཅེས་ཅི་འགྲུབ་དང་། ཨོཾ་བཛྲ་ཤྲཱི་གྲོ་བོ་ལོད་ཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛམ་རྦད་ནནཿ༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོ་ཁྲོ་བྩོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཞེས་པའང་ཅུང་ཟད་བཟླས་ཏེ་ཐུན་རྫས་ལ་ཧས་བཏབ་སྟེ་ངར་འདོགས། མཐར། ན་རོ༔ དཀོན་མཆོག༔ གསུམ་གྱི་བདེན་པ་དང་༔ རྩ་གསུམ་ལྷ་ཡི་བྱིན་རླབས་དང་༔ ཆོས་སྐྱོང་སྲུང་མའི་མཐུ་རྩལ་དང་༔ རིག་སྔགས་དམོད་པའི་མཚོན་ཆའི་མཐུས༔


JSD003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

།བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ དགྲ་འདྲེ་ཆག་ཆེ་ཉམ་ང་དང་། །བྱད་ཕུར་རྦོད་གཏོང་སྲི་ཀེགས་སོགས། །མཐུན་གནོད་བྱེད་མ་ལུས་པ། །མེད་པར་གྱུར་ཅིག་ཞི་གྱུར་ཅིག །རབ་ཏུ་ཞི་ཞིང་སྟོང་གྱུར་ཅིག །བྷྱོཿ་བྷྱོཿ་ཟློག་ཟློག་མཱ་ར་ཡ༔ བྱ། དེ་ནས་བཀའ་སྲུང་མ་མགོན་ལྕམ་དྲལ། གཟའ། ཚེ་རིང་མ་བཅས་སྙིང་ཐིག་གཉན་པོའི་ཆོས་སྲུང་རྣམས་ཀྱི་གཏོར་ཆོག་རྒྱས་བསྡུས་ཅི་རིགས་བཏང་། ཚོགས་བྱིན་རླབས་ནས་ལྷག་མའི་མཐར་ཐུག་བར་བཏང་རྗེས་སྨད་ལས་ལ་འཇུག་པ་ཉིད་སྔ་འགྱུར་བའི་རིག་འཛིན་གོང་མ་ཁ་ཅིག་གི་བཞེད་པ་བཞིན་འདིར་ཡང་ཕྱག་ལེན་ལ་མཛད་དོ། གཉིས་པ་ལས་སྦྱོར་ལ་གཉིས། གདབ་པའི་ འབེན next hit་གཟུག་པ། ཟློག་པའི་གཡུལ་གཤོམ་པའོ། །དང་པོ་ལ། ཐོག་མར་དཔུང་བསྡུ་བའི་ཕྱིར་ཐུགས་དམ་བསྐུལ་བ་ནི། སྣོད་བཅུད་དཀྱིལ་འཁོར་དུ་བསྐྱེད་པ་


JSD003_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྔོན་གྱི་ཐུགས་དམ་ལས་བཞེངས་ཏེ་རྔམ་པའི་ཧཱྃ་སྒྲ་དིར་གྱིས་མངོན་སྤྱོད་དྲག་པོའི་ལས་ལ་ཆས་པར་བསམ་ལ། ཧཱུྃ་བྷྱོཿ བདེ་ཆེན་ཆོས་དབྱིངས་སྒྱུ་འཕྲུལ་དྲྭ་བའི་སྐུ༔ འོད་དཔག་མེད་མགོན་སྟོན་པ་གངས་ཆེན་མཚོ༔ རིགས་ལྔའི་རྒྱལ་བ་སྲས་དང་བཅས་པའི་ཚོགས༔ དགོངས་པ་གཅིག་བསྡུས་དབང་ཆེན་ཁྲོས་པ་དགོངས༔ ལོག་སྤྱོད་གདུག་པས་ཁེངས་པའི་རཱུ་ཏྲ་དེས༔ སྦྱོར་བ་རྩུབ་མོས་འཇིག་རྟེན་ཉམ་ཐག་ཚེ༔ ཁྲོ་ལ་ཁྲོས་པ་རོལ་པའི་ཕྲིན་ལས་ཀྱིས༔ དཀྱིལ་འཁོར་ཐམས་ཅད་བདག་ལ་བསྡུ་མཛད་དེ༔ སྟོང་ཉིད་སྙིང་རྗེ་ཁྲོས་པའི་ང་རྒྱལ་གྱིས༔ འཛིན་རྟོག་ལོག་པའི་བདག་པོ་འདུལ་བ་བཞིན༔ ཐུགས་དམ་བསྐུལ་བ་དྲག་པོའི་སྔགས་ལ་དགོངས༔ ༀ་རུ་ལུ་རུ་ལུ་ཧཱུྃ༔ བྱང་ཆུབ་སེམས་ཀྱི་གཟི་བརྗིད་ལྡན་བྱས་


JSD003_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ འཕྲོ་འདུའི་འོད་ཀྱིས་འཁོར་བ་རུ་བཟློག་ཅིང་༔ རྡོ་རྗེ་སློབ་དཔོན་ཐོད་ཕྲེང་རིགས་ལྔའི་ཚོགས༔ དུས་གསུམ་སངས་རྒྱས་ཐམས་ཅད་ར་མདའ་གཉེར༔ སྤྲུལ་པ་བསམ་མི་ཁྱབ་ཅིག་བསྒྱུར་ལ་རྔམ༔ ཁམས་གསུམ་དྲེགས་པའི་ཚོགས་ལ་སྐྱས་ལིངས་ཐོབ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ སྤྲུལ་སྐུ་རིགས་ཀྱི་སྤྲུལ་པ་བརྗོད་མི་ལངས༔ དབང་དྲག་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཨོཾ་རུ་ལུ་རུ་ལུ་ཧཱུྃཧཱུྃཿ ཞེས་དང་། དོ་གལ་ཆེ་ན་གསང་ཆེན་སྔ་འགྱུར་བའི་བསྟན་སྲུང་གཉན་པོ་སྔགས་བདག་དྲེགས་པའི་ཚོགས་རྣམས་སྒོས་སུ་བསྐུལ་བ་ནི། ཀྱི། བདག་ནི་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོ། །དམ་ལ་གནས་ཤིང་རྩ་གསུམ་ལྷ་ལ་ཕྲེང་།


JSD003_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སུ་གསོལ་ལོ་རྒྱུད་གསུམ་དྲེགས་པའི་ཚོགས། །ཐུགས་དམ་མ་གཡེལ་བཅོལ་བའི་ལས་འདི་སྒྲུབས། །སྔགས་འཆང་དམ་ལྡན་གང་དུ་གནས་པ་དེར། །ལུང་དང་རྟོགས་པའི་སངས་རྒྱས་བསྟན་པ་གནས། །རྒྱལ་བསྟན་རིན་ཆེན་གང་དུ་གནས་པ་དེར། །བསྟན་སྲུང་དམ་ཅན་དྲེགས་པའི་ཚོགས་ཀྱང་གནས། །རིག་འཛིན་བླ་མའི་བཀའ་རྒྱུད་འཛིན་པ་པོས། །བསྙེན་སྒྲུབ་ཕྲིན་ལས་གཞུང་བཞིན་བསྲངས་ནས་ཀྱང་། །བ་ལིཾ་བདུད་རྩིའི་མཆོད་པ་བཤམས་ལགས་ན། །དམ་ཅན་རྒྱ་མཚོ་སྤྲིན་ཕུང་བཞིན་དུ་འདུས། །བུ་ཆུང་ཕ་ལ་རེ་བ་ཇི་བཞིན་དུ། །བདག་ཅག་ཁྱེད་ལ་མི་རེ་སུ་ལ་རེ། །རྒྱལ་མཚན་དམ་པར་ཁྱེད་རྣམས་ཅིའི་མི་འཕྱར། །ཐུགས་རྗེས་གཟིགས་ཤིག་སྔགས་བདག་དྲེགས་པའི་ཚོགས། །བརྒྱུད་གསུམ་བླ་མའི་ཐ་


JSD003_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དགོངས་སམ་ཅི། །རྣལ་འབྱོར་གདུང་བའི་བསྐུལ་དབྱངས་གསན་ནམ་ཅི། །རྒྱལ་བསྟན་སྨ་འབེབས་བྱེད་པ་གཟིགས་སམ་ཅི། །ཁྱེད་ཀྱི་གཡར་དམ་གཉན་པོ་བདག་གིས་བསྐུལ། །སྔོན་ཚེ་རྒྱལ་དབང་པདྨ་ཐོད་ཕྲེང་སོགས། །རིག་འཛིན་བླ་མ་འདུས་པའི་དཀྱིལ་འཁོར་དུ། །སྔགས་བདག་དྲེགས་པའི་ཚོགས་རྣམས་སྤྲིན་ལྟར་འདུས། །མ་འོངས་རྩོད་ལྡན་སྙིགས་མའི་དུས་ཀྱི་ཚེ། །ཡང་གསང་སྙིང་པོ་ཐུགས་ཀྱི་བསྟན་པ་ལ། །སྙིང་སྟོབས་ལྡན་པ་སྙིང་པོའི་བསྟན་འཛིན་ཚོགས། །བརྟུལ་ཞུགས་དྲག་པོའི་རྩལ་གྱིས་འབྱུང་བའི་ཚེ། །སྔགས་བདག་དྲེགས་པའི་དཔུང་ཚོགས་དེར་ཆས་ནས། །མི་བཟོད་དམོད་པ་དྲག་པོའི་གནམ་ལྕགས་ཐོག །འཇིགས་པའི་མི་དབལ་རྔམ་པའི་ང་རོ་ཡིས། །བསྟན་པའི་ཆེ་བ་སྨད་པའི་


JSD003_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་ཀྱི། །དཔའ་བཀོང་སྙིང་འབྱིན་སྡེ་རིགས་བརླགས་ནས་སུ། །བསྟན་མཇུག་སྔགས་ཀྱིས་གསོ་བར་དམ་བཅས་བཞིན། །དམ་རྫས་བདུད་རྩི་འབར་བ་འདི་བཞེས་ལ། །སྔགས་འཆང་བདེན་ཚིག་རྫུན་དུ་མ་གཏོང་ཀྱེ། །དྲེགས་པའི་གཟི་བྱིན་དབྱིངས་སུ་མ་སྦེད་པར། །ཇི་ལྟར་རེ་ཞིང་བཅོལ་བའི་ལས་འདི་ལ། །རྟགས་དང་མཚན་མ་མྱུར་དུ་སྟོན་པ་དང་། །མ་ཐོགས་མ་འགྱང་ད་ལྟ་ཉིད་དག་ཏུ། །ལས་ཀྱི་འབྲས་བུ་མཆིས་པར་མཛད་དུ་གསོལ། །ཧཱུྃཿ། རབ་འབྱམས་ཞི་ཁྲོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད། །བཀའ་སྲུང་དྲེགས་ཆེན་གཉན་པོའི་ཚོགས་དང་བཅས། །ལྷ་གྲལ་མི་བརྩི་བརྙས་སེམས་འཆང་བ་ཡི། །སྡིག་ཅན་དགྲ་བོ་ད་ལྟ་ཁུག་ལ་ཤོག །རྒྱལ་བ་རྒྱ་མཚོའི་ཐུགས་བཅུད་ནང་རྒྱུད་གསུམ། །མཁས་གྲུབ་རིག་འཛིན་བརྒྱུད་པའི་


JSD003_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་ལུང་བཅས། །ཆོས་གྲལ་མི་བརྩི་སུན་འབྱིན་བྱེད་པ་ཡི། །སྡིག་ཅན་དགྲ་བོ་ད་ལྟ་ཁུག་ལ་ཤོག །ཐུགས་རྗེའི་བདག་ཉིད་རྒྱལ་དབང་པདྨ་དང་། །དེ་ཡི་ཟབ་མོ་གཏེར་གྱི་ཆོས་རྣམས་ལ། །བཀའ་དྲིན་མི་བརྩི་བྱས་པ་ལོག་བཟོ་བའི། །སྡིག་ཅན་དགྲ་བོ་ད་ལྟ་ཁུག་ལ་་ཤོག །ཚོགས་ཀྱི་རྒྱལ་པོ་གསང་སྔགས་འདུས་པའི་སྡེ། །རྒྱལ་དབང་པདྨའི་རིང་ལུགས་འཛིན་པ་རྣམས། །མཆོད་གྲལ་མི་བརྩི་གཤེ་སྐུར་བྱེད་པ་ཡི། །སྡིག་ཅན་དགྲ་བོ་ད་ལྟ་ཁུག་ལ་ཤོག །གངས་ཅན་འདི་ན་བསྟན་སྒོར་ཞུགས་རྣམས་ལ། །ཆོས་དང་གང་ཟག་བཀའ་དྲིན་ཆེ་བ་ནི། །སྔ་འགྱུར བ་སྟེ་དེ་དག་ཁྱད་གསོད་པའི། །སྡིག་ཅན་དགྲ་བོ་ད་ལྟ་ཁུག་ལ་ཤོག །སྔ་འགྱུར་དབང་ཆོས་མན་ངག་སྒོར་ཞུགས་ནས། །ངན་སྨྲས་ལོག་ལྟའི་ཁོང་


JSD003_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲན་འཆང་བ་རྣམས། །ཁྱད་པར་དུ་ཡང་བསྒྲལ་བའི་ཞིང་ཡིན་པས། །མ་ཐོགས་ད་ལྟ་ཉིད་དུ་ཁུག་ལ་ཤོག །མདོར་ན་གསང་ཆེན་སྔ་འགྱུར་བསྟན་པ་ལ། །བསམ་པ་ངན་དང་སྦྱོར་བ་རྩུབ་པ་དང་། །མངའ་ཐང་དཔལ་ལ་ཇི་གནོད་བྱེད་པ་རྣམས། །མ་ཤོར་ད་ལྟ་ཉིད་དུ་ཁུག་ལ་ཤོག །ཕྱོགས་ཞེན་བསམ་པ་གདུག་པས་བསྟན་སྲུང་ཚོགས། །ཐུགས་དམ་གནད་ནས་བསྐལ་བ་མ་ལགས་ཏེ། །སྡིག་ཅན་འདི་ལ་ཉེས་པ་འདི་ཡོད་པས། །ལེགས་ཉེས་༝ སྟངས་འཛིན་རྣམས་ཀྱིས་འགུགས་པར་འོས། །བསྟན་ལ་གནོད་ཀྱང་ཁྱེད་ཀྱིས་མི་སྒྲོལ་ན། །འཇིག་རྟེན་བསྒྲལ་བའི་ཞིང་ནི་གང་དུ་མཆིས། །ཕུད་ཀྱི་ངོ་བསྲུང་ཉེས་ཆུང་གསོད་བྱེད་པ། །དེ་འདྲས་བསྟན་པ་བསྲུང་བར་འགྱུར་རམ་ཅི། །རྣལ་འབྱོར་བདག་དང་བསྟན་སྲུང་རྒྱལ་པོ་རྣམས། །བསྟན་དང་


JSD003_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་འཛིན་གཙིགས་སུ་བཟུང་བ་ཡི། །འདའ་དཀའ་རྡོ་རྗེའི་དམ་ཚིག་གཅིག་ལགས་ན། །བསྐུལ་བའི་ལས་འདི་ཡལ་བར་མ་འདོར་ཅིག །གལ་ཏེ་ཡང་དག་བསྟན་དང་རང་བཟོའི་ཆོས། །ཐེག་ཆེན་བསྟན་པ་འཛིན་དང་ལོག་སྨོན་ཅན། །འདྲ་ཞིང་མཉམ་པར་དབྱེ་བསལ་མི་འབྱེད་ན། །ཁྱེད་ལ་བསྟན་སྲུང་མཚན་གྱིས་ཅི་ཞིག་བགྱི། །སྔགས་བདག་དྲེགས་པ་མེད་དང་ཁྱད་མ་མཆིས། །རྒྱུ་འབྲས་བདེན་པ་འཆོལ་དང་ཁྱད་པར་མེད། །སྲིད་གསུམ་དཔལ་འབྱོར་ཉམས་པར་གྱུར་ཀྱང་སླའི། །བསྟན་པའི་གནད་རྣམས་ཉམས་པར་མི་རུང་ཡང་། །བསྟན་ལ་འཚེ་བའི་མི་དང་མི་མིན་གྱིས། །བསྟན་པའི་མངའ་ཐང་བཅོམ་པ་མ་གཟིགས་སམ། །འབར་བའི་སྤྱན་གྱིས་ཁམས་གསུམ་ས་ལེར་གཟིགས། །དམ་ཚིག་སྙིང་ལ་


JSD003_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བརྣག་པའི་ཤུགས་ཀྱིས་ནི། །སྲིད་གསུམ་ཁྱབ་རྒྱུག་ས་གསུམ་བརླག་ནུས་པའི། །དམ་ཅན་དྲེགས་པ་བསྐུལ་ལོ་ས་མ་ཡ། །རྟེན་འབྲེལ་ཆོས་ཉིད་བདེན་པ་མི་བསླུ་ཞིང་། །བསྟན་སྲུང་དྲེགས་པ་དམ་ཚིག་མཐུ་ལྡན་ན། །བརྒྱུད་གསུམ་བླ་མའི་རྒྱུད་འཛིན་རྣལ་འབྱོར་གྱིས། །བསྐུལ་བའི་ལས་ལ་བཏང་སྙོམས་ཇི་ལྟར་མཛད། །ནམ་མཁའ་སྟོང་པ་འདི་ལ་ཚད་མ་འཛུགས། །ལས་ཀྱི་རྣམ་པར་སྨིན་ལ་ཁུང་མ་ཕྱུངས། །སྣ་ཚོགས་གཞན་གྱི་རྐྱེན་ལ་བསྙད་མ་གདགས། །ཕྱི་མའི་སྐྱེ་བར་དུས་འདེབས་མ་མཛད་པར། །གནག་པའི་དགྲ་བགེགས་ད་ལྟ་ཉིད་དུ་ཁུག །བཤམས་པའི་གཏོར་མ་འདི་དང་གཉིས་མེད་སྟིམས། །ཁ་ཁ་ཁཱ་ཧི་དགྲ་བོ་མཱ་ར་ཡ། །རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར། །བསྟན་སྲུང་དྲེགས་པ་རབ་ཏུ་དགྱེས་མཛོད་ལ། །


JSD003_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་སྒོས་རཱ་ཏྲའི་མིང་ཡང་མེད་པར་གྱིས། །ཐེག་མཆོག་སྙིང་པོའི་བསྟན་པ་རིན་པོ་ཆེའི། །གནད་རྣམས་ཉམས་པར་བྱེད་པའི་བཟང་བརྫུ་ཅན། །གང་དུ་བྱུང་ཡང་དེ་ཡང་མོད་ཉིད་ལ། །སྙིང་ཁྲག་ས་ལ་གཏོར་ཞིང་བརླག་པར་གྱིས། །གཞན་ཡང་བསྟན་ལ་གནོད་པའི་དགྲ་དང་བགེགས། །གང་ན་འདུག་པ་མཁྱེན་པའི་སྤྱན་གྱིས་ལྟོས། །ཞི་རྒྱས་དབང་གིས་གདུལ་བར་འོས་པ་རྣམས། །ཕྲིན་ལས་ཆེན་པོས་དེ་ལྟར་འདུལ་བར་མཛོད། །གལ་ཏེ་ཞི་བས་འདུལ་དུ་མི་འཚལ་ན། །སྡིག་ཅན་དེ་དག་སྡེ་དང་ཕྱོགས་སུ་བཅས། །རྗེས་མེད་བརླག་ཅིང་དེ་ཡང་སྟོབས་དང་དཔུང་། །ནམ་ཡང་ལྡང་མེད་གནོན་པའི་ཕྲིན་ལས་མཛོད། །ཆོས་སུན་འབྱིན་པའི་ལྕེ་ལ་རལ་གྲིས་ཐོབ། །བརྣག་པ་ངན་པའི་སྙིང་ལ་དུག་མདའ་རྒྱོབ། །སྦྱོར་བ་


JSD003_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པའི་ཡན་ལག་ཞགས་པས་ཆིངས། །རྗེས་བཞག་ངན་པའི་ལས་མཐའ་ཤུལ་མེད་སྡུས། །སྟོབས་ནུས་རླུང་རྟ་ཁ་ཕུང་རྗེས་མེད་ཐོངས། །འཁོར་གཡོག་སྡེ་དཔུང་མིང་མེད་རང་བརླག་མཛོད། །བརྒྱུད་འཛིན་རྗེས་བརྗོད་མཐའ་ཡས་ཤུལ་མེད་གྱིས། །བརྣག་པའི་ལས་འདི་ཇི་བཞིན་མཐར་དབྱུང་ནས། །བསྟན་པའི་སྙིང་པོ་མཆོག་དང་དེ་འཛིན་སྡེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་འཆི་མེད་རྔ། །ས་གསུམ་ཁྱབ་པར་བསྒྲགས་པའི་དགེ་ལེགས་ཀྱིས། །འཇིག་རྟེན་ཕན་བདེ་ཆེན་པོས་ཁྱབ་པར་མཛོད། །ཅེས་དྲག་ཏུ་བསྐུལ། གསེར་སྐྱེམས་འབུལ་བ་ནི། རཾ་ཡཾ་ཁཾ འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བརླབས། ཧཱུྃཿ དཀོན་མཆོག་རིན་ཆེན་གསུམ་དང་རྩ་བ་གསུམ༔ ཁྱད་པར་དབང་དྲག་གྲོ་ལོད་


JSD003_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཚོགས་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་བསྐྱེད་ཅིག༔ ཕོ་རྒྱུད་མོ་རྒྱུད་མ་ནིང་དྲེགས་པའི་སྡེ༔ མ་མོ་མཁའ་འགྲོ་ཞིང་སྐྱོང་གནས་ཉུལ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ འབྱོར་བདག་གི་མཐུ་དང་དཔུང་བསྐྱེད་ཅིག༔ ལོ་ཟླ་ཞག་དུས་སྤར་སྨེ་ཚེས་ཀྱི་བདག༔ ཡུལ་ལྷ་གཞི་བདག་མཐུ་རྩལ་ལྡན་པ་ཀུན༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་མཐུ་དང་དཔུང་བསྐྱེད་ཅིག༔ གཟུ་དཔང་གསོལ་བ་ནི། ༸ཧཱུྃ་བྷྱོ༔ མ་ཉེས་མ་ལན་འཕགས་པའི་ཚོགས༔ བདེ་གཤེགས་རྣམས་ཀྱིས་གཟུ་དཔང་མཛོད༔ ཞལ་ལྕེ་ལྷ་འདྲེ་ཡོངས་ཀྱིས་ཆོདཿ༔ དགོངས་ཤིག་དུས་གསུམ་བདེ་གཤེགས་དང་༔


JSD003_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བཅས་དཀོན་མཆོག་གསུམ་པོ་དགོངས༔ བསྟན་པ་བཤིག་པའི་དམ་ཉམས་ལ༔ སྲུང་སྐྱོབ་མགོན་གྲོགས་མ་མཛད་ཅིག༔ བདག་ཅག་མི་ནོར འཁོར་བཅས་ལ༔ སྡང་བའི་སེམས་དང་རྩུབ་པའི་སེམས༔ གདུག་པའི་སེམས་དང་མི་མཐུན་སེམས༔ གནོད་པའི་སྦྱོར་བ་གཤོམ་པ་དང་༔ previous hit འབེན next hit་བཅའ་སྔགས་དང་འཁྲུལ་འཁོར་བསྐོར༔ ཕྲ་མེན་ངན་སྔགས་རྦད་པ་ཡི༔ བན་དགྲ་གླང་སྙིང་བསམ་ངན་དང་༔ མི་དང་མི་མིན་ཐམས་ཅད་ཀྱི༔ སྟོབས་དང་ནུས་པ་ཐམས་ཅད་ཤིགས༔ མཐུ་དང་རྫུ་འཕྲུལ་ཐམས་ཅད་འཕྲོག༔ ཤ་ཟོ་ཁྲག་འཐུང་ཁྲམ་ལ་ཐོབ༔ སྨྱོ་འབོག་སྨྱོས་དང་བརྒྱལ་དུ་ཆུག༔ རང་མཚོན་ནུས་པ་རང་གཤེད་ཕོབ༔ དྲང་སྲོང་དམོད་པའི་བཀའ་ཆད་ཐོངས༔ ཞེས་དང་། ལྷ་སྲུང་གཉན་པོར་མ་ཉེས་པའི་ཡུས་གསོལ་


JSD003_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ར་མདར་སྦྲན་པ་ནི། ཧཱུྃཿ ཐོག་མེད་དུས་ནས་རྫོགས་སངས་རྒྱས་པའི་མགོན། །རིག་འཛིན་བླ་མ་དཀོན་མཆོག་ཡི་དམ་ལྷ། །ཌཱ་ཀི་དམ་ཅན་ཆོས་སྲུང་དབྱིངས་ནས་གསོན། །བདེན་རྫུན་དྲང་པོའི་དབང་པོ་ཁྱེད་ཀྱིས་མཛོད། །ཆུང་ནས་ལྷག་བསམ་རབ་དཀར་བསམ་པ་འདི། །ཡང་དག་དལ་འབྱོར་སྙིང་པོ་རྙེད་དཀའ་དང་། །མི་རྟག་སྐྱོ་ཤས་འཁོར་བའི་སྡུག་བསྔལ་དྲན། །ཆོས་བཞིན་སྤྱོད་དུས་བཤོལ་འདེབས་དགྲ་ཡིས་གཙེས། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་ལོག །བྱམས་གདུང་མཛའ་བཤེས་གཉེན་འདུན་རྒྱབ་ཏུ་བསྐྱུར། །ཡང་དག་དམའ་མོའི་ས་བཟུང་དམ་ཆོས་བསྒྲུབས། །སྐྱབས་མཆོག་བླ་མ་གཙུག་ཏུ་བསྒོམ་དུས་སུ། །དགྲ་བོ་ལྷ་སྲིན་བདུད་ཀྱི་གཉའ་ནོན་བྱུང་། །སྐྱོབ་པའི་སྲུང་མ་མེད་དམ་


JSD003_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རམ་ཟླར་ལོག །སོ་ཐར་རྫིང་ཞུགས་ཐོས་བསམ་རྒྱ་མཚོའི་གླིང་། །ཡོངས་ཀྱི་དེད་དཔོན་མཚན་ལྡན་བླ་མ་བསྟེན། །སྒོམ་བྱུང་རིན་ཆེན་ལེན་དུ་ཕྱིན་པ་ལ། དགྲ་བོ་མི་མཐུན་རླུང་གི་འཚུབས་མ་བྱུང་། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་ལོག །བློ་གྲོས་འདབ་དཀར་དབང་བཞིའི་ཟེའུ་འབྲུས་མཛེས། །བསྐྱེད་རྫོགས་སྡོམ་གསུམ་དྲི་བཟང་རབ་གྱེས་འདུ། །ཐར་གླིང་ལྷ་ཡི་ཕོ་བྲང་འགྲིམ་པའི་དུས། །དགྲ་བོ་སྐྱིན་ཐང་གློག་གི་འཁོར་ལོ་བསྐོར། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་ལོག༔ ་ཆོས་དབྱིངས་དྭངས་མའི་འོད་ཀློང་དུ། །བདེ་སྟོང་ཡེ་ཤེས་པདྨོ་འཛུམ་པའི་གློང་། །སྣང་བཞི་ཆོས་ཟད་གཞི་ལ་སྨིན་པའི་དུས། །ལོག་ལྟོས་ཐེག་མཆོག་ཁྱད་གསོད་དགྲ་བོ་བྱུང་། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་


JSD003_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ལོག །ཚེ་འདིའི་བྱ་བཞག་འཁྲུལ་པའི་སྤྲིན་ཀུན་དེངས། །རྣམ་མཁྱེན་ཡེ་ཤེས་ཉི་མའི་ཟེར་སྟོང་གིས། །འདབ་དཀར་གླིང་བཞིའི་གདུལ་བྱ་སྐྱོང་བ་ལ། །ཕྲག་དོག་སྐྱིན་ཐང་དགྲ་བོའི་སྤྲིན་ནག་འཁྲུགས། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་ལོག །བོས་ན་སྲ་བའི་བྲག་ཀྱང་ལན་འབྱིན་ན། །དུས་གསུམ་མངོན་ཤེས་བདག་པོ་སྙན་མ་སྲ། །བདག་ལ་དགོངས་པའི་དུས་དེ་དེ་རིང་ལ། །སྐྱབས་ཀུན་ཆོས་ཀྱི་དབྱིངས་ནས་བརྩེ་བས་གཟིགས། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་ལོག །དལ་འབྱོར་ཀླུ་དབང་གཙུག་གི་ཡིད་བཞིན་མཆོག །འདོད་དགུའི་རེ་བ་སྐོང་བའི་སེམས་ཉིད་འདི། །མི་མེད་ནགས་མཐའི་ལྗོངས་སུ་སྐྱོང་བ་ལ། །དགྲ་བོ་སྟོབས་འབྱོར་སྲོག་དབུགས་འཕྲོག་ཏུ་བྱུང་། །སྐྱོབ་པའི་སྲུང་མ་མེད་དམ་


JSD003_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རམ་ཟླར་ལོག །བདག་ནི་བདེན་རྫུན་ཚིག་གསུམ་ཤོད་དབང་མེད། །ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་ཁྱེད་ལྟ་བུར། །མི་བདེན་རྫུན་གྱིས་དབུ་བསྐོར་སུ་ལ་ཞུ། །དྲང་པོའི་དཀར་རྒྱུ་འདི་ལ་ལེགས་གསོན་ལ། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་ལོག །སྔོན་བྱོན་རྒྱལ་བའི་ཐུགས་རྗེའི་ཟེར་མ་ཕོག༔ ལེགས་བཤད་དཀར་པོའི་ཆོས་ཀྱིས་འདི་མ་ཐུལ། །མ་ཉེས་བདེན་པའི་ཁོང་ཡུས་ཁྱད་དུ་བསད། །ཁས་ཉེན་སྒྲུབ་པ་པོ་ཡི་རྒྱབ་བརྟེན་མཛོད། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་ལོག །དཀའ་ཐུབ་སྒྲུབ་པའི་དམ་རྫས་དགྲ་ཡིས་ཁྱེར། །ཆོས་སྲུང་ཌཱ་ཀིའི་རྟེན་རྫས་གར་སོང་ཅི། །དགེ་སྡིག་བླང་དོར མ་ལུས་ཁྱད་དུ་བསད། །ནག་པོའི་རྣམ་སྨིན་འབྲས་བུ་སླེབས་དུས་མེད། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་ལོག །མཧཱ་གུ་རུ་སྲིན་པོའི་ཁ་གནོན་


JSD003_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །པཎ་ཆེན་བི་མ་འཇའ་ལུས་དབྱིངས་སུ་གཟིམས། ཀུན་མཁྱེན་ཡབ་སྲས་མི་སྣང་མཁའ་སྤྱོད་གཤེགས། རྩོལ་མེད་ཨ་ཏིའི་བསྟན་པ་སུ་ཡིས་འཛིན། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་ལོག །འོད་གསལ་འཇའ་ལུས་བསྟན་འདི་ཉམས་དམའ་ཞིང་། །ལོག་སྤྱོད་སྡིག་པའི་བཤེས་ཀྱི་མངའ་ཐང་རྒྱས། །དུས་ངན་མཐའ་དམག་བདུད་ཀྱི་མུན་ཆེན་འཐིབས། །དད་ལྡན་སྐྱོ་ཤས་ཅན་རྣམས་སུ་ལ་རེ། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་ལོག །ཆོས་ལྡན་སྐྱེས་བུ་སྐྱོང་བའི་སྒྲུབ་རྫས་དང་། །ཐོས་བསམ་ཆོས་སྤྱོད་གཞི་མ་ཟབ་མོའི་དཔེ། །ཕངས་ཀྱང་རང་དབང་མེད་པར་དགྲ་བོས་ཁྱེར། །བདག་ལ་འབོད་སའི་མགོན་ནི་ཁྱོད་ལས་མེད། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་ལོག །ཆོས་མཛད་སྐྱེས་བུ་


JSD003_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བར་ཞལ་བཞེས་པའི། །ཆོས་སྲུང་བསྟན་དགྲ་མི་འདུལ་གང་དུ་བཞུགས། །རྦད་ན་གསོས་པའི་ཁྱིས་ཀྱང་དགྲ་འདུལ་ན། །བདག་ཉིད་འབོད་པའི་དུས་སུ་སྙན་མ་སྲ། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་ལོག །ལས་ངན་མི་དགེ་བཅུ་ཡི་སྲོལ་རྣམས་བཏོད། །ལུགས་བཟང་དགེ་བ་བཅུ་ལ་སྤྱད་དབང་མེད། །ཐུབ་བསྟན་པདྨའི་འདབ་བརྒྱ་ཟུམ་དུ་ཉེ། །མ་ཉེས་ཁས་ཉེན་བདག་ཉིད་སུ་ལ་རེ། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་ལོག ། རིག་འཛིན་པདྨའི་སྒྲུབ་བརྒྱུད་ཁྱད་དུ་བསད། །ཕོག་འགྱེལ་ནག་པོའི་མཐུ་ལ་བུ་ལོན་བསྙགས། །བཤད་སྒྲུབ་ཉིད་བྱེད་པདྨ་སད་ལ་བསྐུར། །སྔགས་གཞོན་མི་རྟག་སྐྱོ་བའི་དུས་ཚོད་འདིར། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་ལོག །རྣམ་མཁྱེན་མངོན་ཤེས་མངའ་བས་འདིར་གཟིགས་དང་། །


JSD003_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་དགེ་བའི་བཤེས་ཀྱི་མེ་ཏོག་ཡལ། །བརྩེ་ཆེན་ཆོས་ཀྱི་གླང་པོ་མལ་དུ་གཟིམས། །སྐལ་བཟང་རྗེས་སུ་འཇུག་རྣམས་སྐྱོ་བ་འཕེལ། །སྐྱོབ་པའི་སྲུང་མ་མེད་དམ་རམ་ཟླར་ལོག །བྷྱོཿ། ད་ནི་ཁྱོད་ཀྱི་མཐུ་རྩལ་མ་ཕྱུངས་ན། །དེ་ནས་སྲུང་མ་བརྟེན་པས་ཅི་ཞིག་ཊྛཾབྱ། །སྔོན་གྱི་ལས་ངན་འབྲས་བུའི་དུས་བསྒུག་ན། །མྱུར་བའི་མཐུ་རྩལ་དཔུང་དེ་གང་དུ་ཡལ། །ད་ལྟ་དགྲ་བོ་ཆམས་ལ་དབབ་པའི་དུས། །རྔམ་བྱེད་ལས་ཀྱི་བཤན་པས་བར་སྣང་ཁེངས། །ནད་མཚོན་དུག་གི་ཐོག་ཆར་མ་ཕབ་ན། །དེང་ནས་ཐུབ་བསྟན་འདི་ལ་ཤུལ་མི་མངོན། །བཀའ་གསང་བླང་དོར་མ་ལུས་རྫུན་པར་འགྱུར། །རི་རབ་ཁྲག་གི་རྒྱ་མཚོ་ཉི་ཟླ་དང་། །གླིང་བཞི་ནད་ཀྱི་དཔུང་ཚོགས་མུན་སྤྲིན་ཆར། །ལྟས་ངན་བརྒྱད་ཅུ་རྩ་བཞི་


JSD003_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ། །བཀའ་སྲུང་སྡེ་བརྒྱད་སྟོང་གིས་ཁྲམ་ཁ་ཕོབ། །དགྲ་བོའི་བླ་སྲོག་རྣམ་ཤེས་དབང་མེད་ཆོམས། །ཕྱིན་ཆད་ཕ་ཚེ་བུ་བརྒྱུད་མེད་པར་མཛོད། །ཁ་རྗེ་རིགས་རྒྱུད་སྙན་གྲགས་ཡལ་དུ་ཆུག །ཡུལ་མཁར་སྒྱུ་མའི་གྲོང་ཁྱེར་གྲམ་ལྟར་རྡོལ། །སྐྱོབ་བྱེད་འགོ་བའི་སྲུང་མ་ཡར་ལ་་གཤེགས། །ཕན་བྱེད་རིགས་ཀྱི་ལྷ་དགུ་སྤྲིན་ལྟར་ཡལ། །རེ་བའི་གནས་ཡུལ་ཐུགས་རྗེའི་ཞགས་པ་བསྡུས། །རྒྱལ་བའི་བསྟན་ཀུན་འཇོམས་པའི་ཞིང་བཅུ་འདིའི། །ཕྱི་ཡི་དབང་པོ་རྣམ་ལྔ་མཆོད་པར་བཞེས། །ནང་གི་དོན་སྙིང་སྣ་ལྔ་མཆོད་པར་བཞེས། །གསང་བའི་བླ་ཚེ་སྲོག་དབུགས་མཆོད་བཞེས། །དཀོན་མཆོག་བླ་མའི་དབུ་འཕང་ཡར་ལ་བསྟོད། །ཨ་ཏི་གླང་ཆེན་གཟིམས་པ་མལ་ནས་སློངས། །རྨད་བྱུང་སྒྲུབ་རྒྱུད་པདྨོའི་འདབ་


JSD003_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཕྱེས། །ཆོས་དབྱིངས་ཉམས་དང་རྟོགས་པའི་གདུགས་དཀར་སྒྲེངས། །ཆོས་ཟད་ལྟ་བའི་རྒྱ་མཚོ་མེར་དུ་ཆུག༔ རྣམ་ཀུན་ཐར་གླིང་རྒྱལ་བའི་ཞིང་དུ་སྒྲོལ། །རྟག་ཏུ་སྲུང་མ་རྒྱ་མཚོ་དགྱེས་པའི་ཕྱིར། །གུས་པས་བདག་གི་གཙུག་ཏུ་ཁྱོད་མཆོད་དོ། །ཧོམ་དང་དམིགས་བྱ་བསྐྱེད་པ་ནི། ཨེ་རཾ་ཕཊ་རཾ་ཛྭ་ལ་ཛ༔ ཨེ མཱ་ར་བསད་པའི་ད་ལ་ནི༔ ཕྱི་ནི་གྲུ་བཞི་གདེངས་པ་ལ༔ ནང་ནི་ཟླ་གམ་འབར་བ་ཡི༔ ལྟེ་བ་ཨེ་རྫོང་དམར་ནག་འབར༔ དུག་གསུམ་རང་མཚན་བཙོན་ཁང་དུ༔ དཀོན་མཆོག་སློབ་དཔོན་སྐུ་དགྲ་དང་༔ རྣལ་འབྱོར་བདག་ལ་སྒོས་ཀྱི་དགྲ༔ དམ་ལོག་དམ་ཚིག་ལྡན་པའི་དགྲ༔ འདུ་བར་འོང་དང་སེམས་ཅན་ཚེ༔ རང་རྒྱུད་དམན་པ་ཞིང་བཅུའི་དགྲ༔ བདག་ལ་དོ་བསྡོ་ཕོད་བཙུགས་ཤིང་༔


JSD003_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ངན་ཕྲ་མེན་ལས་སྦྱོར་རྩོམཿ༔ བན་དགྲ་གླང་སྙིང་བྱད་མ་རྣམས༔ ཕུང་ཁམས་སྐྱེ་མཆེད་ཚང་བའི་གཟུགས༔ མི་སྡུག་ཉམ་ཐག་གཟས་པོ་གསལ༔ ཞེས་དམིགས་ལ། ཉེས་པ་བསྒྲག་པ་ནི། ཧཱུྃ། རྒྱལ་བའི་བསྟན་པ་ཡོངས་དང་བྱེ་བྲག་ཏུ། །རང་བཞིན་འོད་གསལ་སྙིང་པོ་ཁྱད་དུ་བསད། དགེ་བའི་དཔུང་བཅོམ་མི་དགེ་བཅུ་ཡི་ཞིང་། །ཐར་པའི་ལམ་སྟོན་ཡོངས་ཀྱི་སྐ་དགྲ་དངོས། །མིང་རུས་ཡི་གེར་བྲིས་པའི་དམ་ཉམས་འདི། །སྙིང་རྗེ་རབ་ཏུ་ཁྲོས་པའི་ཞེ་སྡང་གིས། །མི་བཟད་མཚོན་ཆས་གཏུབས་ལ་རྔམ་ཟས་མཛོད། །སྙིང་ཁྲག་རྒྱ་མཚོར་ཁོལ་བའི་རྦ་ཀློང་བཞེས། །བདེན་རྫུན་ཚིག་གིས་སྨྲ་ས་འདི་ལ་མེད། །མགོ་ཡི་གཉའ་གནོན་རྐང་གི་ཚེར་མ་བྱས། །ཤ་ལྟར་བྲོས་ཀྱང་ཁྱི་ལྟར་བདས་ནས་བྱུང་། །བྱ་ལྟར་ཡིབ་ཀྱང་ཁྲ་ལྟར་


JSD003_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འཚོལ་དུ་བྱུང་། །ཉེས་མེད་བདག་ལ་བདེ་བའི་སྐབས་མ་བྱིན། །སྐྱོབས་པའི་དཀོན་མཆོག་བརྟེན་པའི་སྲུང་མ་ཡང་། འདི་ཡིས་ཁྱད་དུ་བསད་ནས་ལོ་ཟླ་མང་། །ང་ཡི་བདེན་ཡུས་སྣང་སྲིད་མིག་སྔར་བསྒྲགས། །མགོན་མེད་བདག་ལ་ཐུགས་རྗེ་ད་གཟིགས་ཤིག༔ བཅུ་ཀུན་ཚང་བསྟན་པའི་དགྲ་བོ་ལ། །སྟོད་ནས་ཚ་བ་སྨད་ནས་གྲང་བ་དང་། །བར་ནས་བཞི་བརྒྱ་རྩ་བཞིའི་ནད་རིགས་ཀུན། །ཚེ་ཟད་དགྲ་བོའི་སྙིང་གི་དཀྱིལ་དུ་སློངས། །འདི་ནས་ཞག་བདུན་ལྷག་པའི་དུས་བཏབ་ན། །བརྟེན་པའི་བཀའ་སྲུང་རྣམས་ལ་དགོས་པ་མེད། །ལྟས་ངན་བརྒྱད་ཅུ་རྩ་བཞི་ལ་སོགས་པ། །མི་མཐུན་རྟགས་ཀྱི་མཚན་མ་ད་ལྟ་ཐོངས། །མི་སྡོད་འཆི་བའི་རྟགས་ཀྱི་དུས་གཏུགས་ཤིག །བདེན་སྟོབས་བརྗོད་ཅིང་བཀུག་པ་ནི། ན་མོ།


JSD003_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཁྲག་འཐུང་ཆེ་མཆོག་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བཀའ་སྲུང་ཕོ་ཉ་ལས་མཁན་རྣམས་ཀྱི་བཀའ་བདེན་པ་དང་། གཞན་ཡང་གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བདེན་པའི་སྟོབས་ཀྱིས་བདག་ཅག་རྣལ་འབྱོར་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། བར་ཆད་ཀྱི་རྐྱེན། ཁྱད་པར་དུ་དམ་འགོང་རྒྱལ་གདོན་བྱད་མ་རྦོད་གཏོང་ལྷ་སྲུང་དང་བཅས་པ་རྣམས། མགོན་བྱེད་ཀྱི་ལྷ། ཚེ་དང་དབང་ཐང་། བསོད་ནམས་དང་དུས་


JSD003_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབང་དུ་མ་གཏོང་བར་ད་ལྟ་ཉིད་དུ་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ རྩ་སྔགས་མཐར། ནྲྀ་ཏྲི་ཧུར་ཐུམ་ཛ༔ ཛཿཧཱུྃ་བྃ་ཧོ༔ ཞེས་དགུག་གཞུག་དྲག་པོ་ལན་གསུམ་དང་། ཧཱུྃཿ་ཛ༔ སྟོབས་བཅུ་མངའ་བ་རྡོ་རྗེ་གྲོ་བོ་ལོདཿ༔ དབང་ཆེན་གར་གྱི་དབང་ཕྱུག་སྲས་དང་འཁོར༔ རྒྱས་ཆོས་དང་འཕགས་པའི་ཚོགས་ཆེན་པོ༔ མཆོག་གསུམ་བདེན་པ་དམོད་པའི་བྱིན་རླབས་དང་༔ སྙིང་པོ་སྔགས་དང་ཏིང་འཛིན་བདེན་པའི་མཐུསཿ༔ གང་ལ་བྱ་བའི་དམ་ཉམས་སྡིག་ཅན་རྣམས༔ ལྕགས་ཀྱུས་ཟུངས་ལ་ཞགས་པས་སྐེ་ནས་ཆིངས༔ ཡན་ལག་སྡོམས་ལ་དྲིལ་བུས་མྱོས་བྱས་ནས༔ དམིགས་རྟེན་མཚན་མའི་རྫས་ལ་གཉིས་མེད།ཁུག༔ རྩ་སྔགས་མཐར། ཛཿཧཱུྃ་བཾ་ཧོ༔ ནྲྀ་ཏྲི་ཨོཾ་ཀུ་ཤ་ཛཿཛ༔ བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་


JSD003_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཏི་ཐུལ་ཐུལ༔ མྱོག་མྱོག༔ ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག་ལིང་ཤག་ལིང་ཐུམ་ཙ་མུནྜི་ཛཿཧཱུྃ་བཾ་ཧོ༔ ཞེས་འགུགས་འཆིང་སྡོམ་མྱོས་ཀྱི་ལས་བྱ་ཞིང་། ཕྱག་རྒྱ་བཞི། བྱ་འུག་གི་དོང་རུ། དུག་ཁྲག་འབྲས་བུ། ཡུངས་ཀར་བྱད་ཐག་སྨྱོ་ཁྲག་རྣམས་བརྡེག་ལ། ཕོ་ཉ་འགྱེད་པ་ནི། བྷྱོ༔ ལས་བྱེད་ཕྲ་མེན་ཕྲ་མ་མཁན༔ གང་ལ་བྱ་བའི་སྐྱོབ་པའི་ལྷ༔ མི་དང་ལྷ་གཉིས་དབྱེན་གྱིས་དབྱེས༔ མཁོན་ཆུག་རང་གཤེད་རང་ལ་ཕོབ༔ རྩ་སྔགས་དང་། རཱུ་ཏྲ་ཧབ་ལེ་ཧུབ་ལེ་ཤག་ཕྱེས༔ རཱུ་ཏྲ་མ་ནི་མཱ་མ་ས་ཤག་ཕྱེས༔ མ་མ་ཏྲག་རཀྴ་ཤག་ཕྱེས༔ དྷེ་ཝ་ནི་མཱ་ར་ཡ་ཤག་ཕྱེས༔ དྷེ་ཝ་ཙིཏྟ་ཤག་ཕྱེས༔ ཝ་ཤག་ཤག་ཕྱེས༔ བྷ་རི་ཤག་ཕྱེས༔ ཙིཏྟ་ཤག་ཕྱེས༔ ན་སུ་ཡེ་ཤག་ཕྱེས༔ ནཱ་ག་ཕུས་པ་ཤག་ཕྱེས༔ ཀ་ཁ་ག་གྷ་ང་ལཾ༔ དགྲ་བོ་སྐྱོབ་


JSD003_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལྷ་བཅུ་དང་ཤག་ཕྱེས༔ དམ་ཉམས་པའི་དགྲ་བོ་འདི་ཆོས་ཀྱི་སྲུང་མ་དང་ཤག་ཕྱེས༔ སྐྱོབ་བྱེད་ཀྱི་ལྷ་བཅུ་དགྲ་བོའི་བདུད་དང་གཤེད་དུ་ཕོབ་ཅིག༔ ཅེས་བརྗོད། གནད་ལ་དབབ་པ་ནི། ཐུན་རྫས་སྣ་ཚོགས་ཀྱིས་བྲབ་ཅིང་། ཧཱུྃཿ དཔལ་ཆེན་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་ན༔ སྟོབས་ཆེན་ཁྲོ་བོའི་ཐུགས་ཁྲོས་ནས༔ རྡོ་རྗེ་མེ་ཡི་སེར་བ་དང་༔ དྲག་པོ་སྔགས་ཀྱི་སྒྲ་ཆེན་པོས༔ བརླག་པར་་འགྱུར་བར་གདོན་མི་ཟ༔ དགྲ་བགེགས་སྲོག་རྩ་ལེན་པར་བྱེདཿ༔ ཛ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་འདོན་པའི་དུས་ལ་བབ༔ དངོས་གྲུབ་བར་ཆད་རྩོམ་པ་དང་༔ བདག་ལ་སྡང་བའི་དགྲ་བོ་འདི༔ གཏོགས་ཤིག་སྲོག་དང་ཕྲོལ་ལ་ཤོག༔ གློ་སྙིང་དམར་པོ་ཕྱུངས་ལ་ཤོག༔


JSD003_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཡེལ་མ་གཡེལ་ལས་མཛོད་ཅིག༔ དུས་ལ་བབ་བོ་ས་མ་ཡ༔ དྲང་སྲོང་དམོད་པས་བསྡིགས་པ་ནི། ཨོཾ་ལོཀྟྲི་པཱ་ལ་ནན༔ ས་ག་པཱ་ཤ་ནན༔ ནཱ་ག༔ དུ་དུ་ནན༔ མ་མཾ་མ་ཙ༔ ཙིར་ཙ་ར་ཙིར་ཙ་ར༔ བཾ་རུ་ལུ་བཾ་རུ་ལུ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར༔ ཙི་དུ་སོད་ཙི་དུ་སོད༔ ཤིག་ལྷུར་གཏུབས༔ ཧ་ལ་པ་ཏི་ནན༔ འཁོར་བ་ཐུལ༔ གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག༔ ཅེས་དང་། དམ་ཉམས་པའི་དགྲ་བོ་འདི་ཡི་སྲིད་པ་སྤྱི་ནས་བཤིག་ཅིག༔ སྲིད་གསུམ་རྨང་ནས་སྒྱེལ་ཅིག༔ འཁོར་བ་གཏིང་ནས་ཕྱུངས་ཤིག༔ བསྐལ་པའི་མེས་སྲེགས་ཤིག༔ བཀའ་ཡི་དམོད་པས་སྡིགས་ཤིག༔ བཀའ་ཡི་ཆད་པས་ཆོད་ཅིག༔ གནམ་ལྕགས་རལ་གྲིས་སྤྱི་གཙུག་ནས་རྒྱོབ་ཅིག༔ མགོ་བོ་ཚལ་པ་བརྒྱ་རུ་ཐོངས་


JSD003_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག༔ སྙིང་དུམ་བུ་སྟོང་དུ་ཐོངས་ཤིག༔ ལུས་དུམ་བུ་སྟོང་དུ་གཏུབས་ཤིག༔ རྡོ་རྗེའི་སེར་བ་ཆེན་པོ་ཕོབ་ཅིག༔ དགྲ་བོ་མི་ནོར་འཁོར་དང་བཅས་པ་ཕུང་དུ་ཆུག་ཅིག་ཡ༔ ཧོ༔ དཔལ་ཆེན་པོ་རྡོ་རྗེ་གྲོ་བོ་ལོད་ཀྱི་ལྷ་ཚོགས་ལས་བྱེད་བཀའ་ཡི་ཕོ་ཉ་རྣམས་ཀྱིས་སྡིག་ཅན་འདིའི་བླ་དང་རྫུ་འཕྲུལ་འཕྲོག་ཅིག༔ ཁོང་ནས་སྙིང་ཕྱུངས་ཤིག༔ ཁ་ནས་ཁྲག་སྐྱུག་ཅིག༔ གནམ་གྱི་འཇུ་ཐག་ཆོད་ཅིག༔ ས་ཡི་རྟེན་དུ་ཕུར་ཕུད་ཅིག༔ བར་གྱི་དམུ་ཐག་ཆོད་ཅིག༔ ལྟག་ནས་བདུད་གཡོས་ཤིག༔ མདུན་ནས་འོད་འཕྲོག་ཅིག༔ ཉེ་འབྲེལ་མི་ནོར་དང་འཕྲོག་ཅིག༔ གོང་གི་ཕུ་བོ་དང་ཕྲོལ་ཅིག༔ འོག་གི་ནུ་བོ་དང་ཕྲོལ་ཅིག༔ མཆན་གྱི་བུ་དང་ཕྲོལ་ཅིག༔ གློ་བུར་དང་ཡེ་འདྲོགས་ཐོངས་ཤིག༔ མི་ནད་དང་


JSD003_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུགས་ནད་ཐོངས་ཤིག༔ ཀླད་ཁྲག་དང་སྙིང་ཁྲག་དཀྲུགས་ཤིག༔ མདའ་གྲི་དང་མདུང་གྲིར་སོད་ཅིག༔ དམེ་གྲི་ཆུ་གྲི་རྦབ་གྲིར་སོད་ཅིག༔ འགགས་གྲི་དང་ལྕེབས་གྲིར་སོད་ཅིག༔ ལོ་ནད་ཟླ་གཅོང་གིས་སོད་ཅིག༔ མཛེ་ནད་རིམས་ནད་ཀྱིས་སོད་ཅིག༔ རང་སྲོག་རང་གིས་ཆོད་ཅིག༔ ཡ་ཐོད་ཉི་མ་འདེ་རུ་ཆུག་ཅིག༔ མ་ཐོད་ས་རྡོ་འགམ་དུ་ཆུག་ཅིག༔ ཕུང་གསུམ་གཡབ་མོ་ཐོབ་ཅིག༔ དྲེགས་པའི་འདྲེ་དམག་ཐོངས་ཤིག༔ བདུན་རྒྱུད་རྩད་ནས་གཅོད་པའི་ཕྲིན་ལས་མཛོད་ཅིག༔ བསྒྲལ་བ་ནི། ཕུར་བུ་རྡོ་རྗེ་ཐལ་མོའི་བར་དུ་བཟུང་ལ། ཧཱུྃཿ ལག་གཉིས་རིགས་ལྔ་ཡབ་ཡུམ་གྱི༔ སྦྱོར་མཚམས་འོད་ཀྱིས་བདེ་གཤེགས་བསྐུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་འདུས༔ ཁམས་གསུམ་དུས་གཅིག་སྒྲོལ་བ་ཡི༔ མཐུ་རྩལ་བྱིན་


JSD003_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཡོངས་སུ་རྫོགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ ཞེས་བྱིན་གྱིས་བརླབས་ཤིང་བདག་ཕུར previous hit འབེན next hit་གསུམ་གསལ་བ་སུམ་ལྡན་གྱི་ངང་ནས་གདབ་པ་དངོས་ནི། བདག་ཉིད་དབང་དྲག་ཧེ་རུ་ཀཿ༔ ཕུར་པ་སྲས་མཆོག་ཀཱི་ལ་ཡ༔ རཱུ་པ་དགྲ་བགེགས་དངོས་སུ་གསལ༔ ལྟ་བ་སྟོང་ཉིད་རྫོང་བཟུང་སྟེ༔ སྒོམ་པ་རྩེ་གཅིག་འཕྲང་ལ་བཤར༔ སྤྱོད་པ་སྙིང་རྗེ་ཁྲོས་པའི་སྲོག༔ ཚེ་ཁྲུས་གནད་ཀྱི་དགོངས་པ་ཡིས༔ སྙིང་གར་བཏབ་པས་ཁ་སྦྱོར་དབྱེ༔ ཞེས་པའི་དགོངས་པ་དང་ལྡན་པས་ཕུར་བུ་ཐོགས་ལ། ཧཱུྃ བདག་ཉིད་དཔལ་ཆེན་ཧེ་རུ་ཀཿ༔ ཕུར་པ་སྲས་མཆོག་ཀཱི་ལ་ཡ༔ ཁམས་གསུམ་སྒྲོལ་བའི་མཐུ་ལྡན་པ༔ དགྲ་བགེགས་སྙིང་གི་དཀྱིལ་དུ་བཏབ༔ ཚེ་བསོད་དྭངས་བཅུད་རང་ལ་ཐིམ༔


JSD003_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ངན་དྲི་མ་ཁྲུས་ཀྱིས་སྦྱངས༔ རྣམ་ཤེས་རྒྱལ་བའི་སྲས་སུ་བསྐྱེད༔ གཟུགས་ཕུང་ཐལ་བའི་རྡུལ་དུ་རློག༔ རྩ་སྔགས་མཐར། ཨོཾ་བཛྲ་རཀྴ་རཱ ཙའི་ཙིཏྟ་ཟུངས༔ ཁ་རཀ་སྨེ་ཤ་རཀྴ་རཱ་ཙའི་ཙིཏྟ་རྦད༔ འཁུ་ན་དུམ་བུ་རཱ་ཙའི་ཙིཏྟ་ཤིགས༔ འདའ་ན་རཀྴ་རཱ་ཙའི་ཙིཏྟ་ཕྱུངས༔ སྡོག་ན་རཀྴ་ཙའི་ཙིཏྟ་རྦདཿ༔ ཏྲིའུ་གཏུབ་གཏུབ་རྦད་རྦད༔ ཙིཏྟ་ཧུ་ལུ་ཧུ་ལུ་རྦད༔ ཙིཏྟ་རཀྴ་གཏུབས་གཏུབས༔ ཏྲིའུ་དུ་ཏྲིའུ་དུ༔ བཛྲ་སརྦ་དུཥྚི་ཏྲིག་ནན༔ ཧུར་ཐུ་ཛཿམཱ་ར་ཡ་རྦད༔ ཅེས་ཚེ་ཁྲུས་གནས་ལུང་གི་དགོངས་པས་བརྟེན་པ་དབྱིངས་སུ་བསྒྲལ། སྒྲོལ་གྲིས་རྟེན་གཞི་བསྒྲལ་བ་ནི། ཧཱུྃ པདྨ་དྲག་པོའི་ལྷ་ཚོགས་ཀྱིས༔ རྣོ་ངར་ཡེ་ཤེས་རལ་གྲི་ཡིས༔ མ་རིག་སྒོ་ངའི་སྦུབ་དྲལ་ནས༔ དགྲ་བགེགས་གཟུགས་ཕུང་རྡུལ་དུ་རློག༔ སརྦ་ཤ་ཏྲཾ་བིགྲཱན་ཚིནྡྷ་ཚིནྡྷ་


JSD003_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་རྐང་པ་གཡོན་ནས་བརྩམ་སྟེ་དུམ་བུར་གཏུབ། གཏུན་དུ་བརྡུང་བ་ནི། ཧཱུྃ རྡོ་རྗེ་འབར་བའི་གཏུན་ཁུང་དུཿ༔ རྡོ་རྗེ་ཕ་ལམ་ཐོ་བས་བརྡུངས༔ ལྷ་ཡང་རུང་སྟེ་བགེགས་ཀྱང་སྒྲོལ༔ དམ་ཉམས་དགྲ་བོའི་ཚེ་སྲོག་ཆོདཿ༔ ཁ་ཐཾ་ཁ་ཐཾ ཞལ་དུ་སྟོབ་པ་ནི། ལིང་རོ་བདུད་རྩིར་སྦར་བ་ཧོམ་གཟར་གྱིས་གཏོར་མར་སྟོབ་ཅིང་། ཧཱུྃ དབང་ཆེན་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ དཔལ་ཆེན་རྟ་མགྲིན་རྡོ་རྗེ་གྲོ་བོ་ལོད༔ དང་སྤྲུལ་པའི་ལྷ་ཚོགས་འཁོར་དང་བཅས༔ གནམ་ས་གདངས་པ་ཙམ་གྱི་ཞལ་ཕྱེས་ཤིག༔ གངས་རི་འབར་བ་ཙམ་གྱི་མཆེ་བ་གཙིགས༔ ཉི་ཟླ་འབར་བ་ཙམ་གྱི་སྤྱན་མིག་ལྡོག༔ གློག་དམར་འཁྱུག་པ་ཙམ་གྱི་ལྗགས་སྐྱོངས་ཤིག༔ བསྟབ་བོ་གདུག་ཅན་བསྒྲལ་བའི་ཤ་ཁྲག་རུས༔ བཞེས་


JSD003_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་བཞེས་ཤིག་ལྷག་མེད་རོལ་མཛོད་ཅིག༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི མ་ཧཱ་རཀྟ་ལ་ཁཱ་ཧི མ་ཧཱ་ཀེ་ནི་རི་ཏི་ལ་ཁཱ་ཧི མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཏི༔ མ་ཧཱ་ཙིཏྟ་ལ་ཁཱ་ཏི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཏི༔ མ་ཧཱ་ཞིང་ཆེན་ལ་ཁཱ་ཏི༔ གཉིས་པ་བཟློག་པའི་གཡུལ་གཤོམ་པ་ནི། ལིང་རོ་ཁྲག་སྐྱེམས་དང་སྦྱར་ཏེ་གཏོར་ཆེན་དུ་འབུལ་ཞིང་། ཧཱུྃ་བྷྱོ༔ འོག་མིན་གསང་ཆེན་རོལ་པའི་ཞིང་ཁམས་ནས༔ རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་ཐོད་ཕྲེང་རྩལ༔ མཚན་མཆོག་བརྒྱད་དང་རྣམ་འཕྲུལ་དཔག་ཏུ་མེད༔ ཞི་དང་ཁྲོ་བོའི་རྣམ་འགྱུར་བསམ་མི་ཁྱབ༔ ལྷག་པའི་ལྷ་མཆོག་རྡོ་རྗེ་གྲོ་བོ་ལོད༔ མ་དད་སེམས་ཅན་ཆེན་པོ་བསྒྲལ་བྱས་ནས༔ ཡེ་ཤེས་བདུད་རྩིར་བསྒྱུར་ཞིང་སྟོབ་ལགས་ན༔ དུས་གསུམ་བདེ་གཤེགས་རྒྱལ་བའི་ཐུགས་དམ་བསྐང་༔ མཱཾ་ས་ཀེང་རུས་ཤ་ཁྲག་


JSD003_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འབུལ༔ དུག་གསུམ་གཏམས་པའི་མཆོད་པས་ཐུགས་དམ་བསྐང་༔ རྨད་དུ་བྱུང་བའི་གཏོར་མས་ཐུགས་དམ་བསྐང་༔ རཀྟ་ཆགས་པ་དམར་གྱིས་ཐུགས་དམ་བསྐང་༔ གཟུགས་དང་གཟུགས་མེད་ཚོགས་ཀྱིས་ཐུགས་དམ་བསྐང་༔ དམ་རྫས་བདུད་རྩི་ཕུད་ཐུགས་དམ་བསྐང་༔ བྱ་ནག་ལུག་ནག་མདངས་ཀྱིས་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་པས་ཐམས་ཅད་ཟློག་སྒྱར་གསོལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ མ་རིག་གཟུང་འཛིན་འཁྲུལ་པའི་སེམས་ཀྱི་རླབས༔ དུག་ལྔ་རང་རྒྱུད་སྨིན་པའི་དགྲ་དང་བགེགས༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་རྣམས༔ བཟློག་བསྒྱུར་དྲག་པོ་སྔགས་ཀྱི་གཡུལ་ངོ་བཤམས༔ རྒྱབ་རྟེན་དཔུང་དུ་དཀོན་མཆོག་གསུམ་པོ་


JSD003_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས༔ དྲང་སྲོང་དམོད་པའི་སྔགས་ཀྱིས་མཚོན་ཆ་གདེངས༔ མ་རུངས་ཞིང་བཅུ་ཚང་བའི་སྡིག་པ་ཅན༔ བསམ་སྦྱོར་ངན་པའི་ཚོགས་ལ་ལིངས་སུ་འདེབས༔ གང་ལ་བྱ་བ་ཐལ་བའི་རྡུལ་དུ་རློག༔ གང་ལ་བྱ་བ་ཐལ་བའི་རྡུལ་དུ་རློག༔ ཉེས་མེད་རྣལ་འབྱོར་བྱང་ཆུབ་བསྒྲུབ་པ་ལ༔ གདུག་པ་ཧོམ་ལ་སྦྱིན་སྲེག་བཏབ་པ་འབྱུང་བའི་དགྲ་གཤེད་ས་ལ་གཤོར་དུ་མནན༔ ཆུ་ལ་གཏད་དང་རླུང་ལ་ཟོར་དུ་བསྐུར༔ སྔགས་ཀྱི་གཤེད་བསྐོར་དབྱེ་བསྐྲད་རིག་སྔགས་སྦྱོར༔ གླང་སྙིང་བྱད་མ་ཀླ་ཀློ་གདུག་པའི་དཔུང་༔ བཟློག་བསྒྱར་དྲག་པོའི་ཕྲིན་ལས་དུས་ལ་བབ༔ སླར་ཡང་རང་གཤེད་རང་གི་བདུད་དུ་ཕོབཿ༔ དུས་མཐའ་བསྟུངས་ཤིང་བརླག་པའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཤྲཱི་གྲོ་བོ་ལོད་སརྦ་སིདྡྷི་ཧཱུྃ༔ ཨོཾ་ལོཀྟྲི་པཱ་ལ་ནན༔ ས་ག་པཱ་ཤ་ནན༔ ནཱ་ག་དུ་དུ་


JSD003_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ནན༔ མ་མཾ་མ་མེ༔ ཙིར་ཙ་ར་ཙིར་ཙ་ར༔ བཾ་རུ་ལུ་བཾ་རུ་ལུ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར༔ ཙི་དུ་སོད་ཙི་དུ་སོད༔ ཤིག་ལྷུར་གཏུབས༔ ཧ་ལ་པ་ཏི་ནན༔ འཁོར་བ་ཐུལ༔ གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག༔ ཏྲིག་ནན་མྱག་ཐཾ་ཧ་ན་ད་ཧ་པ་ཙ་མུག་མུག་ཐིབ་ཐིབ་ཧེད་ཧེད་བྷྱོཿ་ཟློག་ཕཊ༔ ཧཱུྃ་བྷྱོ༔ ཐུགས་ཀར་ཟླ་གམ་གསང་བའི་དཀྱིལ་འཁོར་ནས༔ གར་གྱི་དབང་ཕྱུག་རྟ་མཆོག་ཧེ་རུ་ཀ༔ པདྨ་གཟི་ལྡན་རྒྱལ་བ་བསྐྱེད་པའི་ཡུམ༔སྲས་དང་སྤྲུལ་པ་བསམ་མི་ཁྱབ་པའི་ཚོགས༔ མ་དད་སེམས་ཅན་ཆེན་པོ་བསྒྲལ་བྱས་ནས༔ ཡེ་ཤེས་བདུད་རྩིར་བསྒྱུར་ཞིང་སྟོབ་ལགས་ན༔ དུས་གསུམ་བདེ་གཤེགས་རྒྱལ་བའི་ཐུགས་དམ་བསྐང་༔ མཱཾ་ས་ཀེང་རུས་ཤ་ཁྲག་གཏོར་


JSD003_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབུལ༔ དུག་གསུམ་གཏམས་པའི་མཆོད་པས་ཐུགས་དམ་བསྐང་༔ རྨད་དུ་བྱུང་བའི་གཏོར་མས་ཐུགས་དམ་བསྐང་༔ གྱིས་ཐུགས་དམ་བསྐང་༔ གཟུགས་དང་གཟུགས་མེད་ཚོགས་ཀྱིས་ཐུགས་དམ་བསྐང་༔ དམ་རྫས་བདུད་རྩི་ཕུད་ཀྱིས་ཐུགས་དམ་བསྐང་༔ བྱ་ནག་ལུག་ནག་མདངས་ཀྱིས་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་པས་ཐམས་ཅད་ཟློག་སྒྱར་གསོལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ མ་རིག་གཟུང་འཛིན་འཁྲུལ་པའི་སེམས་ཀྱི་རླབས༔ དུག་ལྔ་རང་རྒྱུད་སྨིན་པའི་དགྲ་དང་བགེགས༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་རྣམས༔ བཟློག་བསྒྱུར་དྲག་པོ་སྔགས་ཀྱི་གཡུལ་ངོ་བཤམས༔ རྒྱབ་བརྟེན་དཔུང་དུ་དཀོན་མཆོག་གསུམ་པོ་བཞེངས༔ དྲང་སྲོང་དམོད་པའི་


JSD003_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་མཚོན་ཆ་གདེངས༔ མ་རུངས་ཞིང་བཅུ་ཚང་བའི་སྡིག་པ་ཅནཿ བསམ་སྦྱོར་ངན་པའི་ཚོགས་ལ་ལིངས་སུ་འདེབས༔ གང་ལ་བྱ་བ་ཐལ་བའི་རྡུལ་དུ་རློག༔ ཉེས་མེད་རྣལ་འབྱོར་བྱང་ཆུབ་བསྒྲུབ་པ་ལ༔ གདུག་པ་ཧོམ་ལ་སྦྱིན་སྲེག་བཏབ་པ་དང་༔ འབྱུང་བའི་དགྲ་གཤེད་ས་ལ་གཤོར་དུ་མནནཿ༔ ཆུ་ལ་གཏད་དང་རླུང་ལ་ཟོར་དུ་བསྐུརཿ༔ སྔགས་ཀྱི་གཤེད་བསྐོར་དབྱེ་བསྐྲད་རིག་སྔགས་སྦྱོར༔ གླང་སྙིང་བྱད་མ་ཀླ་ཀློ་གདུག་པའི་དཔུང་༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབཿ༔ སླར་ཡང་རང་གཤེད་རང་གི་བདུད་དུ་ཕོབཿ༔ མཐའ་བསྟུངས་ཤིང་བརླག་པའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཤྲཱི་གྲོ་བོ་ལོད་སརྦ་སིདྡྷི་ཧཱུྃ༔ ཨོཾ་ལོཀྟྲི་པཱ་ལ་ནན༔ ས་ག་པཱ་ཤ་ནན༔ ནཱ་ག་དུ་དུ་ནན༔


JSD003_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཾ་མ་མིི ཙིར་ཙ་ར་ཙིར་ཙ་ར༔ བཾ་རུ་ལུ་བཾ་རུ་ལུ་རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར༔ ཙི་དུ་སོད་ཙི་དུ་སོདཿ༔ ཤིག་ལྷར་གཏུབས༔ ཧ་ལ་པ་ཏི་ནནཿ༔ འཁོར་བ་ཐུལ༔ གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག༔ ཏྲིག་ནནམྱག་ཐཾ་ཧ་ན་ད་ཧ་པ་ཙ་མུག་མུག་ཐིབ་ཐིབ ཧེད་ཧེད་བྷྱོཿ་ཟློག་ཕཊ༔ ཧཱུྃ་བྷྱོ༔ ཆོས་དབྱིངས་ཡེ་ཤེས་རྣམ་སྣང་གངས་ཆེན་མཚོ༔ རྡོ་རྗེ་སློབ་དཔོན་བུདྡྷ་ཐོད་ཕྲེང་རྩལ༔ མེ་ལོང་ཡེ་ཤེས་རྡོ་རྗེ་ཐོད་ཕྲེང་རྩལ༔ མཉམ་ཉིད་ཡེ་ཤེས་རཏྣ་ཐོད་ཕྲེང་རྩལ༔ སོར་རྟོག་ཡེ་ཤེས་པདྨ་ཐོད་ཕྲེང་རྩལ༔ བྱ་གྲུབ་ཡེ་ཤེས་ཀརྨ་ཐོད་ཕྲེང་རྩལ༔ རིགས་བཞིའི་གིང་ཆེན་མཁའ་འགྲོའི་འཁོར་དང་བཅས༔ ཕྲིན་ལས་བཞི་སྒྲུབ་དབང་ཕྱུག་སྒོམའི་ཚོགས༔ མ་དད་སེམས་ཅན་ཆེན་པོ་བསྒྲལ་བྱས་ནས༔


JSD003_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་བདུད་རྩིར་བསྒྱུར་ཞིང་སྟོབ་ལགས་ན༔ དུས་གསུམ་བདེ་གཤེགས་རྒྱལ་བའི་ཐུགས་དམ་བསྐང་༔ མཱཾ་ས་ཀེང་རུས་ཤ་ཁྲག་གཏོར་མ་འབུལ༔ དུག་གསུམ་གཏམས་པའི་མཆོད་པས་ཐུགས་དམ་བསྐང་༔ རྨད་དུ་བྱུང་བའི་གཏོར་མས་ཐུགས་དམ་བསྐང་༔ རཀྟ་ཆགས་པ་དམར་གྱིས་ཐུགས་དམ་བསྐང་༔ གཟུགས་དང་གཟུགས་མེད་ཚོགས་ཀྱིས་ཐུགས་དམ་བསྐང་༔ དམ་རྫས་བདུད་རྩི་ཕུད་ཀྱིས་ཐུགས་དམ་བསྐང་༔ བྱ་ནག་ལུག་ནག་མདངས་ཀྱིས་ཐུགས་དམ་བསྐང་༔ ཐུགས་དམ་བསྐངས་པས་ཐམས་ཅད་ཟློག་སྒྱུར་གསོལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ མ་རིག་གཟུང་འཛིན་འཁྲུལ་པའི་སེམས་ཀྱི་རླབས༔ དུག་ལྔ་རང་རྒྱུད་སྨིན་པའི་དགྲ་དང་བགེགས༔ འཇིགས་པ་


JSD003_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བརྒྱད་དང་བཅུ་དྲུག་རྣམསཿ༔ བཟློག་བསྒྱུར་དྲག་པོ་སྔགས་ཀྱི་གཡུལ་ངོ་བཤམས༔ རྒྱབ་བརྟེན་དཔུང་དུ་དཀོན་མཆོག་གསུམ་པོ་བཞེངས༔ དྲང་སྲོང་དམོད་པའི་སྔགས་ཀྱིས་མཚོན་ཆ་གདེངས༔ མ་རུངས་ཞིང་བཅུ་ཚང་བའི་སྡིག་པ་ཅན༔ བསམ་སྦྱོར་ངན་པའི་ཚོགས་ལ་ལིངས་སུ་འདེབས༔ གང་ལ་བྱ་བ་ཐལ་བའི་རྡུལ་དུ་རློག༔ ཉེས་མེད་རྣལ་འབྱོར་བྱང་ཆུབ་བསྒྲུབ་པ་ལ༔ གདུག་པ་ཧོམ་ལ་སྦྱིན་སྲེག་བཏབ་པ་དང་༔ འབྱུང་བའི་དགྲ་གཤེད་ས་ལ་གཤོར་དུ་མནན༔ ཆུ་ལ་གཏད་དང་རླུང་ལ་ཟོར་དུ་བསྐུར༔ྋ སྔགས་ཀྱི་གཤེད་བསྐོར་དབྱེ་བསྐྲད་རིག་སྔགས་སྦྱོར༔ གླང་སྙིང་བྱད་མ་ཀླ་ཀློ་གདུག་པའི་དཔུང་༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབ༔ སླར་ལ་རང་གཤེད་རང་གི་བདུད་དུ་ཕོབ༔ དུས་མཐའ་བསྟུངས་ཤིང་


JSD003_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བརླག་པའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཤྲཱི་གྲོ་བོ་ལོད་སརྦ་སིདྡྷི་ཧཱུྃ༔ ཨོཾ་ལོཀྵི་པཱ་ལ་ནནཿ༔ ས་ག་པཱ་ཤ་ནན༔ ནཱ་ག་དུ་དུ་ནན༔ མ་མཾ་མ་ཙ༔ ཙིར་ཙ་ར་ཙིར་ཙ་ར༔ བཾ་རུ་ལུ་བཾ་རུ་ལུ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར ཙི་དུ་སོད་ཙི་དུ་སོད༔ ཤིག་ལྷུར་གཏུབས༔ ཧ་ལ་པ་ཏི་ནན༔ འཁོར་བ་ཐུལ༔ གནོད་བྱེད་འབྱུང་པོའི་ཀཱ་ཝཱ་ཙི་བརླག་བརླག༔ ཏྲིག་ནན་མྱག་ཐཾ་ཧ་ན་ད་ཧ་པ་ཙ་མུག་མུག་ཐིབ་ཐིབ་ཧེད་ཧེད་བྷྱོཿ་ཟློག་ཕཊ༔ ཅེས་དང་སྤྲོ་ན་སྐབས་འདིར་ཁྱུང་ཟློག་དང་རྩང་ཟློག་སོགས་ཀྱང་རིགས་མཐུན་ནས་བླང་བའམ་མེད་ཀྱང་ཆད་སྐྱོན་དུ་མི་འགྱུར། ཡང་ཟློག་པའི་མདེ་ཁ་དམིགས་བསལ་སྦྱར་བར་སྤྲོ་ན། ལིང་རོ་གཏོར་ཆུང་ཁྲག་སྐྱེམས་བཅས་འབུལ་ཞིང་། ཐུགས་ལས་ལོཀྟྲི་པཱ་ལ་ཆེ འབུམ་ཕྲག་དམོད་པའི་དྲང་སྲོང་ཚོགས༔


JSD003_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་བདུན་ཅུའི་ཚོགས་དང་བཅས༔ གློག་ལྟར་འཁྱུག་ཅིང་ཐོག་ལྟར་ཕོབ༔ གདུག་ཅན་ཞིང་བཅུ་ཚང་བ་ཡི༔ བྱད་མ་བརླང་པོར་སྤྱོད་པ་ཡིས༔ སླར་ཡང་ཟློག་པའི་ལས་སྦྱོར་གྱིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ལུས་ཀྱི་ན་ཚ་བྱུང་བ་རྣམས༔ བྱད་མ་མཁན་གྱི་སྟེང་དུ་བྷྱོཿ སེམས་ཀྱི་རྣམ་གཡེང་སྡུག་བསྔལ་ཀུན༔ བྱད་མ་མཁན་གྱི་སྟེང་དུ་ཟློག༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཀུན༔ བྱད་མ་མཁན་གྱི་སྟེང་དུ་བྷྱོཿ སྡེ་བརྒྱད་གདུག་པའི་ཆོ་འཕྲུལ་དཔུང་༔ བྱད་མ་མཁན་གྱི་སྟེང་དུ་ཟློག༔ ལྷ་སྲུང་བདུད་དུ་བབ་པ་རྣམས༔ བྱད་མ་མཁན་གྱི་སྟེང་དུ་ཕོབ༔ ཆག་ཆེ་ཉམ་ང་ཐན་ལྟས་ངན༔ བྱད་མ་མཁན་གྱི་སྟེང་དུ་ཟློག༔ མོ་པྲ་རྨི་ལམ་དངོས་ཉམས་འཚུབས༔ བན་བོན་སྔགས་པའི་མཐུ་གཏད་ཀུན༔


JSD003_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་མ་མཁན་གྱི་སྟེང་དུ་བྷྱོཿ༔ ཧོམ་དང་སྡེབ་གཤོར་པར་བུ་བསྐོར༔ བྱད་མ་མཁན་གྱི་སྟེང་དུ་བྷྱོཿ སྣོད་བཅུད་རྒུད་ཅིང་འཁྲུགས་པའི་ཚོགས༔ བྱད་མ་མཁན་གྱི་སྟེང་དུ་བྷྱོཿ༔ མདོར་ན་འགལ་རྐྱེན་མི་མཐུན་ཀུན༔ བྱད་མ་མཁན་གྱི་སྟེང་དུ་བྷྱོཿ༔ དགྲ་བགེགས་བྱད་མ འཁོར་བཅས་རྣམས༔ བློ་ཟློག་དམོད་པའི་གད་མོས་ཐོབ༔ རྡོ་རྗེ་ལྷུན་པོའི་ཕྱག་རྒྱས་ནོན༔ རིག་སྔགས་རྒྱ་མཚོའི་རྦ་ལ་གཡེངས༔ དྲག་ཤུལ་སྟོབས་རྫོགས་མེ་ཡིས་སྲེགས༔ མི་བཟད་དྲག་སྔགས་རླུང་གིས་གཏོར༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བསམ་ངན་སྦྱོར་རྩུབ་བྱད་མ་རྣམས༔ གཏོར་མ་འདི་དང་མཉམ་དུ་བཞེས༔ དྲག་ཤུལ་ཕྲིན་ལས་ཡོངས་རྫོགས་མཛོད༔ རྩ་སྔགས་དང་ལོཀྟྲིའི་སྔགས་བརྗོད་མཐར་དམོད་ཚིག་ཐལ་རྡེབ་བདེན་


JSD003_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་བརྗོད་པ་བཅས་བྱ། ཐུན་གཏོར་གཏོང་བ་ནི། དམར་གཏོར་ལ་ན་མོ་རྩ་བརྒྱུད་བླ་མ་སོགས་ཀྱིས་དམིགས་བྱ་འགུགས་བསྟིམ་བྱས་ཏེ། རཾ་ཡཾ་ཁཾ་གིས་སྦྱང་། ཨོཾ་ཨཱཿཧཱུྃ གིས་བྱིན་བརླབས་ནས། དམ་ཉམས་དགྲ་བགེགས་བསྒྲལ་བ་ལ་དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་གཏོར་མ་ངོ་བོ་རང་བཞིན་རྣམ་པར་དག་ཅིང་རྨད་དུ་བྱུང་བ་ལས་རྣམ་པ་དགྲ་བོའི་ཤ་ཁྲག་གི་རང་བཞིན་ཡི་དམ་ཞི་ཁྲོའི་ཚོགས་དང་སྲུང་མ་དམ་ཅན་རྒྱ་མཚོའི་དགྱེས་སྐོང་དམ་པར་གྱུར། ཨེ་ཨ་རལླི་ཧྲཧྲི་ཧྲི་ཛཿཛ༔ ཞེས་དང་། ཨོཾ་བཛྲ་ཤྲཱི་གྲོ་བོ་ལོད་ས་པ་རི་ཝཱ་ར་སརྦ་བིགྷན་ཤ་ཏྲཾ་མཧཱ་མཾ་ས་རཀྟ་ཀཻ་ནི་རི་ཏི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་མཐར་གཏོར་མའི་ལྷག་མ་དུག་མཚོན་རྡོ་རྗེའི་ཆར་དུ་མོས་ནས། བྷྱོ༔ དོ་ནུབ་དྲག་པོ་སྔགས་ཀྱིས་བྱིན་བརླབས་པ༔ དྲང་སྲོང་དམོད་པའི་དམར་གྱི་གཏོར་མ་འདི༔ གང་ལ་བྱ་བའི་


JSD003_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བཅུའི་སྟེང་དུ་འཕེན༔ ཟློག་སྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབ༔ རྩ་སྔགས་དང་ལོཀྟྲིའི་སྔགས་ཤམ་དུ། ཟོར་མཱ་ར་ཡ་ཟར་ཡ ཨེ་ས་བྷྱོཿ་ཟློག་རྦད་ཡ༔ ཞེས་དམོད་ཚིག་ཐལ་རྡེབ་དང་བཅས་གནོད་པའི་ཕྱོགས་སུ་འཕང་བས་དམིགས་བྱ་གནས་ལུས་ལོངས་སྤྱོད་དང་བཅས་པ་རྗེས་མེད་དུ་བརླག་པར་བསམ། ཞག་གྲངས་བྱེད་ན་ཆོས་སྐྱོང་གཏོར་འབུལ་དང་ལས་བྱང་གི་བསྐུལ་ཆད་བརྟན་སོགས་རྗེས་ཆོག་རྣམས་ཕྲིན་ལས་ཀྱི་གཞུང་བཞིན་བྱའོ། གསུམ་པ་རྗེས་མཐའ་སྡུད་རིམ་པ་ལ། སྲུང་བའི་མཐའ་སྡུད་མནན་པ་དང་། བསད་པའི་མཐའ་སྡུད་སྲེག་པ་ནི་དཀྱུས་སུ་མ་བྱུང་ནའང་དགོས་གལ་བྱུང་ན་རྗེ་ཛྙཱ་ནའི་ཡང་གསང་གྲོ་ལོད་སོགས་རིགས་མཐུན་གྱི་མན་ངག་གཞན་ལས་སྦྱར་རུང་བ་ཉིད་དོ། །འདིར་ཉིན་ཐ་མའི་ཚེ་འཕང་བ་ཟོར་གྱི་ལས་ལ་བཞི། ཟོར་བསྒྲུབ་པ། ཟོར་ལམ་ཕྱེ་བ། གཏོར་ཟོར་འཕེན་པ། རྗེས་བསྡུ་བའོ། །དང་པོ་ཟོར་བསྒྲུབ་པ་ནི།


JSD003_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་པ་ཚར་བའི་རྗེས་སུ། གཏོར་མའི་ལྷ་ཚོགས་ལ་མཆོད་བསྟོད་བཟོད་གསོལ་བྱས་ཏེ། ཧཱུྃ་ཕཊ་ཛ༔ ཞེས་པ་དང་། སྤྲུལ་གཞི་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཞུགས། སྤྲུལ་པ་དམ་ཚིག་གི་འཁོར་ལོ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་ཁྲག་འཐུང་རྡོ་རྗེ་གྲོ་ལོད་སྤྲུལ་འཁོར་གིང་ཆེན་སྒོ་སྐྱོང་བཀའ་སྲུང་སྡེ་བརྒྱད་དྲེགས་པའི་དཔུང་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབས་པས་བར་ཆད་རྐྱེན་ངན་ཐམས་ཅད་ཟློག་ཅིང་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམ་པར་གྱུར། ཞེས་རྩ་སྔགས་དང་གཟིར་སྔགས་མང་དུ་བཟླས་ལ་ཟོར་ཐུན་རྫས་ཀྱི་ནུས་སྟོབས་བསྐྱེད། ཐུན་གཏོར་གོང་བཞིན་འབུལ་ཞིང་། ཧཱུྃ༔ དགྲ་བགེགས་


JSD003_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་བདུད་ཀྱི་ཚོགས༔ སྡེ་དཔུང་འཁོར་དང་བཅས་པ་ཡི༔ ཤ་ཁྲག་བདུད་རྩིའི་རྒྱ་མཚོ་འདི༔ ཁྲོ་རྒྱལ་འབར་བའི་ཚོགས་ལ་འབུལ༔ ལས་དང་བག་ཆགས་དག་པ་དང་༔ རང་གཤེད་བསམ་སྦྱོར་ངན་པ་རྣམས༔ ཁོ་རང་ལ་ནི་ཟློག་པ་དང་༔ རང་མཚོན་རང་ལ་ཟུག་པ་དང་༔ རང་ཤ་རང་གིས་ཟ་བར་མཛོདཿ༔ རང་སྡེ་རང་གིས་ཕྱེ་མར་ཐོངས༔ རྡུལ་ཆ་ཙམ་ཡང་མེད་པར་མཛོདཿ༔ ༸ཧཱྃ གཏུམ་ཆེན་འབར་བའི་ཁྲོ་བོའི་རྗེ༔ ཁྲག་འཐུང་རྡོ་རྗེ་གྲོ་བོ་ལོད༔ དབང་ཆེན་པདྨ་རྟ་མགྲིན་རྒྱལ༔ སྤྲུལ་འཁོར་བཀའ་ཉན་ལས་བྱེད་བཅས༔ྋའཇིགས་ཚུལ་དགྲ་བགེགས་གནད་ནས་འགུགས་པ་དང་༔ བདག་སྲུངས་རྐྱེན་ངན་བར་ཆད་ཟློག༔ ཨོཾ་བཛྲ་ཀྲོ་ཏ་རཀྵ་རཀྵ་ཧཱུྃ་ཕཊ༔


JSD003_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་ཕྲིན་ལས་བཅོལ། གཉིས་པ་ཟོར་ལམ་བསལ་བ་ནི། ཡང་ཐོག་སོགས་བླ་གབ་མེད་པའི་སར་ཕྱིན་ལ་གསེར་སྐྱེམས་འཐོར་ཞིང་། ཧཱུྃ༔ དབང་པོ་རྡོ་རྗེ་ཅན་ལ་སོགསཿ༔ ཕྱོགས་སྐྱོང་ཆེན་པོ་བཅུ་རྣམས་དང་༔ རྒྱལ་ཆེན་བཞི་སོགས་གདོན་གྱི་བདག༔ རང་རང་འཁོར་དང་བཅས་པ་དང་༔ གནམ་སའི་སྒྲ་ཅན་སའི་ལྷ་མོ༔ དུས་མཚན་ཐུན་ཕྱེད་རཱ་ཧུ་ལ༔ བིཥྛི་དུས་ལ་དབང་བའི་ལྷ རྟག་ཆགས་ཡུལ་ལྷ་གཉན་པོ་རྣམས༔ གསེར་སྐྱེམས་བརྔན་སྦྱིན་འདི་བཞེས་ལ༔ སྒོ་ཕྱེ་འཕྲང་སོལ་ཟོར་ལམ་ཕྱེས༔ སེམས་མེད་འབྱུང་བ་ཆེན་པོ་བཞིའི༔ ཀློང་དུ་དགྲ་བགེགས་དམིགས་བྱས་ནས༔ ཟོར་སྣ་དགྲ་ལ་གཏོད་བྱེད་ན༔ སེམས་ལྡན་ཀོ་ལོང་མི་འཚལ་ཏེ༔ དབུ་ཆུམས་ཞབས་སྡུས་སྐུ་གཟུར་ལ༔ རང་བཞིན་མེད་པའི་དབྱིངས་ལ་བཞུགས༔ དཀར་ཕྱོགས་


JSD003_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མས་གྲོགས་དན་མཛོདཿ སྲིད་པ་ཧོ་ཡི་ཕྱག་རྒྱའི་རྒྱབ་ཡིག་སྒྲོགས། དེ་ནས་ལས་བྱང་གི་བསྐུལ་བ་དང་། ཆོས་སྐྱོང་མ་མགོན་ལྕམ་དྲལ་གྱི་བསྐུལ་དང་། གཟའི་བསྐུལ་བྱང་། ངན་ནེ་མའི་བསྐུལ་རྣམས་ཀྱང་དགོས་གལ་དང་བསྟུན་སྙིང་ཐིག་གི་གཞུང་བཞིན་བྱ། ཆད་མདོ་ཡང་ལས་བྱང་བཞིན་གྱེར་རོ། །གསུམ་པ་གཏོར་ཟོར་འཕེན་པ་ནི། ཕྱར་དར་སོགས་ཀྱིས་སྣ་དྲངས་ཏེ་གཏོར་ཟོར་སོགས་ཁྱེར་ལ་གང་དུ་འཕང་བའི་གནས་གཟའ་རྒོད་རྒྱུ་བའི་ཕྱོགས་སུ་ཟློག་སྔགས་བཟླ་ཞིང་ཕྱིན་ནས། གསེར་སྐྱེམས་ཀྱི་མཆོད་པ་སྔོན་དུ་འགྲོ་བས། བདེན་སྟོབས་བཅས་འགུག་གཞུག་གིས་དགྲ་བགེགས་བཀུག་སྟེ་དམིགས་པའི་previous hit འབེན ་བྱས་ལ། གཏོར་ཆེན་གྱི་ལྷ་དམ་ཚིག་པ་རྣམས་རང་ལ་ཐིམ་པས་གཟི་བྱིན་ནུས་སྟོབས་མཆོག་ཏུ་འབར། གཏོར་མ་ཁྲོ་བོའི་དམག་ཚོགས་དང་ཟོར་རྫས་ནད་མཚོན་སྨྱོ་དུག་གི་ཆར་ཆེན་པོ་དགྲ་བགེགས་ཀྱི་སྟེང་དུ་གློག་


JSD003_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུག་པ་ལྟར་སོང་ནས་གནས་ལུས་ལོངས་སྤྱོད་དང་བཅས་པ་རྗེས་ཤུལ་ལྷག་མེད་དུ་བཅོམ་པར་བསམ་ལ། གཏོར་ཆེན་ཐོགས་ཏེ། ཧཱུྃ་ཧཱུྃ༔ ཞི་བ་ཆེན་པོའི་དབྱིངས་ལས་མ་གཡོས་ཀྱང་༔ བདུད་འདུལ་ཡེ་ཤེས་དབང་དྲག་གྲོ་བོ་ལོད༔ དཔལ་གྱི་བཀའ་སྡོད་མཐུ་རྩལ་ག་རུ་ཊ༔ གཙོ་འཁོར་སྤྲལ་པ་བྲན་དང་ཕོ་ཉའི་ཚོགས༔ དེ་རིང་དྲག་པོ་ཟོར་གྱི་ལས་ལ་བཞེངས༔ མི་བཟད་འབར་བ་ཆེན་པོའི་གཟི་བྱིན་སྐྱེད༔ ཟོར་རྫས་ནད་མཚོན་དུག་གི་ཆར་ཆེན་་ པོས༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ བྱང་ཆུབ་བསྒྲུབ་ལ་བར་དུ་གཅོད་པ་ཡི༔ ནད་གདོན་འགལ་རྐྱེན་ཆག་ཆེ་ཉམ་ང་ཀུན༔ སངས་རྒྱས་བསྟན་པ་བཤིག་པའི་སྤྱི་དགྲ་དང་༔ རྣལ་འབྱོར་ཐད་དུ་ལངས་པའི་སྒོས་ཀྱི་དགྲ༔ གནས་སྐབས་མཐར་ཐུག་གནོད་ཅིང་འཚེ་བའི་


JSD003_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས༔ བདུད་བཞིའི་དམག་ཚོགས་ཕྱི་ནང་ཉེར་འཚེའི་རྐྱེན༔ བདུད་བཞི་དཔུང་དང་བཅས་པའི་སྟེང་དུ་ཟློག༔ བྱེད་དགྲ་བོ་བྱད་མ་རྩད་ནས་ཆོདཿ༔ གནོད་བྱེད་བགེགས་དཔུང་ཐལ་བའི་རྡུལ་དུ་རློག༔ གནོད་བྱེད་བགེགས་དཔུང་ཐལ་བའི་རྡུལ་དུ་རློག༔ མི་ལྡོག་ཡེ་ཤེས་ཕྱག་རྒྱའི་གཟེར་ཆེན་ཐོབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཡོངས་རྫོགས་མཛོདཿ༔ ཅེས་དང་། གོང་གི་ཐུན་གཏོར་གྱི་ཚིག་བྷྱོ༔ དོ་ནུབ་དྲག་པོ་སོགས་དང་ལོཀྟྲིའི་སྔགས་ཤམ་བཅས་བཟླ། ཚམ་རྔམ་བཅས་གཏོར་རྩེ་དགྲ་ཕྱོགས་སུ་བསྟན་ལ་འཕངས། ཐལ་མོ་དང་དུལ་མོ་བརྡབ། དགོངས་པའི་གདིང་བསྐྱེད། ལྟ་སྟངས་ཀྱིས་གཟིར་བ་སོགས་བྱ། སྤྲོ་ན་འདིར་དམོད་ངན་དུག་གི་མེ་ཏོག་སྒྲོག་ཅིང་བཤུགས་པ་དང་རྐང་གླིང་དྲག་ཏུ་འབུད་ལ་མེ་ཧོམ་སྦར་རོ། །དེ་ནས་ཟོར་རྗེས་གཅོད་པ་ནི། ཡེ་ཤེས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་ཞིག་གིས་མཚམས་བཅད་པར་བསམ་ལ། ཧཱུྃ་


JSD003_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོཾ་བཛྲ་ག་རུ་ཊ་བྷྱོ་བཟློག༔ ཅེས་བརྗོད་ལ་སློབ་དཔོན་གྱིས་རྟིང་མནན་ཏེ་ཚུར་ལོག རྡོ་རྗེའི་གུར་དུ་བདག་གཞན་བསྲུང་བྱ་ཐམས་ཅད་ཚུད་པར་བསམ་ལ་ལས་བྱང་བཞིན་སྲུང་འཁོར་གསལ་གདབ་བོ། །བཞི་པ་རྗེས་བསྡུ་བ་ནི། སྒྲུབ་ཁང་གི་སྒོ་དྲུང་དུ་གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མའི་གཏོར་མ་བྲན་ལ་བྱིན་གྱིས་བརླབས་ཏེ་ལས་བྱང་བཞིན་འབུལ། གཏོར གཞོང་ཁ་སྦུབས་ལ་བྲོ་ར་བསྐོར་ཏེ། ཨེ་གྲུ་གསུམ་པར་དགྲ་བགེགས་དམ་སྲི་ཐམས་ཅད་བཀུག་པར་བསམ་ཞིང་དགུག་གཞུག་དང་བྲོ་བརྡུང་བྱས་ནས་ནང་དུ་ལོག་སྟེ་ཚེ་འགུགས་བྱ། སྔར་བཏེགས་པའི་ནམ་མཁར་བཞུགས་པའི་ལྷ་རྣམས་ལ་མཆོད་ཅིང་བསྟོད་དེ་དངོས་གྲུབ་བླངས་ནས་རང་ལ་བསྟིམ། ལྷག་ཆད་བསྐང་། དཀྱིལ་འཁོར་བསྡུ། སྨོན་ལམ་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ལྟར་དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་སྨད་ལས་སྤུ་གྲི་འབར་བ་གློག་གི་འཕྲུལ་འཁོར་ཞེས་བྱ་བ་འདི་ནི། ཨ་བྷི་ཙརྱའི་ཀརྨ་ལ་མངོན་པར་སྤྲོ་བ་མདོ་ཁམས་གོ་འཇོ་བླ་མ་ཕུན་


JSD003_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བཀྲ་ཤིས་ཀྱིས་ནན་ཏན་ཆེན་པོས་བསྐུལ་བའི་ངོ་དང་། རྗེ་བླ་མའི་དག་སྣང་གྲོ་ལོད་འདི་ལ་ཐུགས་སྲས་ཀྱི་ཐུ་བོ་མཆོག་སྤྲུལ་དཔལ་ཆེན་འདུས་པ་རྩལ་གྱིས་ལྗགས་བསྒྲིགས་སྨད་ལས་རྒྱས་པ་ཞིག་ཁམས་སུ་བཞུགས་ན་ཡང་དུས་ཀྱི་རྩུབ་འགྱུར་མི་བཟད་པའི་འཚུབས་ཀློང་དུ་བག་ལ་ཞ་ནས་ཕྱོགས་འདིར་དཔེ་རྒྱུན་མ་འཕེལ་བར་བརྟེན། དུས་བབ་ཀྱི་ཟབ་ཆོས་ནུབ་པར་ཕངས་དྲག་ནས་དག་སྣང་གཞུང་ཉིད་རྩ་བར་བཟུང་། ཁ་བསྐང་དུ་འོས་པ་འགའ་ཞིག་བཀའ་གཏེར་གྲུབ་པའི་མན་ངག་རིགས་མཐུན་ཚད་མ་ཤ་སྟག་གུང་བསྡེབས་ཏེ་ལག་ཏུ་བླངས་བདེ་བར། ཤར་རྒྱལ་བ་ཀཿཐོག་པའི་བཀའ་འབངས་སུ་གྱུར་པ་གཏེར་སློབ་ཁྲོ་རྒྱལ་རྡོ་རྗེས་བླ་མ་དང་ལྷག་པའི་ལྷ་ལ་གནང་བ་ཞུས་ཏེ། བག་མེད་ཀྱི་ལོ་ནག་པ་ཟླ་བའི་དམར་ཕྱོགས་ཀྱི་།ས་པ་དང་པོ་གཟའ་ཆེན་མིག་དམར་དར་བའི་ཉིན་གནས་མཆོག་རྡོ་རྗེ་བཀོད་པའི་གླིང་དུ་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་སྔགས་བན་ཆོས་དབྱིངས་དཔལ་མཆོག་གིས་བགྱིས་པ་སྟེ། འདིས་


JSD003_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྙིགས་དུས་དམ་སྲི་རྒྱལ་འགོང་བར་ཆད་བདུད་དཔུང་ཐམས་ཅད་ཚར་བཅད་ནས་གསང་ཆེན་སྔ་འགྱུར་བསྟན་པའི་སྙིང་པོ་མི་ནུབ་ཕྱོགས་བཅུར་རྒྱས་ཤིང་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལཾ།།


JSD003_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ། དཀོན་མཆོག་གསུམ་དང་ཡི་དམ་ལྷ། །རྡོ་རྗེ་གྲོ་ལོད་བདེན་སྟོབས་ཀྱིས། །གནོད་བྱེད་དགྲ་དུར་ཕུང་སྲིའི་རིགས། །ལིངྒ་འདི་ལ་མྱུར་དུ་ཁུག །ཅེས་གྲངས་མང་གསོག །བྱ་བྲལ་བུདྡྷས་སོ།། །།


JSD003_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousའོད་གསལ་སྙིང་གི་ཐིག་ལེ་ལས། དབང་དྲག་རྡོ་རྗེ་གྲོ་ལོད་ཀྱི་སྨད་ལས་སྤུ་གྲི་འབར་བ་གློག་གི་འཕྲུལ་འཁོར།next