Nitartha Digital Library
Tibetan
 
previousདགའ་ལྡན་ཤར་རྩེ་ཛེ་སྨད་སྤྲུལ་སྐུ་བློ་བཟང་དཔལ་ལྡན་གྱི་སྨྲ་ངན་དུག་གི་ས་བོན་གཞོམ་པའི་འབེལ་གཏམ།no next

དགའ་ལྡན་ཤར་རྩེ་ཛེ་སྨད་སྤྲུལ་སྐུ་བློ་བཟང་དཔལ་ལྡན་གྱི་སྨྲ་ངན་དུག་གི་ས་བོན་གཞོམ་པའི་འབེལ་གཏམ།


JSD005_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་ཤར་རྩེ་ཛེ་སྨད་སྤྲུལ་སྐུ་བློ་བཟང་དཔལ་ལྡན་གྱི་སྨྲ་ངན་དུག་གི་ས་བོན་གཞོམ་པའི་འབེལ་གཏམ། ལུངརིགས་རྡོ་རྗེའི་མེ་ཆར་ཞེས་བྱ་བ་བཞུགས་སོ། །


JSD005_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྒྱལ་བ་སྲས་དང་སློབ་མར་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མ་དག་འཆལ་གཏམ་ལ་བརྟེན་ནས་ངན་འགྲོའི་གཡང་སར་ཕྱོགས་པ་རྣམས་ཐུགས་རྗེས་བཟུང་དུ་གསོལ། རྒྱལ་ཀུན་སྤྱི་གཟུགས་སྣང་སྲིད་བྲན་དུ་བཀོལ། །ཞིང་ཁམས་རྒྱ་མཚོར་བསྟན་གཉིས་སྒྲོན་མེ་སྦར། །གངས་ཅན་གཙུག་ནོར་གཅིག་པུ་མཚོ་སྐྱེས་རྗེ། ཐུགས་སྲས་རྗེ་འབངས་ལོ་པཎ་ཚོགས་བཅས་རྒྱལ། །མགོན་དེའི་སྒྱུ་འཕྲུལ་རང་གཞན་ལྟ་གྲུབ་གནད། །མ་འདྲེས་འབྱེད་ལ་གཟུངས་སྤོབས་གཏེར་གྲོལ་


JSD005_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བས། །འཇིགས་བྲལ་སེང་གེའི་ང་རོས་ལོག་སྨྲའི་ཁྱུ། །ཕམ་མཛད་ཀུན་མཁྱེན་རོང་ཀློང་ཕྱག་གི་ཡུལ། བསིལ་རིའི་ལྗོངས་སུ་ཐུབ་བསྟན་བཤད་སྒྲུབ་ཀྱི། །ཤིང་རྟས་འདྲེན་པའི་ཐུགས་བསྐྱེད་མཐུ་མངའ་བ། །དུས་གསུམ་རིས་མེད་བཤེས་གཉེན་བྱོན་པ་ཡི། །བཀའ་དྲིན་གཞལ་དུ་མ་མཆིས་བསམ་གྱིན་དད། །དེང་དུས་མོས་དགེ་བསོད་དམན་རྟོག་གེའི་ཡིད། །ང་རྒྱལ་ཁེངས་དྲེགས་ཕྱོགས་ལྷུང་གདོན་གྱིས་བརླམས། །ཕུང་འགོང་སྐྱབས་བཟུང་ཆོས་སྤོང་ལས་ལ་འཇུག །སེར་


JSD005_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཡང་བརྙན་མཐོང་བས་མཆི་མ་དཀུ། །ལོག་སྨྲའི་འདོད་གཏམ་དཔྱད་དེ་མ་དགག་ན། །བསྟན་པའི་ནང་དབྱེན་ཚབས་ཆེན་འགྱུར་གྱིས་དོགས། ལུང་རིགས་འཐད་ལྡན་ལ་བརྟེན་བྱི་དོར་འདི། །རྡོ་རྗེའི་མཆེད་ཀྱིས་བསྐུལ་མའང་བྱུང་ནས་བརྩམས། །མཐོང་མ་ཐག་ཏུ་ཁྲོས་འཁྲུགས་མི་བཟད་མེ། །སྦར་ལ་མ་རིངས་དོན་ལ་རྟོག་དཔྱོད་ཆུགས། །བླང་འོས་བྱིས་པའི་ངག་ལ་མཐའ་མི་ཁེགས། །རིས་མེད་མཁྱེན་སྤྱན་ལྡན་རྣམས་གཟིགས་མོར་མཛོད། །དེ་ལ་འདིར་རྒྱལ་བའི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཤེས་རབ་དང་། གཟུ་བོར་གནས་པའི་བློ་གྲོས་མི་ལྡན་ཞིང་། ཕྱོགས་རེའི་ཐོས་པ་ཉི་ཚེ་བས་རྒྱུད་ཁེངས་ཏེ། ཡང་དག་པའི་ཆོས་ཟབ་མོ་དང་། བསྟན་འཛིན་སྐྱེས་ཆེན་ཚད་མར་གྱུར་པ་མང་པོ་ལ་སྒྲོ་སྐུར་བཏབ་སྟེ་རང་དང་གཞན་དག་དམྱལ་བར་འགྲོ་


JSD005_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུ་འབད་པས་བསྒྲུབ་པའི་ཤེས་རློམ་མངོན་པའི་ང་རྒྱལ་ཅན། དགའ་ལྡན་ཤར་རྩེ་ཛེ་སྨད་སྤྲུལ་སྐུ་བློ་བཟང་དཔལ་ལྡན་གྱིས་སྔོན་ཆད་རབ་ཚེས་ལྕགས་ཁྱི་ལོར་རྒྱལ་ཆེན་ཤུགས་ལྡན་གྱི་བྱུང་བ་བརྗོད་པ་ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩི་ཞེས་པ་ཤོག་ལྡེབ་སུམ་ཅུ་སོ་བརྒྱད་ཡོད་པའི་དེབ་ཅིག་བཟོས་ནས་སྐྱབས་བཅོལ་བོད་མིའི་གཞིས་སྒར་དང་། སློབ་གྲྭ་ཁག་སོ་སོར་ཁྱབ་སྤེལ་བྱས་ཏེ་རིང་པོར་མ་ལོན་པར་དགག་ལན་བྱུང་བ་ནི། ས་པཎ་གྱིས། ཕ་རོལ་གནད་དུ་འབེབས་པའི་ཚིག །དགྲ་བོ་ལ་ཡང་སྨྲ་མི་བྱ། །བྲག་ཆ་བཞིན་དུ་རང་ཉིད་ལ། །དེ་མ་ཐག་ཏུ་ལེ་ལན་འབྱུང་། །ཞེས་གསུངས་པ་ལྟར་ངོར་རྗེ་བཙུན་ཨེ་ཝཾ་པའི་རིང་ལུགས་འཛིན་པ་ཏྲེ་ཧོར་གདོང་ཐོག་སྤྲུལ་སྐུ་ངག་དབང་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་དགག་ལན་མ་བཅོས་


JSD005_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་འབྲེལ་བརྗོད་པ་དུས་ཀྱི་སྦྲང་ཆར་ཞེས་པ་ཤོག་ལྡེབ་བརྒྱད་ཅུར་ལོངས་པ་འདི་ཆེད་གཏད་བརྩམས་ཏེ། ད་བར་དཔར་ཐེངས་སྔ་ཕྱི་བར་གསུམ་བརྒྱབས་ནས་ཕྱི་ནང་མི་རིགས་ཡོངས་ཀྱི་མདུན་སར་ཁྱབ་གདལ་དུ་བཀྲམས་པའི་ནང་ཛེ་སྨད་སྤྲུལ་སྐུར་འགལ་བའི་ཁུར་ཆེན་བཅོ་བརྒྱད་བསྐུར་ཏེ་ད་བར་ལན་མེད་མི་སྨྲའི་བརྟུལ་ཞུགས་ལ་ཡང་དག་པར་བཀོད་པའི་ཚུལ་འདི། དེང་སང་སྐྱེ་བོའི་ཇ་གྲལ་ཡན་ཆད་དུ་ཀུན་གྱིས་གླེང་མོ་བྱེད་རྟེན་ཞིག་ཏུ་གྱུར་པ། དེ་ལྟ་ནའང་ཛེ་སྨད་ཀྱི་དཔེ་དེབ་དེའི་ཐོག་མཐའ་བར་གསུམ་གྱི་དོན་ལ་ཞིབ་ཏུ་གཞིགས་ན། ཆེན་པོ་འགའི་ཐུགས་ལ་གདོན་གསོལ་དུ་འཇུག་པ་དང་། ཞྭ་སེར་རིང་ལུགས་འཛིན་པའི་བསྟན་འཛིན་དགེ་འདུན་ཡོན་བདག་དང་བཅས་པས་ཕུང་འགོང་སྐྱབས་སུ་བསྟེན་ནས་སྐྱབས་སྡོམ་འཇིག་པའི་རྒྱུ་བྱེད་པ་དང་། རྙིང་མ་བའི་བསྟན་


JSD005_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་འཛིན་དང་བཅས་པ་ཤཱཀྱ་ཐུབ་པའི་མདོ་སྔགས་ཀྱི་བསྟན་པ་ལས་ཕྱི་རོལ་དུ་འཕུལ་ཏེ་ལོག་ལྟ་དང་ཆོས་སྤོང་གི་ལས་མི་བཟད་པ་ལ་རང་གཞན་ཚང་མ་སྦྱར་བ་དང་། དེ་ཙམ་དུ་མ་ཟད་ད་ལྟ་དང་མ་འོངས་པའི་གང་ཟག་རྣམས་ཕྱོགས་རིས་ཆགས་སྡང་། དབྱེན་སྦྱོར་འཐབ་བཀྲོལ་ཕུང་དཀྲུགས་རྩོད་པ་འགྱེད་པའི་བསྐུལ་བསླང་བྱེད་པ་སོགས་ལ་ཆེད་དུ་དམིགས་པའི་ཀུན་སློང་ངན་གཡོ་སྡང་ཞེན་དུག་གི་ས་བོན་ལྟ་བུ་ལ་གཞི་བྱས་པའི་རྗོད་བྱེད་ཕལ་ཆེར། མི་ནག་སྐྱེ་བོ་ཆོས་ཀྱི་གནད་མི་ཤེས་པའི་བླུན་པོ་དུ་མས་བབ་ཅོལ་སྤྱི་བརྟོལ་དུ་སྨྲས་པའི་ལོག་ལྟ་སྐུར་འདེབས་ཀྱི་ངག་སྒྲོས་ཁུངས་མ་དག་པ་འབའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་མ་གཏོགས། ནང་བསྟན་ལ་སྨན་པ་དང་། འགྲོ་བའི་ཁམས་ལ་འདི་དང་ཕྱི་མར་ཕན་པ་དང་བདེ་བའི་སྒོར་
འགྱུར་བའི་བསྟན་བཅོས་བཟང་པོའི་མཚན་ཉིད་སྣ་གཅིག་ཀྱང་མ་མཆིས་པས་འདི་དགག་པ་ལ་བཞི་སྟེ། དགག་ལན་འབྲི་དགོས་པའི་རྒྱུ་མཚན་བརྗོད་པ། གླེང་གཞི་ཤུགས་ལྡན་གྱི་ཡུལ་སུན་དབྱུང་བ། ཕྱོགས་སྔའི་འཆལ་གཏམ་གྱི་ཚིག་དོན་ནོར་བའི་སྐྱོན་མཚང་རེ་རེ་ནས་སྨོས་པ། ཉེས་སྡིག་ཚབས་ཆེན་སྤོང་བའི་གཞེན་བསྐུལ་གྱིས་མཇུག་བསྡུ་བའོ། །

དགག་ལན་འབྲི་དགོས་པའི་རྒྱུ་མཚན་བརྗོད་པ།


JSD005_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་དགོས་དོན་ཅུང་ཟད་འཆད་ན། སྤྱིར་བླུན་རྟུལ་ཆོས་མེད་སྤྲང་རྒན་བདག་ལྟ་བུ་སྐྱེ་བས་ཐོབ་པ་དང་ཚེ་འདི་ཉིད་ཀྱི་དབང་དུ་བྱས་ན་ཡང་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་གྱི་འདྲེན་བྱེད་མ་རིག་པའི་ལིང་ཏོག་གིས་བསྒྲིབས་བཞིན་ཆོས་གཏམ་ཤོད་པའི་གྲལ་དུ་འཚང་བ་ལས་ཁ་རོག་བསྡད་པ་བསྟན་པ་དང་རང་ལ་གནོད་པ་ཆུང་བར་ཤེས་ན་ཡང་། ལེགས་པར་བསམ་ན་འདི་ལྟར། ཐོས་པས་རྒྱུད་དུལ་ཞིང་། གྲུབ་


JSD005_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཕྱོགས་མེད་ལ་དག་སྣང་གིས་ཁྱབ་པའི་གང་ཟག་བསགས་པ་ཅན་གཟུ་བོར་གནས་པ་རྣམས་ནི། འདི་འདྲའི་འཁྱོག་གཏམ་གྱི་བསླུ་བྲིད་མཐོང་ན། དེ་སྙིང་རྗེའི་ཡུལ་དུ་བལྟས་ཏེ་དེ་ལས་ལྡོག་པར་བསྐུལ་བ་ལས། དེ་ལ་ངོ་མཚར་དང་བདེན་པར་ག་ལ་འཛིན། དེ་ལྟར་མིན་པར་དགེ་བའི་བཤེས་གཉེན་ཡང་དག་གིས་མ་ཟིན་ཅིང་། བླུན་པོ་གྲགས་རྗེས་སུ་འབྲང་བ། བློ་གཟུ་བོར་མི་གནས་པ། ཆོས་རྒྱུས་ཆུང་བ། བློ་གྲོས་བདུད་སྡེས་བཅོམ་པ་ཁ་ཅིག་རི་དྭགས་སྨིག་རྒྱུའི་ཆུ་ལ་སྲེད་པ་ལྟར། དགེ་ལུགས་པའི་མིང་ཐོགས་ཚད་ལྟ་གྲུབ་སྤྱོད་པ་ལ་ནོར་འཁྲུལ་དྲི་མས་མ་གོས་པ་ཤ་སྟག་ཡིན་ཁྱབ་མཉམ་དང་། རྙིང་མ་བའི་ཆོས་དང་གང་ཟག་གཉིས་ཀ་དག་པ་དང་མ་དག་པའི་ཁྱད་ཙམ་ཡང་མ་ཕྱེས་པར། རྙིང་མ་ཟེར་ཚད་མ་དག་པ་དང་ལོག་པའི་


JSD005_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་རང་ཡང་འཛིན། གཞན་ལའང་དེ་ལྟར་འདོམས་པ་ནི་ནོར་ཚབས་ཆེ་བ་ཡིན་པ་འདི་ཀུན་གྱིས་ཤེས་དགོས་པར་སྣང་། ཕྱོགས་ལྷུང་གི་གཏམ་འཆལ་ཆོས་དང་རྒྱབ་འགལ་ཐ་ཆད་འདི་འདྲ་བ་ལ་མགོ་བོ་མགལ་མེ་ལྟར་འཁོར་ནས། ལོག་ལྟ་དང་ཆོས་སྤོང་གི་ལས་ངན་དམྱལ་བའི་རྒྱུ་འབད་པས་སྒྲུབ་པའི་སྐྱེ་བོ་མང་པོ་ཞིག །བོད་ལྗོངས་སུ་སྔོན་ཆད་ཀྱང་བྱུང་བ་དང་། ད་ལྟའང་ཡོད་མུས་ལ། མ་འོངས་པ་ན་ཡང་དེ་འདྲ་འོང་ཉེན་ཆེ་ཞིང་། དེ་དག་སྐྱབས་གནས་ལོག་པ་དང་། རྒྱུད་ལོག་ལྟས་བསླད་ནས། རང་ཅག་ནང་པ་སངས་རྒྱས་པ་རྣམས་ཀྱི་བསྟན་པ་སྤྱི་ཡི་འཇུག་སྒོ་གསུམ་ལ་སྐྱབས་སུ་འགྲོ་བའི་དགག་སྒྲུབ་ཀྱི་བསླབ་བྱ་དང་དངོས་སུ་འགལ་བའི་ཁར། ཆོས་ལུགས་ཁག་ཕན་ཚུན་གཅིག་གིས་གཅིག་ལ་བྱ་རོག་དང་འུག་པའི་བརྟུལ་ཞུགས་འཛིན་པ་དང་། དེ་


JSD005_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་འཇིག་རྟེན་སྐྱེ་བོ་ཕལ་པ་རྣམས་ཀྱང་། རྒྱུ་མཚན་ཅི་ཡང་མི་ཤེས་ན་ཡང་། བླ་སྤྲུལ་དང་དགེ་བཤེས་ག་གེ་མོས་འདི དང་འདི་འདྲ་གསུངས་པ་རེད་ཟེར་ནས། ཕྱོགས་འཛིན་ཅན་གྱི་རྗེས་སུ་གཡོམ་རྒྱུག་བྱེད་ཅིང་རྨོངས་ཞེན་ཁ་འཛིན་སུ་བས་ཀྱང་ཐུ་བ་མང་པོ་ད་ལྟ་མངོན་སུམ་མཐོང་ཆོས་སུ་གྱུར་པ་འདི་དག་གི་རྩ་བ་དགེ་རྙིང་སུ་ལ་ཐུག་བསམ་མནོ་ལེགས་པར་བཏང་ན་གོ་ལས་ཆེ། དེས་ན་ལས་ངན་ཚབས་ཆེན་གསོག་པ་པོ་རང་ ི ཉིད་ཕུང་ལ་སྦྱོར་བ་དང་། དེ་འདྲའི་ཁ་ལ་ཉན་པའི་མི་བསོད་དམན་མང་པོ་ངན་འགྲོར་འཁྲིད་པར་མ་ཟད། དེ་འདྲ་བྱེད་པའི་ཡུལ་ཕྱོགས་སུའང་། མཐོང་ཆོས་སུ་སྣོད་བཅུད་ལ་སད་སེར་རླུང་འཚུབས། ནད་ཡམས་མུ་གེ་གོད་ཁ་ནང་འཁྲུགས་ཁ་མཆུ། འཐབ་རྩོད། འབྱུང་བཞིའི་གནོད་པ། དམག་འཁྲུག་ཐན་


JSD005_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ངན་དགུ་སྡུག་བཅུ་རྐྱེན་བགེགས་བར་ཆད་ཐམས་ཅད་མི་འདོད་བཞིན་དུ་འབྱུང་བ་ཆོས་ཉིད་ཡིན་པས། རང་རེ་སྟོན་པ་གཅིག་གི་རྗེས་འཇུག་རྣམ་གྲོལ་དོན་དུ་གཉེར་བའི་ཆོས་ཀྱི་མཆེད་རྣམས་བཀའ་མདོ་རྒྱུད་ནས་གསུངས་ཚད་ཀྱི་ཆོས་རྣམས་ལ་ཉམས་ལེན་ལག་ལེན་དུ་མ་ཐེབས་ཀྱང་ཆོས་སྤོང་གི་ལས་ངན་མ་བསགས་ཙམ་རེ་སྙིགས་དུས་ཀྱི་སྐབས་འདིར་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ཡིན་ཏེ། རྒྱལ་བས་ལུང་ཟིན་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། ཕྱོགས་འཛིན་དམ་པའི་ཆེ་རྒུ་ཕལ་མོ་ཆེ། །རྒྱལ་བའི་བཀའ་དང་འཇིག་རྟེན་ཕྱི་མ་ལ། །ཡིད་མི་ཆེས་པས་རང་དང་རང་ཉིད་ལ། །འབྲེལ་པ་ཟབ་ཚད་ངན་འགྲོའི་ཕྱོགས་སུ་འཕུལ། །ཁྱིམ་པ་རྣམས་ལ་བསྟན་པའི་གཉེར་མེད་ཀྱང་། །བསོད་ནམས་ཟད་པས་ཕྱོགས་རིས་ཁ་འཛིན་བྱེད། །རིམ་གྱིས་ཚབས་ཆེ་སྡེ་འཁྲུགས་


JSD005_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་ལ་སྦྱོར། །དེ་འདྲའི་ཕྱོགས་དེར་ཕྱི་མ་ལྟ་ཅི་སྨྲོས། །མཐོང་ཆོས་ལའང་བཀྲ་མི་ཤིས་ཀུན་འབྱུང་། །དེས་ན་རང་འདྲའི་ཉམས་ཆུང་གང་ཟག་རྣམས། །ཆོས་ནས་བཤད་ཚོད་ཉམས་ལེན་ཐེབས་དཀའ་ཡང་། །ཆོས་སྤངས་ལས་མ་བསགས་པ་ཙམ་བྱུང་ན། །སྙིགས་མའི་སྐྱེ་བོ་རྣམས་ལ་དེ་གལ་ཆེ། །ཞེས་དང་། ཡང་། ཁོང་ཆེན་པོ་ལ་ལ་ཕྱོགས་རིས་ཆེ། །རྗེས་འཇུག་ལ་ཆོས་སྤོང་གི་ཕ་ཕོགས་གནང་། །མཐོང་ཐོས་ཀྱི་སྣང་བ་དགྲ་རུ་བསླངས། །ཞེས་གསུངས་པ་འདི་གདམས་ངག་མཚང་རྒོལ་དུ་འདུག །ཕན་བདེ་འབྱུང་བའི་གནས་གཅིག་པུ། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་༈པ་རིན་པོ་ཆེའི་ལྷག་ཞབས་ཅུང་ཟད་ཅིག་མཆིས་པ་འདི་མྱུར་དུ་འཇིག་པའི་རྒྱུ་ཡང་། དགེ་འདུན་གྱི་སྡེ་རྣམས་ཕྱོགས་ཕན་ཚུན་ཆགས་སྡང་དང་། གྲུབ་མཐའ་


JSD005_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ང་བཟང་ཁོ་བཟང་རྩོད་པ་ལས། ཆོས་དང་མཐུན་པའི་གང་ཟག་ཚུལ་ལྡན་ཉིན་སྐར་ལྟར་གྱུར་པའི་དབང་གིས། དམ་པའི་ཆོས་ཀྱི་གཟི་བྱིན་ཉམས་པས་ཐུགས་ཕྱུངས་ཏེ་སངས་རྒྱས་མཐོང་བའི་ཆོས་སྐྱོང་སྲུང་མ་རྣམས་དག་པའི་ཞིང་དང་རི་རབ་ལ་ཞལ་གཟིགས། འདོད་ཁམས་ན་དབང་ཆེ་བ་བདུད་དགའ་རབ་དབང་ཕྱུག་སྡེ་རིས་དང་བཅས་པ། དེ་དག་གི་ཆར་གཏོགས་ནག་པོའི་རྩ་ལག་འདྲེ་རྒོད་འབྱུང་པོ་གློ་བུར་དུ་ལྷགས་པ་མང་པོ་ཁ་དར་ཞིང་། ཆེ་རྒུ་དུ་མའི་སྙིང་ལ་བདུད་སྡེའི་ཕྲུ་མ་བཏབ་ནས། མཛད་སྤྱོད་ལོག་ལམ་དུ་བསྒྱུར་བ་དང་ཆབས་ཅིག །འཇིག་རྟེན་གྱི་ཁམས་སུ་གོང་དུ་བཤད་པ་ལྟར་བཀྲ་མི་ཤིས་པའི་བྱུར་དང་ལྟས་ངན་ཐམས་ཅད་ཆར་དུས་ཀྱི་ཆུ་བོ་བཞིན་རྒྱས་པ་འདི་ལྟ་བུ་བྱུང་བར་གདོན་མི་ཟ་སྟེ། དེ་ཡང་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ཞེས་


JSD005_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ལེའུ་ཉེར་གསུམ་པ་ལས། འཇིག་པའི་རྒྱུ་ནི་འདི་ལྟ་སྟེ། །དགེ་འདུན་དབྱེན་དང་སྡེ་འཁྲུགས་དང་། །གྲུབ་མཐའ་འཁྲུགས་དང་ལྷ་སྲིན་འཁྲུགས། །དེས་ནི་བསྟན་པ་འཇིག་པར་འགྱུར། །ཞེས་བསྟན་པ་འཇིག་པའི་རྒྱུ་རྐྱེན་གསལ་བར་སྟོན་པ་རང་ཉིད་ཀྱིས་ལུང་བསྟན་པ་ལྟར། ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་ཕྱི་རབས་ཀྱི་བོད་འབངས་རྣམས་ལ་ཞལ་ཆེམས་སུ་བསྩལ་བ། རཏྣ་གླིང་པའི་གཏེར་བྱོན་གུ་རུའི་རྣམ་ཐར་ཞལ་- ཆེམས་གསེར་ཕྲེང་ལས། བོད་ཀྱི་མདོ་སྔགས་བསྟན་འཛིན་རྣམས༔ གཅིག་གིས་གཅིག་ལ་མ་སྨོད་པར༔ རང་རང་ཆོས་ལུགས་གཞུང་བཞིན་སྤྱོད༔ རང་དོན་སྒྲུབས་ལ་གཞན་དོན་འབད༔ ཀུན་གྱིས་བསྟན་པ་གྲུ་བཞིར་ཁུར༔ ཞེས་གསུངས་སོ། །སྤྱིར་གསར་རྙིང་སུ་ཡིན་ཀྱང་འདྲ། ཐོས་བསམ་ཕྱོགས་


JSD005_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རེར་མ་སོང་བར། ཐུགས་གཟུ་བོར་གནས་པ་ཞིག་ཡིན་ཕྱིན་ཐམས་ཅད་དགོངས་པའི་ཞེ་ཕུགས་གཏད་ཕྱོགས་གཅིག་མཐུན་ལས་སོ་སོ་བ་མེད་པར། རང་ལུགས་གཙོ་བོར་མཛད་ཅིང་། གཞན་ཐམས་ཅད་ལ་དག་སྣང་སྦྱངས་པ་ཁོ་ན་མ་གཏོགས། དེང་སང་གི་མཁས་རློམ་ཕྱོགས་ལྷུང་ཕྲག་དོག་གི་གདོན་ཆེན་སྙིང་ལ་ཉལ་བ་ཁ་ཅིག་ལྟར། རང་ལུགས་ཉམས་ལེན་རྒྱབ་ཏུ་བོར་ཏེ། གཞན་ལ་གཤེ་སྨོད་ཅི་ཐུབ་གང་ཐུབ་ལྷུར་བླངས་ནས་ཆོས་སྤོང་གི་ལས་ལ་གད་མཆོང་གཡང་མཆོང་བྱེད་མཁན་དེ་འདྲ་མིན་པ་ཤིན་ཏུ་གསལ་ཏེ། དགེ་ལུགས་པའི་བསྟན་འཛིན་རྒྱུ་སྐར་ལྟ་བུའི་ནང་ན་ཉི་ཟླ་ལྟར་མངོན་པར་འཕགས་པའི་ཚད་མའི་སྐྱེས་བུ་དམ་པ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། བོད་གངས་ཅན་གྱི་བསྟན་འཛིན་མཐའ་དག་ལ། །སེམས་ཁོངས་ནས་དག་པའི་སྣང་བ་སྦྱངས། །རྒྱུད་


JSD005_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྤོང་ལོག་ལྟས་མ་སྦགས་ཙམ། །འདི་བསྟན་པ་འགལ་མེད་རྟོགས་པའི་དྲིན། །ཞེས་དང་། ཡང་། མདོར་ན་ཁོ་བོ་རང་གི ཡོན་ཏན་དུ་བྱས་པ་ལའང་། གྲུབ་མཐའ་གང་ལའང་ཆགས་སྡང་གི་ཀུན་ནས་བསླངས་པའི་ཕྱོགས་འཛིན་གཏན་ནས་མེད་པའི་མཐུས། བདག་ལ་མངོན་པར་དགྱེས་པའི་ཆོས་ཀྱི་བདུད་རྩི་ཡང་དག་པར་བཞེས་པ། གྲུབ་མཐའ་སྣ་ཚོགས་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེ་ཕྲ་དུ་མས་ནི་བོད་དབུས་གཙང་གི་ཕྱོགས་མཚམས་ཀུན་ཏུ་ཁྱབ། ཅེས་པའི་གསུངས་འདི་གཅིག་པུས་ཀྱང་རྗེ་ཙོང་ཁ་པའི་བསྟན་བཅོས་བྱང་ཆུབ་ལམ་རིམ་ཆེན་མོའི་ཆེ་བ་བཞི་བཤད་པ་དེ་དཔེ་ཐོག་ཏུ་མ་ལུས་པར་ཐུགས་རྒྱུད་དང་འདྲེས་པར་མཛད་པའི་རྣམ་ཐར་ངོ་མཚར་ཅན་འདི་འདྲ་ལ་ཐུགས་རྩེ་གཏོད་མཁན་གྱི་དགེ་ལྡན་པ་དེང་སང་སུ་མཆིས་གཟིགས།


JSD005_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་རིས་མེད་ཀྱི་མཁས་གྲུབ་ཆེན་པོ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། ཐུབ་བསྟན་རིས་སུ་མ་ཆད་པའི་བསྟན་དང་བསྟན་འཛིན་ཐམས་ཅད་ལ་དད་པའི པདྨོ་ཕྱོགས་མེད་དུ་གྲོལ། ཆོས་རྒྱུས་ཀྱང་ཇེ་དྲག་ཏུ་སོང་། ཆོས་སྤོང་ལས་ཚབས་པོ་ཆེ་མ་བསགས་པ་འདི་རྗེ་བླ་མ་རིན་པོ་ཆེ་འདི་ཉིད་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་པ་དང་། ཕྱི་དུས་ཀྱི་མཁས་པའི་དབང་པོ་འཇམ་པའི་དབྱངས་དངོས་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱིས། ཨེ་མ་བོད་ཡུལ་ཆོས་ལུགས་རྣམ་པ་བཞི། །དོན་གྱི་ཁུངས་གཅིག་མོས་སྣང་སོ་སོར་ཤར། །སུ་ལ་ཞུགས་ཀྱང་ཚུལ་བཞིན་ཉམས་བླངས་ན། །མཁས་དང་གྲུབ་པའི་ཡོན་ཏན་འབྱུང་བའི་ཕྱིར། །ཕ་གཅིག་མ་གཅིག་བུ་ཚ་ཇི་བཞིན་དུ། །ཕན་ཚུན་ཐུགས་མཐུན་མོས་གུས་དག་སྣང་སྒོམས། །རང་ལུགས་གཙོར་བཟུང་གཞན་ལ་གཤེ་བ་


JSD005_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྤོངས། །དེ་ལྟར་མཛད་ན་བསྟན་ཞབས་འདིར་ཡང་ལེགས། །ཞེས་གསུངས་པ་ཐུགས་མད། དེ་བས་ན་ད་ལྟའི་སྐྱེ་བོ་རྣམས། བདེན་པ་དང་། དྲང་གཏམ། ཕན་པའི་ཚིག་སྨྲས་ན་ནི། ཕྱིན་ཅི་ལོག་ཏུ་གོ་ཞིང་། ཐེ་ཚོམ་དང་ལོག་པར་ལྟ་བ་འཕེལ་བའི་རྐྱེན་དུ་གྱུར་པ། ཧམ་རྫུན་དང་། གཡོ་སྒྱུ་གྱ་གྱུའི་ངག །དངོས་དང་བརྒྱུད་ནས་ཕན་པ་མེད་ཅིང་གནོད་པའི་རང་བཞིན་ཅན་སྨྲ་བ་ལ་ནི་ཁྭ་ཏ་མི་གཙང་བ་ལ་དགའ་བ་བཞིན་ཐེ་མི་ཚོམ་པར་་འཇུག་པ་འདི་ལྟ་བུའི་སྐབས་སུ་སྨྲ་བ་མང་ན་དགྲ་སོགས་སྡང་བ་ལས་གཞན་མ་མཆིས་ཀྱང་། བུ་སྟོན་གྱིས། མང་དུ་སྨྲས་ན་དགྲ་སོགས་སྡང་། །མ་སྨྲས་ལག་ལེན་འཆོལ་བར་སྤྱོད། །ཅེས་དང་། རྗེ་ཙོང་ཁ་པས། ཡིན་ཚུལ་བཤད་ན་མཁས་འདོད་ཅན་དུ་མཐོང་། །ལོག་པར་བསྟན་ན་ལྟ་ངན་ཕྱི་ཕྱིར་འཕེལ། །


JSD005_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྨྲའི་བརྟུལ་ཞུགས་བཟུང་ན་དོན་མི་འགྲུབ། །ཅེས་གསུངས་པའི་རྒྱུ་མཚན་ལ་བསམ་ནས། རིས་མེད་དགེ་བའི་བཤེགས་གཉེན་སྔོན་བྱོན་དམ་པའི་སྐྱེས་ཆེན་ཚད་ལྡན་རྣམས་ཀྱི་དགོངས་སྤྱོད་རྨད་དུ་བྱུང་བ་དང་ཆེས་ཡོངས་སུ་འགལ་བའི་སྨྲ་བ་ངན་པ་ཐོས་པ་ཙམ་གྱིས་རྣ་བ་དགབ་འོས་པ་མ་རབས་ངོ་ཚ་དང་བྲལ་བའི་ལོརྒྱུས་ཀྱི་སྐྱོན་མཚང་རྣམས་ཐེར་འདོན་མ་བྱས་ན། ངན་པ་ཁ་རྒྱལ་དུ་གྱུར་ཏེ། བློ་དམན་སེར་སྐྱ་མང་པོ་མ་དག་པའི་ཟེར་སྒྲོས་ངན་པའི་རྗེས་སུ་རི་བོང་གི་ཅལ་ལྟར་རྒྱུག་ནས། འབྲས་བུ་དམྱལ་བ་ཡིད་དུ་མི་འོང་བའི་གནས་སུ་འཕྱན་པ་དེ་རྣམས་ལོག་ལྟ་དང་ཆོས་སྤོང་གི་ལས་ཚབས་པོ་ཆེ་བསགས་པའི་སྡིག་རྒྱུན་ལས་ལྡོག་སྟེ། ཆོས་སྣང་བའི་སྒོ་དད་པ་དག་སྣང་གིས་གཞི་བཟུང་སྟེ། ཐུབ་པའི་རྗེས་འཇུག་ཐམས་ཅད་ཕན་ཚུན་འཁོན་འཛིན་ཕྲག་དོག་རིང་དུ་
སྤངས་ནས། ཕ་མ་གཅིག་ལས་ཆད་པའི་བུ་ཚ་བཞིན་དུ་ཐུགས་མཐུན་དམ་གཙང་གི་སྒོ་ནས་བསྟན་པ་ཐམས་ཅད་ཚ་གྲང་བཞིན དུ་འགལ་བར་མི་བལྟ་བར། གཞུང་ལུགས་གདམས་པར་འཁྱེར་ཤེས་པའི་སྒོ་ནས་བསྟན་པའི་ལྷག་ཞབས་མར་མེ་འཆི་ཁ་མའི་འོད་ཙམ་གནས་པ་འདི་མྱུར་དུ་ནུབ་པར་མི་འགྱུར་བའི་མཐུ་བྱིན་གྱིས་འཇིག་རྟེན་གྱི་ཁམས་སུ་བདེ་ལེགས་ཕུན་སུམ་ཚོགས་པ་འབྱུང་བའི་ཆེད་དུ་ཡང་དག་པར་དམིགས་ནས། ཡིན་མིན་བདེན་རྫུན་ཤན་འབྱེད་ཀྱི་འབེལ་གཏམ་ཅུང་ཟད། ལུང་རིགས་ཚད་མའི་རྒྱབ་སྐྱོར་དང་བཅས་ཏེ་འབྲི་བའི་དགོས་པ་དང་རྒྱུ་མཚན་དེ་ལྟར་ལགས་སོ། །

གླེང་གཞི་ཤུགས་ལྡན་གྱི་ཞེན་ཡུལ་སུན་དབྱུང་བ།

གྲགས་རྒྱན་གློ་བུར་དོལ་རྒྱལ་དུ་གསར་སྐྱེས་ཇི་ལྟར་བྱུང་བའི་སྐྱེ་བརྒྱུད་བཤད་པ།


JSD005_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གླེང་གཞི་ཤུགས་ལྡན་གྱི་ཞེན་ཡུལ་སུན་དབྱུང་བ་ལ་གསུམ་སྟེ། གྲགས་རྒྱན་གློ་བུར་དོལ་རྒྱལ་དུ་གསར་སྐྱེས་ཇི་ལྟར་བྱུང་བའི་སྐྱེ་བརྒྱུད་བཤད་པ།


JSD005_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་རིག་འཛིན་ནུས་ལྡན་རྣམས་ཀྱིས་བསྒྲལ་འདྲེན་ཇི་ལྟར་མཛད་ཚུལ་བཤད་པ། ཕུང་འགོང་སྐྱབས་གནས་སུ་བཟུང་བ་རྣམས་བཀའ་གདམས་རིང་ལུགས་གཙང་མ་ལས་ཉམས་ཚུལ་བཤད་པའོ། །དང་པོ་ནི། དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་འབྲས་སྤུངས་བློ་གསལ་གླིང་གི་པཎ་ཆེན་བསོད་ནམས་གྲགས་པ། དེའི་ཡང་སྲིད་བསོད་ནམས་ཡེ་ཤེས་དབང་པོ། དེའི་ཡང་སྲིད་ངག་དབང་བསོད་ནམས་དགེ་ལེགས་ཏེ། དེ་རྣམས་གྲགས་རྒྱན་གྱི་སྐུ་ཕྲེང་དུ་འདྲེན་པ་བ་ཡང་གོང་མ་མཁས་གྲགས་ཅན་བྱུང་བ་དེ་དག་གི་ཞབས་འདྲེན་དུ་འགྲོ་བ་ལས་བསྟོད་ཡུལ་གྱི་ཆེ་ཡོན་དུ་མི་འགྲོ་བས་འོས་འཐད་མ་མཐོང་། འདིར་སྐབས་བབ་འབྲས་སྤུངས་གཟིམས་ཁང་གོང་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གྱི་ལོ་རྒྱུས་ཅུང་ཟད་འཆད་ན། ཁོང་ནི་རབ་བྱུང་བཅུ་པའི་ས་མོ་ལུག་སྤྱི་ལོ་ཆིག་སྟོང་


JSD005_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་བརྒྱ་ཉི་ཤུ་ཐམ་པ་ལ་སྟོད་ལུང་གད་ཁ་སར་སྐུ་འཁྲུངས་པ་དེ་ཉིད་ཀྱིས་ཐོག་མར་པཎ་ཆེན་བློ་བཟང་ཆོས་རྒྱན་བསྟེན། དེ་རྗེས་གོང་ས་ལྔ་པ་ཆེན་པོའི་དྲུང་ནས། རྒྱ་སོག་དཔོན་རིགས་མང་པོ་དང་ལྷན་དུ། རྡོར་ཕྲེང་དང་ཀྲྀ་ཡ་སྦྲགས་མའི་དཀྱིལ་འཁོར་ཞེ་ལྔའི་དབང་དང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་ལུང་སོགས་གསན་པ་ཡིན་འདུག་ཀྱང་། མི་རིང་བར་བླ་སློབ་བར་དམ་སེལ་ངན་པ་ཞིག་བྱུང་ཡོད་པ་གདོན་མི་ཟ་སྟེ། ཅིའི་ཕྱིར་ཞེ་ན། ཁྲི་བྱང་རིན་པོ་ཆེས་མཛད་པའི་ཤུགས་ལྡན་རྟོགས་བརྗོད་དམ་ཅན་རྒྱ་མཚོ་དགྱེས་པའི་རོལ་མོ་ལས། རྒྱལ་དབང་ལྔ་པ་ཆེན་པོ་དང་། གྲགས་རྒྱན་རང་ཉིད་བཅས་ཉི་ཟླ་ལྟ་བུའི་སྐྱེས་ཆེན་རྣམ་གཉིས་གློ་བུར་རྐྱེན་དབང་སྟབས་ཀྱིས་རེ་ཞིག་ཞལ་འཛོམ་གྱི་གོ་སྐབས་རིང་བར་གྱུར་ཞེས་


JSD005_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་དང་། དེ་སྐབས་གོང་ས་ལྔ་པ་ཆེན་པོའི་བཀའ་ལུང་སྤྱི་བོས་ནོད་པའི་སྡེ་སྲིད་བསོད་ནམས་ཆོས་འཕེལ་ལམ། བསོད་ནམས་རབ་བརྟན་ཞེས་ཀྱང་གྲགས་པ་སོགས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ལ་དབང་བ་རྣམས་གྲགས་རྒྱན་ལ་ཁོང་ཁྲོ་མི་བཟོད་པ་འབར་ནས་སྐུ་བཀྲོངས་པའི་འཕྲོས་གཏམ་བྱུང་ལུགས་ལ་དཔགས་ན་གོང་ས་མཆོག་གི་ཐུགས་དང་འགལ་བ་ཤིན་ཏུ་གསལ། དེར་མ་ཟད་སྐབས་དེར་གོང་ས་ལྔ་པ་རང་ལའང་དམ་གྲིབ་ཕོག་པའི་ཚུལ་གསུང་རྣམ་དུ་ཀུ་ལ་ཀ་པའི་ནང་དུ། ཚེས་བཅོ་ལྔ་ལ་གཟའ་འཛིན་འདུག་པ་དང་བསྟུན། མ་ཤའི་ལས་སྦྱོར་བྱེད་རྩིས་ཀྱིས་ཚེས་བཅུ་གཅིག་ནས་བསྙེན་མཚམས་ཤིན་ཏུ་དམ་པར་བཅད་དེ་འཇམ་དཀར་གྱི་བཟླས་བརྗོད་བཙུགས་པ་ཚ་རྟིང་ཁར་རང་དབང་དང་བྲལ་བའི་གཉིད་ཀྱིས་ནོན་པར། རེ་ཞིག་ཐུན་བཞག་


JSD005_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཁམས་གསེང་བའི་ཐབས་འདྲ་བྱས། ཇའི་སང་སྡེ་པར་ཕྱི་དྲོ་ད་ལྟའི་འདི་འདྲ་མིན་ཙམ་བྱུང་ན་མ་གཏོགས་དགེ་སྦྱོར་ཚད་ལྡན མི་ཡོང་བ་སྣང་ཞེས་གླེང་བརྗོད་ཀྱང་བཏང་། དེ་ཡང་སྤྲུལ་པའི་སྐུ་གཉན་ཚད་ཀྱིས་བསྙུང་བར། གླིང་སྟོད་ཆོས་རྗེ་དང་། བྱང་ངོས་ནས་ཀྱིས་འཕྲོད་བསྟེན་མཛད་པས་གཞི་མེད་དུ་དྭངས་པས་སོག་ཡུལ་དུ་ཙན་ཐོན་གྱི་ཉེ་ལེན་ལ་སྡེ་པའི་སྐུ་གཞོགས་ནས་སྡེ་པ་ནོར་བུ་བཏང་བས་བཀའ་ལུང་བསྒྱུར་སྐབས་སྐྱོན་མེད་་དེ་ག་ཡོད་འདུག་ཀྱང་། ཚ་རྟིང་ཁར་གློ་བུར་བསྙུན་པས་ཚོགས་ཆེན་དུ་མང་ཇ་དང་། གནས་ཆུང་ལྕོག་ཏུ་སྐུ་ཕེབས་ཚ་གྲུལ་ཞིང་སྡེ་པར་འཕྲོས་ཕུལ་བར་༜བརྟེན་ལྷ་ས་ནས་ཉིན་མཚམས་ལ་ཕེབས་པས་ཁ་སང་རྗེས་གནང་ངེད་རང་གིས་བཤོལ་བས་འཚེར་བ་བྱུང་། ད་ལམ་ཅིས་ཀྱང་འགྲོ་དགོས་ཞེས་ཇའི་སང་སྡེ་


JSD005_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྒྱུད་དེ་གསུངས་པ་མཚམས་ལ་ཧར་འདོན་བྱས་ཏེ་གཟིམས་ཁང་གོང་དུ་ཕྱིན། མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་ཕུལ་ཀྱང་འབྱུང་པོ་ཞིག་གིས་བརླམས་པས་ཐུགས་མི་ཟིན་འདུག་པས་ཕན་ཐོགས་མེད་པས་ཚེས་བཅུ་གསུམ་གྱི་ཚ་རྟིང་ཁར་ཞིང་བརྗེས་སྣང་། ཞེས་གསུངས་པ་འདི་ལ་ཚད་མར་འཛིན དགོས། དེས་ན་ད་ལྟ་དགེ་ལྡན་པ་ཀུན། སྡེ་པ་བསོད་ནམས་ཆོས་འཕེལ་དང་། ནང་སོ་ནོར་བུ་སྐ་མཆེད་ངན་མཐུན་གྱིས་མགྲིན་པར་དར་བརྫངས་རྒྱབ་སྟེ་བཀྲོངས་ཚུལ་དང་། ཤུགས་ལྡན་བསྟོད་པར། ལོག་སྨོན་ཀུན་ཚོགས་དར་གྱིས་མགུལ་བཅིངས་ཚེ། ཞེས་རྐེ་བསྡམས་ཏེ་བཀྲོངས་ཚུལ་མི་འདྲ་བ་གཉིས་བྱུང་བ་ལ་གོང་དུ་ཀུན་མཁྱེན་རྒྱལ་དབང་ལྔ་པའི་གསུངས་དེས་ལོ་རྒྱུས་མཐུན་མིན་གཉིས་ཀ་བཞར་ཚར་བ་འདི་ལ་ཡིད་རྟོན་དགོས། དོན་དུ་གྲགས་རྒྱན་


JSD005_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དགུང་ལོ་སོ་བརྒྱད་པ་མེ་སྤྲེལ་ཟླ་བ་ལྔ་པའི་ཚེས་བཅུ་གསུམ་ཉིན་འདས་གྲོངས་སུ་གྱུར་ཏེ། སྐུ་གདུང་འབྲས་སྤུངས་སྔགས་པའི་ཆོས་རང་ཞུགས་ལ་ཕུལ་བ་ན་མེས་མ་ཚིག་པ་དངུལ་གདུང་ནང་དུ་རིལ་པོ་བཅུག་སྟེ། གཟིམས་ཁང་གོང་རང་དུ་བཞག་པར་སྐུ་གདུང་ཞབས་ཕྱི་བ་རྣམས་ཀྱང་སྡོད་མི་བཟོད་པའི་ཚེགས་སྒྲ་དང་སྡིག་སྒྲ། མཆོད་རྟེན་ནང་ནས་སྐད་ངན་དང་ཙིར་སྒྲ་རྒྱབ་པ་སོགས་བྱུང་བ་ན། གནས་ཆུང་ཆོས་སྐྱོང་བཀའ་ལུང་ ི་བཞིན་དངུལ་གདུང་ལྷུ་ཕྲལ་ནས། སྐུ་གདུང་ཤིང་སྒམ་ནང་བཅུག་སྟེ་ཡར་ཆབ་གཙང་པོར་སྐྱུར་བ་རིམ་གྱིས་ཁྱེར་བ་ལྷོ་ཁ་དོལ་གྱི་མདར་ཆགས་པ་དེང་བཅུ་བཞི་༔ སྐབས་དོལ་ཆུ་མིག་དཀར་མོར་ཡོད་པས་དོལ་རྒྱལ་ཞེས་མིང་དེ་ནས་ཐོགས། གྲགས་རྒྱན་གཤེགས་ཁར་བླ་མ་དང་དམ་ཚིག་ཉམས་པས་མ་ཚད་སྨོན་ལམ་


JSD005_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པ་ཞིག་བཏབ་ཡོད་པར་ངེས་ཏེ། མི་དབང་པཎྜི་ཏ་སངས་རྒྱས་རྒྱ་མཚོས་མཛད་པའི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན ཐབས་ལེའུ་བརྒྱ་དང་བཅུ་གཉིས་པ་ལས། ལུགས་མཐུན་དམ་ལ་གནས་པའི་རྒྱལ་པོ་དང་། །དེ་མིན་དམ་སྲི་འབྱུང་པོའི་རིགས་ལ་སོགས། །ཞེས་པའི་ཐད་ཀྱི་འགྲེལ་པ་ན་ལུགས་མཐུན་རྒྱལ་པོ་སྐུ་ལྔ་སོགས་ཡིན། དེ་མིན་དོལ་ཆུ་མིག་དཀར་མོར་གནས་པ་སོགས། བླ་མའི་རིགས་སྨོན་ལམ་ལོག་པ་དང་བཙུན་པ་⇨ སྡོམ་ཉམས་འདྲེར་སྐྱེས་པ་ཞེས་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར་རོ། །གྲགས་རྒྱན་གཤེགས་ཁ་ནས་བཟུང་ལྔ་པ་ཆེན་པོའི་གཟིགས་སྣང་དུ་ཆོ་འཕྲུལ་གྱི་རྣམ་པ་བྱུང་ཚུལ་རྣམས་ལྔ་པ་ཆེན་པོའི་རང་རྣམ་དུ་ཀུ་ལའི་ནང་དུ་འདི་ལྟར། ཚེས་བདུན་ནས་དཔལ་ལྡན་རེ་མ་ཏིའི་མདོས་བསྐང་བཙུགས་པའི་རྡོ་རྗེ་སློབ་


JSD005_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་དུ་ཕྱིན། ཆོས་སྐྱོང་ཆེན་པོའང་ཁོག་ཏུ་ཞུགས་ཏེ་ཕེབས། གསོལ་ཇ་ཁང་གི་ནང་དུ་གདོན་གྱི་འཚུབ་ཅིག་འདུག་གསུངས། མཚམས་ཀྱི་སྐབས་ཚེས་བཅུ་བདུན་ནས་བཟུང་ཉམས་སྣང་གི་འཁྲུལ་ངོར་ཆ་དཀར་ཆོས་མཛད་དང་ལྷན་དུ་སྤྲེའུ་བྱིས་པ་ལོ་བརྒྱད་པ་ཙམ་དོམ་ལྤགས་ལྟ་བུའི་ཁ་དོག་ནག་ཅིང་མིག་དམར་སེར་དུ་འཁྱིལ་བ་ཞིག་རེས་རྗེས་སུ་འབྲངས། སྐབས་འགར་མཇིང་པར་ཞོན་ནས་འོང་བ་ཞིག་བྱུང་བ་དང་མཐུན་པ་འདྲ། ཞེས་དང་། ཆོས་སྐྱོང་ཆེན་པོས་སྤྲུལ་པའི་སྐུའི་པུར་བཞུ་དུས་ཉེ་འཁོར་དུ་བསྡད་པ་མི་འགབ་པས་པོ་ཏཱ་ལར་སོང་གསུངས་པ་བཞིན་ཉེར་གཉིས་ལ་འོང་། ཞག་བདུན་གྱི་བར་འཕགས་པ་མཆེད་ཀྱི་དྲུང་དུ་མཆོད་པ་སྨོན་ལམ་བཟླས་བརྗོད་སོགས་དགེ་སྦྱོར་ལ་བརྩོན་པར་བྱས། ལས་སྒྲིབ་དག་པའི་ལྟས་བཟང་པོ་འདྲ་


JSD005_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

འོང་དུ་རེ་ཡང་ནུབ་གཅིག་རྨི་ལམ་དུ་བཙུན་པ་ཞིག་གིས་ཟན་ཧྲིལ་མོ་སྦོམ་ཕྲ་མཛུབ་མོ་ཙམ་མཁྱིད་གང་གི་ཚད་རྩ་རྩེའི་རྣམ་པ་ཡོད་ཁུལ་ཞིག་མདུན་དུ་བཞག་སྟེ་འདི་སྡེ་བ་སྐྱིད་རུ་བ་ཡིན་ཟེར་བའི་མུས་ལ་ཟན་དེ་སྲོག་ཆགས་ལྟར་འགྲོ་བ་དང་། ཡང་རྫོང་གི་རྟ་ལམ་དུ་དམག་གིས་འཚངས་པས་ཇའི་སང་སྡེ་པ་དང་ལྷན་ཅིག་ཆར་འབབ་པའི་མུན་ཁྲོད་ལ་མཆིལ་ལྷམ་ཡང་མ་གྱོན་པར་ལྟག་སྒོ་ནས་ཐོན་ཏེ་བྲོས་འགྲོ་བ་སོགས་ངན་པ་འབའ་ཞིག་བྱུང་། ཞེས་དང་། དབྱར་ཐོག་འདིར་འགོང་པོའི་འཚུབ་སྔར་དང་མི་འདྲ་བའི་ཆེ་བ་འདུག་པར་ཟླ་བ་དགུ་པའི་ཚེས་དགུ་ནས་བདུན་གཅིག་གི་བར་ཡང་ཟབ་རྡོ་རྗེ་གྲོ་ལོད་བསྒྲུབས་པས་ཚ་ངར་གྱི་དབལ་གཅོག་པ་ལ་ཕན་པར་བྱུང་། ཞེས་དང་། ས་ཁྱི་ཟླ་བ་གསུམ་པའི་ཚེས་གཅིག་གི་སྲོད་འཁོར་ལ་ཉ་ཤུར་སྐྱ་རིལ་གྱིས་ཇའི་སང་སྡེ་པ་བརྒྱུད་


JSD005_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྡེ་པ་བསྙུང་ལུགས་འདི་བཞིན་བྱུང་ཟེར་བར་ཟ་ཡིག་དང་། བྱིན་རླབས་རྟེན་སོགས་བསྐུར། ནམ་འོག་ལ་ཡོང་རྩིས་ཀྱིས་རྟ་བསུ་བ་ཐོངས་བྱས་ཀྱང་ནམ་སངས་ལས་མ་འབྱོར། ཚེས་གཉིས་ཀྱི་ཞོགས་པ་ལྷ་སར་ཕྱིན། སྐུ་གྲིབ་བསྙུན་གཞི་བབས་ཤིན་ཏུ་ལྕི་བ་འདུག་པས་བཅོས་ཀ་ཎྜཱ འགྲོ་མདོག་མ་ཁ་ཡང་། ཟ་ཡིག །དུག་དབྱུངས། སྨན་བཅོས་ཐབས་སྣ་ཚོགས་བྱས་རུང་། ཚེས་གསུམ་གྱི་ཉིན་ཕྱེད་ལ་ཞལ་མ་བཞུགས་པར་འཕོ་བ་་བཏབ། བྱང་མི་མང་བའི་སྒྲ་དང་བཅས་དེ་ཙམ་གྱི་གནད་དུ་འགྲོ་མདོག་ཁ་བ་ཞིག་མ་བྱུང་། ཞེས་དང་། ཆོས་སྐྱོང་ཆེན་པོས་སྡེ་པར་འདྲེ་སྣ་ཟུག་པས་གཟིམས་༔ ཁང་གོང་གི་མཆོད་རྟེན་རྣམས་གཞན་དུ་སྤོ་དགོས་ཚུལ་ལོ་སྔ་མ་སྟོད་ལུང་ཆུ་ཚན་ལ་བྱོན་སྐབས་དགེ་བསྐོས་གཉིས་བརྒྱུད་དེ་ལབ་པ་ཡིན་ཡང་དངུལ་གདུང་


JSD005_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་ཕྲལ་ནས་འཇོག་པ་ཙམ་ལས་མ་སྤོས་པའི་སྐྱོན་གྱིས་ནད་གཞི་ཚུག་པ་ཡིན། ད་ལྟ་འཚུབ་ཆེར་སོང་བས་གཟིམས་ཁང་གོང་སྤོ་དགོས་གསུངས་པར་རྒྱལ་བརྫོངས་ལྟ་བུས་གོ་ཆོད་པས་ཁང་པ་བཤིག་མ་དགོས་པ་ཡོང་མི་ཡོང་གི་གླེང་གཞི་མང་དུ་བྱུང་རུང་བདེན་མི་བདེན་ཇི་ལྟར་ཡང་མཆོད་རྟེན་བརྒྱད་པོ་མ་ཕྲལ་བའི་སྐབས་མཆོད་རྟེན་ནང་ནས་སྐད་དང་། ཙིར་སྒྲ་བརྒྱབ་ཟེར་བས་མཚོན་པའི་རྣམ་རྟོག་འདྲེ་ལངས་ཀྱིས་ཁ་ཚོན་མ་ཆོད་པས་སྐྱ་ཆས་ཚོ་སྟོད་ལུང་མདའ་དང་། ཤིང་ཆ་རྣམས་ཤར་ཆུ་སྦུག་ཏུ་བསྐྱལ། གཟིམས་ཁང་བཤིག་ཤུལ་དུ་གྲྭ་ཚང་གིས་ཁྲོ་རོལ་སླང་གང་མ་ཞིག་དང་། གྲྭ་ཚང་གསུམ་ནས་བསྡུས་པའི་དགེ་འདུན་བརྒྱ་སྐོར་གྱིས་གསུང་རབ་བསྒྲགས་ཞེས་གསུངས་ཤིང་། གཞན་ཡང་ལྔ་པ་ཆེན་པོའི་མནལ་ལམ་དུ། གདུགས་ངུར་སྨྲིག་མདོག་ཀ་བཞིའི་ཚད་


JSD005_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་པ་འཁོར་བ་ཞིག་ཡང་ཡང་བྱུང་ཞིང་དེ་བྱུང་རེས་ཀྱི་ཕྱི་ནང་ཅི་རིགས་སུ་འཚུབ་རེ་འོང་བ་དང་། རིན་ཆེན་སྒང་པ་དབང་རྒྱལ་རྡོ་རྗེར་རྟ་མགྲིན་གྱི་རྗེས་གནང་སྩལ་སྐབས་རླུང་སོགས་རྐྱེན་ཡེ་མེད་པར་གཏོར་གསོལ་ཅོག་སྟེང་ནས་ལྷུང་པ་དང་། གསོལ་ཚིགས་གནང་སྐབས་གསོལ་ཚིགས་ཀྱང་དོན་མེད་དུ་མགོ་འཇུག་ལྡོག་པ། སྐབས་ཤིག་རྩེ་ཕོ་བྲང་པོ་ཏཱ་ལ་ཡང་ཡོམ་ཡོམ་དུ་འདར་བ་སོགས་ཆོ་འཕྲུལ་ཡང་ཡང་བསྟན་པ་དང་། རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་མང་པོ་སྟེང་གྲིབ་ཀྱིས་འདས་གྲོངས་བྱུང་བ་དང་། གྲྭ་ཚང་གི་མཚམས་ཁག་པ་རྣམས་ཡོད་སར་དགོང་མོ་མར་མེའི་འོད་ལ་༉ གཟུགས་མི་མཐོང་བའི་ལག་པ་ཆེན་པོས་མར་མེ་བསྒྲིབ་པ་དང་གསོད་པ། ཆབ་གསང་འགྲོ་མཁན་དང་། གྲྭ་གཟུགས་བོང་བུའི་མགོ་ཅན་ཟླ་གམ་གྱོན་པར་


JSD005_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་པ། སྐས་འགོའི་སྐས་རུ་མི་ནག་རྒྱ་ལུ་ཆས་སུ་འཁྲུལ་ནས་གཡང་ལ་བསྐྱར་གྲབ་བྱས་པ། འགའ་ཞིག་ལ་ཞུགས་ཏེ་ནད་པ་ཡིན་ཁུལ་གྱི་རྩ་སྟོན་པ་སོགས་མང་པོ་བྱུང་། ནད་པ་དེ་རིགས་ལ་ཨེམ་ཆི་དར་མོ་སྨན་རམ་པ་རང་འཕྲོད་ཅིང་། ཁོང་མཚན་རྒྱུའི་འབྱུང་པོ་དང་གྲོགས་མཆེད་ལྟ་བུ་ཡིན་ཚོད འདུག །སྐབས་ཤིག་ཁོང་གིས་གྲྭ་པ་ནད་པ་ཞིག་གི་རྩར་བྱོན་པས་རྒྱལ་ཆེན་གྱིས་གནོད་པར་ཤེས་ཏེ། ཁྱོད་ཀྱི་ན་ཚ་དེ་འདི་ཁ་རང་དུ་འདུག་ཅེས་སྙིང་ཁར་ ོ ཕྱག་མཛུབ་བཙུགས་པས། ཁ་རོག་བཞུགས། མིས་ཤེས་ཡོང་ཞེས་ཤུབ་བུར་བརྗོད་པ། དེར་སྨན་པ་དར་མོ་བས་འཇམ་འགྲོས་ཀྱིས་གསེད་བཀྲོལ་གནང་ནས་དྲག་པ་དང་། གྲགས་རྒྱན་ཞལ་བཞུགས་སྐབས་གསོལ་སྨན་འབུལ་མིའི་སྨན་པ་འབྲས་ཉང་པོ་ཁམས་ཚན་གྱི་ཨེམ་ཆིར་ཞིག་ཡོད་པ་དེར། གྲགས་རྒྱན་


JSD005_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་རྗེས་ནུབ་གཅིག་ཉམས་དང་རྨི་ལམ་འདྲེས་མ་ལྟ་བུ་ཤིན་ཏུ་གསལ་བར་གྲགས་རྒྱན་གྱི་གསོལ་དཔོན་བྱུང་སྟེ། བླ་མ་སྐུ་ཁམས་ཅུང་མི་བདེ་བ་ཡོད་པས། ཁྱེད་གདན་འདྲེན་པར་གཏོང་གནང་མཛད་བྱུང་ཟེར། དེར་ངེད་ལ་རྟ་མེད་ཇི་ལྟར་བྱེད་བྱས་པར། རྟ་ཁྲིད་ཡོད་ཟེར་བ་ལྟར་སྨན་པས་སྨན་སོགས་ཁྱེར་ཏེ་སོང་བ་ན་འབྲས་སྤུངས་ལྕགས་རིའི་ཕྱིའི་རྡོ་བཅལ་དུ་རྟ་དཀར་པོ་སྒ་ཆས་རང་འགྲིགས་ཤིག་འདུག་པར་ཞོན་ནས་ཨ་ཙ་ར་གཉིས་ཀྱིས་ཁྲིད་དེ་རྐྱང་ཐང་སྒང་དུ་སླེབས་པ་ན། དེར་རྒྱལ་བ་ཐམས་ཅད་མཁྱེན་པ་ཕྱོགས་ཕེབས་སྐབས་ཀྱི་བཞུགས་སྒར་ལྟ་བུའི་སྒར་ཆེན་ཞིག་གི་དབུས་ཀྱི་དབུ་གུར་དུ་ཁྲི་ཆེན་པོ་ཞིག་གི་སྟེང་ན་གྲགས་རྒྱན་སྔར་ཞལ་བཞུགས་སྐབས་ལྟར་མངོན་སུམ་དུ་བཞུགས་འདུག་པ་མཇལ་སྐབས་གྲགས་རྒྱན་ནས། ངོས་


JSD005_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་རྒྱབ་སྐེད་པའི་སྨད་འདི་ཚོར་ཤུ་ཐོར་ལྟ་བུ་ཅུང་ཟད་ཐོན་ཏེ་མི་བདེ་བ་ཡོད་ཅེས་ཨེམ་ཆིར་ཕྱག་རྩ་བསྟན་པ་དང་། གསོལ་སྨན་འབུལ་བཞེས། སྨན་ཡོན་གནང་བ་རྣམས་སྨན་སྒྲོར་བླུགས་ཏེ་ཚུར་ལོག་ཡོང་བ་སོགས་མངོན་སུམ་པ་ལྟར་བྱུང་། སང་གཉིད་སད་སྐབས། བླ་མ་ནི་སྐུ་འདས་ཟིན་ཀྱང་། མདང་ནུབ་ཀྱི་མངོན་སུམ་པ་ལྟར་བྱུང་བ་ཇི་ཡིན་སྙམ་དོགས་ཏེ་སྨན་སྒྲོ་ཁ་ཕྱེས་ཏེ་བལྟས་པས་སྨན་ཡོན་གནང་བ་རྣམས་དངོས་སུ་ཡོད་པ་བྱུང་བ་དང་ཞེས་སོ། །ཡང་ལྷ་སའི་ཕྱོགས་སུ་ནད་ཡམས་མཆེད་ཅིང་མི་མང་པོ་ཤི་བ་དང་། རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་མང་པོ་འདས་གྲོངས་སོང་བ་སོགས་ཡུལ་ཁམས་ལ་མི་ཤིས་པའི་མཚན་མ་ངན་པ་སྣ་ཚོགས་མུ་མཐུད་གཏོང་བཞིན་རྣམ་སྨིན་སྲིད་པའི་བར་དོ་ཡིད་ཀྱི་ལུས་ཅན་དེ། མེ་བྱ། ས་ཁྱི། ས་ཕག །ལྕགས་བྱི། ལྕགས་


JSD005_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གླང་སྟེ་ལོ་ལྔའི་རིང་འཁྲུལ་སྣང་འཁོར་བའི་བག་ཆགས་དང་འགྲོགས་བཞིན་དུ་དབུས་གཡོར་ཕྱོགས་སུ་འཁྱམས་འཁྱམས་གཙང་ཕྱོགས་ཀྱི་ཆོས་སྡེ་བཀྲ་ཤིས་ལྷུན་པོར་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་རྒྱན་ཞབས་དྲུང་དུ་སྐྱབས་འཚོལ་འགྲོ་བར་བརྩམས་ཚེ་ཎྜཱདགོན་པའི་གླིང་བསྐོར་གྱི་ལམ་དུ་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བཀག་ནས་ནང་དུ་མ་བཏང་ཅེས་པའི་ལོ་རྒྱུས་འདི་ལྟར་ན་དོལ་རྒྱལ་གསོན་པོའི་སྐབས་ནས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཐུགས་རྗེའི་ལྕགས་ཀྱུ་རྣོན་པོའི་ཡུལ་དུ་གྱུར་པའི་དད་དམ་གྱི་ཨ་ལོང་སྲ་བརྟན་ཅིག་མེད་པ་ཡང་མཐོང་ཐུབ། དེ་ནས་རིམ་གྱིས་སོང་སོང་བ་ལས་དཔལ་ས་སྐྱར་སླེབས་པའི་ཚེ། བདག་ཆེན་བསོད་ནམས་རིན་ཆེན་དགུང་གྲངས་བཅུ་བདུན་དུ་ཕེབས་པ་ལྕགས་མོ་གླང་ལོར་ས་སྐྱའི་


JSD005_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་རྩེ་རྙིང་མར་གསུང་ངག་རིན་པོ་ཆེ་ལམ་འབྲས་ཚོགས་བཤད་འདུས་པ་སུམ་བརྒྱ་ལྷག་ཙམ་ལ་གནང་བའི་སར་མཚན་མོ་རྡོ་ཆར་འབེབས་པ་དང་། མང་པོ་ལ་གནོད་འཚེ་དང་ཆོ་འཕྲུལ་སྣ་ཚོགས་བསྟན་པའི་སྐབས། བདག་ཆེན་གྱི་མནལ་ལམ་དུ་ས་སྐྱའི་ཕུན་ཚོགས་གླིང་བརྩེ་ཆེན་ལྷ་ཁང་འགག་ན་བན་གཟུགས་ཤིག་གཟིགས་ནས་མི་མཁྱེན་པ་ལྟར་མཛད་ནས་ཁྱོད་སུ་ཡིན་གསུངས་པ་ལ། ང་དགེ་ལྡན་པའི་དམ་སྲི་ཁོ་ཡིན་ཞེས་སྦ་གསང་མེད་པར་རང་གི་ཡིན་ལུགས་དྲང་པོར་ཞུས་ནས། ཁྱེད་ཀྱིས་ང་ལ་ཟས་སྐལ་ཞིག་སྩོལ་ཞེས་གསོལ་བས། ཁའུ་སྐྱེད་ལྷས་སུ་རྒྱལ་མཁར་བརྩིགས་ནས་འདྲེ་ཁྱོད་རེ་ཞིག་དེར་སྡོད་ཅེས་བླ་ཡིད་ཆགས་པའི་རྟེན་དུ་བྱིན་པ་དང་། དེ་བཞིན་སྲས་ས་ཆེན་ཀུན་བློས་ཀྱང་ས་སྐྱའི་བྱང་ངོས་དགོན་པའི་ཕྱི་རོལ་དུ་རྨུག་ཆུང་མགོན་ཁང་བཟོས་ནས་
དེར་དོལ་རྒྱལ་ཆགས་རྟེན་བྱས་པ་འདི་དག་ལོ་རྒྱུས་ཡོངས་གྲགས་ལྟར་བཀོད་པ་ཡིན་ནོ། །

དེ་ཉིད་རིག་འཛིན་ནུས་ལྡན་རྣམས་ཀྱིས་བསྒྲལ་འདྲེན་ཇི་ལྟར་མཛད་ཚུལ་བཤད་པ།


JSD005_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དེ་ཉིད་རིག་འཛིན་ནུས་ལྡན་རྣམས་ཀྱིས་བསྒྲལ་འདྲེན་ཇི་ལྟར་མཛད་པའི་ཚུལ་བརྗོད་པ་ནི། གོང་དུ་བཤད་པ་བཞིན་གྲགས་རྒྱན་ལས་རྐྱེན་ངན་པའི་དབང་གིས་རྒྱལ་འགོང་གདུག་པ་ཅན་དུ་སྐྱེས་ནས་ཀྱང་། སྔ་མའི་བག་ཆགས་ངན་པའི་འཕྲོ་སད་ནས། རུ་ཏྲ་ཐར་བ་ནག་པོའི་བརྟུལ་ཞུགས་བཟུང་སྟེ་རང་གི་རྩ་བའི་བླ་མ་རྒྱལ་མཆོག་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོའི་སྐུ་དགྲ་དང་། དམ་ལྡན་རྣལ་འབྱོར་མང་པོའི་སྒོས་དགྲ། དགེ་འདུན་གྱི་སྡེ་དང་སྐྱེ་འགྲོ་ཉེས་མེད་རྣམས་ལ་གནོད་ཅིང་འཚེ་བར་བྱེད་༉ པ་སོགས་བསྒྲལ་བའི་ཞིང་བཅུ་ཚང་བའི་ལས་ངན་གྱི་ནུས་པ་སྟོབས་སུ་གྱུར་པ་དང་། དུས་དེར་རྣམ་རྒྱལ་གྲྭ་ཚང་ཡོངས་ནས་ཀྱང་། རྒྱལ་བའི་དབང་པོར་


JSD005_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡང་གསོལ་བ་བཏབ་པའི་རྒྱུ་རྐྱེན་རྟེན་ཅིང་འབྲེལ་འབྱུང་འཚོགས་པ་ན། རྒྱལ་དབང་ཉིད་དང་ལྷོ་རྒྱུད་རིག་འཛིན་རྣམ་གཉིས་བཅས་བགྲོ་བ་མཛད་དེ། སྲི་དོལ་རྒྱལ་མ་བཏུལ་ན་བོད་ཁམས་བསྟན་འགྲོའི་བདེ་སྐྱིད་ལ་ཤིན་ཏུ་གནོད་ཅིང་། དེའང་ཞི་བས་འདུལ་དུ་མི་འཚལ་ཏེ། རྒྱུད་ལས། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཅེས་གསུངས་པ་ལྟར། མངོན་སྤྱོད་དྲག་པོའི་རོལ་པས་ཚར་གཅོད་པ་ལ་གཅིག་ཏུ་ཕྱོགས་ཏེ། དམ་སྲི་དོལ་རྒྱལ་བླ་མ་ས་སྐྱ་པ་ཆེན་པོས་དམ་བཞག་མཛད་ནས་བགྲང་བྱ་བཅུ་གཉིས་འདས་པ་ཆུ་མོ་གླང་གི་ལོར་རྩེ་པོ་ཏཱ་ལའི་གྲྭ་ཚང་དུ་རྡོ་རྗེ་གྲོ་ལོད་ཀྱི་རྡོ་རྗེ་སློབ་དཔོན་དགའ་གདོང་སྔགས་རམ་པ་དོན་གྲུབ་རྒྱ་མཚོ་དང་། ཡང་གསང་ཀརྨ་དྲག་པོའི་རྡོ་རྗེ་སློབ་དཔོན་རྒྱལ་མཆོག་ཉིད་


JSD005_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གནང་བྱུང་སྔགས་འཆང་བློ་བཟང་མཁྱེན་བརྩེས་གནང་བའི་དགེ་འདུན་གྲངས་བཅད་ཀྱི་སྒྲུབ་ཁག་གཉིས། རྡོ་རྗེ་བྲག་རིག་འཛིན་སྤྲུལ་སྐུ་པདྨ་ཕྲིན་ལས། སྨིན་གྲོལ་གླིང་རིག་འཛིན་གཏེར་བདག་གླིང་པ། ཆོས་རྗེ་འུག་བྱ་ལུང་པ། ཀ་ཚལ་ཟུར་པ་མངའ་རིས་སྔགས་འཆང་དཀོན་མཆོག་ལྷུན་གྲུབ། འཕྱོང་རྒྱས་དཔལ་རི་སྤྲུལ་སྐུ་རྣམས་ཀྱིས། བླ་མ་དྲག་པོ། གཤིན་རྗེ་ཚེ་བདག །ཕུར་པ། ལོཀྟྲི་སོགས་སྒྲུབ་ཁག་བདུན་གྱིས་པོ་སྦ་ཏཱ་ལའི་བདེ་ཡངས་ཤར་དུ་སྦྱིན་སྲེག་གནང་ཞིང་། ལས་སྦྱོར་གནང་རྒྱུའི་སྔ་དྲོ་དེར་ལྕགས་པོ་རིར་དགེ་སློང་བྱང་ཆུབ་སེམས་དཔའ་ཟེར་བའི་མིག་མཐོང་མཁན་ཞིག་ཡོད་འདུག་པ་དེའི་མཐོང་སྣང་དུ། ཞོགས་པ་སྔ་མོར་པོ་ཏཱ་ལའི་ཕྱོགས་ནས་ཁྲོ་ཆུང་མང་པོ་ཉི་ཟེར་གྱི་རྡུལ་ཕྲན་ལྟ་བུ་འཕྲོས་ནས་འབྲས་སྤུངས་


JSD005_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ལ་སོང་ཞིང་། ཚ་རྟིང་མ་སྔ་ཕྱོགས་ཙམ་ལ་དོལ་རྒྱལ་དཔོན་གཡོག་པོ་ཏཱ་ལའི་ཕྱོགས་སུ་འགྲོ་བ་མཐོང་འདུག །དུས་དེར་དོལ་རྒྱལ་ཇི་ལྟར་བསྒྲལ་སྟོབ་མཛད་པ་ཡིན་ཞེ་ན་འདི་ལྟ་སྟེ། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ནང་གི་རྟོགས་པ་བརྗོད་པ་ཡོན་ཏན་མཐའ་ཡས་རྣམ་པར་བཀོད་པའི་རོལ་མོ་ཞེས་བྱ་བ་ལས། སླར་ཡང་ཟླ་བ་བཞི་པའི་འགོར། གོང་ནས་སྤྱན་འདྲེན་འབྱོར་བ་བཞིན་རྡོ་རྗེ་བྲག་བརྒྱུད་ཕོ་བྲང་རྩེར་ཕེབས། དེར་རྒྱལ་མཆོག་དམ་པ་ཅུང་ཟད་བསྙུན་པའི་སྐུ་རིམ་དུ། གྲྭ་ཚང་ཆེན་མོའི་གྲྭ་པ་བསྙེན་སོང་རྣམས་ཀྱིས། འབྱུང་པོ་མཐར་བྱེད་ཀྱི་ཆོ་ག་མཛད་པའི་སློབ་དཔོན་དུ་ཞབས་བསྐྱོད་ཅིང་། དེའི་སང་ཉིན་ཕོ་བྲང་རྩེར། བརྒྱགས་བརྔན་དང་རྗེས་འབྲེལ་དུ་ཨོ་རྒྱན་སྣང་སྲིད་ཟིལ་གནོན་གྱི་སྐུའི་ཕྱི་བྱད་དུ་ཞུགས་ཏེ། ལྷ་སྲིན་རྣམས་ལ་བཀའ་བསྒོ་དམ་བསྒྲག་མཛད་


JSD005_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། སྡེ་བརྒྱད་དྲེགས་པ་མ་ལུས་པ་རང་རང་གི་དཔུང་དང་བཅས་འདུས་ནས་གུས་པས་བཀའ་ནོད་ཅིང་ལས་སྒྲུབ་པར་དམ་བཅས་པའི་རྣམ་འགྱུར་གསལ་བ་གཟིགས་པ་དང་། ཡང་གོང་མའི་ལུང་གིས་བསྐུལ་ཏེ། སྟོང་ཉིད་རང་གདངས་སྙིང་རྗེ་ཆེན་པོའི་རྩལ་སྣང་། བླ་མ་དྲག་པོ་གཏུམ་དྲག་འབར་བའི་སྐུར་བཞེངས་ནས་ཧོམ་མེའི་ལས་སྦྱོར་མཛད་པས། ལས་བྱེད་ཀྱི་ཕོ་ཉ་རྣམས་ཀྱིས་མཚན་རྒྱུའི་འབྱུང་པོ་མི་བསྲུན་པའི་རྐེ་ཞགས་པས་བཅིངས་ཏེ། དབང་མེད་དུ་འཁྲིད་ནས་བསྒྲལ་བཅོམ་ཞལ་དུ་སྟོབ་པ་མངོན་སུམ་དུ་གཟིགས་ཤིང་། དེ་དུས་སྨྲེ་སྔགས་འོ་དོད་ཀྱི་སྒྲ་དང་བསྲེགས་པའི་དྲི་མི་སྡུག་པ་སོགས་དེར་འཁོད་ཀུན་གྱིས་ཚོར་བ་བྱུང་། གཞན་ཡང་དྲག་པོའི་ཟོར་ལས་བྱད་གདོན་འགྲོལ་བ་སོགས་སྐུ་རིམ་མཛད་པ་རྣམས་ལ་མཚན་ལྟས་


JSD005_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ་བྱུང་བ་ལྟར་གོང་གི་སྐུའང་གཞི་མེད་དུ་དྭངས། ཞེས་གསུངས། དེ་ལྟར་དུས་སྐབས་དེར་སྐུ་དངོས་སུ་བཞུགས་པའི་འཕགས་ཆེན་དམ་པའི་ས་ལ་བཞུགས་ཤིང་གནས་ལྔ་རིག་པའི་མ་ཧཱ་པཎྜི་ཏ་དྷརྨ་ཤྲཱིས་གསལ་པོར་བཀོད་པའི་ལོ་རྒྱུས་ཁུངས་ཡང་དག་དང་ལྡན་པའི་སྒྲུབ་བྱེད་བདེན་དཔང་ཡོད་བཞིན། ཁུངས་མེད་ལོ་རྒྱུས་སྨྲ་བའི་གང་ཟག་གི་རྗེས་འབྲངས་ཁ་ཅིག་རྫུན་རྒྱབ་རྫུན་གྱིས་བྱེད་པའི། གོང་ས་མཆོག་དང་། རིག་འཛིན་པད་ཕྲིན་སོགས་ཀྱིས་དོལ་རྒྱལ་དགང་གཟར་ཁར་བཀུགས་པ་གསང་ཕུའི་སྲུང་མ་བསེ་ཁྲབ་པའི་རྫུ་འཕྲུལ་གྱིས་ཐུགས་ཡེངས་ནས་ཤོར་ཟེར་བ་ནི་འཕགས་ཆེན་ཁྱད་པར་ཅན་དེ་རྣམས་ལ་སྐུར་འདེབས་ཀྱི་ལས་ཚབས་པོ་ཆེར་འགྱུར་ཏེ། དོལ་རྒྱལ་གཏེར་ཆེན་རིན་པོ་ཆེས་གནས་སྤར་མཛད་ཟིན་པའི་རྟིང་ལ་བླ་མ་གཞན་དག་ལ་དོལ་རྒྱལ་


JSD005_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

དགུག་རྒྱུ་དང་ཤོར་རྒྱུ་ཞིག་ག་ལ་ཡོད། དེ་ལྟར་སྨྲ་བ་ནི་དཔེར་ན་མོ་གཤམ་བུ་བཀུགས་ནས་བཀྱིག་ཚེ་ཐག་པ་བཙན་གྱིས་བཅད ནས་བྲོས་ཤོར་ཟེར་བ་དང་ཅིས་མི་མཚུངས། དུས་དེར་གཏེར་ཆེན་འགྱུར་མེད་རྡོ་རྗེའི་ཆེ་བ་འདོན་བྱེད་དང་འདུལ་སྐལ་དུ་བབས་ཏེ་ཁོང་ཉིད་ཀྱིས་བསྒྲལ་བའི་ཚུལ་ཙམ་བསྟན་པ་མ་གཏོགས། བླ་སྤྲུལ་སྐྱེས་ཆེན་གཞན་རྣམས་ཀྱང་རྟོགས་པས་བདག་བསྒྲལ། ཐུགས་རྗེས་གཞན་སྒྲོལ་བའི་མཐུ་ནུས་མངའ་བ་ཤ་སྟག་ཡིན་སྟབས་དེ་དག་གིས་འདུལ་མ་ཐུབ་པ་ལྟ་བུར་ནམ་ཡང་བསམ་པར་མི་བྱའོ། །གོང་ས་ལྔ་པ་ཆེན་པོའི་རང་རྣམ་དང་། རྡོ་རྗེ་བྲག་རིག་འཛིན་པདྨ་ཕྲིན་ལས་༜སོགས་ཀྱི་རྣམ་ཐར་ཡི་གེ་ན་ཟུར་ཙམ་ཡང་བཤད་པའི་དོལ་རྒྱལ་ཤོར་ཟེར་བའི་ངག་རྒྱུན་དེ་མ་དག་རྫུན་དང་གཡོ་ཁྲམ་གྱི་སྐད་ཆ་ཡིན་པའི་མཚང་གསལ་པོ་


JSD005_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བརྡོལ་བ་འདི་ལ་རང་གཞན་བློ་དང་ལྡན་པ་ཀུན་གྱིས་དཔྱོད་དང་ཤེས་པར་འགྱུར་རོ། །འདི་ལ་དོགས་སེལ་ཅུང་ཟད་བརྗོད་པར་བྱ་སྟེ། གོང་དུ་བཤད་པ་ལྟར ཤུགས་ལྡན་ངེས་པར་དུ་གནས་སྤར་ཟིན་ན། དུས་དེ་ནས་བཟུང་སྟེ་ད་ཐུག་བར། རྒྱལ་ཆེན་ཞེས་བསྟེན་མཆོད་བྱས་ན་མགོན་སྐྱོབ་སྡོང་གྲོགས་བྱེད་པ་དང་། འགའ་རེ་ལ་དངོས་གཟུགས་སྟོན་པ་དང་། མིའི་ཁོག་ཏུ་ཞུགས་ནས་ལུང་སྟོན་པ་སོགས་ཡོད་ཕྱིར་ཇི་ལྟར་འགོག་ཅེ་ན། དེ་རྣམས་ནི་མཐོང་སྣང་སྒྲོ་བཏགས་ཀྱི་ལྷ་འདྲེ་ཞེས་བྱ་བ། གྲགས་རྒྱན་རང་ཉིད་འཆི་ཁར་སྲོག་དབུགས་ལེན་པ་པོ་ནག་ཕྱོགས་བདུད་རིགས་དྲི་ཟ་ཀུན་ཏུ་ཁྱབ་དང་། གནོད་སྦྱིན་རྟོགས་འདོད་དང་། འབྱུང་པོ་བ་ར་ཧི་ལ་སོགས་གསོན་བདུད་གཤིན་ལྕགས་རྣམས་གྲགས་རྒྱན་དུ་བརྫུས་པ་ཡིན་ཏེ། མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱིས། གཞན་


JSD005_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དྲི་ཟ་ཀུན་ཏུ་ཁྱབ་བྱེད་དང་། །གནོད་སྦྱིན་རྟོགས་འདོད་འབྱུང་པོ་བ་ར་ཧི། །དེ་སོགས་ནག་ཕྱོགས་བདུད་རིགས་མང་པོ་ཡིས། །འཆི་ཁར་དབུགས་ལེན་ཕུང་པོ་བདག་ཏུ་འཛིན། །ཚེ་འདས་གཟུགས་བཟུང་གསོན་པོ་རྣམས་ལ་གནོད། །ཚེ་འདས་ལ་བསྔོས་ཟས་སྐོམ་བར་ནས་འཇོམས། །ཚེ་འདས་ཡིན་པར་བརྫུས་ནས་ཆ་འཕྲིན་བསྐུར། །དེ་འདྲ་དཔག་ཏུ་མེད་པ་ཡོད་པའི་ཚུལ། །ཚེ་འཕོ་ཇི་ལྟར་འགྱུར་བའི་མདོ་ལས་གསུངས། །དེ་དག་རྣམས་དང་ཕྱེ་བར་མ་བྱས་ན། །གསོན་པོ་རྣམས་ལ་གནོད་པས་གསོན་བདུད་ཟེར། །གཤིན་པོ་ཡར་འགྲོ་མི་བཅུག་བཅགས་པའི་ཕྱིར། །དེ་ལ་གསོན་༈ བདུད་གཤིན་ལྕགས་ཞེས་བྱའོ། །ཞེས་གསུངས་པ་ལྟར་དང་། གཞན་དུ་དོལ་རྒྱལ་གྱིས་ལོ་མང་རིང་སྡེ་པ་སོགས་གཞན་གྱི་སྲོག་དབུགས་འཕྲོགས་ནས་


JSD005_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་བསྡུས་པའི་གསར་སྐྱེས་ཡི་དྭགས་མཁའ་ལ་རྒྱུ་བའི་གདོན་བགེགས་འབྱུང་པོའི་སྡེ་ཚན་དུ་གཏོགས་པ་རྣམས་ཡིན་པ་ལས་ཤུགས་ལྡན་དངོས་མིན་པ་ལོ་རྒྱུས་ཁུངས་ལྡན་གྱི་ཐོག་ནས་ར་འཕྲོད་དེ། དེ་ཡང་གཏེར་ཆེན་རིན་པོ་ཆེའི་ཞབས་དྲུང་དུ་ཡུན་རིང་བསྟེན་པའི་རྡོ་རྗེ་འཛིན་པ་ཆེན་པོ་དགེ་སློང་བློ་གསལ་རྒྱ་མཚོའི་རྣམ་པར་ཐར་པ་ལས་འཕྲོས་པའི་བྱུང་བ་བརྗོད་པ་གདུང་བའི་མུན་སེལ་ཞེས་པ། སླེ་ལུང་བཞད་པའི་རྡོ་རྗེ་བློ་གསལ་རྒྱ་མཚོའི་གསུང་སྒྲོས་འཐོར་བུ་རྣམས་མ་བཅོས་ལྷུག་པར་ཡི་གེར་འགོད་གནང་མཛད་པ་དེ་ཉིད་ལས། གཏེར་སྟོན་རིན་པོ་ཆེའི་བཀའ་ལས། དོལ་རྒྱལ་ཟེར་བ་འདི་གཟིམས་ཁང་གོང་གི་སྤྲུལ་སྐུ་རང་མིན་པ་འདྲ། ཡར་སྟོད་དུ་སྐྱེས་པའི་ཀརྨ་པའི་གྲྭ་པ་དམ་ལོག་གཞུང་རང་ལ་ཆེད་དུ་བསམ་ནས་སྨོན་ལམ་ལོག་པར་བཏབ་པ་ཞིག་ཡིན་པ་འདྲ།


JSD005_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། ཡང་། ཤ་འུག་གཏེར་བྱོན་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ལུང་བྱང་ལས། འཕུང་བྱེད་འགོང་པོ་སྐྱབས་སུ་བསྟེན༔ ཞེས། དུས་ཕྱིས་དོལ་རྒྱལ་ལ་སྐྱབས་གནས་ཀྱི་མཐར་ཐུག་ཡིན་པའི་གནད་མ་རྟོགས་ཀྱང་། འཕྲལ་སྒང་ཞེད་དྲགས་ནས་བསྟན་སྲུང གི་གཙོ་བོར་བསྟེན་མཁན་མང་པོ་བྱུང་བ་དེ་ལ་དགོངས་པར་སྣང་ཞིང་། འགོང་པོའི་རྣམ་པར་བསྟན་པར་སོང་གཤིས་བསྟེན་ན་ཡང་ཕན་ཐོགས་མི་ཡོང་བའི་སྟེང་དུ་གནོད་རིགས་ཡིན་འདུག །ཅེས་དང་། ཡང་། ཆེད་གཏད་གདུག་རྩུབ་ཆེ་བའི་སྒོ་ནས་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་ལ་གནོད་པ་བྱེད་མཁན་གྱི་རྣམ་པར་བསྟན་པ་ཡིན། ཞེས་དང་། ཡང་། ཀུན་མཁྱེན་ཆེན་པོ་དེ་ལྟ་བུས་བསྒྲལ་མི་ཐུབ་པ་ཡང་མི་སྲིད། བསྒྲལ་ཕྱིན་ཆད་རྣམ་ཤེས་དང་པོའི་སངས་རྒྱས་


JSD005_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞིང་དུ་འཕང་བ་མ་གཏོགས། རང་གར་སྐྱེ་བོ་གཅིག་གིས་གཅིག་བསད་པ་ལྟ་བུ་བྱས་ནས་སྔ་མའི་སྲོག་དང་ཕྲལ་ཡང་། སླར་སྨོན་ལམ་བཏབ་ནས་གནོད་པ་བྱེད་མཁན་དུ་སྐྱེ་བ་ལེན་པ་དེ་འདྲ་ཅི་ལ་སྲིད་དེ་ཡང་དག་པའི་གནད་འགག་མ་རྟོགས་པའི་ལབ་ལབ་འབའ་ཞིག་གོ །ཞེས་དེ་དུས་ཀྱི་མཁས་གྲུབ་འགྲན་ཟླ་དང་བྲལ་བ་རྩོད་མེད་ཡོངས་གྲགས་དེ་དག་གིས་གསུངས་པའི་ལོ་རྒྱུས་འཁྲུལ་པའི་དྲི་མ་དང་བྲལ་བས་ཁ་ཚོན་ཡང་ནས་ཡང་དུ་བཅད་པ་འདིས་ཐེ་ཚོམ་གྱི་དཔྱངས་ཐག་ལ་རོ་འཇུ་བྱེད་དགོས་དོན་མ་མཆིས་ནའང་། ད་དུང་འདི་ལ་སྔོན་བྱུང་ལོ་རྒྱུས་བཤད་པའི་སྒོ་ནས་ངོ་སྤྲོད་གསལ་པོར་བགྱིད་ན། སྔོན་ཆད་བསམ་ཡས་སུ་མཁན་སློབ་ཆོས་གསུམ་དང་ལོ་པཎ་མང་པོ་ཞལ་བཞུགས་པའི་སྐབས་སུ་བློན་པོ་རྟ་ར་ཀླུ་གོང་ཤི་བ་ལ། དབུ་རྩེར་མཁན་སློབ་ལོ་པཎ་རྣམས་


JSD005_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཞི་བ་རྡོར་དབྱིངས་རྣམ་སྣང་མངོན་བྱང་སོགས་གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་མང་པོ་ཞལ་ཕྱེས་ཏེ་རིགས་དྲུག་གནས་འདྲེན་སོགས་སྒྲིབ་སྦྱོང་གི་ཆོ་ག་མཛད་པ་ལ་རྒྱལ་པོ་ཐུགས་མཉེས། ཨཱརྱ་པ་ལོའི་གླིང་དུ་བོན་པོ་རྣམས་འཚོགས་ནས་གཡག་ལུག་ཤ་བ་སོགས་དངོས་སུ་བཤམས་པའི་བོན་གྱི་ཆོ་ག་བྱེད་པའི་སར་རྒྱལ་པོ་ཕེབས་ཚེ། རྟ་ར་ཀླུ་གོང་བང་སོའི་ནང་ནས་གསོན་པོར་ལངས་བྱུང་ནས་ཟས་ཟ་ཞིང་གཉེན་བཤེས་ ོ རྣམས་དང་གཏམ་སྨྲ་བར་བྱེད་པ་སོགས་བྱུང་བས། རྒྱལ་པོ་ཤིན་ཏུ་ཡ་མཚན་སྐྱེས་ནས། གུ་རུ་པདྨའི་དྲུང་དུ་ལོ་རྒྱུས་རྣམས་ཞུས་པ་ལ། གུ་རུའི་ཞལ་ནས། བཙད་པོ་ལེགས་པར་གསོན་ཅིག གཤིན་པོ་རྟ་ར་ཀླུ་གོང་ནི་ད་ལྟ་བྱོལ་སོང་གི་གནས་སུ་སྐྱེས་ཡོད། བོན་པོས་བཀུགས་པ་དེ་ནི་རྟ་ར་ཀླུ་གོང་གི་དབུགས་


JSD005_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་མཁན་སྒོ་རྒོད་གདོང་བཙན་བྱ་བ་དེ་ཡིན། གལ་ཏེ་ཡིད་མ་ཆེས་ན། སྔར་དབུ་རྩེའི་བར་ཁང་དུ་རྒྱལ་པོ་རྗེ་འབངས་རྣམས་ལ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་པདྨ་འབྱུང་གནས་ང་ཡིས་དབང་བསྐུར་ནས་རང་རང་སོ་སོ་ལ་གསང་བའི་མཚན་རེ་བཏགས་སྐབས། བློན་པོ་ཀླུ་གོང་ཁོ་པ་ཡང་དབང་གྲལ་དུ་ཡོད། པདྨ་ང་ཡི་ཤེལ་ཕྲེང་བརྒྱ་རྩ་འདི་ལྷ་སྲས་བཙན་པོའི་ཕྱག་ཏུ་བསྣམས་ནས་ཨཱརྱ་པ་ལོར་ཀླུ་གོང་གི་རྐེར་བསྐོན་ལ། པདྨས་བཏགས་པའི་གསང་་མཚན་དྲིས་ཤིག་དང་གསལ་བར་འགྱུར་རོ་ཞེས་བཀའ་སྩལ་པ་བཞིན་རྒྱལ་པོ་བོན་པོའི་མདུན་དུ་ཕེབས་ནས། བློན་པོ་ཀླུ་གོང་ལ་ཕྱག་ཕྲེང་བསྐོན་ནས་གསང་མཚན་ཇི་ཡིན་དྲིས་ཚེ། གཤིན་པོ་ན་རེ་སྔར་དབུ་རྩེའི་བར་ཁང་དུ་སློབ་དཔོན་ཆེན་པོས་རྡོ་རྗེ་དབྱིངས་ཀྱི་དབང་བསྐུར་མཛད་ཚེ། ངེད་རྣམས་རྒྱ་མཚོའི་ཕ་


JSD005_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བསྐྲད་ནས་དབང་གྲལ་དུ་མེད་པས། གསང་མཚན་བཤད་རྒྱུ་ག་ནས་ཡོང་ཟེར། རྗེ་རྒྱལ་པོས། འོ་ན་ང་ཡི་བློན་པོ་གར སོང་ཞེས་དྲིས་པས། དེ་ན་རེ། ང་ནི་གཤིན་བོན་རྩ་རུ་འོངས་པ། དཔེར་ན་ཤན་པས་ལུག་ཤ་ཟ་བ་ལས་སེམས་ཅན་རྣམ་ཤེས་གར་སོང་ཤོད་རྒྱུ་མེད་པ་བཞིན། ཁྱེད་ཀྱི་བློན་པོའི་དབུགས་ཕྲོགས་པ་ལས། ཀླུ་གོང་གར་སོང་ང་ལ་བཤད་རྒྱུ་མེད། འདིར་ཀླུ་གོང་གི་དགེ་རྩར་བསྔོས་པའི་ཟས་སྐལ་འཕྲོག་པ་ལ་ ི འོངས་པ་བདག་ནི། བྱང་གི་སྒྲོ་རྒོད་གདོང་བཙན་བྱ་བ་དེ་ཡིན་ནོ་ཞེས་ཟེར་མ་ཐག །ཕུང་པོ་རུལ་དྲི་ང་བ་མནམ་པ་ཞིག་ཏུ་གྱུར་སོང་བས། རྒྱལ་པོ་ཐུགས་༉ ཆེས་ནས་གུ་རུའི་དྲུང་དུ་ཕེབས་ཏེ། རྒྱལ་བའི་སྲས་ཀྱི་བཀའ་བཞིན་བདེན་པ་བྱུང་ངོ་ཞེས་གསོལ་ཏོ། །དེ་ལ། ལོ་པཎ་ཐམས་ཅད་མགྲིན་དང་དབྱངས་
གཅིག་ཏུ། ཤཱཀྱ་སེང་གེ་བོད་དུ་མ་ཕེབས་ན༔ བོན་ལུགས་འདི་ཡིས་སེམས་ཅན་འཁོར་བར་འཁྲིད༔ གཤེད་འདྲེ་བོས་ནས་གཤིན་པོ་ཡིན་ཟེར་སྨྲ ཁྲི་སྲོང་ལྡེའུ་བཙན་ཆོས་ལ་ཡིད་ཆེས་ཤིང༔ བོན་ལ་ཐེ་ཚོམ་སྐྱེས་ནས་བསྡུར་དགོས་དགོངས༔ ཞེས་པའི་ལོ་རྒྱུས་འདི་ནི་ལྷོ་གཏེར་ཆེན་པོ་རིག་འཛིན་པདྨ་གླིང་པའི་གཏེར་བྱོན་ཨོ་རྒྱན་སྐྱེས་རབས་ཆོས་འབྱུང་མུན་སེལ་སྒྲོན་མེ་ལས་རྡོ་རྗེའི་ཚིག་གིས་བསྟན་པའི་དོན་ཡིན་པས་མི་ནག་པའི་ངག་རྒྱུན་རྫུན་གཤོབ་དང་མཚུངས་པའི་གནས་མེད་པ་ཡང་ཤེས་པར་བྱ་བ་གལ་ཆེའོ། །

ཕུང་འགོང་སྐྱབས་གནས་སུ་བཟུང་བ་རྣམས་བཀའ་གདམས་རིང་ལུགས་གཙང་མ་ལས་ཉམས་ཚུལ་བཤད་པ།


JSD005_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཕུང་འགོང་སྐྱབས་གནས་སུ་བཟུང་བ་རྣམས་བཀའ་གདམས་རིང་ལུགས་གཙང་མ་ལས་ཉམས་པའི་ཚུལ་བཤད་པ་ནི། སྤྱིར་ན་བོད་གངས་ཅན་གྱི་ལྗོངས་སུ་ད་ལྟ་ཡོངས་གྲགས་ཆོས་ལུགས་ཁག་རྣམ་པ་བཞི་ཡོད་པའི་ནང་གསེས། རི་བོ་


JSD005_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལུགས་པ་ནི་ཇོ་བོ་བཀའ་གདམས་པ་ལ་གསར་རྙིང་གཉིས་དབྱེ་བའི་གསར་མ་དེ་ལ་ངོས་འཛིན་པ་ལས་མེད་ཅིང་། དེ་དག་གི་དགོངས་པའི་ཞེ་ཕུག་ནི་མདོ་སྔགས་ཀྱི་ལམ་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་དུ་བསྡུ་བར་མཛད་པའི་གཞུང་ཇོ་བོ་རྗེའི་ལམ་སྒྲོན་ལ་ཁུངས་སུ་བྱས་པའི་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་རྣམས་ཡིན། དེ་ལ་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་ཆེ་བ་བཞི་ལྡན་གྱི་ཁོག་ཏུ་བཀྲལ་ནའང་། དེའི་རྗེས་འཇུག་རྟོག་གེར་བརྟེན་པ་ཁ་ཅིག་ནི་དེང་སང་གོ་བ་ལྡོག་ཕྱོགས་སུ་ལེན་པར་སྣང་བ་ནི་རྗེ་བདག་ཉིད་ཆེན་པོའི་བསྟན་པ་ཤིན་ཏུ་སྙིགས་མར་གྱུར་པའི་དབང་གིས་བྱུང་བར་གོར་མ་ཆག །དེ་ཡང་ཇོ་འབྲོམ་ཡབ་སྲས་དང་བཀའ་གདམས་སྐུ་མཆེད་རྣམས་ནི་བཀའ་གདམས་ལྷ་བཞི་ཙམ་ལ་བསྟེན་པ་མ་གཏོགས་ཆོས་སྐྱོང་གྲགས་ཆེ་བ་སྐུ་ལྔ་དང་།


JSD005_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་རྡོ་རྗེ་ལེགས་པ་སོགས་བོད་ཀྱི་འཇིག་རྟེན་པའི་ལྷ་སྲུང་གང་ལའང་བསྟེན་རིགས་སུ་མི་འདུག་སྟེ། བཀའ་གདམས་གླེགས་བམ་ཞལ་གཟིགས་ཀྱི་ཚོམ་ལས། རྒྱལ་བུ་འབྲོམ་གྱིས། དབང་གི་རྒྱལ་པེ་ང་ལ་གསོན། །གང་དག་རྒྱུན་དུ་མཆོད་བྱས་ནས། །འཆི་ཁར་དབུགས་ནི་ལེན་པ་མཐོང་། །དེ་འདྲའི་ལྷ་ངན་འདྲེ་བས་རྩོག །མཆོད་འཕྲོ་ཉིད་ནས་བརྡུང་བར་རིགས། །དེ་བས་ཕྱི་མ་ངན་འགྲོར་འདྲེན། །མཆོད་བསྟོད་ནོངས་པ་གཅིག་གིས་འཇོམས། །རྡོར་ལེགས་པེ་དཀར་ལ་སོགས་པ། །དོན་མེད་འགོང་པོས་དགོས་པ་མེད། །ཅེས་སྐྱོན་ཡོན་རྒྱུ་མཚན་དང་བཅས་པ་གསལ་བར་གསུངས་པ་བཞིན་དུ། ཕྱིས་བྱུང་དགེ་ལྡན་པའི་སྐྱེས་ཆེན་གྲགས་ཆེ་བ་པཎ་ཆེན་བློ་བཟང་ཆོས་རྒྱན་སྐུ་ཕྲེང་རིམ་བྱོན་རྣམས་དང་། ཕུར་ལྕོགས་ངག་དབང་བྱམས་པ། ཞོགས་དོན་ཡོད་མཁས་


JSD005_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། རྒྱལ་བ་བསྐལ་བཟང་རྒྱ་མཚོ་སྐུ་ཕྲེང་ན་རིམ་རྣམས་དང་། རྭ་སྒྲེང་ཁྲི་ཆེན་ངག དབང་མཆོག་ལྡན། འབྲས་སྤུངས་འཇམ་དབྱངས་བཞད་པ། ལྕང་སྐྱ་རོལ་པའི་རྡོ་རྗེ། སྒོ་མང་བླ་མ་བློ་བཟང་དམ་ཆོས། སེ་ར་བ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན། ཁྲི་ཆེན་བསྟན་པ་རབ་རྒྱས་སོགས། དགེ་ལྡན་པའི་བསྟན་འཛིན་བཟང་ལ་མང་བ་དེ་རྣམས་ནི་སྐྱེས་བུ་གསུམ་གྱི་ཆོས་སྐྱོང་བའི་སྲུང་མ། དམ་ཅན་ ི ཆོས་རྒྱལ། རྒྱལ་ཆེན་རྣམ་ཐོས་སྲས། མགོན་པོ་ཕྱག་དྲུག་པ་གསུམ་གྱི་གཙོས་རྒྱལ་བའི་བསྟན་པ་རིས་སུ་མ་ཆད་པ་སྲུང་ཞིང་ཡེ་ཤེས་ཀྱི་སྤྱན་མངའ་བ་རྣམས་བསྟེན་པར་མཛད་པ་ལས། འཁུ་ལྡོག་གདུག་རྩུབ་ཕྲག་དོག་ཅན་གྱི་འབྱུང་པོ་གསར་སྐྱེས་ཉི་ཚེ་བ་ཕན་ལས་གནོད་པ་མང་བ་སྟེར་མཁན་རིགས་མཆོད་


JSD005_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྒྲུབ་པའི་ལོ་རྒྱུས་མི་འདུག་ཅིང་དེ་རྣམས་ཀྱི་གསུང་འབུམ་ན་བསྟན་སྲུང་དབང་པོ་རྣམས་ཀྱི་མཚན་སྨྲོས་གྲས་སུའང་ཤུགས་ལྡན་མ་འཁོད་པ་དང་། ལྷག་པར་དགེ་ལྡན་པའི་གདན་ས་ཆེ་ཤོས་སེར་འབྲས་དགའ་གསུམ། བཀྲ་ཤིས་ལྷུན་པོ། མངའ་རིས་གྲྭ་ཚང་། དྭགས་པོ་བཤད་སྒྲུབ་གླིང་། རྒྱལ་མེ་ཏོག་ཐང་། རྒྱུད་གྲྭ་སྟོད་སྨད། བྱང་རྭ་སྒྲེང་གི་གདན་ས་རྣམས་སུ་རྒྱལ་པོ་ཤུགས་ལྡན་གྱི་མགོན་ཁང་གཏན་འཇགས་བཞེངས་པ་མེད་ཅིང་གྲྭ་ཚང་དེ་དག་གིས་སྤྱི་ཁྱབ་ཏུ་བསྟེན་པར་མི་མཛད་པ་ལ་དཔགས་ན། དེང་སང་དགེ་ལྡན་པ་ཕལ་མོ་ཆེས་ཤུགས་ལྡན་སྲུང་མའི་གཙོ་བོར་འཛིན་པ་འདི་ནི་བཀའ་གདམས་གསར་རྙིང་གཉིས་ཀའི་རིང་ལུགས་གཙང་མ་དང་ཡོངས་སུ་འགལ་བར་མཐོང་། དེ་འདྲ་ལ་དགོངས་ནས་སྒམ་པོ་པ་ཨོ་རྒྱན་འགྲོ་འདུལ་གླིང་པའི་མ་འོངས་ལུང་བསྟན་ལས།


JSD005_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གསར་སྐྱེས་རྒྱལ་འགོང་དགྲ་ལྷའི་ཚུལ་དུ་མཆོདཿ༔ ཅེས་བོད་ཁམས་དུས་འགྱུར་ཁུག་པའི་རྟགས་སུ་གསུངས་པ་དང་ཡང་འགྲིགས་ཤིང་། དགའ་ལྡན་བསྟན་པའི་གསལ་བྱེད་ཆེན་པོ་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་དགེ་ལྡན་བསྟན་པའི་མཛེས་རྒྱན་ལས། རྨ་ཆེན་གྱི་ལྷ་ཐོའི་ཐད་དུ་ཕེབས་ནས། རྗེ་བླ་མ་ཡབ་སྲས་ཀྱིས་འཇིག་རྟེན་པའི་ལྷ་སྲུང་བསྟེན་པར་མི་མཛད་པས། ཞེས་དང་། ཡང་། སྔ་མ་དགའ་ལྡན་ཁྲི་པ་འགའ་ཞིག་གིས་དོལ་རྒྱལ་བསྟེན་པས་བཀྲ་མི་ཤིས་པ་བྱུང་བར་ཁྲི་ཆེན་རྡོ་རྗེ་འཆང་གིས་ཁོ་ཡི་ལྷ་རྟེན་བཤིག་ཅིང་དགོད་པ་ནས་བསྐྲད་པའི་ལོ་རྒྱུས་སོགས་ཞིབ་ཏུ་གསུངས་ཞེས་དང་། པཎ་ཆེན་སྐུ་ཕྲེང་ལྔ་པ་བསྟན་པའི་དབང་ཕྱུག་གི་རྣམ་ཐར་ལས། ཆུ་བྱ་ཟླ་བ་དྲུག་པའི་ཚེས་དྲུག་ཉིན་གཅུང་སྐུ་ཞབས་དང་སྐུ་བཅར་གསོལ་དཔོན་


JSD005_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པར་བཀའ་ཕེབས་སུ། བདེ་ཆེན་ཕོ་བྲང་གི་རྩེའི་ཡང་ཐོག་གི་གཟིམས་ཆུང་དུ་དེང་སང་དོལ་རྒྱལ་གྱི་ཆོ་འཕྲུལ་སྣ་ཚོགས་ཤིག་སྟོན་ཀྱིན་འདུག་པས། ཚེས་དགུ་ཉིན་གཟིམས་ཆུང་བཤིག་རལ་དང་བཅས་བསྡུ་དགོས་ཕེབས་ཞེས་གསུངས་པ་དང་། རྒྱལ་ཆེན་ཤུགས་ལྡན་གྱི་སྐུ་ཐང་བཀྲས་ལྷུན་གཟིམས་ཆུང་གི་ཐེམ་པའི་འོག་ཏུ་མནན་པར་མཛད་པའི་ལོ་རྒྱུས་ཀྱང་མཆིས་པ་འདི་དག་ལ་དགོས་པ་ཆེན་པོ་དང་ལྡན་ཞིང་། དོན་དུ་རྒྱལ་སྲས་ཐོགས་མེད་བཟང་པོས། རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། དེ་ཕྱིར་གང་ལ་བསྐྱབ་ན་མི་བསླུ་བའི། །དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པས་མཆོད་ཡུལ་ལོག་པ་སྡུག་འདྲེ་ལ་མཆོད་བསྟོད་བྱེད་པར་དགའ་བ་རྣམས་རང་ཉིད་ཕུང་ལ་སྦྱོར་བའི་སྔ་ལྟས་


JSD005_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཇི་སྐད་དུ། མཆོད་པ་དམ་པ་ལ་བྱ་ཡི། །དམན་པ་མཆོད་ན་ཉེས་པའི་གཞི། །འོ་མ་སྐྱེས་བུའི་བདུད་རྩི་སྟེ། །སྦྲུལ་ལ་བྱིན་ན་དུག་འཕེལ་ལོ། །ཞེས་གསུངས་པ་ལྟར་ལགས་ན། མིག་ལྡན་གཡང་སར་མཆོང་པ་ཇི་ལྟར་རིགས། ལྷག་པར་ཡང་ནང་པའི་ཁྱུར་ཚུད་ཅིང་སྡོམ་པ་མཐའ་དག་གི་རྟེན་གཞི་ཁྱིམ་པ་དགེ་བསྙེན་ཡན་ཆད་ཀྱིས་སྐྱབས་སུ་འགྲོ་བའི་དགག་པའི་བསླབ་བྱ་གསུམ་ནི། མདོ་སྡེ་མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ནི་ལྷ་གཞན་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་པ་མིན། །ཞེས་གསུངས་པས་སངས་རྒྱས་ལ་


JSD005_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་སོང་བས་རང་ཉིད་འཁོར་བ་ན་འཁོར་བ་འཇིག་རྟེན་པའི་ལྷ་ཆེན་པོ་དང་། ཁྱབ་འཇུག་ལ་སོགས་པར་ཡང་སྐྱབས་སུ་མི་འཛིན་ན། མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱི་སྡེ་ཚན་དོལ་རྒྱལ་ལྟ་བུ་སྨྲོས་ཅི་དགོས། དེ་ཡང་མཁའ་ལ་རྒྱུ་བའི་ཡི་དྭགས་ནི། ལུས་སྲུལ་པོ་དང་། རོ་ལངས་དང་། སྨྱོ་བྱེད་དང་། རྗེད་བྱེད་དང་། གནོད་སྦྱིན་དང་། ཤ་ཟ་དང་། གྲིབ་གནོན་དང་། སྐེམ་བྱེད་དང་། ནམ་གྲུ་དང་། བྱད་གདོན་དང་། སྲིན་པོ་དང་། བཙན་དང་། རྒྱལ་པོ་ལ་སོགས་འབྱུང་པོའི་རིགས་ཅན་མཐའ་དག་སྟེ། འདི་དག་ལས་ཀྱི་རྫུ་འཕྲུལ་དང་ལྡན་ཞིང་ཁ་ཅིག་སྔོན་གྱི་དགེ་བ་ཕྲ་མོས་ལོངས་སྤྱོད་དང་ལྡན་ཡང་། བརྟན་ཅིང་དུས་ཚིགས་ལོག་པ་དང་། ཡུལ་ཡིད་དུ་མི་འོང་བ་དང་། འཚེ་བ་དང་། ཉམ་ང་བ་དང་། བཀྲེས་སྐོམ་དང་། ཚེ་དང་མདངས་འཕྲོག་པ་ལ་


JSD005_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་ཞིང་ཕ་རོལ་འབའ་ཞིག་ལ་གནོད་པ་བསྒྲུབ་པས་སླད་ཀྱི་སྡུག་བསྔལ་འདུ་བྱེད་པ་དང་། རྫུ་འཕྲུལ་གྱིས་སོང་ཡང་ལམ་འཕྲང་དུ་བསྲུང་བར་སྣང་བ་དང་། ཆད་པས་འཚེ་བ་དང་། གང་དུ་སྙིང་ཉེ་ནས་ཕྱིན་པ་དེ་དག་ལ་རང་ཉིད་སྔོན་འཆི་ཀའི་གནད་འཆད་པའི་ཚོར་བ་འཕོ་བས་རིག་སྔགས་དང་ཐུན་གྱི་རང་ཡང་གནད་འཆད་པའི་སྡུག་བསྔལ་གྱི་ཚོར་བ་དེས་རྟག་པར་གདུང་བས་དེ་ནད་པ་གཞན་ལ་སྤོ་བའི་བསམ་སྦྱོར་ངན་པ་དང་། གཞན་ཡང་ཁྱི་དང་བྱ་ལ་སོགས་པ་ཡང་ཡོད་པར་བཤད་པས་སྡུག་བསྔལ་དང་ལྡན་པ་དེ་ལ་གཤིན་རྗེའི་འཇིག་རྟེན་དུ་སོང་བ་ཞེས་བྱ་བས་བློ་གྲོས་ཅན་རྣམས་༔ སྐྱབས་འགྲོའི་བསླབ་པ་ལས་ཉམས་པའི་ཕུང་འགོང་ལ་བློ་ཕུག་གཏོད་པ་ནི་བཀའ་གདམས་པའི་རིང་ལུགས་ལས་ཉམས་ཤིང་ནོར་བུ་དང་མཆིང་བུ་ནོར་བའི་
ལམ་ངན་དེ་འདྲ་རྒྱང་རིང་དུ་དོར་ནས་ཆོས་རྒྱུད་གཙང་སིང་ངེ་བ་རེ་ཅི་ནས་གལ་ཆེ་བ་ལགས་སོ། །

ཕྱོགས་སྔའི་འཆལ་གཏམ་གྱི་ཚིག་དོན་ནོར་བའི་སྐྱོན་མཚང་རེ་རེ་ནས་སྨོས་པ།


JSD005_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རྩ་བའི་གསུམ་པ་ཕྱོགས་སྔའི་འཆལ་གཏམ་གྱི་ཚིག་དོན་ནོར་བའི་སྐྱོན་མཚང་རེ་རེ་ནས་སྨྲོས་པ་ལ། ཕྱོགས་སྔའི་དཔེ་ངན་གྱི་ཚིག་སྣ་ལྷུ་ཚང་དཀྱུས་སུ་མ་བཀོད་ན། འབེན་མ་མཐོང་བའི་མདའ་འཕེན་ལྟར། ལན་ཐེབས་དང་མ་ཐེབས་ཀུན་གྱིས་རྟོགས་པར་མི་འགྱུར་བ་དེས་ན། འདིར་ཡིག་ཚོགས་ལ་མ་འཛེམ་པར་ཛེ་སྨད་ཀྱི་ཀླན་ཀའི་དེབ་ཚང་བར་འགོད་པའི་ཞར་ལ། ཐད་ཀ་ཐད་ཀའི་ཚིག་དོན་གྱི་སྐྱོན་མཚང་རྣམས་འཐད་ལྡན་གྱི་རིགས་པས་དགག་པར་བགྱི་བ་ལ་ཐོག་མར་ཁོ་པའི་དཔེ་དེབ་དེའི་མིང་ལ་འདི་ལྟར། ༼མཐུ་དང་སྟོབས་ཀྱིས་ཆེ་བའི་བསྟན་སྲུང་ཆེན་པོ་རྡོ་རྗེ་ཤུགས་ལྡན་རྩལ་གྱི་བྱུང་བ་བརྗོད་པ་ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩིའི་ཆུ་ཁུར་བརྩེགས་ཤིང་འཇིགས་རུང་


JSD005_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གློག་ཞགས་འགྱུ་བའི་སྤྲིན་ནག་འཁྲུགས་པའི་ང་རོ་ཞེས་བྱ་བ་བཞུགས་སོ༽ཞེས་པ་ལ། ཐོག་མར་བསྟན་བཅོས་ཀྱི་མིང་སྨྲོས་པ་ནས་འགལ་འདུའི་འགོ་འཛུགས་པ་ནི་མི་མཁས་པའི་ནང་ཆ་སྟོན་པ་སྟེ། ཁྱོད་ཀྱི་བྱུང་བ་བརྗོད་པ་འདི་ལ་ཕ་བླ་མའི་ཞལ་གྱི་བདུད་རྩི་ཞེས་བརྗོད་རིན་ཆོག་པའི་ཎྞཱརང་གཞན་གྱི་རྒྱུད་འདུལ་བ་ལ་ཕན་པའི་ཆོས་ཀྱི་བདུད་རྩི་མདོ་སྔགས་ཀྱི་ཉམས་ལེན་གཅིག་ཀྱང་མི་འདུག་པས་དོན་དང་འགལ། རྗོད་བྱེད་བརྡ་ལ་མ་བྱང་ནས། ཆུ་ཁུར་དང་། སྤྲིན་ནག་ཅེས་དོན་གཅིག་ལ་ཚིག་གཉིས་ཟློས་པ་བྱུང་བས་ཚིག་ལ་འགལ་བ་བྱུང་བ་སྟེ་ཚིག་དོན་གཉིས་ཀའི་ཆ་ནས་འགལ་ལོ། ཡང་མཆོད་བརྗོད་དང་དམ་བཅའི་ཚིག ༼བླ་མ་དང་དུས་དགྲའི་དབང་པོ་དབྱེར་མ་མཆིས་པའི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།


JSD005_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་རྗེས་མི་ཕྱེད་རིག་པའི་སྣང་བ་ཆེ། །ཡེ་ཤེས་འཁོར་ལོར་འཕྲུལ་པའི་ཚིག་གི་བདག །བསྔགས་ཕྱིར་གསེར་གྱི་འཕྲིན་ཡིག་འདི་བཀླགས་ན། །ངག་ཡིད་རིག་པའི་གཏེར་གྱི་འདོད་འཇོར་མཛོད། །བློ་གཏེར་རིག་པའི་ཡེ་ཤེས་ཐིག་ལེ་དྷི་ཡིག་དམར་སེར་སྣང་བྱེད་ཉི་མར་བཞུ་བའི་ཁམས། །གཙུག་ཏོར་རྩེ་ཡང་གསེར་བཟང་མདོག་ཏུ་ཅོད་པན་ཟོལ་གྱིས་མཐོ་བར་གྲགས་པའི་འཛུམ་ཟེར་གྱིས། །འཁྲུལ་སེལ་ལེགས་བཤད་དབྱར་སྐྱེས་གདངས་སུ་སྨྲ་ངན་གཞིལ་བ་དག་གཙང་ཚངས་པའི་སྲིད་ཀྱི་སྲོལ། །འབྱེད་ལ་རིང་ནས་རྒྱལ་ཀུན་མདུན་སར་ཟབ་ཡངས་ཐུགས་ནི་བརྟན་པོར་བཟུང་བའི་དཔལ་དེ་བསྔགས། །ཀུན་རྨོངས་མུན་པའི་བློ་ཡི་ཁམས་ཀྱང་བཟང་པོའི་ལམ་དུ་ཡུད་ཀྱིས་བསྲེལ་བའི་ཡེ་ཤེས་མཆོག་གི་སྣང་བ་ཆེ། །རིག་པའི་རྣོ་མྱུར་བསྟན་ཡོད་སྒྱ་མའི་སྣང་བརྙན་


JSD005_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ལ་ཟུང་འཇུག་ནོར་བུའི་ཕྲེང་བར་བསྟར་བའི་དཔལ་གྱི་མཆོག །ཆོས་འདུལ་གཏེར་གྱི་བཅས་པའི་རྒྱ་ལས་གཡོ་བ་མེད་ཀྱང་ཁ་སྦྱོར་ཡང་དག་བདེ་སྟོང་མཆོག་གི་བསམ་འཕེལ་ནོར། །སྙིང་པོར་སྙེམས་པའི་མཚོ་སྐྱེས་རྡོ་རྗེ་བྱང་ཆུབ་བར་དུ་སྙིང་ལ་རྩེན་པའི་རྩེ་དགའི་གར་གྱིས་སྒྱུ སྐྱོང་གྱུར་ཅིག །གདུག་ཅན་སྙིང་དང་བདུད་སྡེའི་སྲོག་ལ་མཚོན་ཆར་རྩུབ་པའི་འཇིགས་རུང་དྲག་པོའི་མེ་དཔུང་ཀློང་། །ཡོངས་དག་ཡེ་ཤེས་བདུད་རྩིས་འཚོ་བའི་དབྱིངས་རིག་མི་ཕྱེད་མཁའ་ཁམས་རྡོ་རྗེ་གཟུགས་ཆེ་བས། །འཆལ་སྤྱོད་ར་རིའི་དྲི་མས་ནོག་པའི་དམ་པའི་ཟླ་བའང་ཕམ་དུ་བགྱིད་ལ་ཤུགས་འཆང་ཞིང་། །སྐྱེ་རྒུའི་སྲོག་གི་གཤེད་དུ་ཁྲོས་པའི་སྒྲ་གཅན་འདི་ཀོ་དགེ་ལྡན་བསྟན་པའི་དགྲ་ལྷར་བསྔགས། །སྐྱེས་བུའི་མཆོག་ཅིག་སྡང་བའི་དགྲ་ལ་དྲག་


JSD005_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

པོར་ཁྲོས་པའི་ངོ་མཚར་གཏམ་སྙན་གཙང་རྒོད་བླ་མའི་གསུང་གི་མཛོད། །དམ་ཅན་རྒྱ་མཚོ་དགྱེས་པ་བསྐྱེད་པའི་རོལ་མོའི་སྒྲས་ཀྱང་གསལ་བར་མ་གྱུར་ཡ་མཚན་བྱུང་བ་གླེང་བའི་དུང་། །མ་ཉམས་གཙང་མའི་ཆོས་ཀྱི་སྲོག་ལ་འཆལ་སྤྱོད་རིམ་གྱི་འཚེ་བ་གཞིལ་སླད་རྣམ་དཔྱོད་དབུགས་ཀྱིས་ཉེར་བསྐུལ་ན། གྲོགས་དག་འདི་ན་གཟུ་བོའི་བློ་གྲོས་འདབ་སྟོང་ཕྱེས་ལ་བག་ཡོད་ཁྲིམས་ཀྱིས་བསྟན་སྲུང་དགྱེས་པ་བསྐྱེད་པར་རིགས། ༽ ཞེས་བཀོད་པའི་སྐྱོན་བརྗོད་པ། རིག་པའི་སྣང་བ་ཞེས་པ་དང་། རིག་པའི་ཡེ་ཤེས། དབྱིངས་རིག་ཅེས་པ་རྣམས་ནི་རྫོགས་ཆེན་གྱི་ཆོས་སྐད་ཡིན་ཕྱིར། ཁྱེད་ཀྱང་དགའ་ལྡན་བསྟན་ལ་ཪྙིང་ཆོས་ཀྱི་བསྲེ་བསླད་འཇུག་མཁན་དུ་ཅིས་མ་སོང་། ཡང་སྣང་བྱེད་ཉི་མར་བཞུ་བའི་ཁམས་ཞེས་པ་སྣང་བྱེད་དང་ཉི་མ་གཉིས་ཟློས་སྐྱོན། ཡང་ཡུད་ཀྱིས་


JSD005_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེལ་ཞེས་པ་འཆང་བ་ལ་འཇུག་ཀྱང་ཁྱོད་ཀྱིས་བསྒྱུར་བའི་དོན་དུ་གོ་བ་བླངས་པ་འཁྲུལ། ཡང་རིག་པའི་རྣོ་མྱུར་བསྟན་ཡོད་ཅེས་རིག་པ་བསྟན་ཡོད་ཐོགས་བཅས་ཀྱི་གཟུགས་སུ་བཀོད་པ་གཞུང་ལུགས་སྨྲ་བའི་མདུན་སར་ངོ་ཚ་བའི་ཚིག་ཏུ་སྣང་་། ཡང་མཚོ་སྐྱེས་རྡོ་རྗེ་བྱང་ཆུབ་བར་དུ་སྙིང་ལ་རྩེན་ཞེས་ཀླད་དུ་ཨོ་རྒྱན་པདྨ་མཆོད་བརྗོད་ཀྱི་ཡུལ་དུ་བྱེད་པ་དང་། དཀྱུས་སུ་དེའི་གསུང་རྙིང་མ་བའི་ཆོས་རྣམས་སངས་རྒྱས་བསྟན་པ་ལས་ལོགས་སུ་བཀར་བ་གཉིས་དངོས་འགལ་དུ་སོང་བའི་སྐྱོན་ཇི་ལྟར་སེལ། ཡང་འཆལ་སྤྱོད་ར་རིའི་དྲི་མས་ནོག་པའི་དམ་པའི་ཟླ་བའང་ཕམ་དུ་བགྱིད་ལ་ཤུགས་འཆང་ཞིང་། ཞེས་པ་དམ་པའི་སྐྱེས་བུ་ཡིན་པར་ཁས་བླངས་ཏེ། དེ་ཉིད་ཆོས་སྐྱོང་གི་མཐུ་རྩལ་གྱིས་ཕམ་པར་བྱ་བའི་ཡུལ་དང་། འཆལ་སྤྱོད་ཀྱི་དྲི་


JSD005_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

མས་ནོག་པར་བཤད་པ་ཡང་རྒོད་བྲོ་བའི་ཚིག་ཏུ་བས། ཡང་སྐྱེས་བུའི་མཆོག་ཅིག་སྡང་བའང་དགྲ་ལ་དྲག་པོར་ཁྲོས་པའི་ངོ་མཚར་གཏམ་སྙན་ཞེས་པ་འདི་ཡང་མི་འཐད་དེ། སྐྱེས་བུའི་མཆོག་དེ་ཐེག་ཆེན་བྱང་ཆུབ་སེམས་དཔའ་ལ་བཞག་ན་དགྲ་སྡང་བ་ལ་སླར་བུ་བཞིན་བལྟས་ཏེ་བྱམས་དང་སྙིང་རྗེའི་རྟེན་དུ་བྱེད་པ་ལས་ཁྲོ་བ་ག་ལ་རིགས། དམན་ལམ་པ་ཡིན་ཀྱང་གཤེ་བ་ལ་སླར་མི་གཤེ་ཁྲོ་བ་ལ་སླར་མི་ཁྲོ་བ་སོགས་དགེ་སྦྱོང་གི་ཆོས་བཞི་ལྷུར་ལེན་དགོས་པ་ལ་ཁྱེད་ལ ཀྱིས་དེ་ལས་ལྡོག་སྟེ་དགྲ་ལ་སྡང་བ་ཉིད་ངོ་མཚར་དུ་བརྩི་ན། ཆགས་སྡང་ནི་ཉོན་མོངས་རགས་པ་ཡིན་ཅིང་དེ་རྒྱུད་ལྡན་གྱི་གང་ཟག་སྐྱེ་བོ་ཕལ་པའི་དགྲ འདུལ་གཉེན་སྐྱོང་ལས་འཕགས་ཆོས་མི་འགྲུབ་བོ། །ཡང་ཛེ་སྨད་ན་རེ། ༼དེ་ལ་འདིར་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་རོལ་པ་སྣང་སྲིད་དྲེགས་པ་ཡོངས་ཀྱི་རྗེ་


JSD005_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བོར་ཤར་བའི་འཇམ་དཔལ་དྲག་པོ། ཞྭ་སེར་ཅོད་པཎ་འཆང་བའི་སྲོལ་འཛིན་བུ་བཞིན་སྐྱོང་བའི་བྱ་ར་མཁན། ལྟ་གྲུབ་འཆལ་བར་སྤྱོད་པ་དང་ཞིང་བཅུའི་དགྲ་ལ་དྲག་པོའི་ཆད་པ་ཐོག་ལྟར་འབེབས་པ། ཕྱོགས་བཅུར་རྒྱུ་བའི་གདུག་ཅན་ཚར་གཅོད་པས་ཁྲག་འཐུང་ཁྲོ་བོ་ཀུན་གྱི་གཙོ་བོ། དམར་ནག་མེ་ལྕེ་ཕྲེང་བའི་ཀློང་ན་ནད་དང་དུག་གི་འཚུབ་མ་དུས་མཐའི་རླུང་ནག་ལྟར་གཡོ་ཞིང་དུག་གསུམ་གཅོང་ནད་གསོ་བའི་སྨན་པ། དམ་ལྡན་རྣལ་འབྱོར་སྐྱོང་བའི་དགྲ་ལྷ། རིག་འཛིན་སྟོང་གི་སྲོག་ཤིང་། བདུད་འདུལ་བཤན་པ་ཡོངས་ཀྱི་དམག་དཔོན། ལྷ་མཆོག་སྤྲུལ་པའི་ཆོས་སྐྱོང་རྒྱལ་ཆེན་རྡོ་རྗེ་༈ ཤུགས་ལྡན་རྩལ་གྱི་གསང་བ་གསུམ་གྱི་རྣམ་པར་ཐར་པ་མཐའ་དག་པའི་ཚུལ་རྒྱས་པ་ནི་ཟུང་འཇུག་གྲུབ་པའི་དཔའ་བོ་༧ཕ་བཀའ་དྲིན་མཚུངས་མེད་སྐྱབས་


JSD005_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨྲོས་ཏེ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོས་བརྩམས་པར་མཛད་པའི། དགེ་ལྡན་བསྟན་པ་བསྲུང་བའི་ལྷ་མཆོག་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་རྡོ་རྗེ་ཤུགས་ལྡན་རྩལ་གྱི་གསང་གསུམ་རྨད་དུ་བྱུང་བའི་རྟོགས་པ་བརྗོད་པའི་གཏམ་དུ་བྱ་བ་དམ་ཅན་རྒྱ་མཚོ་དགྱེས་པའི་རོལ་མོ་ཞེས་བྱ་བ་ལས་ཤེས་པར་བྱ་ཞིང་། འདིར་དེ་ཉིད་དུ་མ་གསལ་བའི་རིགས་ཁ་སྐོང་བའི་སྲི་ཞུའི་ཚུལ་གྱིས་བརྗོད་པར་བྱ་སྟེ༽ཞེས་མངོན་པའི་ང་རྒྱལ་གྱིས་ཡ་ང་བག་ཚ་མེད་པར་བཀོད་པ་ལ་ལན་བརྗོད་པར་བྱ་སྟེ། དེབ་འདིའི་གླེང་གཞི་ན་ཕ་རྒོད་བླ་མ་མི་སློབ་ཟུང་འཇུག་གྲུབ་པར་བཤད་འདུག་པ་རང་གི་མོས་རྟེན་དུ་རུང་བ་ལས། སྤྱིར་བཏང་དེང་སང་སྐྱེ་བོ་ཀུན་གྱི་རྣ་བར་ཤོང་བའི་སྐད་ཆ་མ་ཡིན་པས་འདི་ལ་མདོ་


JSD005_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལམ་དང་འབྲས་བུའི་དགོངས་པ་དང་སྦྱར་ནས་དྲི་བ་བྱུང་ན་ཁྱོད་ཀྱི་སྨྲ་བྱེད་ཐུང་ངུར་ཇི་ལྟར་མི་འགྱུར། དེས་ན་ཟུང་འཇུག་ནོར་བུའི་ཕྲེང་བར་དོ་ལེ་བརྒྱུས་པའི་ཨུ་ཚུགས་བསྐྱར་ནས་རན་ཚོད་ཙམ་སྨྲ་ན་མི་མཛེས་སམ། ཡང་འདིར་ལུང་དྲངས་པའི་ཕ་རྒོད་བླ་མས་མཛད་པའི་ཤུགས་ལྡན་རྟོགས་བརྗོད་དམ་ཅན་རྒྱ་མཚོ་དགྱེས་པའི་རོལ་མོ་ཞེས་པ་འདི་མིང་དོན་མི་མཚུངས་ཏེ། ཤུགས་ལྡན་ཉིད་ལ་གཞུང་བསྟེན་སྲུང་མ་དམར་ནག་གཉིས་ཀྱིས་གཙོས་པའི་གསར་རྙིང་གི་ཆོས་སྐྱོང་དམ་ཅན་རྒྱ་མཚོ་སུ་ཡང་ཐུགས་མཉེས་པའི་ལོ་རྒྱུས་འདྲེན་རྒྱུ་མེད་པའི་ཕྱིར། ཁ་འགེང་ཡུར་མ་དག་པ་ལ། ཁ་སྐོང་བྱེད་ཀྱང་འདི་ལྟར་ཞེ་སྡང་འཁྲུལ་པའི་རང་གཟུགས་ཕོ་གདོན་རྒྱལ་པོའི་སྡེ་ཚན་དམ་སྲི་ཤུགས་ལྡན་ཉིད། ཡེ་ཤེས་ལྷ་མཆོག་འཇམ་དཔལ་ཞི་དྲག་དང་། ཁྲོ་


JSD005_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་རྒྱལ་པོ་ཀུན་གྱི་སྤྱི་རྗེར་བྱས་ཤིང་སྣང་སྲིད་དྲེགས་པའི་གཙོ་མཆོག་ཏུ་བཞག་པ་དེ་ལྟར་ན། འཇིག་རྟེན་འདས་མ་འདས་དང་མགྲོན་བཞིའི་གོ་རིམ་དང་ས་མཚམས་ཐམས་ཅད་གོ་ལོག་ཏུ་སོང་སྟེ། དཀོན་མཆོག་སྲི་ཞུ་དང་མགོན་པོ་ཡོན་ཏན་གྱི་མགྲོན་གཉིས། རིགས་དྲུག་སྙིང་རྗེ་དང་། བགེགས་རིགས་ལན ཆགས་ཀྱི་འཁོར་དུ་བསྡུ་དགོས་པའི་རྣམ་བཞག་གོ་ལྡོག་ལྷམ་དཔེ་ཞྭ་བཀབ་ཀྱི་བཤད་པ་ངོ་ཚ་མེད་པ་འདི་གཅིག་པུས་ཀྱང་ཕ་རྒོད་བླ་མ་དང་། ཆོས་སྐྱོང་ཤུགས་ལྡན་བཅས་པར་སྲི་ཞུ་ལྟ་ཞོག་བསྟོད་མི་མཁས་པའི་སྨད་པ་དང་ཞབས་ནས་དྲངས་པ་ལ་ལྟོས། ཡང་ཛེ་སྨད་ན་རེ། ༼དེ་ཡང་རྡོ་རྗེ་ཤུགས་ལྡན་རྩལ་གྱི་བསྟོད་པ་དཔག་མེད་བསྐལ་སྔོན་མར། དགའ་ལྡན་བསྟན་ལ་བསྲེ་བསླད་འཇུག་བྱེད་པའི། །བདག་ཉིད་ཆེ་དང་ཕལ་དང་དཔོན་ཆེན་སོགས། །ཐལ་བའི་


JSD005_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་བཞིན་རློག་པར་མཛད་པ་ཡི། ཞྭ་སེར་བསྟན་པའི་དགྲ་ལྷ་ཁྱོད་ལ་བསྟོད། །ཅེས་པའི་ཐད་ཀྱི་བསྟོད་འགྲེལ་དམ་ཅན་རྒྱ་མཚོ་དགྱེས་པའི་རོལ་མོ་ལས། གཞན་ཡང་བོད་རྗེ་སྲིད་སྐྱོང་གི་ཁྲི་ལ་དབང་བསྒྱུར་བའི་བླ་ཆེན་དང་། རྨད་བྱུང་སྐྱེས་རབས་ཀྱི་ཕྲེང་བ་ཚར་དུ་དངར་བའི་བླ་སྤྲུལ་ཆེ་ཆུང་། ལུང་དང་རྟོགས་པའི་ཡོན་ཏན་གྱིས་ཕྱུག་པའི་དམ་པའི་སྐྱེས་བུ། ཆེན་པོའི་ལུང་དང་ལས་ཀས་མངོན་པར་མཐོ་བའི་དཔོན་ཆེན། རིགས་རུས་མངའ་ཐང་སྟོབས་འབྱོར་གྱིས་དྲེགས་པའི་སྡེ་དཔོན་མི་དྲག་སོགས་རང་ཉིད་འཇམ་མགོན་ཙོང་ཁ་པའི་བསྟན་པའི་རྗེས་འཇུག་བསྙོན་མེད་ཡིན་བཞིན་དུ། རྗེ་བླ་མའི་བསྟན་པ་རིན་པོ་ཆེ་མདོ་སྔགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གང་གི་ཆ་ནས་ཀྱང་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པར་ཡོད་པ་འདི་ཉིད་ཀྱིས་ཆོག་མི་ཤེས་


JSD005_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྟ་གྲུབ་གཞན་གྱི་བསྲེ་བསླད་འཆལ་འཆོལ་སྣ་ཚོགས་བྱེད་པའི་སྐྱ་སེར་མཆོག་དམན་དུ་མ་ཞིག་ལ་རྒྱལ་པོའི་ཆད་པ་དང་། གྱོད་དང་ཁ་མཆུ། དུས་མིན་འཆི་རྐྱེན་སོགས་མི་འདོད་སྣ་དགུ་ཐོག་ཏུ་འབེབས་པའི་དྲག་པོའི་ཆད་ལས་ཅི་རིགས་པའི་རྟགས་མཚན་རྣོ་མྱུར་མངོན་སུམ་དུ་བསྟན་ཏེ། ཞྭ་སེར་བསྟན་པའི་དབུ་འཕང་དགུང་ལ་རེག་པར་མཛད་པའི་དགྲ་ལྷ་ཆེན་པོར་གྱུར་པའི་ཚུལ་ལ་བསྟོད་པའོ། །འདི་དག་གི་ལོ་རྒྱུས་ངོ་མཚར་བའི་གཏམ་དུ་གླེང་བར་འོས་པ་མང་པོ་ཞིག་མཆིས་ནའང་། ཡིག་ཚོགས་ཀྱི་ངལ་བར་འཇིགས་པ་མ་ཟད། དུས་སྐབས་འདི་འདྲར། ལྷ་ཁང་ནང་གི་འུར་རྡོའི་དཔེ་ལྟར་དགོས་པ་ལས་དགག་བྱ་ཆེ་བར་གྱུར་དོགས་ཀྱིས་ཡི་གེར་འགོད་པའི་ངལ་བ་མ་བྱས་སོ། །ཞེས་གསུངས་ཏེ་ཡོངས་གྲགས་སུ་འགོད་པར་མ་མཛད་པའི་ལོ་རྒྱུས་ངོ་མཚར་


JSD005_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས། སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཐུགས་བརྩེ་བ་ཆེན་པོས་བདག་ལ་ཞོར་འཕྲོས་ཀྱི་ཚུལ་དུ་ཇི་ལྟར་སྩལ་བ་རྣམས་བརྗེད་པར་ཕངས་ནས་ཕྱོགས་གཅིག་ཏུ་བསྡུས་པ་ཉིད་རྩ་བར་བཟུང་། ཕྱོགས་གཞན་ནས་ཀྱང་ཁུངས་ལྡན་འགའ་ཞིག་རྙེད་པ་རྣམས་ཀྱིསཟུར་བརྒྱན་ཏེ་བསྟོད་འགྲེལ་རྟོགས་བརྗོད་དམ་ཅན་རྒྱ་མཚོ་དགྱེས་པའི་རོལ་མོའི་ཁ་སྐོང་གི་ཚུལ་དུ་ངོ་མཚར་བའི་གཏམ་རྣམས་འབྲི་བའི་བྱ་བ་ལ་ཞུགས་སོ། །༽ཞེས་བཀོད་པ་འདི་ཤིན་ཏུ་མི་འཐད་དེ། དྭགས་པོ་བློ་བཟང་མཁས་གྲུབ་དང་། ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་གཉིས་ཀྱིས་ཆེད་དུ་བཅོས་པའི་ཤུགས་ལྡན་བསྟོད་པའི་ནང་གི་ཤྭ་ལོ་ཀ་གཅིག་ཁོལ་བཏོན་བྱས་པའི་རྩ་འགྲེལ་གཉིས་འདིར་ཁྱེད་ཀྱི་བསྟན་བཅོས་ངན་པ་འདིའི་ལུས་རྣམ་པར་བཞག་པའི་རྩ་བ་ཕྱོགས་


JSD005_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རིས་དང་ལོག་ལྟའི་འུད་གཏམ་རྣམས་འཕྲོ་གཞི་བྱས་ཕྱིར། མགོ་མཇུག་བར་གསུམ་གྱི་བརྗོད་བྱའི་དོན་ཐམས་ཅད། ཇི་སྐད་དུ། རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན། །རྩ་བ་དུག་ཡིན་མྱུ་གུ་སྨྲོས་ཅི་དགོས། །ཞེས་གསུངས་པ་ལྟར་ཕྱོགས་ལྷུང་སྡང་ཞུགས་ཀྱིས་བྱས་པ་ཡིན་པར་སུས་ཀྱང་རྟོགས་པར་སླ། འདི་ལྟ་བུའི་ལོ་རྒྱུས་ལ་ངོ་མཚར་ཆེ་ཆེ་ལྟར་བྱེད་པ་དང་། དེ་ཡང་ཁྲི་བྱང་གིས་ཡོངས་གྲགས་སུ་བཀོད་མ་བྲ་བར། ཛེ་སྨད་སྤྲུལ་སྐུ་གཅིག་པོ་ལ་སྙན་བརྒྱུད་དུ་ཚེ གདམས་པའི་དོན་རྣམས་བརྗེད་པར་ཧ་ཅང་ཕངས་དྲགས་ནས་ཕྱོགས་བསྒྲིགས་བྱས་ཚུལ་སྐད་པ་ནི། ཁྱེད་ལ་ངོ་མཚར་བའི་ལོ་རྒྱུས་དང་བླ་མའི་གདམས་ངག་གི་མུ་གེ་བྱུང་བ་ཁག་མེད། ཕན་ལས་གནོད་པ་མང་བའི་ལོ་རྒྱུས་འདི་འདྲ་བརྗེད་ཤོར་ན་བསྟན་པ་ལ་དེ་རང་གནོད་པ་ཆུང་བས་ཐུགས་ཕངས་མ་དགོས་


JSD005_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། བླ་མས་བརྩེ་བ་ཆེན་པོས་བསྩལ་བའི་གདམས་ངག་དེ། ད་རེས་ཀྱི་འདི་དང་འདི་འདྲའི་རང་བཞིན་ལས་མེད་ན་ནི་ཅོལ་ཆུང་དུ་སོང་བས་དགེ་ལྡན་བསྟན་པའི་ག་དར་དུ་མི་འགྲོ་བར་རང་ཉིད་སྨ་འབེབས་སུ་སོང་སྟེ། ལྕང་སྐྱ་རིན་པོ་ཆེས། རང་གཞན་ལྟ་སྒོམ་གྲུབ་མཐའི་ཁྱད་པར་རྣམས། །ལྟ་ཅི་ཐ་སྙད་ཙམ་ལའང་རྨོངས་ན་ཡང་། །གཞན་ལུགས་འབད་པས་སྨོད་ཅིང་སྡང་སེམས་བསྐྱེད། །ཅོལ་ཆུང་གཡོམ་རྒྱུག་མཁན་ལ་ཐུགས་རྗེས་གཟིགས། །ཞེས་གསུངས་སོ། །ཡང་མཁས་པའི་ཉམས་ཡིན་ཁུལ་གྱིས་བར་སྐབས་ཚིགས་བཅད་འདི་ལྟར། ༼མཆོག་གི་རིག་པ་འདོད་རྒུར་སྦྱིན་༔ པའི་གཏེར། །ཕ་རྒོད་བླ་མའི་གསུང་གསང་ནོར་བུའི་མཛོད། །ཀུན་རྨོངས་ཕོངས་སེལ་གཉེན་དུ་བསྟེན་རིགས་ཀྱི། །བརྗེད་ངེས་རྐུན་པོར་འཆོར་ན་བདག་


JSD005_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ནོངས། །ཚུལ་འཆོས་རྣམ་བཀྲའི་འཇའ་ཟེར་རྟག་འཕྲོ་ཡང་། །དུག་གསུམ་ནག་པོ་བརྩེགས་པས་ལུས་བརྟས་པའི། །རྣམ་རིག་མདོངས་མཐའ་རྒྱས པའི་ཟློས་གར་དང་། །ལྷན་ཅིག་མྱོས་པའི་གྲེ་འགྱུར་བདག་གིས་བསྒྱུར། །ཞེས་ཀྱང་སྨྲའི་༽ ཞེས་བྲིས་པའི་ཤྭ་ལོ་ཀ་རྗེས་མའི་དོན་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བའི་རང་ཉིད་ཀྱི་ཕྱི་ནང་གསང་བའིརང་བཞིན་མ་བཅོས་ལྷག་པར་བརྗོད་འདུག་པས་འདི་ལ་དཔྱད་པ་མ་བྱས། བསྟོད་འགྲེལ་གྱི་དགག་པ་དངོས་ནི་འོག་ཏུ་འཆད་པར་འགྱུར་རོ། །ཡང་ཛེ་སྨད་ན་རེ། ༼དེ་ལ་འདིར་བདེ་ལྡན་ཞིང་གི་མགོན་པོ་རྒྱལ་བ་འོད་སྣང་མཐའ་ཡས་པའི་སྒྱུ་འཕྲུལ་གྱི་རོལ་པ། ཀུན་གཟིགས་པཎ་ཆེན་བློ་བཟང་དཔལ་ལྡན་ཆོས་ཀྱི་གྲགས་པ་བསྟན་པའི་དབང་ཕྱུག་མཆོག་ཉིད་ཆེས་སྐུ་ན་ཕྲ་མོའི་དུས་ནས་རིག་པའི་གནས་ཡོངས་རྫོགས་ལ


JSD005_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་རབ་ཀྱི་ཀློང་བརྡོལ་ཏེ་མཁས་དང་གྲུབ་པའི་ཕ་རོལ་དུ་སོན་པའི་སྐྱེས་ཆེན་དམ་པ་ཆེས་ཁྱད་དུ་འཕགས། བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནུས་པ་ཞིག་བྱོན་མོད་དེ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་དཔྱད་གསུམ་གྱིས་ལེགས་པར་གཏན་ལ་དབབ་པས་ཚང་ལ་མ་བའི་ལམ་ཡོངས་སུ་རྫོགས་པའི་བཞེད་སྲོལ་རི་བོ་དགེ་ལྡན་པ་རང་གི་ལྟ་གྲུབ་གཙང་མའི་ཉམས་བཞེས་གཙོ་བོར་མ་གནང་བར། གསང་སྔགས་རྙིང་མའི་ཆོས་སྐོར་བཀའ་གཏེར་གྱི་རིགས་ལ་གསན་བསམ་མང་དུ་མཛད་སྣང་ཚུལ་པཎ་ཆེན་དེ་ཉིད་ཀྱི་རྣམ་ཐར་དང་། རྒྱལ་ཆེན་བསྟོད་འགྲེལ་དུ་གསལ་བར་༈ གསུངས་པ་ལྟར་གྱི་མཛད་པ་ལ་བརྟེན་ནས་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྡོ་རྗེ་ཤུགས་ལྡན་རྩལ་དེ་ཉིད་ཀྱིས་དེ་ལྟར་མི་གནང་བའི་བསྐུལ་མ་ཡང་ཡང་མཛད་


JSD005_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་། ཐུགས་སྣང་མི་གཤིན་པའི་ཚུལ་གྱིས་ཆོས་སྐྱོང་ཆེན་པོ་འདིར་དམིགས་ཏེ། དྲག་པོའི་སྲེག་སྦྱོར་གྱི་ལས་མཐའ་བརྩམ་པར་མཛད་ཅིང་། སྐབས་དེར་གྲྭ་པ་ཞིག་གིས་ཆོས་སྐྱོང་ཤུགས་ལྡན་གྱི་སྐུ་ཐང་ཞིག་འབུལ་བ་བྱུང་བས། ཆོས་སྐྱོང་ཉིད་བསྲེག་བྱར་དངོས་སུ་ཁུག་པའི་རྟགས་རྟེན་ལེགས་ཚུལ་གྱིས་ཞལ་ཐང་དེ་ཉིད་སྦྱིན་སྲེག་གི་ཐབ་ཏུ་བསྲེག་རྫས་དང་ལྷན་ཅིག་བསྲེག་པར་མཛད་པས། དེ་ཉིད་མར་ཁུའི་སྣུམ་གྱིས་ཚོས་པ་ལྟ་བུར་གྱུར་པ་ཙམ་ལས། དོན་ཚ དུ་མེས་མ་ཚིག་པར་བརྟེན་སྲེག་ཐབ་ནས་བཞེས་ཏེ་རྫས་ངན་དུ་མས་སྦགས་པར་མཛད་དེ། བཀྲས་ལྷུན་གཟིམ་ཆུང་གི་སྒོ་ཐེམ་འོག་ཏུ་མནན་པ་སོགས་དྲག་སྦྱོར་གནང་བའི་མཐུ་ལས་པཎ་ཆེན་རིན་པོ་ཆེ་དེ་ཉིད་དགུང་གྲངས་སུམ་ཅུ་པར་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་ལོར་བསྙུན་བཞེས་ཀྱིས་དགོངས་པ་ཞི་


JSD005_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་གཤེགས་ཁར་གྲྭ་པ་རྒྱ་བོ་གཟབ་མཆོར་ཅན་འཇིགས་སུ་རུང་བ་ཞིག་གཟིམ་ཆུང་དུ་འོངས་ནས་ཆོ་འཕྲུལ་དུ་མ་བསྟན་པ་བྱུང་ཞིང་། དེ་ལྟར་པཎ་ཆེན་རིན་པོ་ཆེ་བསྟན་པའི་དབང་ཕྱུག་གི་མཛད་བྱུས་ལམ་ལྷོངས་མ་བྱུང་བ་མ་ཟད། སྐུ་ཕྲེང་རྗེས་མ་པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོ་མཆོག་ཀྱང་རྙིང་ཆོས་དང་གཏེར་ཆོས་སུ་གྲགས་པ་རྣམས་ལ་གསན་བསམ་གང་ཡང་མ་མཛད་མོད། སྐུ་ཕྲེང་སྔོན་མའི་དུས་སུ་ལྷ་མི་གཉིས་ཐུགས་འཁོན་བྱུང་བའི་རྗེས་འབྲེལ་ལྟ་བུར་འཕྲལ་རྐྱེན་བླ་གཞུང་གཉིས་ཀྱི་ཞབས་འབྲིང་ཡིད་སྲུབས་སྙིང་ཞུགས་ལ་ལ་དག་གི་བྱེད་པ་ལ་བརྟེན་ནས་གཞུང་བླ་གཉིས་ཀྱི་དབར་ཐུགས་སྣང་མི་མཐུན་པའི་རྐྱེན་ངན་ཆེས་ཆེར་བྱུང་སྟབས། རྒྱ་སོག་གི་ཡུལ་གྲུར་གསང་སྟབས་ཀྱི་


JSD005_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དུ་ཆིབས་བསྒྱུར་མཛད་དགོས་པ་བྱུང་ཞིང་། སླར་དབུས་གཙང་ཁུལ་དུ་ཕྱིར་ཕེབས་མཛད་བཞེད་ཀྱང་ཕྱི་ནང་གི་འཕྲལ་རྐྱེན་སྣ་ཚོགས་ཀྱིས་བཞེད་པ་དོན་ཐོག་ཏུ་མ་ཁེལ་བའི་མུར་དགུང་གྲངས་ལྔ་བཅུ་ང་ལྔར་ཕེབས་པའི་མེ་གླང་ལོར་བར་ཁམས་སྐྱེ་རྒུ་མདོར་གཟུགས་སྐུ་དབྱིངས་སུ་བསྡུས། དེའི་སྔོན་མེ་བྱི་ལོར་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་སྐྱེ་རྒུ་མདོར་པཎ་ཆེན་ཆོས་ཀྱི་ཉི་མ་རིན་པོ་ཆེའི་སྤྱན་སྔར་ཆེད་དུ་མཇལ་བཅར་ཕེབས་སྐབས་པཎ་ཆེན་རིན་པོ་ཆེས་རྗེ་ཕ་བོང་ཁ་པར་བཀའ་མངགས་སུ། གང་ཉིད་འདུལ་འཛིན་བློ་གྲོས་སྦས་པའི་སྐུའི་སྐྱེ་བ་ཡིན་སྟབས། དེའི་རྟེན་འབྲེལ་གྱིས་བཀྲ་ཤིས་ལྷུན་པོ་བ་ཁྱེད་ལ་དགའ་གུས་རང་ཤུགས་ཀྱིས་འབྱུང་བས། ཁྱེད་ཉིད་བཀྲས་ལྷུན་དུ་ངེས་པར་ཕེབས་ཏེ་གསུང་ཆོས་རྒྱ་ཆེར་སྩལ་དགོས་པ་དང་། དེ་སྐབས་པཎ་ཆེན་གོང་མས་


JSD005_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

མནན་པ་མཛད་པའི་ཆོས་སྐྱོང་གི་ཞལ་ཐང་དེ་ཡང་ཕྱིར་འདོན་གནང་དགོས་སོགས་ཀྱི་བཀའ་མངགས་སྩལ་ཞིང་། དེ་དོན་ལྟར་རྗེ་ཕ་བོང་ཁ་པས་ཀྱང་རྗེས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ལོར་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་པོར་ཆིབས་བསྒྱར་གྱིས་སྐྱ་སེར་མཆོག་དམན་བགྲང་བ་ལས་འདས་པར་བྱང་ཆུབ་ལམ་གྱི་རིམ་པས་མཚོན་པའི་གསུང་ཆོས་རྒྱ་ཆེར་སྩལ་བ་དང་། རྫས་ངན་གྱིས་སྦགས་པའི་ཆོས་སྐྱོང་གི་ཐང་སྐུ་དེ་ཡང་ཕྱིར་དབྱུང་བར་མཛད་ཅིང་། དེ་ནས་བཀྲས་ལྷུན་མགོན་ཁང་དུ་འདོད་གསོལ་དང་སྦྲགས་ཤུགས་ལྡན་གྱི་བསྐང་གསོ་དང་། འཕྲིན་བཅོལ་བཏང་དུ་གཞུག་༉ པ་དང་། ཆོས་སྐྱོང་ཤུགས་ལྡན་གྱི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་སོགས་མཛད་དེ་བླ་བྲང་རྒྱལ་མཚན་མཐོན་པོ་དང་། ཆོས་སྐྱོང་དབར་ལྷ་མི་ཕན་ཚུན་


JSD005_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

འདུམ་སྒྲིག་ལྟ་བུའི་དམ་བཞག་ཅིག་ཀྱང་བཀའ་རྩོམ་མཛད་ཡོད་པར་འདུག །དེ་རྗེས་སླར་ཡང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་འདི་ཉིད་ཀྱང་ས་སྟག་ལོར་ཨ་མདོ་མཚོ་སྔོན་ཁོངས་ཞང་ཧོ་རྫོང་གི་སྤོ་མདོའི་དཔོན་ཚང་དུ་སྐུ་བལྟམས་ཤིང་དམ་པའི་རང་རྟགས་གསལ་བར་འཆར་བའི་མཛད་པ་སྣ་ཚོགས་པ་ཞིག་ཨ་མདོའི་ཁུལ་དུ་བྱུང་འདུག་ཀྱང་། དབུས་གཙང་དུ་ཕེབས་ཏེ་པཎ་ཆེན་གོང་མའི་ཁྲི་ལ་མངའ་གསོལ་མཛད་རྒྱུར་འཕྲལ་རྐྱེན་སྣ་ཚོགས་ཀྱིས་ཡུན་འགྱངས་བྱུང་ཞིང་པཎ་ཆེན་རིན་པོ་ཆེ་མཆོག་འདི་ཉིད་ཀྱིས་ཐོག་མར་བཀྲས་ལྷུན་དུ་ཕེབས་འཕྲལ་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་རིགས་ལྔའི་བསྐང་གསོ་ལས་བཞི་ལྷུན་གྱིས་གྲུབ་པའི་སྒྲ་དབྱངས་ཞེས་པ་པཎ་ཆེན་མཆོག་ཉིད་ནས་རྩོམ་པའི་ཐུགས་འདུན་


JSD005_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་དང་། གཞན་གྱིས་བསྐུལ་བ་དུས་མཚུངས་པར་གསར་དུ་བཀའ་རྩོམ་མཛད་པ་སོགས་ལྷ་མི་ཕན་ཚུན་ཐུགས་མཐུན་གྱི་ངང་དུ་ཡོད་ཀྱང་། རྗེས་སུ་པཎ་ཆེན་ཡོངས་འཛིན་དཀའ་ཆེན་ཨང་ཉི་མ་ལགས་ཞུ་བ་དེས་ཕོ་བྲང་རྒྱལ་མཚན་མཐོན་པོའི་གཟིམས་ཆུང་ཉི་འོད་བདེ་ཆེན་ཀུན་སྒྱུ་འཁྱིལ་དུ་རྒྱལ་ཆེན་གྱི་སྐུ་ཞིག་ཡོད་འདུག་པར་གཟིམས་ཆུང་དཀོན་གཉེར་ལ་གདུག་འདྲེའི་སྐ་འདི་ཕྱིར་ཐོན་དགོས་ལུགས་གསུངས་པར་དཀོན་གཉེར་ནས་ད་ལྟའི་ཀུན་གཟིགས་རིན་པོ་ཆེར་དགོངས་སྐོར་ཞུས་པར། ཕྱིར་མ་བཏོན་པར་ཡོངས་འཛིན་གྱིས་མི་གཟིགས་པའི་ཁུག་ཅིག་ཏུ་འཇོག་ཅེས་བཀའ་གནང་། དཀའ་ཆེན་དེ་ཉིད་རྒྱལ་ཆེན་ལ་མི་མཉེས་པ་ཞིག་ཡིན་སྟབས་ཁོང་ནས་ངེད་ཚོ་བཀའ་གདམས་རིང་ལུགས་གཙང་མར་སྐྱོང་མཁན་ཡིན་པས་ལྷ་མང་པོ་བསྟེན་


JSD005_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཕུང་ཡོང་ཞེས་ཡང་ཡང་ནན་ཏན་བཀག་ཆ་བྱས་ཏེ། བཀྲས་ལྷུན་བདེ་ཆེན་ཕོ་བྲང་དུ་ཡོད་པའི་མགོན་ཁང་དུ་རྒྱལ་ཆེན་གྱི་བསྐང་གསོ་བཏང་མི་ཆོག་པ་དང་། བཀྲས་ལྷུན་རྩེ་མགོན་ཁང་པའི་གྲས་རྒྱལ་ཆེན་སྐུ་རྟེན་པ་ཀརྨ་ཟེར་བ་རྗེ་ཕ་བོང་ཁས་རྩ་སྒོ་དབྱེ་བར་མཛད་པ་དེར་ཡང་ད་ཕྱིན་ཆོས་སྐྱོང་ཕེབས་མི་ཆོག ཅེས་སྐུ་ཕེབས་བཀག་སྡོམ་ཐོག །ལོ་བསྟར་བོད་ཟླ་དང་པོའི་ཚེས་གསུམ་ལ་སྐུ་གསོལ་རྒྱས་པ་མཛད་སྲོལ་ཡོད་པ་དེ་ཡང་མཚམས་འཇོག་མཛད་དུ་བཅུག་ཅིང་།མཚམས་འཇོག་བྱས་པའི་ཐོག་མའི་ཉིན་མོ་དེ་རང་ལ་གཞིས་རྩེའི་ས་སྲུང་དམག་མི་དང་བཀྲས་ལྷུན་བླ་བྲང་གི་ཞབས་ཁོངས་ལག་དོ་བ་ཨ་མདོ་རྣམས་འཁྲུགས་འཛིང་ཆེན་པོ་བྱུང་བ་སོགས་མི་ཤིས་པའི་རྟགས་མཚན་བྱུང་བ་མ་ཟད་ཨང་ཉི་མ་ལགས་རང་ཉིད་པཎ་ཆེན་ཆིབས་བསྒྱར་གྱི་ཆིབས་རགས་ཆེན་མོ་


JSD005_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་གཉིས་ཙམ་ལ་རྟས་བསྐྱར་བ་དང་། བདེ་ཆེན་ཕོ་བྲང་དུ་ཕོ་བྲང་གསར་བཞེངས་རྗེས་སྒོ་དབྱེའི་མཛད་སྒོའི་སྐབས་བཀྲས་ལྷུན་རྒྱབ་རིའི་རྩེའི་ཆོས་བདག་ནི་སེར་བའི་དར་ལྕོག་གི་སྲོག་ཤིང་ཆག་ལྷུང་། བདེ་ཆེན་ཕོ་བྲང་ལ་ཐོག་འཁྱུག་རྒྱབ་པ་སོགས་བྱུང་བར་བརྟེན། རྒྱལ་ཆེན་བསྐང་གསོ་སྔར་རྒྱུན་བཞིན་གཏོང་སྲོལ་འཛུགས་གནང་མཛད་དགོས་བྱུང་ཞིང་། དེ་རྗེས་ཤིང་རྟ་ལོར་རྒྱ་དམར་གྱིས་རྒྱ་ནག་ཏུ་རྒྱལ་ཡོངས་ཚོགས་འདུའི་འཐུས་མིར་གདན་ཞུས་ལྟར་པཎ་ཆེན་རིན་པོ་ཆེ་ཕེབས་པར། གཙང་ནས་ཕེབས་ཐོན་ཟིན་ཕྲལ་གཙང་ཁུལ་རྒྱལ་རྩེའི་ཕུ་ཉིང་རོ་ཞེས་པའི་ས་གནས་ནས་ཤྭ་འོད་ཀྱི་ཆུ་ཆེན་སྔ་ནས་མ་གྲགས་པ་ཞིག་ཐོན་ཏེ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ན་རིམ་གྱི་བཞུགས་གནས་གཙོ་བོ་ཀུན་སྐྱོབ་གླིང་རྟེན་བརྟེན་པར་བཅས་པ་འབྱུང་བ་


JSD005_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་ཀློང་དུ་རྨེག་མེད་དུ་བསྟིམ་ཞིང་། ཆུ་བརྡོལ་དེ་ཉིད་ས་ཐག་རིང་པོ་ནས་ཡོངས་སྐབས་མེ་ལྕེ་གཡོ་བ་ལྟར་དམར་ལྷང་ངེ་ཡོང་བར་འདུག་ཅེས་གྲགས་ཤིང་། པཎ་ཆེན་ཡོངས་འཛིན་ཨང་ཉི་མ་ལགས་ཀྱང་རྒྱ་ནག་ནས་ཕྱིར་ཕེབས་མ་ཐུབ་པར་ཉི་མའི་བུའི་མཆེ་བའི་ཕྲག་ཏུ་གཤེགས་པ་སོགས་ཚེས་གཅིག་ནས་འཕྱུགས་ན་གནམ་གང་བར་གྱི་དཔེ་ལྟར། པཎ་ཆེན་བསྟན་པའི་དབང་ཕྱུག་རིན་པོ་ཆེའི་སྐུ་དུས་ལྟ་གྲུབ་གཙང་བར་མ་མཛད་པའི་དབང་གིས་ཉམས་ཉེས་ཀྱི་་རྒྱུན་ལམ་གསུམ་འབབ་པའི་ཀླུང་ལྟར་མི་ཆད་པར་གྱུར་བ་ཡིན་ནོ། ༽ ཞེས་ངོ་ཚ་ཁྲེལ་འཛེམ་མེད་པར་བཀོད་འདུག་པ་འདི་ནི་རྙིང་མ་བ་ཙམ་དུ་མ་ཟད་རི་བོ་དགེ་ལྡན་པ་གཟུར་གནས་ཀུན་གྱིས་ཀྱང་ངེས་པར་དགག་དགོས་པའི་གནད་ཆེས་ཆེ་བར་མཐོང་སྟེ། འདི་ལྟར་རྒྱལ་བ་འོད་མཐའ་ཡས་ཀྱི་སྒྱ་འཕྲུལ་གཙང་


JSD005_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་སྐུ་ཕྲེང་ན་རིམ་གསུམ་གྱིས་གཙོས་པའི་དབུས་གཙང་ཁམས་གསུམ་གྱི་རི་བོ་དགེ་ལྡན་པའི་བསྟན་པའི་སྒྲོན་མེ་མཚུངས་ཟླ་མ་མཆིས་པ་རྩོད་བྲལ་སྤྲལ་པའི་སྐྱེས་མཆོག་ཆེན་པོ་འཕགས་པའི་ས་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་བསམ་བཞིན་བསྟན་འགྲོའི་དཔུང་གཉེན་དུ་བྱོན་པ། སྔོན་ནས་ད་ལྟའི་བར་དུ་གྲུབ་མཐའ་རིས་སུ་མ་ཆད་པའི་སྐྱེ་འགྲོ་དྲག་ཞན་སེར་སྐྱ་ཡོངས་ཀྱིས། འདི་ཕྱིའི་སྐྱབས་གནས་དམ་པར་སྤྱི་བོའི་རྒྱན་དུ་བསྒོམ་ཞིང་སྒོ་གསུམ་གུས་པ་ཆེན་པོས་ཅི་མཛད་ལེགས་པར་མཐོང་བའི་དག་སྣང་མོས་གདུང་བླ་ན་མེད་པ་བསྐྱེད་ནས་གསོལ་འདེབས་རྒྱང་འབོད་ལྷང་ལྷང་བྱེད་ཡུལ་གྱི་ཞིང་མཆོག་ཁྱད་པར་ཅན་དེ་སྙེད་ཅིག་ལ། ཁྱོད་ཅག་གིས་མཁྲིས་ནད་ཅན་གྱིས་དུང་ལ་སེར་པོ་མཐོང་བ་


JSD005_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རང་རྒྱུད་ལོག་ལྟ་ཕྲག་དོག་དྲག་པོས་བསླད་ནས། རྗེས་ཟློས་ཙམ་ཡང་བྱེད་མི་རུང་བའི་གཤེ་སྐུར། སྒྲོ་འདོགས། སྨ་འབེབས། མཚང་འབྲུ། ངན་སྨྲ་སྐྱོན་བརྗོད་སྣ་ཚོགས་འདི་ལྟར་བྲིས་ནས་གངས་ཅན་པ་རྣམས་ཀྱི་མདུན་དུ་ཁྱབ་བསྒྲགས་བྱས་པ་ནི་སྙིང་ལ་བདུད་དང་དམ་སྲི་ཞུགས་པ་ལས་གཞན་མ་ཡིན་ཏེ། དེ་ཡང་ཤུགས་ལྡན་དམ་ཉམས་ཡིན་པར་རིག་པས་ཇི་ལྟར་གྲུབ་ཅེ་ན། གྲགས་རྒྱན་རང་ཉིད་ཀྱི་ཐུན་མོང་མིན་པའི་རིགས་བདག་བླ་མ་པཎ་ཆེན་བློ་བཟང་་ཆོས་རྒྱན་ཡིན་པ་པཎ་ཆེན་རང་རྣམ་དུ་གསལ་ནའང་དེའི་སྐུ་ཕྲེང་ལྔ་པ་དང་། དྲུག་པ། བདུན་པ་རྣམས་ཀྱི་སྐུ་ཚེ་ལ་བར་ཆད་བྱས་པ་དང་། མཛད་པ་ཕྲིན་ལས་ལ་གེགས་ཆེན་པོ་བྱས་པ་དེས། རྣལ་འབྱོར་བླ་མེད་ཀྱི་རྩ་ལྟུང་དང་པོ་རྡོ་རྗེ་སློབ་དཔོན་བརྙས་པར་གྱུར་པས། དགེ་ལྡན་པའི་དམ་སྲི་གདུག་པ་ཅན་མིང་


JSD005_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མཚུངས་ཤིང་། ཞི་བས་འདུལ་མི་ནུས་པར་མཁྱེན་ནས་རྒྱལ་དབང་ལྔ་པ་ཆེན་པོ་དང་། པཎ་ཆེན་ལྔ་པ་གཉིས་ཀས། མངོན་སྤྱོད་བསྲེག་མནན་གྱི་ལས་སྦྱོར་མཛད་ཚུལ་ཁྱོད་རང་གིས་ཀྱང་གསལ་བཤད་བྱས་འདུག་པ་དེ་ལྟར་དང་། པཎ་ཆེན་རིན་པོ་ཆེར་མཁས་དང་གྲུབ་པའི་ཕ་རོལ་ཏུ་སོན་པ་ཞེས་བྲིས་འདུག་པ་བརྡ་ཐ་སྙད་ལ་མ་བྱང་པའི་ཚིག་སྟེ། ཅིའི་ཕྱིར་ཞེ་ན། མཁས་གྲུབ་ཀྱི་ཡང་ཕ་རོལ་ཤེད་ཕྱིན་དགོས་རྒྱུ་ཡིན་ན་ནི། མི་མཁས་པ་དང་མ་གྲུབ་པའི་ས་ལས་ཅི་ཞིག་ཡོད། པཎ་ཆེན་བསྟན་པའི་དབང་ཕྱུག་གིས་རྙིང་ཆོས་གསན་བཞེས་གནང་བ་ཡོངས་གྲགས་དང་། པཎ་ཆེན་༔ ཆོས་ཀྱི་ཉི་མས་རྙིང་ཆོས་ལ་གསན་བསམ་གང་ཡང་མ་མཛད་ཅེས་པ་མི་བདེན་ཏེ། པཎ་ཆེན་དེ་ཉིད་ཀྱིས་ཆོས་རྗེ་མི་ཕམ་འཇམ་དཔལ་དགྱེས་པས་མཛད་པའི་


JSD005_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གེ་སར་རྡོ་རྗེ་ཚེ་རྒྱལ་སྐོར་ལ་ཉམས་བཞེས་མཛད་ཚུལ་པཎ་ཆེན་སྐ་བཅར་བ་བཀྲས་མཐོང་བའི་ངག་ལམ་ནས་ཁོ་བོས་གསལ་པོ་ཐོས་པ་འདིས་ཁྱོད་ཀྱི་རྫུན་རྐུབ་ཅིས་མ་བུད། འདི་ལ་དཔགས་ན། པཎ་ཆེན་རིན་པོ་ཆེས་ཕ་བོང་ཁ་པར་བཀའ་མངགས་གནང་བ། བཀྲས་ལྷུན་དུ་ཕེབས་དགོས་རྒྱུ་དང་། གཟིམས་ཆུང་ཐེམ་འོག་ནས་མནན་པ་འདོན་དགོས་ཚུལ་སོགས་བཤད་པ་རྣམས་ཀྱང་རྫུན་གཏམ་དུ་ལོས་ཤེས། ད་ལྟའི་པཎ་ཆེན་གྱི་ཡོངས་འཛིན་དམ་པ་བཀའ་ཆེན་ཨང་ཉི་མས་ངེད་ཚོ་བཀའ་གདམས་རིང་ལུགས་གཙང་མར་སྐྱོང་མཁན་ཡིན་པས་ལྷ་མང་པོ་བསྟེན་ན་ཕུང་ཡོང་ཞེས་དགེ་ལུགས་གཙང་མ་སྐྱོང་བཞིན་པ་དེ་འདྲ་ལ་ཡང་ཤུགས་ལྡན་ཁྲོས་ཏེ་སྲོག་དབུགས་འཕྲོག་པ་ཡིན་ཚུལ་བཤད་པ་དེ་ལྟར་ན་བཀའ་གདམས་བསྟན་པའི་དགྲ་བགེགས་དངོས་གནས་ཤུགས་ལྡན་


JSD005_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་རིགས་པ་ཚད་མས་གྲུབ་བོ། རྒྱལ་རྩེའི་ཕུ་ནས་ཆུ་སྨྱོན་བརྡོལ་ཏེ་པཎ་ཆེན་རིན་པོ་ཆེའི་བཞུགས་གནས་ཀུན་སྐྱོབ་གླིང་གིས་གཙོས་པའི་ཡུལ་གྲོང་དང་ཁང་ཞིང་སྒོ་ཕྱུགས་སྲོག་ཆགས་བགྲང་ལས་འདས་པ་ལ་གནོད་སྐྱོན་ཚབས་ཆེན་བྱུང་བ་ཡང་ཤུགས་ལྡན་གྱི་འཁུ་ལྡོག་ཁོ་ནས་བྱུང་བར་བལྟ་བ་དེ་ལྟར་ན་བོད་ཁམས་སྐྱེ་འགྲོའི་བདེ་སྐྱིད་བཅོམ་མཁན་བྱེད་གཏེ་དངོས་ཤུགས་ལྡན་ཡིན་པར་དངོས་སུ་སྨྲས་པ་དེས་འདིར་ཤུགས་ལྡན་ལ་བསྟོད་བསྔགས་བྱས་ཚད་རྐང་རྗེས་ལག་བསུབ་ཏུ་སོང་བས་མ་ཚད། ཇི་སྐད་དུ། ཀཉྩིའི་ཡུལ་གྱི་རྒྱལ་ཕྲན་འགའ། །ཕ་བསད་པ་ལ་རྒྱལ་རྔ་བརྡུངས། །ཞེས་པའི་དཔེར་སོང་ངོ་། །པཎ་ཆེན་བསྟན་པའི་དབང་ཕྱུག་གིས་གདུག་འདྲེ་ལྷར་མ་བསྟེན་པ་དང་། ཆོས་ལ་ཕྱོགས་རིས་མ་གནང་བར་རྙིང་མ་བའི་ཆོས་


JSD005_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་གཏེར་སྐོར་ལ་གསན་བཞེས་ཡང་དག་པ་མཛད་པ་ལ་ངོ་མཚར་དུ་བརྩི་བ་ལྟ་ཅི། ཚེས་གཅིག་ནས་འཕྱུགས་པའི་དཔེ་དང་སྦྱར་ནས་ལྟ་གྲུབ་མི་གཙང་བ་དང་། དེ་ནས་བཟུང་སྟེ་ཡང་སྲིད་སྤྲུལ་སྐུ་ཐམས་ཅད་ལ་ཉམས་ཉེས་ཆུ་རྒྱུན་བཞིན་བྱུང་བར་བཤད་པ་འདི་ནི་ཁྱེད་ཅག་ཕ་བོང་ཁ་པའི་སློབ་མ་ཡང་སློབ་ཉུང་ཤས་ཤིག་མ་གཏོགས་རང་གཞན་ཆོས་སྤྱན་ལྡན་པ་ཀུན་གྱིས་ཐུ་ལེས་འདེབས་པར་སོམ་ཉི་དང་བྲལ་ལོ། །ཡང་ཛེ་སྨད་ན་རེ། ༼ཏྲེ་ཧོར་གཟིགས་རྒྱབ་སྐུ་གོང་མ་བློ་བཟང་དཔལ་ལྡན་ཆོས་ཀྱི་དབང་ཕྱུག་ཅེས་ལུང་དང་རྟོགས་པའི་ཡོན་ཏན་གྱིས་ཕྱུག་པའི་སྐྱེས་མཆོག་དེ་ཉིད་སྐུ་ན་ཕྲ་མོའི་དུས་སུ་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་འདི་ཉིད་ཤིན་ཏུ་འགོ་བ་དང་། སྲུང་མའི་གཙོ་བོ་ལྟ་བུར་མཛད་ཅིང་། གཟིགས་རྒྱབ་རིན་པོ་ཆེ་ཉིད་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་གཞུང་


JSD005_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་རབ་འབྱམས་ལ་སྦྱང་བ་མཛད་པས་མཁས་པའི་དབང་ཕྱུག་ཆེན་པོར་གྱུར་ནས་དཀའ་ཆེན་མཚན་རྟགས་གྲུབ་རྗེས་ཁམས་སུ་ཕེབས་ཁར། བཞད་དངུལ་ཆུ་རིན་པོ་ཆེ་བློ་བཟང་ཆོས་འཕེལ་ལམ་དབྱངས་ཅན་གྲུབ་པའི་རྡོ་རྗེའི་ཞབས་དྲུང་དུ་ཐོན་ཕྱག་གི་མཇལ་ཁར་ཕེབས་སྐབས། དངུལ་ཆུ་རིན་པོ་ཆེས་མཇལ་དར་དང་ཕྱག་མདུད་ཅིག་གནང་ཕྱག་གཉིས་གཟིགས་རྒྱབ་རིན་པོ་ཆེའི་དབུ་ཐོག་ཏུ་བཞག་སྟེ་ཐུགས་བརྩེ་བ་ཆེན་པོས་ཞལ་ནས། དགེ་ལྡན་བསྟན་པ་མ་སྐྱོང་ན། །ཤུགས་ལྡན་མཐུ་རྩལ་ཤིན་ཏུ་ཆེ། །ཞེས་གསུངས་པའི་བསླབ་བྱའང་མཛད། དེ་ནས་གཟིགས་རྒྱབ་རིན་པོ་ཆེ་ཉིད་ཁམས་ཕྱོགས་སུ་ཕེབས་ཏེ་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད། སླར་དབུས་གཙང་ཕྱོགས་སུ་ཕེབས་ཏེ་བཀྲ་ཤིས་ལྷུན་པོར་པཎ་ཆེན་ཐམས་ཅད་མཁྱེན་


JSD005_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ཆེན་པོ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོ་དང་མཇལ་སྐབས། པཎ་ཆེན་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་མཉེས་བྱུང་ནས་གཟིགས་རྒྱབ་ཚང་སྐུ་མདུན་དུ་ཡང་ཡང་ཕེབས་དགོས་ཞེས་དང་། པཎ་ཆེན་རིན་པོ་ཆེ་ནས་ཉིན་གཅིག་གཟིགས་རྒྱབ་ཚང་ལ་ངེད་གཉིས་འབྲལ་མེད་དུ་འཕྲད་པ་ཞིག་དགོས། དེའི་སླད་དུ་ཁྱེད་ཀྱིས་ཀུན་སྐྱོབ་གླིང་གི་མཁན་པོ་གནང་དགོས་ཞེས་བཀའ་ཕེབས་པ་ལྟར། ཀུན་སྐྱོབ་གླིང་དུ་མཁན་པོ་༤ མཛད་དེ་པཎ་ཆེན་སྐུ་གོང་མ་དང་འབྲལ་མེད་ལྟ་བུར་བཞུགས། དེ་སྐབས་པཎ་ཆེན་སྐུ་གོང་མ་བསྟན་པའི་དབང་ཕྱུག་གི་ཕྱག་བཞེས་རྙིང་ཆོས་སྐོར་གྱི་ཕྱག་དཔེ་དང་། མཆོད་ཆས། བཞུགས་གདན་སོགས་སྐུའི་ཉེར་སྤྱད་རྣམས་གཟིགས་རྒྱབ་རིན་པོ་ཆེར་གསོལ་རས་སྩལ་ནས་འདིའི་བདག་པོ་ཁྱེད་ཀྱིས་གྱིས་


JSD005_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཅེས་གསུངས་པ་བཞིན་གཟིགས་རྒྱབ་རིན་པོ་ཆེས་ཀྱང་བཀའ་བཞིན་བསྒྲུབས་པ་དང་། དེའི་སྟབས་ཀྱིས་རྙིང་མའི་ཆོས་སྐོར་ཅི་རིགས་ཤིག་གསན་བཞེས་དང་ལག་ལེན་མཛད་དགོས་པ་བྱུང་། དེ་རྗེས་བོད་དུ་ཁྱུང་སྤྲུལ་ཞེས་པ་རྙིང་མའི་བླ་མ་སྔགས་འཆང་ཞིག་གཟིགས་རྒྱབ རིན་པོ་ཆེའི་སྐུ་མདུན་དུ་ཡང་ཡང་བཅར་ཏེ། དེས་ཁྱེད་ཀྱིས་རྙིང་མའི་ཆོས་སྐོར་གནང་ན། རྒྱལ་མཆོག་ལྔ་པ་ཆེན་པོའི་མཛད་པ་དང་ཁྱད་མེད་ལྟ་བུ་འབྱུང་བས་ཤིན་ཏུ་ལེགས་པ་དང་། དེའི་ཐོག་རྙིང་མའི་རིན་ཆེན་གཏེར་མཛོད་ཆ་ཚང་ཞིག་ཀྱང་གསན་བཞེས་མཛད་ན། རྙིང་མའི་ཆོས་སྐོར་ཡོངས་རྫོགས་ཀྱི་བདག་པོར་འགྱུར་བས་ངེས་པར་གསན་ན་ལེགས་ཚུལ་ཞུས་ཤིང་། མ་ཟད་དམ་པ་ཉིད་ཀྱི་དག་སྣང་སེང་གདོང་མའི་ཆོས་སྐོར་དེ་ཡང་རིན་ཆེན་གཏེར་མཛོད་


JSD005_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཇུག་ཏུ་སྦྱར་ན་ལེགས་པོ་ཡོང་བ་འདུག་ཅེས་པ་སོགས་སྙན་བསྐུལ་ཡང་ཡང་ཞུས་པ་ལ་བརྟེན་ནས། གཟིགས་རྒྱབ་རིན་པོ་ཆེས་ཁྱུང་སྤྲུལ་གྱི་མདུན་ནས་རིན་ཆེན་གཏེར་མཛོད་ཆ་ཚང་གསན་རྒྱུའི་ཐུགས་ཐག་བཅད། འདི་དག་གི་དུས་སྐབས་སྔ་ཕྱི་མང་པོར་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་སྐུ་ཕེབས་ཀྱིས་རྙིང་ཆོས་གསན་བསམ་མཛད་རྒྱུ་མེད་པ་དང་། གལ་ཏེ་འདི་འདྲ་གནང་ན་སྐུ་ཚེ་མཛད་པ་དང་བཅས་པར་བར་ཆད་འོང་བས་མི་ལེགས་པའི་ཚུལ་སོགས་ཀྱི་བཀའ་ལུང་ཤུགས་ཆེ་མང་ཙམ་མཛད་ཀྱང་མ་གསན་པ་དང་། བར་སྐབས་ཤིག་ཏུ་སྤ་རི་ཐོག་བཙན་ཡིན་ཟེར་བའི་ལྷ་ཞིག་ཐོག་ཕེབས་བྱུང་སྟེ། ང་གདུག་འདྲེ་རྒད་པོ་བསམ་ཡས་ཕྱོགས་སུ་ཤ་ཁྲལ་ཞིག་འབུལ་དགོས་པ་ལགས་ན། སྐུ་ཉིད་ནས་བདག་ལ་ཤ་ཞིག་གསོལ་རས་གནང་དགོས། ཞེས་ཞུས་པར་གཟིགས་རྒྱབ་


JSD005_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེས་སྐུ་རྩེད་ལྟ་བུར་གཞན་ནི་མེད་ང་རང་དགོས་ན་སྤྲད་ཆོག་གསུངས་པར། ཐོག་བཙན་དེས་སྐུ་ཉིད་ང་ལ་རང་ལྟ་མི་དགོས་ཏེ་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་ལ་དགོས་གསུང་གིན་འདུག་གོ །ཞེས་ཞུས་ཀྱང་སྣང་མེད་ལྟ་བུར་མཛད་དེ་མ་གསན། སྐབས་ཤིག་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་སྐུ་ཕེབས་ནས་ཐུགས་ཤིན་ཏུ་ཁྲོས་པའི་ཚུལ་གྱིས། ངས་གཤིན་རྗེའི་སྦར་མོ་འདི་འདེབས་མི་ཡོང་། གལ་ཏེ་བཏབ་ན་ཀློད་ཤེས་མི་ཡོང་། ཞེས་གསུངས་པ་སོགས་ཞི་དྲག་སྣ་ཚོགས་ཀྱིས་དགེ་ལྡན་ལྟ་གྲུབ་གཙང་མར་འཛིན་དགོས་པའི་བསྐུལ་མ་ཡང་ཡང་ཞུས་ཀྱང་གཟིགས་རྒྱབ་རིན་པོ་ཆེས་གསན་དགོངས་ཡེ་མ་མཛད་པར། ཁོང་སྐྱེས་བུ་དམ་པ་འདི་དང་འདི་འདྲ་བ་སྐྱེ་བ་སྔ་ཕྱིར་སྐུ་ཚེ་ལ་བར་ཆད་གཏོང་མུས་ཡིན་ཡང་། ང་ནི་བླ་མའི་བཀའ་མ་འཁྲོལ་


JSD005_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཐབས་མེད་ཅེས་གསུངས་ནས། མ་གསན་པར་རིན་ཆེན་གཏེར་མཛོད་གསན་རྩིས་མཛད་དེ་ལྷ་སའི་ཉེ་སྐོར་ཤར་ཕྱོགས་ནོར་རྒྱས་ནང་པའམ་གྲོང་གསར་གཞིས་ཀའི་སྤྲོ་ ཁངགཡར ་པོ་ཞུས་ཏེ་ཁྱུང་སྤྲུལ་མདུན་ནས་ཐོག་མར་རྙིང་ཆོས་ཀྱི་བཀའ་ལུང་གཞན་མང་ཙམ་ཞིག་གསན། དེ་ནས་ཆོས་སྐྱོང་རྒྱལ་ཆེན་ཤུགས་ལྡན་གྱི་ཆོ་འཕྲུལ་ཆེར་བྱུང་བ་དང་། ྋཁྱུང་སྤྲུལ་གྱིས་ངེད་བླ་སློབ་གཉིས་ཀ་སྐུ་མཚམས་ཤིན་ཏུ་དམ་པར་མཛད་དེ་བཞུགས་དགོས་ཚུལ་ཞུས་ཏེ་བཅད་རྒྱར་བཞུགས། དེ་སྐབས་ལྷ་སར་སྲིད་བློན་བཤད་སྒྲ་བ་དཔལ་འབྱོར་རྡོ་རྗེ་གློ་བུར་སྐུ་བསྙུན་ཏེ་གཟིགས་རྒྱབ་རིན་པོ་ཆེ་ཚེ་དབང་གང་བར་ཕེབས་དགོས་ཞེས་སྙན་གསན་ནན་ཞུ་བྱུང་བར་བརྟེན་བཅད་རྒྱ་ལས་ཧར་འདོན་མ་མཛད་མཐུ་མེད་ཀྱིས་ཕེབས་དགོས་པ་བྱུང་། སྲིད་བློན་ལ་ཚེ་དབང་གནང་ཟིན་


JSD005_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་བསྟན་རྒྱས་གླིང་གི་ལྡེ་འཆང་བློ་མཁས་ལགས་ཀྱི་གཟིམ་ཤག་ཏུ་ཕེབས་ནས་སྐུ་ཆས་གང་ཡོད་ཕྱག་མཛོད་ལ་རྩིས་སྤྲོད་ལེགས་པར་མཛད། ཁྱེད་ཀྱིས་ཞབས་ཕྱི་ལེགས་པར་བགྱིས་བྱུང་བས་ཐུགས་རྗེ་ཆེ། ད་ནས་ཁྱེད་རང་ཡང་སེམས་མ་ཕམ། ངས་ཀྱང་བརྗེད་མི་ཡོང་ཞེས་གསུངས་ཏེ་སེམས་གསོ་ཡང་ཡང་མཛད། དེ་ནས་གྲོང་སར་གཞིས་ཀའི་སྤྲོ་ཁང་དུ་ཕྱིར་ཕེབས་འཕྲལ་གློ་བུར་དུ་སྐུའི་བསྙུན་གཞི་ཤིན་ཏུ་ལྕི་བ་ཞིག་བྱུང་སྟེ་ཞག་གཅིག་སོང་བའི་ཐོ་རངས་ཁར་ཞིང་ཁམས་གཞན་དུ་གཤེགས། དེ་ཉིན་ཉི་མ་སྔ་ཕྱི་ཚ་རྟིང་ཙམ་ལ་བླ་བྲང་གི་མ་བྱན་གྲྭ་བཙུན་ཞིག་ལ། རྒྱལ་ཆེན་ཤུགས་༉ ལྡན་ཁོག་ཏུ་ཞུགས་ཏེ་བྱུང་བ་དང་། ཁྱུང་སྤྲུལ་གྱིས་དབུ་ལ་ཨོཾ་རྒྱན་པཎ་ཞྭ་བཞེས་ཕྱག་ཏུ་རྡོ་རྗེ་རྩེ་དགུ་པ་ཞིག་ཐོགས་ཏེ། ཞལ་ནས་ཧཱུྃ་ཧཱུྃ་ཞེས་སྡིགས་མཛུབ་


JSD005_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་ཏེ་བྱུང་སྐབས་ཆོས་སྐྱོང་རྒྱལ་ཆེན་ཤུགས་ལྡན་ཁོག་ཞུགས་དེའི་ཞལ་ནས་ཧཱ་ཧཱ་ཞེས་གད་མོ་དང་བཅས་ཕྱག་ཐལ་མོ་བརྡབ་སྟེ་སྐུ་སངས། དེ་མ་ཐག་ཏུ་ཁྱུང་སྤྲུལ་གྱི་ཆིབས་རྟ་ལེགས་ཤོས་ཤིག་གི་གྲོད་པ་ཆེར་སྦོས། རྒྱལ་གཟེར་བཏབ་སྟེ་ཤི་བ་ཞིག་བྱུང་། གཟིགས་རྒྱབ་རིན་པོ་ཆེ་འདིས་རྙིང་ཆོས་གསན་བཞེས་མ་གནང་བར་ལྟ་སྤྱོད་རྣམ་པར་དག་པ་གསེར་སྦྱང་བཙོ་མའི་ཅོད་པན་འཆང་བའི་རིང་ལུགས་ཉིད་ཀྱིས་ཆོག་པར་འཛིན་ན་སྐུ་ཚེ་མཛད་འཕྲིན་མཚུངས་ཟླ་བྲལ་བ་ཞིག་ཡོང་རྒྱུ་ཡིན་འདྲ་ཡང་བར་ཆད་ཀྱི་དབང་གིས་དེ་ལྟར་མ་བྱུང་བ་ཡིན་འདུག གཟིགས་རྒྱབ་རིན་པོ་ཆེའི་སྐོར་འདི་རྒྱུད་སྨད་ཏྲེ་ཧོར་སྔགས་རམ་པ་བློ་བཟང་རྒྱ་མཚོ་ཞེས་པ་གཟིགས་རྒྱབ་རིན་པོ་ཆེ་སྐུ་གོང་མ་ཞི་བར་མ་གཤེགས་ཀྱི་བར། རིན་པོ་ཆེའི་ཞབས་ཕྱི་དང་ཁྱད་མེད་ལྟ་བུར་སྐུ་དྲུང་


JSD005_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡུན་རིང་བཅར་བསྡད་བྱས་ཤིང་། རྗེས་སོར་གཡག་སྡེ་འཁྱམས་དགོན་པའི་བླ་མར་བཞུགས་པ་ཁོང་གི་ངག་ལམ་ནས་ཞིབ་མ་ཟད་དེ་ཉིད་ཀྱི་སྐུ་ཕྲེང་རྗེས་པར་ཐོས་པ་ཡིན་པས་ཁུངས་བཙུན་པའི་གནས་ཡིན་ཞེས་༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་གི་ཞལ་ལས་ཐོས་ཤིང་། མ་གཟིགས་རྒྱབ་རིན་པོ་ཆེ་ད་ལྟ་འཚོ་ཞིང་གཞེས་པ་འདི་ཉིད་ལའང་ཞལ་རས་ཀྱི་ཕྱེད་ཙམ་ནག་ནོག་གི་སྐྱོན་གྱིས་ཁེབས་པ་སོགས་ཆོས་སྐྱོང་གཉན་པོ་འདི་ཉིད་ཀྱི་ཐུགས་དང་འགལ་བའི་བརྟུལ་ཞུགས་བཟུང་བ་ནི་མཚར་དུ་ཆེའོ། །༽ཞེས་ཟེར་བ་ཡང་ཕྱོགས་ཞེན་ཆགས་སྡང་གི་གཏམ་སྟེ། གཟིགས་རྒྱབ་རིན་པོ་ཆེ་མཁས་གྲུབ་ཡོངས་གྲགས་དེ་ལྟ་བུ་ལ་སྒྲོ་སྐུར་ངན་པ་ཞུ་རྒྱུས་ཕོངས་ནས་ཁྱུང་སྤྲུལ་པདྨ་དབང་ཆེན་མདུན་ནས་རྙིང་ཆོས་སྐོར་མ་ཞུས་ན་ཚེ་དང་འགྲོ་དོན་


JSD005_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་པ་ཡོང་རྒྱུ་ལ། རིན་ཆེན་གཏེར་མཛོད་གསན་རྒྱུ་ཐུགས་བཅད་པ་དེས་བར་ཆད་དུ་གྱུར་ནས་ལྷ་སར་གློ་བུར་དུ་སྐུ་གཤེགས་ཟེར་བ་ཁྱོད་ཀྱི་མངོན་པར་ཤེས་པས་བཤད་པ་ཡིན་ན་མ་གཏོགས་འདི་ལ་བདེན་པའི་རྒྱུ་མཚན་ཏིལ་འབྲུ་ཙམ་མ་མཆིས། ཤུགས་ལྡན་ཙམ་ནུས་མཐུ་ཆེ་ན་ཁྱུང་སྤྲུལ་གྱིས་རྡོ་རྗེས་བསྡིགས་ཚེ་སྐུ་ཡལ་མ་ཐང་ཞིང་། གནོད་པ་ཆིབས་ཀྱི་གྲོད་ཁོག་སྦོས་པ་ལས་དྲག་ཙམ་བྱེད་རིགས་པ་ལ་དེ་ལྟར་མ་བྱུང་འདུག་པས་ལོ་རྒྱུས་རིང་པོ་བྲིས་པ་་ཡང་ཆོས་སྐྱོང་ནུས་མཐུ་ཞན་པ་དང་ཁྱུང་སྤྲལ་གྱི་ཆེ་བ་འདོན་བྱེད་དུ་མི་གདའ་འམ། ད་ལྟའི་གཟིགས་རྒྱབ་རིན་པོ་ཆེའི་ཞལ་རས་ལ་ཤ་མཚན་ཡོད་པ་ཆོས་སྐྱོང་གི་བཀའ་ཆད་ཡིན་པར་འགོད་འོས་ཚེ་གཟིགས་རྒྱབ་རིན་པོ་ཆེའི་སྐུ་ལ་མི་མཛེས་པའི་ཆ་ཅི་ཡོད་ཐམས་ཅད་རྒྱལ་ཆེན་གྱི་བཀའ་ཆད་ཡིན་པར་སྨྲོས་དང་


JSD005_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བར་འགྱུར་རོ། །ཛེ་སྨད་ན་རེ། ༼སེར་བྱེས་རྩེད་ཉ་སྤྲུལ་སྐུ་གོང་མ་དེས་ཀྱང་འཁྲུལ་བྲལ་ཚང་ལ་མ་ནོར་བ་བློ་བཟང་རྒྱལ་བའི་ཆོས་ཚུལ་ཡལ་བར་དོར་ཏེ་ཁྱུང་སྤྲུལ་སོགས་བསྟེན་ཅིང་ཟབ་ཟབ་མོ་དང་རྫིག་རྫིག་མོར་མིང་བཏགས་པའི་ལྟར་སྣང་གི་ལམ་དག་ལ་དབུ་འཁོར་ཏེ་ལྟ་༜གྲུབ་འཆལ་བར་སྤྱོད་པའི་མཛད་པ་ལ་བརྟེན་ནས་ཆོས་སྐྱོང་ཆེན་པོ་འདི་ཉིད་ཀྱི་ཐུགས་དང་འགལ་བའི་ཆོ་འཕྲུལ་དུ་མ་བསྟན་ཅིང་། རྩེད་ཉ་རིན་པོ་ཆེ་དེ་ཉིད་ཀྱིས་རྙིང་ཆོས་ལ་གསན་བསམ་གནང་བའི་རྗེས་ཙམ་ཞིག་ལ་ལྷ་སར་གཟིམ་ཤག་བཤད་སྒྲའི་ཉེ་འགྲམ་ར་ག་སྨད་ཅེས་པར་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བཀླག་ལུང་གནང་སྐབས། ཤངས་ཁྲག་མང་དུ་བཤར་ནས་ཆོད་དཀའ་བ་ཡང་ཡང་བྱུང་བ་དང་། གསུང་འབུམ་གྱི་ཡིག་འབྲུ་རྣམས་ཀྱང་ཁྲག་གིས་


JSD005_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་པ་ལྟར་དམར་རྐྱང་དུ་གཟིགས་པ་བྱུང་ཞེས་རྩེད་ཉ་རིན་པོ་ཆེ་ཉིད་ཀྱིས་རྗེ་ཕ་བོང་ཁར་གསུང་འཕྲོས་སུ་གསུང་འདུག །སྐབས་ཤིག་ལྷ་ལྡན་ནས་བྱང་དུ་ཕེབས་ཏེ་བྱང་ཁུལ་བསྙུན་ཟུག་དྲག་པོ་བྱུང་སྟབས། ཆོས་སྐྱོང་ལ་ཞུ་བཤགས་འབུལ་བའི་ཆེད་དུ་བྱང་ནས་བང་མི་ཆེད་མངགས་གཏོང་གནང་མཛད་དེ་དགའ་ལྡན་ཁྲི་ཆེན་དགུ་བཅུ་པ་ཏྲེ་ཧོར་བྱམས་པ་ཆོས་གྲགས་རིན་པོ་ཆེ་དང་། སྐྱབས་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་རྣམ་གཉིས་ནས་ཆོས་སྐྱོང་ཤུགས་ལྡན་= ལ་ངོ་ཆེན་དང་སྦྲགས་ཞུ་བཤགས་འབུལ་གནང་མཛད་རོགས་ཞེས་གསུངས་འདུག་པར་རྗེ་ཕ་བོང་ཁ་པས་འདིའི་སྐོར་ངོས་མི་འགབ་ཅིང་། ཆོས་སྐྱོང་ཉིད་ཀྱིས་འཇམ་མགོན་ཙོང་ཁ་པ་ཆེན་པོའི་དྲུང་དུ་དགའ་ལྡན་ཐུན་མོང་མ་ཡིན་པའི་བསྟན་སྲུང་མཛད་རྒྱུའི་ཐུགས་བསྐྱེད་ཅིང་དམ་བཅའ་བཞེས་པ་དང་། རྗེ་ཙོང་


JSD005_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་པ་ཆེན་པོའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རིན་པོ་ཆེ་ཡིན་པས་ད་རེས་ངོ་ཆེན་མཛད་རྒྱུའི་སྐོར་ཁྲི་ཆེན་རིན་པོ་ཆེར་ཞུས་ན་ལེགས་ཚུལ་གསུངས་པ་ལྟར། དགའ་ལྡན་ཁྲི་ཆེན་རིན་པོ་ཆེར་ཞུས་པར་ཞལ་བཞེས་མཛད་དེ་ལྷ་སར་སྤྲོ་བདེ་ཁང་གསར་དུ་ཕེབས། ཆོས་སྐྱོང་སྐུ་གསོལ་ཐོག་རྩེད་ཉ་རིན་པོ་ཆེའི་སྐོར་ཞུ་བཤགས་ཕུལ་བར། ངེད་ཀྱི་བློན་པོར་ཞུས་ཞེས་གསུངས་པ་ལྟར། སྨོན་སྐྱིད་ཁང་གསར་དུ་བཀའི་བློན་པོ་བཙན་རྒོད་ཁ་ཆེ་དམར་པོ་གསོལ་ཁ་ཞུས་ཏེ་ཞུ་བཤགས་འབུལ་གནང་མཛད་པ་ན། བཙན་རྒོད་ཀྱིས་དྲག་རྩུབ་ཀྱི་རྣམ་འགྱུར་མང་དུ་བསྟན་པས། ཁྲི་ཆེན་རིན་པོ་ཆེ་ཉིད་ཀྱང་ཐུགས་ཞེད་སྣང་བྱུང་བའི་ཚུལ་མཛད་ཅིང་། བཙན་གྱི་བཀའ་ལུང་དུ། དམ་པ་ཁོང་བྱེད་སྤྱོད་མང་དང་གཅིག །འདྲེ་ང་གདུག་རྩུབ་ཆེ་དང་གཉིས། ཅི་འགྱུར་མི་


JSD005_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་གསུངས་ཏེ་དེ་འཕྲལ་སྐུ་ཡལ། འདིའི་སྐོར་ཁྲི་ཆེན་རིན་པོ་དེ་ཉིད་ཀྱིས་ཕྱིས་ཁྲི་ཐོག་གོ་བཞི་པར་ཕེབས་པ་སེར་བྱེས་གཙང་པ་ལྷུན་གྲུབ་བརྩོན་འགྲུས་རིན་པོ་ཆེ་རྒྱུད་པར་དགེ་བཤེས་དཀྱུས་མར་བཞུགས་སྐབས་གསུང་བྱུང་ཞེས་ཁྲི་ཆེན་གོ་བཞི་པས་གསུངས་པ་དང་། རྩེད་ཉ་བྱང་དུ་ཕེབས་སྐབས་དེར་གང་ནས་འོང་ཆ་མེད་པའི་འདོགས་ཁྱི་ལྟ་བུའི་ཁྱི་འཁྱམས་དམར་པོ་ཁ་ནག་པོ་ཡོད་པ་ཞིག་ཕྱི་བཞིན་འབྲངས་ནས་འོངས་ཏེ། རྭ་སྒྲེང་གི་རྩེད་ཉ་རི་ཁྲོད་དུ་གཟིག་- མང་དུ་ཡོད་པས་ཀྱང་། ཁྱི་དེ་ལ་གནོད་འཚེ་གང་ཡང་བྱེད་མི་ནུས་པ་དང་། དེ་ནས་རྩེད་ཉ་གར་ཕེབས་ཀྱི་རྗེས་སུ་བསྙེགས་ཏེ་ཡོང་བ་ཞིག་བྱུང་། རྩེད་ཉ་རིན་པོ་ཆེ་བྱང་དུ་ཆོས་འཁོར་སྒང་ཞེས་པའི་གྲོང་སྡེར་ཕེབས་སྐབས་ངེད་ཀྱི་རྗེས་སུ་རྒྱལ་འཁྱམས་ཤིག་སླེབས་ཡོད་པར་འདུག་ཅེས་གསུངས་ཏེ། རྟ་མགྲིན་


JSD005_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གསང་གི་སྒོ་ནས་དྲག་པོའི་གཏོར་མ་ཟོར་དུ་འཕེན་པ་ཡང་ཡང་མཛད་པ་སོགས་ཀྱིས་ཀྱང་གང་ཡང་མ་ཕན་པར་རིང་མིན་ཞི་ཉ་སྤྲུལ་སྐུ་ཁོ་བོ་བར་གཤེགས། རྩེད་ཉ་སྐུ་གཤེགས་པའི་རྗེས་སུ་སྔར་གྱི་ཁྱི་དེ་ཡང་གར་སོང་མེད་པར་བརླག་འདུག་ཅིང་། མ་ཟད་དེའི་སྐུ་ཕྲེང་རྗེས་མ་རྩེད་ཉ དང་ན་ཚོད་མཉམ་པ་འདི་ཉིད་ཀྱང་སེར་བྱེས་གྲྭ་ཚང་དུ་གཞུང་ལུགས་ལ་སྦྱངས་པ་མཛད་སྐབས་རིག་ལམ་རྣོ་མྱུར་ལེགས་རབ་ཡོད་པ་ཡང་། རྭ་སྒྲེང་དང་། མཁར་རྡོ་ཉམས་ཉེས་པའི་སྐབས་དེར་གཞུང་ལ་ངོ་རྒོལ་མེ་འཕེན་བྱེད་པའི་བྱེད་གཏེའི་གྲས་སུ་ཚུད་དེ། གཞུང་དམག་གིས་འཛིན་བཟུང་དང་། ཁོང་དང་མཉམ་བསྐྱོད་སེར་སྨད་གྲྭ་པ་གྲོང་སྟོད་པ་ཞེས་པ་ཞིག་གཞུང་དམག་གིས་བསད་པའི་མགོ་ལག་སྐེ་ལ་བསྐོན་ཏེ་དམའ་འབེབས་ཀྱིས་ལྷ་སའི་ཁྲོམ་གཞུང་བརྒྱུད་རྩེ་


JSD005_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཞོལ་དུ་འཁྲིད་དེ་རྐང་པར་ལྕགས་སྒྲོག་དང་བཅས་བཙོན་འཇུག་བྱས་ཤིང་། བཙོན་ཁང་དུ་བསླབ་སྐྱོན་བྱུང་བ་སོགས་མི་ཤིས་པའི་མཚན་མ་མང་དུ་བྱུང་བ་མངོན་སུམ་མཐོང་ཆོས་སུ་གྱུར་ཏོ། །༽ ཞེས་ཟེར་བ་ཡང་ཆགས་སྡང་གི་གཏམ་སྟེ། དེ་ཡང་རྩེད་ཉ་སྤྲུལ་སྐུ་གོང་མས་ཆོས་ལ་ཕྱོགས་རིས་སྤངས་ཏེ་ཁྱུང་སྤྲལ་ལས་རྙིང་མའི་ཆོས་སྐོར་ཞུས་པ་དེ་ཟབ་མོ་མིན་པ་དང་། ལམ་ལྟར་སྣང་ལ་དབུ་འཁོར་བ་དང་། མ་ཟད་ལྟ་གྲུབ་འཆལ་བར་གྱུར་ཞེས་ཟེར་བ་དེ་ལྟ་ན་ནི། རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ། དགེ་འདུན་རྒྱ་མཚོ་དང་། རྗེ་བསོད་ནམས་རྒྱ་མཚོ། ཡོན་ཏན་རྒྱ་མཚོ། བློ་བཟང་རྒྱ་མཚོ། ཐུབ་བསྟན་རྒྱ་མཚོ་སོགས་སྔོན་བྱོན་དགེ་ལུགས་པའི་བསྟན་འཛིན་ཚད་ལྡན་དེ་དག་ལམ་ངན་ལ་ཞུགས་པའི་ལྟ་གྲུབ་འཆལ་པོར་རིགས་པས་གྲུབ་སྟེ། དེ་དག་གིས་རྙིང་ཆོས་


JSD005_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གསན་བསམ་སྒོམ་གསུམ་མཛད་པའི་ཕྱིར་རོ། །རྩེད་ཉ་རིན་པོ་ཆེས་ལྷ་ལྡན་དུ་རྗེ་ཡབ་སྲས་གསུམ་གྱི་བཀའ་འབུམ་ལྗགས་ལུང་གནང་སྐབས། ཤུགས་ལྡན་གྱིས་ཡང་ནས་ཡང་དུ་བར་ཆད་བརྩམས་འདུག་པ་འདིས་ཞྭ་སེར་རིང་ལུགས་སྐྱོང་བའི་ཆོས་སྲུང་དུ་ཇི་ལྟར་རུང་། ཡང་ཁོང་གིས་ཤུགས་ལྡན་ལ་ངོ་ཆེན་དང་སྦྲགས་ཞུ་བཤགས་ནན་དུ་ཕུལ་ཡང་དང་ལེན་མ་བྱས་པར་བྱང་ཆོས་འཁོར་སྒང་དུ་བཀྲོངས་པར་བཤད་པ་ནི། སྡོམ་པ་ཉི་ཤུ་པ་ལས། ཚིག་གིས་བཤགས་ཀྱང་མི་ཉན་པར། །ཁྲོ་བས་གཞན་ལ་འཚོག་པ་དང་། །ཞེས་གསུངས་པ་ལྟར་བྱང་སེམས་ཀྱི་རྩ་ལྟུང་ཕོག་པར་མ་ཟད། འདྲེ་ངན་གདུག་རྩུབ་དང་ཀོ་ལོང་ཅན་དུ་མཚོན་ནུས། རྩེད་ཉ་སྐུ་ཕྲེང་རྗེས་མ་དེས་དགའ་ལྡན་བསྟན་ལ་ཐན་སྐྱེལ་བསླབ་པ་ཁྱད་གསོད་ཀྱིས་དམག་ཇག་གི་བྱ་བ་


JSD005_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ལ་ངོ་རྒོལ་འཐབ་འཛིང་བྱས་རྐྱེན་གྱིས་ཁྲི་མུན་དུ་ཚུད་པ་བསྙོན་མེད་ལ། ད་དུང་ཤུགས་ལྡན་གྱི་བཀའ་ཆད་ཡིན་ཚུལ་བཤད་པ་ནི་རྒྱུ་འབྲས་ཁྱད་གསོད་ངོ་ཚ་དང་བྲལ་བའི་ཚིག་གོ། །ཡང་ཛེ་སྨད་ན་རེ། ༼བར་ཁམས་བསྟན་པའི་སྣང་བྱེད་ཆེན་པོ་ཆབ་མདོ་འཕགས་པ་ལྷ་ཧོ་ཐོག་ཐུ་བློ་བཟང་ཐུབ་བསྟན་མི་ཕམ་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཀྱང་དགེ་ལྡན་ལྟ་གྲུབ་གཙང་མར་སྐྱོང་འོས་པ་མ་བསྐྱངས་པར་ལྟ་སྤྱོད་ཆལ་ཆོལ་སྣ་ཚོགས་ཤིག་མཛད་པས་མཐར་བསླབ་སྐྱོན་བྱུང་ཞིང་། དེར་བརྟེན་༸རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་བཀའ་ཉེས་ཕོག་སྟེ་ཆབ་ཁོངས་སྡེ་དགོན་གྱི་ཆོས་སྲིད་དབང་ལུང་བསྒྱུར་་དུ་མེད་པར་ཐུགས་ལས་ཆུང་ངུར་བཞུགས་དགོངས་སོགས་མཛད་པ་ལམ་དུ་མི་འགྲོ་བ་དང་། རྗེས་སོར་ཆབ་མདོའི་སིས་ཐོག་ཐང་ཞེས་པར་འཕགས་ཆེན་རིམ་པའི་སྤྲོ་


JSD005_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་ཡོད་པ་དེར་ཆུ་འགྲོའི་ཡུར་བ་ཞིག་གི་ནང་རྐང་སྒ་རིལ་ལམ་རྐང་འཁོར་ཆག་རོ་ཞིག་བོར་ཡོད་མ་གཟིགས་པར་ཆབ་གསང་གནང་སྐབས་ཞབས་འདྲེད་ཤོར་ཏེ་ལྷུང་བར་འཁོར་ལོའི་ཆག་དུམ་ཞིག་འདོམས་ཀྱི་རྩ་བར་ཟུག་ཅིང་རྨ་སྐྱོན་ཆེ་བྱུང་ལ་སྨན་དཔྱད་ཇི་ལྟར་མཛད་ཀྱང་མ་ཕན་པར་དྲི་ཆུ་ཡང་ཆུ་ལམ་ནས་མིན་པར་རྨ་ཁུང་ནས་ཐོན་པ་སོགས་བསྙུན་གཞི་བབས་ལྕི་ཡུན་རིང་མཐར་སྐུ་གཤེགས་པའི་རྐྱེན་ངན་འདི་དག་ཀྱང་རྡོ་རྗེ་ཤུགས་ལྡན་འདི་ཉིད་ཀྱི་ཐུགས་དང་འགལ་བའི་ཆོ་འཕྲུལ་ཁོ་ནར་ངེས་ཏེ། རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་མཆོག་མདོ་ཁམས་ཕྱོགས་སུ་ཆིབས་བསྒྱུར་མཛད་དེ་ཆབ་༔ མདོར་ཕེབས་སྐབས། འཕགས་ཆེན་རིན་པོ་ཆེའི་སྤྲོ་ཁང་ཐང་དཀར་སྟེང་དུ་བཞུགས་ཞག་མཛད་པའི་ནུབ་ཅིག་རྗེ་ཕ་བོང་ཁ་པའི་གཟིམ་ལམ་དུ། ཡོལ་བ་


JSD005_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གི་ཚུར་ངོས་སུ་སྲུང་མ་དྲག་རྩུབ་ཤིན་ཏུ་ཆེ་བ་གཉིས་དང་། ཡོལ་བའི་ཕར་ངོས་སུ་འཕགས་ཆེན་རིན་པོ་ཆེ་འདི་ཉིད་ཤིན་ཏུ་ཉམ་ཐག་པའི་ཚུལ་དུ་བཞུགས་པ་ཞིག་གི་གཟིམ་ལམ་བྱུང་བ། དམ་པ་འདིས་ལྟ་གྲུབ་མི་གཙང་བའི་བསྲེ་བསླད་ཅན་དུ་མཛད་པས། མཛད་པའི་ཐ་མ་མི་ཤིས་པ་འདི་འདྲ་འབྱུང་བའི་རྟགས་མཚན་ཡིན་འདུག་ཅེས་རྗེ་ཕ་བོང་ཁས་དྲུང་ཡིག་འདན་མ་བློ་བཟང་རྡོ་རྗེ་ལགས་སོགས་ལ་བཀའ་གནང་འདུག་པ་དང་། གོང་གསལ་གཤེགས་རྐྱེན་བསྙུན་གཞིའི་སྐོར་གྱི་གནས་ཚུལ་རྣམས་ཆབ་མདོའི་མངའ་ཁོངས་ཁྱུང་པོ་རྨེ་རུ་སྐྱིད་མཁར་དགོན་གྱི་གྲྭ་རིགས་བཙན་ཕོ་དགེ་སློང་མཁྱེན་རབ་བྱམས་པ་ཞེས་པ་འཕགས་ཆེན་རིན་པོ་ཆོའི་སྐུ་བཅར་ཞབས་ཞུའི་གྲས་ཤིག་གི་ངག་ལམ་ཐོས་པ་ཁུངས་ལྡན་ཡིན་ཞེས་ཆབ་མདོའི་རྒྱ་ར་རིན་པོ་ཆེས་༧སྐྱབས་རྗེ་བཀའ་


JSD005_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་བླ་མེད་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོར་ཞུ་གནང་མཛད་འདུག་པ་ལྟར་རོ། །༽ ཞེས་ཟེར་བ་མ་བརྟག་ཧམ་རྫུན་ཟང་མ་སྟེ། དེ་ཡང་འཕགས་པ་ལྷ་སྐུ་ཕྲེང་གོང་མ་རྣམས་ཀྱི་རིང་ནས་རྙིང་མའི་ཆོས་གསན་བཞེས་གནང་སྲོལ་ཡོད་བཞིན་པ་ལ་ཁྱོད་ཀྱིས་དགེ་ལྡན་གཙང་མ་↑སྐྱོང་འོས་པ་མ་བསྐྱངས་ཞེས་ཟེར་བ་ཅི་ལ་འཐད། ཆབ་མདོ་འཕགས་པ་ལྷའི་སྐུ་ཕྲེང་གོང་མ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་དང་། ཞི་བ་བཟང་པོ། ཐུགས་སྲས་ངག་དབང་མཆོག་གི་སྤྲུལ་སྐུ་རྣམསཀྱིས་སྨིན་གླིང་གཏེར་ཆེན་གཅུང་ལོ་ཆེན་དྷརྨ་ཤྲཱི་བར་ཁམས་ཆབ་མདོ་དགོན་དུ་གདན་འདྲེན་ཞུས་པའི་དྲུང་ནས་གཏེར་གསར། ཐུགས་ཆེན་བདེ་གཤེགས་ཀུན་འདུས་དང་། ཚེ་དཔག་མེད་ཡང་སྙིང་ཀུན་འདུས། རྡོར་སེམས། གུར་དྲག །གཤིན་རྗེ་དྲེགས་


JSD005_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་རྣམས་དང་། གཏེར་རྙིང་སྐོར་ཆོས་དབང་བླ་མ་གསང་འདུས། ཉང་གི་དྲག་དམར་ཆེ་བ། ཕྱག་རྡོར་དྲེགས་འདུལ་གྱི་དབང་ཆེ་ཆུང་། ཕྱག་རྡོར་གསང་སྒྲུབ་ཁང་བརྩེགས། རྟ་མགྲིན་གསང་སྒྲུབ། ལོཀྟྲི། ནཱ་ག་རཀྴ། ན་རཀ་དོང་སྤྲུགས་ཞི་ཁྲོ་ཁྲོམ་སྤྲུགས་ལུགས་ཀྱི་དབང་དང་། རྗེས་གནང་ལ་སོགས་རྡོ་རྗེ་ཐེག་པ་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་སྨིན་གྲོལ་གྱི་རྒྱུན་བཟང་ཡང་དག་པར་བཞེས་པ་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིའི་གསུང་རྣམ་དུ་གསལ་ན་ཡང་མཐོང་རྒྱ་ཆུང་ལ་ང་རྒྱལ་ཆེ་བ་ཁྱོད་ཀྱིས་ལོ་རྒྱུས་ཁུངས་མ་ཆོད་བཞིན་དུ་སྨྲ་དགོས་པའི་ཁྲལ་སུ་ཡིས་བཀལ། འཕགས་པ་ལྷས་དེ་དུས་ཕ་བོང་ཁ་པ་ཕྱོགས་རིས་ཅན་དུ་གཟིགས་ནས་གུས་བཏུད་མ་ཞུས་པའི་ཉེར་ལེན་གྱིས་མཚན་ལམ་ངན་ལྟས་བྱུང་ཚུལ་གླེང་ཡོད་ཤས་ཆེ། དོན་དུ་འཕགས་པ་ལྷ་གོང་མ་དེ་


JSD005_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མངོན་ཤེས་དང་རྫུ་འཕྲུལ་ཐོགས་མེད་མངའ་བ་ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་ཡེ་མི་མཛད་ཅིང་། མཐར་ཞིང་བརྗེ་སྐབས་ཀྱང་གདུང་ལས་རིང་བསྲེལ་མང་པོ་བྱོན་པ་སོགས་ངོ་མཚར་བའི་རྟགས་ཁྱད་པར་ཅན་བྱུང་ནས་སྐྱེ་རྒུ་རྣམས་དད་པ་ལ་བཀོད་པ་འདི་བདེན་པའི་དཔང་པོར་འཕགས་པ་ལྷའི་ཞབས་ཕྱི་རྒྱུས་ཅན་མང་པོ་ད་ལྟ་ཡང་ཡོད་པ་རྣམས་ལ་དྲིས་ཤིག་དང་གསལ་བར་འགྱུར་གྱི། རྫུན་རྒྱབ་རྒྱ་ར་སྤྲུལ་སྐུ་ཕྱོགས་རིས་དང་འཆལ་སྤྱོད་ཆགས་སྡང་ཅན་གྱི་འཁྱོག་གཏམ་ལ་ཚད་མར་ནམ་ཡང་མི་བྱེད། དེ་ལྟར་འཕགས་ཆེན་དམ་པར་སྐུར་ཞུས་བྱེད་མཁན་རྒྱ་ར་སྤྲུལ་སྐུ་དང་ལོ་རྒྱུས་ཞུ་ཡུལ་བཅས་བླ་སློབ་གཉིས་ཀས་རྙིང་ཆོས་སྤོང་བ་དང་ཤུགས་ལྡན་ལ་འདི་ཕྱིའི་བློ་གཏད་ཞུ་མཉམ་མཛད་ཀྱང་། མཐར་ཁོང་གཉིས་ཀྱི་སྐུ་ཚེ་འདི་ལ་མི་ཤིས་པའི་


JSD005_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ཅི་བྱུང་རང་གཞན་ཀུན་གྱིས་ཤེས་གསལ་ལྟར་རོ། །ཛེ་སྨད་ན་རེ།༼ནག་ཆུ་སྒྲུབ་ཁང་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ་ཐུབ་བསྟན་སྐལ་བཟང་བསྟན་འཛིན་གྱིས་ཀྱང་། གང་གི་སྐྱེ་བར་འཛིན་པའི་རྗེ་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ་སོགས་སྐུ་ཕྲེང་གོང་མ་རྣམས་ཀྱི་རྣམ་ཐར་གཙང་མ་བདག་གིར་མ་བཞེས་པར་རྙིང་ཆོས་གེ་སར་དང་ཕུར་པ་སོགས་ཀྱི་སྐོར་ཞུས་ཏེ་བསྙེན་པ་དང་ལས་སྦྱོར་སྣ་ཚོགས་མཛད་པ་སོགས་དགེ་ལྡན་ལྟ་གྲུབ་བསྲེ་བསླད་ཅན་དུ་སྤྱོད་པས། ཆེན་རྡོ་རྗེ་ཤུགས་ལྡན་གྱི་ཐུགས་དང་འགལ་བའི་དབང་གིས་བསྙུན་གཞི་ཚབས་པོ་ཆེ་ཞིག་བྱུང་སྟེ་ཉིན་ཤས་རིང་ཤངས་ཁྲག་ཀྱང་ཆད་མེད་མང་དུ་ཐོན་འདུག་རྒྱལ་པའི་ཁར་ཉིད་ཀྱི་གཟིགས་སྣང་དུ་གཟིམ་ཆུང་ནང་དུ་མི་འདྲ་མིན་མང་པོ་ཞིག་ཡོང་གི་འདུག་ཅིང་། ལྷག་པར་གྲྭ་པ་མང་པོ་བཀག་ཀྱང་མ་ཁེགས་པར་ནང་དུ་


JSD005_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཤོར་ཏེ་འོངས་པ་དེ་སྐབས་མི་བདེ་བ་ཆེན་པོ་ཡོང་གི་འདུག་ཅེས་གསུངས་ཤིང་། མཐར་དགུང་གྲངས་སུམ་ཅུ་སོ་བདུན་ལོར་བྱང་ཁུལ་ཨ་མདོ་སྟོད་དུ་རྙིང་མའི་ཡི་དམ་ཕུར་པ་རྡོ་རྗེ་གཞོན་ནུའི་སྒྲུབ་པ་མཛད་བཞིན་པའི་མུར་ཞིང་བརྗེ་བ་སྣང་ངོ་། །༽ ཞེས་ཟེར་བ་ལ་དཔྱད་ན། ནག་ཆུ་སྒྲུབ་ཁང་སྤྲུལ་སྐུས་དགེ་ལྡན་ལྟ་གྲུབ་བསྲེ་བསླད་ཅན་བྱས་པས་ཕུང་བར་བརྩིས་འདུག་པ་ལ་བློ་གཟུ་བོར་གནས་པ་ཞིག་གིས་བལྟས་ན། འདྲེ་ངན་ལྷར་བསྟེན་ཅིང་ཆོས་སྤོང་དམ་ཉམས་བསགས་པ་དེས་དགེ་ལྡན་བསྟན་པ་ལ་བསྲེ་བསླད་ཅན་དུ་མ་གྱུར་ན། ཁོང་གིས་ཡི་དམ་ལྷ་མཆོག་རྡོ་རྗེ་ཕུར་པའི་ཆོས་སྐོར་ཞུས་ཏེ་མཐར་དགོངས་པ་མ་རྫོགས་ཀྱི་བར་དུ་ཆོས་ལ་སྤོང་ལེན་དང་ལོག་ལྟ་མ་མཛད་པར་བསྙེན་སྒྲབ་ལ་ཚུལ་བཞིན་འབུངས་པ་དེ་འདྲས། བསྲེ་བསླད་ངན་


JSD005_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཏོ་སྙམ་པ་དེ་ནི་ཁྱོད་ཀྱིས་ཐོས་པ་བྱས་ཚད་ཕྱོགས་རེ་བ་གཡག་ཞར་གྱིས་རྩྭ་ཉུལ་བ་ལྟར་སོང་བ་ལས་གཞན་མ་ཡིན་ནོ། །ཛེ་སྨད་ན་རེ། ༼ད་ནི་བོད་རྗེ་སྲིད་སྐྱོང་གི་ཁྲི་ལ་དབང་བསྒྱར་བའི་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེར། ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་ཆོ་འཕྲུལ་ལ་བརྟེན་ནས་རྒྱལ་པོའི་ཆད་པ་འབབ་པའི་ཚུལ་བརྗོད་པར་བྱ་སྟེ། དེི་ཡང་རྭ་སྒྲེང་རིན་པོ་ཆེ་སྐུ་ཕྲེང་བཞི་པ་ངག་དབང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་སྐུམྱ་ངན་ལས་འདའ་ཁར། ད་ཕྱིན་རྭ་སྒྲེང་རིན་པོ་ཆེའི་ཡང་སྲིད་རྩད་དཔྱོད་མི་དགོས་ཞེས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོར་སྙན་འབུལ་དང་སྦྲགས། རྭ་སྒྲེང་བླ་བྲང་གི་འཛིན་དབང་ཡོངས་རྫོགས་གཞུང་ས་མཆོག་ལ་རྩ་འབུལ་གནང་སྟེ་ཞིང་བརྗེས། འོན་ཀྱང་རྒྱལ་དབང་མཆོག་ནས་འཛིན་དབང་རྣམས་བླ་བྲང་ལ་ཕྱིར་སྩལ་གྱིས།


JSD005_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མཆོད་དང་འབྲེལ་བའི་འབུམ་ཚོགས་སོགས་རིམ་གྲོ་གཏོས་ཆེ་བ་འབད་སྒྲུབ་ཐོག་ཡང་སྲིད་མཆོག་སྤྲུལ་རྩད་དཔྱོད་ཀྱིས་ན་ཕྲ་མོའི་དུས་སུ་སྲ་མཁྲེགས་ཀྱི་རྡོ་བ་འདམ་བུ་ལྟར་བརྫིས་པའི་ཞབས་རྗེས་བཞག་པ་ཕྱིས་རྭ་སྒྲེང་དགོན་པའི་རྟེན་གྲལ་དུ་ཡོད་པ་ཁོ་བོས་ཀྱང་མཇལ་མྱོང་བ་གདན་ཞུ་ངེས་པར་བྱ་དགོས་ཀྱི་བཀའ་ཁྱབ་ཇི་སྩལ་ལྟར། རྭ་སྒྲེང་རིན་པོ་ཆེའི་ཡང་སྲིད་དྭགས་པོའི་ཁུར་དུ་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐུ་བལྟམས་ཏེ། སྐུ་དང་། ཉིན་གཅིག་ཡུམ་མེད་པའི་ཤུལ་དུ་ཐུག་རྫའི་ནང་ནས་ཐུག་པ་ཕྱིར་ལུད་པ་གླགས་མ་རྙེད་པའི་ཟོལ་གྱིས་ཞབས་སྒྲོག་གིས་ཐུག་རྫའི་ཁ་རྒྱ་རྐྱལ་སྣོད་ཀྱི་ཁ་སུལ་ལྟར་བཅིང་བ་དང་། ཡང་སྲིད་རྩད་དཔྱོད་པ་འབྱོར་རྒྱུའི་ཉིན། དེ་རིང་རང་རེར་འགྲུལ་པ་གསར་པ་ཞིག་འབྱོར་ཡོང་ཞེས་མ་འོངས་མངོན་མཁྱེན་


JSD005_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཕ་བོང་སྲ་བའི་སྟེང་དུ་རྟ་འདོགས་པའི་ཕུར་པ་འདེབས་གནང་མཛད་པ་སོགས། ཡང་སྲིད་འཁྲུལ་བྲལ་ངེས་པ་སྟེར་བའི་ལྟས་ངོ་མཚར་བ་དུ་མ་དང་བཅས།༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་ཐུབ་བསྟན་རྒྱ་མཚོའི་བཀའ་ལུང་གིས། རྭ་སྒྲེང་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་རྒྱལ་མཚན་ཞེས་མཚན་གསོལ་དང་བཅས་རྭ་སྒྲེང་གོང་མའི་ཁྲི་ལ་མངའ་གསོལ་ཞིང་། ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་བྱེས་པ་མཁས་སྙན་གྲྭ་ཚང་དུ་གསན་བསམ་མཛད་དེ། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཚན་བཞེས་དམ་བཅའ་འཇོག་གནང་མཛད་པ་སོགས་སློབ་གཉེར་གྲུབ་རྗེས། ཆུ་སྤྲེལ་ལོར་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་རྭ་སྒྲེང་གནས་གཟིགས་སུ་ཆེད་གཏད་ཞབས་འཁོད་ཀྱིས། རྭ་སྒྲེང་རིན་པོ་ཆེར་ནང་དོན་སྲིད་དབང་འཛིན་ཕྱོགས་


JSD005_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་སོགས་བཀའ་མངགས་གནང་ཡོད་ཚོད་མ་ཟད། ཕྱི་ལྟར་ཡང་རྭ་སྒྲེང་རིན་པོ་ཆེར་མཉེས་ཚོར་ཤིན་ཏུ་ཆེ་བ་མཛད་དེ། ཆུ་བྱ་ལོར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དགོངས་པ་ཞི་དབྱིངས་སུ་གཤེགས། དེ་རྗེས་ཟླ་བ་གཉིས་ཙམ་གྱི་རིང་སྲིད་བཀའ་ལྷན་རྒྱས་ནས་ཆབ་སྲིད་འགན་བཞེས་མཛད་ཀྱང་། དེའི་རྗེས་བོད་ལྗོངས་སྤྱི་ཚོགས་ཀྱི་ཚོགས་འདུ་ཆེན་མོའི་སར། ཆབ་སྲིད་ཀྱི་དབུ་འཛིན་སུ་འོས་བཀའ་བགྲོས་མང་དུ་གནང་བའི་མཐར། རྒྱལ་ཚབ་བླ་མ་སྐོ་བཞག་གནང་རྒྱུ་གཏན་འཁེལ་གྱིས། རྭ་སྒྲེང་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་པ་ལས་ཐོག་ཡེ་ཤེས་དབང་ལྡན་ནམ་ཡོངས་གྲགས་སུ་འབྲས་སྤུངས་བློ་གླིང་མི་ཉག་ཨ་མིང་ཞུ་བ། ཡོངས་འཛིན་ཕུར་ལྕོག་བྱམས་མགོན་སྤྲུལ་སྐུ་རིན་པོ་ཆེ་བཅས་རྣམ་པ་གསུམ་འོས་འདེམས་


JSD005_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག །རྩེ་འཕགས་པ་ལོ་ཀི་ཤྭ་རའི་མདུན་དུ་དགའ་ལྡན་ཁྲི་ཟུར་ཏྲེ་ཧོར་བྱམས་པ་ཆོས་གྲགས་རིན་པོ་ཆེ་གདན་ཞུས་ཀྱིས་ཟན་བརྟག་བསྒྲིལ་གནང་མཛད་པར། ཟན་བསྒྲིལ་དུ་རྭ་སྒྲེང་མཆོག་སྤྲུལ་རིན་པོ་ཆེའི་མཚན་ཐོན་པ་ལྟར་ཐུགས་གཏན་འཁེལ་ཏེ། རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ཟླ་བ་དང་པོའི་ཚེས་བཅུ་ཉིན་རྒྱལ་ཚབ་སྲིད་སྐྱོང་གི་ཁྲིར་ཕེབས་ཏེ་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཆོས་སྲིད་གཉིས་ལྡན་གྱི་ཆབ་སྲིད་ཚུལ་བཞིན་བསྐྱངས་པའི་ཐུགས་འགན་བཞེས་ཤིང་། ལྷག་པར་རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོའི་གདུང་རིན་པོ་ཆེ་ནང་གཟུངས་སུ་བཞུགས་པའི་གསེར་གྱི་མཆོད་སྡོང་ཆེན་པོ་དགེ་ལེགས་འདོད་འཇོ་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད་པ་དང་། རྒྱལ་བའི་ཡང་སྲིད་རིན་པོ་ཆེ་རྩད་དཔྱོད་སླད་ལྷ་མོའི་བླ་མཚོར་གཟིགས་ཞིབ་ཏུ་རྭ་སྒྲེང་རིན་པོ་ཆེ་ཉིད་


JSD005_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་ནས་སྐབས་བབས་སྐལ་བ་ཡོད་མེད་རྩེ་འཕགས་པ་རིན་པོ་ཆེའི་དྲུང་ཟན་བསྒྲིལ་མཛད་པར་སྐལ་བ་ཡོད་ཅེས་ཐོན་པ་ལྟར། ལྷ་མོའི་མཚོ་གཟིགས་སུ་ཕེབས་པས་མཚོ་མཇལ་གསལ་གཟིགས་བྱུང་བ་ལྟར། རང་ཅག་ཁ་བ་རི་བའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སྤྱི་ནོར་གོང་ས་༧ སྐྱབས་མགོན་ཆེན་པོའི་ཡང་སྲིད་འཁྲུལ་བྲལ་རྩད་དཔྱོད་གདན་ཞུས་ཀྱིས། གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བར་མཛད་པ་སོགས་མཛད་རླབས་རྒྱ་ཆེ་རྨད་དུ་བྱུང་ཞིང་། ས་ཡོས་ལོ་སྟོད་དུ་སྲིད་བློན་གླང་མདུན་པ་ཀུན་དགའ་དབང་ཕྱུག་དང་དགོངས་གཞི་མ་མཉམ་པར་བརྟེན་དགོངས་ཞུ་མཛད་ཉེར། བོད་ལྗོངས་སྤྱི་ཚོགས་ནས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་ཕུལ་ཏེ་རྒྱལ་ཚབ་སྲིད་སྐྱོང་རང་འཇགས་གནང་རྒྱུའི་གསོལ་འདེབས་ཞུས་ཤིང་། ས་


JSD005_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཡོས་ཟླ་བ་བཅུ་པའི་ཚེས་བཞི་ཉིན་ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ། ཇོ་བོ་རིན་པོ་ཆེའི་མདུན་དུ་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་དབུ་སྐྱེས་ཀྱི་ལན་བུ་འབྲེག་ཅིང་། བསླབ་གཞི་ལྔ་ནོད་པའི་དགེ་བསྙེན་གྱི་སྡོམ་པ་སྩལ། ཡང་སྐྱར་ས་ཡོས་ཟླ་བ་བཅུ་གཉིས་པའི་ནང་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་ཉིད་ནས་ཆབ་སྲིད་འཛིན་སྐྱོང་གློ་བུར་དགོངས་ཞུ་གནང་བར། བཀའ་ཤག་དང་སྤྱི་ཚོགས་ཧྲག་བསྡུས་ནས་༸༧གོང་ས་མཆོག་ད་ལྟ་སྐུ་ན་ཕྲ་ཡང་རིམ་པར་རིང་མིན་སོན་རྒྱུར་བརྟེན་བར་འདིར་སྲིད་སྐྱོང་གཞན་དག་གསར་བསྐོ་མ་དགོས་པར་སྔར་བཞིན་རང་འཇགས་གནང་དགོས་ནན་ཞུས་བྱས་ཀྱང་། ཞལ་བཞེས་གཏན་ནས་མ་གནང་བར། ཐ་མའི་བཀའ་སློབ་ཏུ་སྲིད་སྐྱོང་གསར་པ་ཡོངས་འཛིན་སྟག་བྲག་རིན་པོ་ཆེར་ཞུས་ན་ལེགས་ཚུལ་དང་བཅས་སྲིད་


JSD005_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་མཛད་ཁུར་ལོ་བདུན་གནང་སྟེ་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་ཉིན་ཁྲི་ལས་བཤོལ། སྐབས་དེ་དག་ཏུ་རྭ་སྒྲེང་རིན་པོ་ཆེ་ཉིད ཀྱི་སྒོས་ཀྱི་གདན་སའི་དབང་དུ་བྱས་ན་བཀའ་གདམས་བསྟན་པའི་ཆུ་འགོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་གདན་ས་ཡིན་པས། བཀའ་གདམས་གཙང་མའི་རྣམ་ཐར་བདག་གིར་བཞེས་དགོས་པར་མ་ཟད། རྭ་སྒྲེང་སྐུ་ཕྲེང་དང་པོ་དགའ་ལྡན་ཁྲི་ཆེན་ངག་དབང་མཆོག་ལྡན་དེ་ཉིད་ཀྱིས་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་མཛད་པ་ནས་བཟུང་སྐུ་ཕྲེང་རིམ་བྱོན་གྱིས། དགེ་ལྡན་ལྟ་གྲུབ་གཙང་མའི་ཉམས་བཞེས་མཛད་པའི་རྗེས་སུ་སློབ་པར་མཛད་འོས་པ་ལྟར། ཞྭ་སེར་ཅོད་པན་འཆང་བའི་ལུགས་བཟང་འཛིན་པའི་དམ་པ་ཚད་ལྡན་མང་པོས་ཀྱང་མཉམ་མེད་རི་བོ་དགེ་ལྡན་པའི་རིང་ལུགས་རྨ་མེད་པར་འཛིན་


JSD005_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་སྤེལ་གསུམ་མཛད་དགོས་པའི་སྙན་བསྐུལ་ཞུས་ཤིང་། དེ་མཚུངས་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོས་ཀྱང་འབུལ་གནང་མཛད་པའི་སྙན་བསྐུལ་ཞིག་ཏུའང་། བཀའ་མངགས་རིན་པོ་ཆེ་སྤྱི་ནོད་བཞིན། རྒྱུན་གྱི་ཉམས་བཞེས་གཟིགས་དཔེ་ཐུགས་ཞིབ་བསྐྱང་རྒྱུའི་བསྙེལ་བྱང་བཀོད་པར། སྤྱིར་འཇམ་མགོན་ཙོང་ཁ་པ་ཆེན་པོའི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་གྱིས་འཇུག་ལུགས་གསང་འདུས་མན་ངག་ཡིག་ཆུང་ཉེར་གཅིག་ནང་གི་དང་པོར་དཀར་ཆག་ཐོའི་ཡིག་ཆུང་ཞེས་པ་ཡོད་པ་ལྟར་འཇུག་དགོས་པར་གསུངས་ཤིང་། ཐོག་མར་རྣམ་ཐར་སྐོར་གཟིགས་རྟོག་མཛད་ན་གོ་བ་སྐྱེ་སླ་བ་དང་། དམ་པ་གོང་མ་རྣམས་ཀྱི་མཛད་པའི་ཁྱད་པར་ཐུགས་སུ་ཆུད་པ་བཅས་གནད་ཆེ་བས། དེས་ན་རྣམ་ཐར་སྐོར་ལ་རྗེའི་རྣམ་ཐར་ཆེན་མོ། ཚེ་གླིང་ཡོངས་འཛིན་པཎྜི་ཏའི་གསུང་


JSD005_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གྲས་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་པོད་གཉིས། ཞེས་སོགས་དང་། མཇུག་ཏུ། དགེ་ལྡན་མཁས་གྲུབ་གོང་མ་ཆེས་མཐའ་ཡས་པས་གསུང་རབ་ཀྱང་གཅིག་ལས་གཅིག་གསལ་ཞིང་། ཟབ་ལ་རྒྱ་ཆེ་བ་འཁྱེར་བདེ་བ་སོགས་མཐའ་ཡས་པར་བཞུགས། ཞེས་སོགས་དགེ་ལྡན་བཀའ་བརྒྱུད་གོང་མ་ཟུང་འཇུག་ནོར་བུའི་ཕྲེང་བ་རིམ་པར་བྱོན་པ་རྣམས་ཀྱི་རྣམ་ཐར་གཙང་མ་བདག་གིར་བཞེས་དགོས་པའི་སྙན་བསྐུལ་ཡང་ཡང་ཞུ་གནང་མཛད་ཀྱང་། གསན་དགོངས་ཡེ་ནས་མ་མཛད་པར་ཆབ་མདོ་བ་མཚན་ཉིད་སྤྲུལ་སྐུ་ཞེས་གྲུབ་མཐའ་ཡབ་རྗེ་འཇམ་དཔལ་སྙིང་པོའི་རིང་ལུགས་ལས་གཞན་དུ་གྱུར་པ་ཞིག་ཡོད་པ་དེ་ཉིད་དབང་ལུང་མན་ངག་ནོད་པའི་གཙོ་བོའི་བླ་མ་ལྟ་བུར་མཛད་དེ། དུས་རྒྱུན་དུ་བསྟེན་བཏུགས་ཀྱིས། གཏེར་བཏོན་


JSD005_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་གླིང་པའི་གཏེར་ཆོས་སོགས་རྙིང་མའི་ཆོས་སྐོར་མཐའ་ཀླས་པ་ཞིག་གསན་བཞེས་མཛད་པ་དང་། ༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཞབས་བརྟན་གསོལ་འདེབས་ཀྱང་། མཚན་ཉིད་སྤྲུལ་སྐུར་རྩོམ་ཟིན་འདེབས་སུ་བཅུག་པས་དེར་རྙིང་མའི་ཆོས་ཀྱི་བརྡ་སྐད་མང་དུ་བྱུང་བ་དང་། གཞན་ཞིང་སྒྲུབ་སྤྲུལ་སྐུ་ཞེས་པ་དང་། གཏེར་བཏོན་དུ་གྲགས་པ་དུ་མར་བསྟེན་ཅིང་། སྡེ་དགེ་མཁན་པོ་ངག་བློའི་སློབ་མ་སངས་རྒྱས་རྡོ་རྗེ་ཟེར་བ་དེའི་མདུན་ནས་རྫོགས་ཆེན་གྱི་ཁྲིད་གསན་པ་སོགས་མདོར་ན་དམ་པ་གོང་མའི་བཞེད་གཞུང་རང་སྲོལ་མ་ཉམས་པར་སྐྱོང་བ་ལས་ཕྱིར་བཟློག་པར་མཛད་པས། དགེ་ལྡན་ཐུན་མོང་མ་ཡིན་པའི་བསྟན་སྲུང་དགྲ་ལྷའི་རྒྱལ་པོ་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་འདི་ཉིད་ཀྱི་ཐུགས་དང་འགལ་བའི་ཉེས་པ་མི་ཟད་པའི་དབང་གིས་མཐར་མཛད་


JSD005_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བྱུས་ལམ་དུ་མ་ལྷོང་པར་རང་ཉིད་ལྟོས་པར་བཅས་པ་ཕུང་ཚབས་ཆེ་བའི་ཡ་ཡུད་འདི་བྱུང་བ་ཡིན་ལ། དེ་ཡང་རྭ་སྒྲེང་རིན་པོ་ཆེ་མཆོག་ཉིད་ནས་འདུ་ཁང་གི་ལྡེབ་རིས་སུ། ཡི་དམ་ཕུར་པ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི་སྣང་བརྙན་བཞེངས་སུ་བཅུག་པ་མ་ཟད། རྭ་སྒྲེང་རིན་པོ་ཆེ་མཆོག་ཉིད་ཡི་དམ་ཕུར་པའི་བསྙེན་མཚམས་བཅད་རྒྱ་ཞིག་མཛད་འདུག་པ་དང་། སྐབས་དེའི་གཟིམ་ལམ་དུ་གྲྭ་པ་ཞིག་གིས་སྡེར་མའི་ནང་སྙིང་དམར་པོ་ཞིག་བླུགས་ཏེ་ཕུལ་བའི་གཟིམ་ལྟས་བྱུང་འདུག་པར། རྭ་སྒྲེང་རིན་པོ་ཆེ་ཉིད་ནས་ཆོས་སྐྱོང་བྲན་དུ་འཁོལ་བ་ལྟ་བུའི་རྟེན་འབྲེལ་དུ་བརྩིས་ཏེ། ཨར་ལས་དོ་དམ་པ་ཤན་ཁ་བར་བཀའ་གནང་འདུག་ཅིང་། དེ་སྐབས་ཤན་ཁ་བས་གཟིམ་ལྟས་ལེགས་པོ་རང་ཨེ་ཡིན་སྙམ་པ་འདུག་ཅེས་ཞུས་པ་ཡིན་ཞེས་ཤན་ཁ་བས་


JSD005_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོར་ཞུས་འདུག་པ་དང་། མ་ཟད་ཕྱིས་རྭ་སྒྲེང་བླ་བྲང་ལྟོས་བཅས་ཉམས་ཉེས་པའི་སྐབས། མཁར་རྡོ་བླ་བྲང་མཁར་དབང་ཡོངས་རྫོགས་གཞུང་བཞེས་གནང་སྟབས། སྲིད་སྐྱོང་སྟག་བྲག་རིན་པོ་ཆེས་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། མཚན་ཞབས་རྒྱ་མཚོ་གླིང་སྤྲུལ་སྐུ་རྣམ་གཉིས་ལ། མཁར་རྡོའི་ཕྱག་དཔེའི་གྲས་སུ་མཁར་རྡོ་རིག་འཛིན་ཆོས་ཀྱི་རྡོ་རྗེའི་མ་འོངས་ལུང་བསྟན་གྱི་ཕྱག་དཔེ་ཡོད་པ་འཚོལ་དགོས་ཞེས་བཀའ་གནང་བ་ལྟར། རྣམ་པ་གཉིས་ཀྱིས་འཚོལ་ཞིབ་མཛད་སྐབས། མཁར་རྡོ་གོང་མའི་ལུང་བསྟན་དེ་དག་དང་ལྷན་དུ་ཡོད་པའི་ཤོག་ལྷེ་ཁག་གི་གྲས་སུ། མཁར་རྡོ་སྤྲུལ་སྐུས་རྭ་སྒྲེང་རིན་པོ་ཆེའི་སྐུ་ཕྱྭ་མཛད་འཕྲིན་དང་བཅས་པའི་སྐོར་ཇི་འགྱུར་བླ་མ་གཞན་ཞིག་ལ་པྲ་འབེབས་ཞུས་པའི་ཡི་གེ་ཞིག་


JSD005_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པར། པྲ་ལུང་རྣམས་ཇི་བཞིན་ད་ལྟ་ཐུགས་ངེས་མི་སྣང་ཡང་། པྲ་རྟགས་སུ་སྣ་ཚོགས་རྡོ་རྗེ་ལྟེ་བ་མེད་པ་ཞིག་དང་། དེའི་རྒྱབ་ཏུ་གྲྭ་པ་བསེ་ཐེབས་གྱོན་པ་ཞིག་ལངས་ནས་བསྡད་ཡོད་བྱུང་ཚུལ་འཁོད་འདུག་ཅེས་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོས་ཁོ་བོར་གསུངས་པ། སྭཱ་ཚོགས་རྡོ་རྗེ་ནི་སྐ་ཚེ་དང་མཛད་པ་ཕྲིན་ལས་ཀྱི་རྟགས་ཏེ། དེར་ལྟེ་བ་མེད་པ་འགལ་རྐྱེན་བར་ཆད་ཆེ་བའི་མཚན་མ་དང་། གྲྭ་པ་བསེ་ཐེབས་གྱོན་པ་དེ་ཉིད་ཆོས་སྐྱོང་ཆེན་པོ་རྡོ་རྗེ་ཤུགས་ལྡན་གྱི་རྣམ་འཕྲུལ་ཡིན་ངེས་ཀྱི་པྲ་རྟགས་མ་འོངས་གསལ་སྟོན་ཐུབ་པ་བྱུང་འདུག་པ་བཞིན། མཐར་མེ་ཕག་ལོར་རྭ་སྒྲེང་རིན་༔པོ་ཆེ་དང་། སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་རྣམ་གཉིས་ཐུགས་བཞེད་མ་སྙོམས་པར། རྭ་སྒྲེང་རིན་པོ་ཆེའི་ཕྱོགས་ནས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་


JSD005_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལ་བསྡོ་བའི་མཛད་ཉེས་ཀྱི་རྣམ་པ་ཐོན་པར་བརྟེན། གཞུང་གི་མཐོ་རིམ་ལས་བྱེད་འགའ་ཞིག་གོ་བསྡུར་ཐོག་གསང་རྒྱའི་ངང་ནས་བཀའ་བློན་ཟུར་ཁང་པ་དབང་ཆེན་དགེ་ལེགས་དང་། བཀའ་བློན་ལྷ་ཀླུ་བ་འགྱུར་མེད་ཚེ་དབང་རྡོ་རྗེ་གཉིས་དཔུང་དམག་དང་བཅས། རྭ་སྒྲེང་རིན་པོ་ཆེ་གདན་ཞུ་བཏང་བ་ལྟར། ཁོང་རྣམས་ཟླ་བ་གཉིས་ཚེས་བཅུ་གསུམ་དགོང་མོར་མཚན་བགྲོད་ཀྱིས་རྭ་སྒྲེང་དུ་བསྐྱོད་དེ། དེ་ནས་རྭ་སྒྲེང་རིན་པོ་ཆེ་ཚུར་ལམ་འཕན་པོ་སྒོ་ལ་བརྒྱུད་གདན་ཞུས་བྱས་ཤིང་སྐབས་དེར་རྩེད་ཉ་སྤྲུལ་སྐུས་འགོ་འཁྲིད་ཀྱིས་སེར་བྱེས་གྲྭ་ཚང་གི་གྲྭ་གཞོན་རྡོབ་རྡོབ་རྣམས་ནས་རྭ་སྒྲེང་རིན་པོ་ཆེའི་རྒྱབ་ལངས་ཀྱིས་བྱེས་མཁན་པོ་ལས་ཐོག་པ་སོག་པོ་བློ་བཟང་བསྟན་དར་སྟག་བྲག་རིན་པོ་ཆེའི་ཕྱོགས་ཉེའི་བབས་ཀྱིས་ངོ་གཡོག་བཞི་ཉེས་བརྡུངས་ཀྱིས་བསད་ཅིང་། གཞུང་


JSD005_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་ངོ་རྒོལ་གྱི་མེ་འཕེན་སོགས་བྱེད་པ་དང་། གཞུང་ནས་ཀྱང་ཚེས་བཅུ་བཞིའི་ཉིན་རྭ་སྒྲེང་བླ་བྲང་དང་། མཁར་རྡོ་བླ་བྲང་སོགས་ཀྱི་མི་རྒྱུ་རྣམས་དོ་དམ་གནང་། རྒྱལ་ཚབ་ཟུར་པ་རྭ་སྒྲེང་རིན་པོ་ཆེ་རྩེ་ཕོ་བྲང་གི་ཤར་བརྒྱུད་ཤར་ཆེན་ལྕོག་ཏུ་གཤམ་གསལ་བསྲུང་བྱ་བའི་འགོ་དམག རྣམས་ལས། དེ་མིན་ཞབས་འབྲིང་གཅིག་ཀྱང་མེད་པའི་སྐུ་རྐྱང་ཁོ་ནར་དོ་དམ་གྱིས་ཁོངས་སུ་བཞུགས་དགོས་པ་བྱུང་། རྭ་སྒྲེང་རིན་པོ་ཆེའི་རྒྱུན་དུ་ཐུགས་འདྲིས་ཆེ་བ་མཁར་རྡོ་སྤྲུལ་སྐུ་སྐལ་བཟང་ཐུབ་བསྟན་སྙན་གྲགས་དང་། རྭ་སྒྲེང་རིན་པོ་ཆེའི་སྐུ་མཆེད་རྭ་སྒྲེང་ཛ་སག་གཉིས་ཀྱང་འཛིན་བཟུང་དང་། བཞི་སྡེ་སྨྱུང་གནས་བླ་མ་བློ་བཟང་ཡེ་ཤེས་རྣམ་རྒྱལ་ཁོང་གི་སྐུ་ཕྲེང་གོང་མ་ཚོའི་རྣམ་ཐར་བཟུང་སྟེ་ལྟ་གྲུབ་གཙང་མ་ཞིག་སྐྱོང་རྒྱུ་བབས་འབྲེལ་ཆེ་ཡང་། རྭ་སྒྲེང་རིན་


JSD005_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་གསུང་དབང་ལྟ་བུས་རྙིང་ཆོས་ཀྱི་བསྲེ་བསླད་གནང་བར་བརྟེན་ཆོས་སྐྱོང་འདི་ཉིད་མ་དགྱེས་པའི་རྣམ་པས། བསོད་ནམས་ཟད་ཁར་བསམ་ངན་སྐྱེ་བའི་དཔེ་ལྟར། སྟག་བྲག་རིན་པོ་ཆེའི་སྐུ་ལ་བསྡོ་བའི་བྱ་ངན་གྲས་སུ་སོན་པར་བརྟེན་འཛིན་བཟུང་བྱ་སྐབས། རང་གིས་རང་ལ་མེ་མདའ་བརྒྱབ་སྟེ་འདས་གྲོངས་སོང་བ་དང་། ཚོགས་འདུ་ནས་ཞིབ་དཔྱོད་སླད་རྒྱལ་ཟུར་རྭ་སྒྲེང་རིན་པོ་ཆེ་ཚོགས་འདུར་གདན་ཞུས་ཀྱིས། གདན་ཐོབ་སྒྲོན་ཏེ་མཛད་ཉེས་ཅི་བྱུང་བཀའ་འདྲི་ཞུས་པར། ཐོག་མར་མཁར་རྡོ་སྤྲུལ་སྐུའི་ངག་ལམ་ནས་ནག་ཉེས་མཐིལ་བརྡོལ་གྱིས། མཐར་རྭ་སྒྲེང་རིན་པོ་ཆེས་ཀྱང་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་མཛད་པར་ཡི་རང་མིན་གྱི་སྒོ་ནས་ལས་དོན་ནོར་འཁྲུལ་འགའ་ཞིག་བྱུང་སོང་ཡང་། བླ་སློབ་ཆོས་ཀྱི་དམ་ཚིག་གི་འབྲེལ་བར་བརྟེན། ང་རང་སྲིད་


JSD005_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་དུ་ངོ་བཅར་གྱིས་དགོངས་སེལ་ཕྱག་འཚལ་ཞུ་བཤགས་དང་། ཕྱིན་ཆད་འགྱོད་སྡོམ་དམ་བཅའ་མཛད་རྒྱུ་གན་རྒྱ་ཁག་འབྲེལ་ཕུལ་ཆོག་པ་ཞེས་ནག་ཉེས་ཞལ་བཞེས་ཀྱིས་ཞུ་ནན་ཇི་མཛད་ལྟར། ཚོགས་འདུ་ནས་ཀྱང་དེ་དོན་ཡོང་བའི་རྒྱབ་གཉེར་བཅས་བཀའ་ཤག་བརྒྱུད་སྙན་ཞུ་གནང་ཡང་དོན་སྨིན་མ་སོན་པའི་མུར། སེར་བྱེས་གྲྭ་མང་ནས་ཀྱང་ཟིང་ཆ་ཇེ་ཆེར་སོང་གཤིས། གཞུང་དམག་ནས་ཀྱང་ཆོས་སྡེ་ཆེན་པོར་ཁ་གཏད་དེ་མེ་འཕེན་ཉིན་བསྟུད་བྱས་པ་དང་། རྭ་སྒྲེང་གདན་སར་དམག་སྤྱི་སྐལ་བཟང་ཚུལ་ཁྲིམས་དང་། བྱང་སྤྱི་ཞྭ་སྒབ་པ་འགོ་དམག་ཆེད་བཏང་གིས་རྭ་སྒྲེང་དགོན་གྱི་སྐུ་གསུང་ཐུགས་རྟེན་གྱིས་མཚོན་པའི་སྣོད་བཅུད་ཀུན་ལ་ཉམས་ཉེས་མི་བཟད་པ་བཏང་བ་སོགས། འཚེ་སྤོང་ཞི་བའི་རྒྱལ་


JSD005_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་རིན་པོ་ཆེ་ཉམས་སྨད་ཅིང་འཇིག་པའི་སྙིགས་མའི་མངོན་རྟགས་དུས་ཤར་བ་བྱུང་། འདིའི་མཛད་ཉེས་སྐོར་མཁར་རྡོ་སྤྲུལ་སྐུ་དང་། སྨྱུང་གནས་བླ་མ། རྭ་སྒྲེང་ཛ་སག་སོགས་ཀྱིས་རྭ་སྒྲེང་རིན་པོ་ཆེར་མཛད་དཀའི་སྙན་བསྐུལ་མང་པོ་རིམ་ཞུས་ལ། རྭ་སྒྲེང་རིན་པོ་ཆེ་ཉིད་ནས་ཐོག་མར་དགག་བྱ་གང་ཐུབ་མཛད་ཀྱང་། གོང་སྨོས་རྣམས་ནས་ཞུ་ནན་ཆེས་གཤིས་མཐར་ཁོང་ཚོའི་འདོད་ཐོག་ཏུ་ཆོག་འཐུས་སྩལ་བ་ཕྱག་བྲིས་ངོ་མ་ཁག་ནས་ར་འཕྲོད་གསལ་པོ་བྱུང་ཡོད་འདུག །རྭ་སྒྲེང་རིན་པོ་ཆེའི་ཞུ་ཐག་ཆོད་དེ་ཤར་ཆེན་ལྕོག་ཏུ་བསྲུང་བྱ་བ་སྣང་རྩེ་ཤག་གི་མི་དཔོན་ལུང་ཤར་བ་ཨོ་རྒྱན་རྣམ་གྲོལ་དང་། གྲ་ཕྱི་དམག་སྒར་གྱི་རུ་བཞི་པའི་རུ་དཔོན་སྐལ་བཟང་དགྲ་འདུལ། རྩེ་དྲུང་བལ་པོ་ཟེར་བ་དང་དམག་མི་གང་འཚམས་བཅས་ཡོད་པའི་དོ་དམ་འོག་བཞུགས་མུར་ཟླ་བ་གསུམ་


JSD005_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེས་བཅུ་བདུན་གྱི་མཚན་མོ་ཆུ་ཚོད་གཉིས་ཙམ་ལ་སྐྲ་སྲོག་མི་བཟད་པའི་རྐྱེན་ངན་ཇི་བྱུང་ཕྱི་མི་སུས་ཀྱང་ཆ་མ་རྟོགས་པར་དོན་སྙིང་གློ་བུར་དེ་ནུབ་སྐུ་མྱ་ངན་ལས་འདས་པ་དང་། ༽ ཞེས་ཟེར་བ་ལ་ལན་བརྗོད་པར་བྱ་སྟེ། རྭ་སྒྲེང་སྲིད་སྐྱོང་ཧོ་ཐོག་ཐུ་རིན་པོ་ཆེར་ཐོག་མར་སྤྲུལ་སྐུ་ཚད་མ་ཡང་དག་པ་ཡིན་པའི་སྒྲུབ་བྱེད་རིང་པོ་དེ་ཙམ་ཞིག་བྲིས་ཏེ་བསྟོད་བསྔགས་བགྱིས་པ་དང་། མཐར་ལྷ་མི་གཉིས་ཀས་བསྒྲལ་འོས་སུ་བཀོད་པ་ཁ་གཅིག་ལྕེ་གཉིས་འདི་གང་ཞིག་བདེན་པར་འཛིན། མ་ཟད་ཁྱོད་རྐང་པས་ས་མ་ཟིན་པར་སྤྱི་བོས་གནམ་བརྟོལ་བའི་གཏམ་རྭ་སྒྲེང་རིན་པོ་ཆེས་ཤིང་ཁྱི་ནས། ས་ཡོས་བར་ལོ་དྲུག་ལས་མ་སོང་བ་ལ། སྲིད་སྐྱོང་མཛད་ཁུར་ལོ་བདུན་གནང་སྟེ་ཁྲི་ལས་བཤོལ་ཞེས་སྔ་ཚིག་དང་ཕྱི་ཚིག་རྒྱབ་འགལ་དུ་སོང་བ་ལ་ཤེས་


JSD005_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཡོངས་ཀྱིས་གཟིགས་ཤིག་དང་ལོ་རྒྱུས་ཕལ་ཆེ་བ་དེ་ལྟར་མ་དག་རྫུན་ཧམ་ཡིན་པར་གསལ་པོར་རྟོགས་ཐུབ། རྭ་སྒྲེང་སྐུ་གོང་མ་དེས་ཀྱང་རྙིང་ཆོས་གསན་བཞེས་མཛད་པ་ཁོང་གི་ཐུགས་དམ་ཕྱག་དཔེ་རྭ་སྒྲེང་བླ་བྲང་དུ་བཞུགས་པའི་ནང་རྙིང་མའི་ཆོས་ཚན་མང་པོ་འདུག་པ་ཁོ་བོས་ཀྱང་མཇལ་མྱོང་། མ་ཟད་གཏེར་ཆེན་མཆོག་གྱུར་གླིང་པའི་ཆོས་བདག་ཏུ་ལུང་གིས་ཟིན་པ་ཡིན་འདུག་ཀྱང་རྟེན་འབྲེལ་གཞན་དབང་དུ་སོང་གདའ། སྲིད་སྐྱོང་རིན་པོ་ཆེ་དེ་ཉིད་ཀྱང་བར་ཆད་ཀྱི་དབང་དུ་མ་སོང་ན་བོད་ཁམས་ཙམ་དུ་མ་ཟད་འཛམ་གླིང་གི་འགྲོ་བ་ཀུན་ལ་ཕན་བདེའི་བྱེད་པོར་ལུང་གིས་བསྔགས་ཏེ། གཡོན་རུ་གཏེར་སྟོན་འཆི་མེད་རྡོ་རྗེའི་དག་སྣང་ལུང་བསྟན་ལས། རྭ་སྒྲེང་པདྨའི་རྣམ་འཕྲུལ་ནི༔ བདུད་རྣམས་འདུལ་བའི་དཔའ་བོ་ཆེ༔ འཛམ་གླིང་འགྲོ་བ་སུམ་གཉིས་


JSD005_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ ཕྱིར་མི་ལྡོག་པའི་དབུགས་ཆེན་འབྱིན༔ ཞེས་དང་། རྡོ་གྲུབ་ཀུན་བཟང་གཞན་ཕན་གྱིས། བྱང་རྭ་སྒྲེང་གི་ནིརྨ་ཀ་དེ་ཡིས། །བོད་ཆོས་སྲིད་སྐྱོང་བར་བར་ཆད་ཀྱི། །དབང་མ་གྱུར་རྟེན་འབྲེལ་གེགས་མེད་དུ། །འགྲིགས་གྱུར་ན་བོད་ཁམས་ཡོངས་ལ་ཕན། །དེ་འོན་ཀྱང་བདུད་སྡེའི་བར་ཆད་མང་། །ཞེས་དང་། མགོན་ཀུན་མཁྱེན་ལྔ་པའི་དུས་བཞིན་དུ། །ཞྭ་དམར་སེར་གྱི་བསྟན་པ་རིས་མེད་པར། །བསྐྱངས་གྱུར་ན་བསྟན་འགྲོ་ཡོངས་ལ་སྨན། །ཞེས་གསུངས་པ་བཞིན། སྔོན་སྨོན་ཐུགས་བསྐྱེད་དུས་སུ་སྨིན་ཏེ་བསྟན་པ་རིས་སུ་མ་ཆད་པ་ལ་དག་སྣང་བཟང་པོས་ཁྱབ་པར་མཛད་༉ དེ། དགེ་བའི་བཤེས་གཉེན་མཁས་ཤིང་གྲུབ་པའི་དབང་པོ་ཆབ་མདོ་མཚན་ཉིད་སྤྲུལ་སྐུ་འཇམ་དཔལ་ནོར་བུ་རིན་པོ་ཆེ་ལས་རྙིང་མའི་གཏེར་ཆོས་མང་པོའི་


JSD005_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་གསན་བཞེས་དང་རྭ་སྒྲེང་གཏེར་སྟོན་སངས་རྒྱས་དབང་འདུས་ཀྱི་ཆོས་སྐོར་པར་དུ་བཞེངས་པ་སོགས་ཞབས་ཏོག་རྒྱ་ཆེར་བཀའ་དྲིན་བསྐྱངས། ཐ་ན་ཉམ་ཆུང་བདག་ལྟ་བུ་ལའང་བོང་བ་གསེར་གཟིགས་ཀྱིས་བླ་མའི་གོ་སར་བཀུར་ཏེ་རྫོགས་ཆེན་སྙིང་ཐིག་གི་སྙན་བརྒྱུད་མན་ངག་སྐོར་མཆོད་སྤྲིན་དུ་ཕུལ་བ་དགྱེས་བརྩེས་བཞེས་པ་བཅས་ཀྱི་ཤུགས་ལྡན་ཐུགས་འཁོན་བྱུང་ནས་རྭ་སྒྲེང་རིན་པོ་ཆེ་ལྟོས་པར་བཅས་པ་ཉམས་ཉེས་སུ་གྱུར་པར་བཤད་པ་འདི་དང་། འོག་ཏུ་དེ་མ་ཐག་སྟག་བྲག་རིན་པོ་ཆེའི་སྐུ་སྲོག་ལ་བསྡོ་བའི་མཛད་ཉེས་ར་འཕྲོད་གསལ་པོ་བྱུང་ནས་བཀྲོངས་པའི་ལོ་རྒྱུས་ཁ་མི་འཆམ་པ་ཆམ་པ་སྨྱོན་པའི་བླ་བརྡོལ་ལྟར་སྨྲས་པའི་སྲིད་དོན་དང་འབྲེལ་བའི་ལོ་རྒྱུས་ཕྲ་ཞིབ་བཀོད་ལུགས་འདི་ལ་དཔགས་ན་དེ་སྐབས་གྲོས་ངན་ཤོམས་མཁན་


JSD005_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁོངས་གཏོགས་ཞིག་གི་སྐད་ཆ་ཡིན་པ་ཡང་གསལ་པོར་རྟོགས། རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པའི་ཞབས་བརྟན་གསོལ་འདེབས། མཚན་སྤྲུལ་རིན་པོ་ཆེར་རྩོམ་ཟིན་འདེབས་བཅུགས་པའི་དཔང་པོ་སུ་མཆིས། གལ་ཏེ་དེ་ལྟར་ཡིན་ཀྱང་རུང་སྟེ། ཞབས་བརྟན་གྱི་ཚིག་དོན་ཕུན་སུམ་ཚོགས་པ་དང་དེར་རྙིང་མའི་ཆོས་སྐད་འདྲེས་པ་ལ་འགལ་བའི་སྐྱོན་སྤུ་རྩེ་ཙམ་མ་མཆིས་ཏེ། ཞབས་བརྟན་གྱི་བདེན་འབྲས་རྒྱལ་བ་རིན་པོ་ཆེ་དེང་སང་བར་འཚོ་གཞེས་བརྟན་བཞིན་པ་དང་། ཞབས་བརྟན་གསོལ་འདེབས་དེ་ཡང་གནག་རྫི་ཡན་ཆད་ཀྱི་བློ་ལ་བྱང་ནས་འུར་འདོན་བྱེད་པ་འདི་ལྟར་ལ་ཁྱོད་ཕྲག་དོག་དང་ལོག་ལྟའི་མེ་ལྕེ་སྙིང་ལ་འབར་ཞིང་། ངན་སྨྲའི་ཚིག་གི་དུ་བ་ཇི་ཙམ་འཐུལ་ཀྱང་ཉི་ཤར་སྦས་མོས་ག་ལ་ཁེབས། ཡང་བདག་ཅག་གི་མཚུངས་མེད་


JSD005_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་རིན་པོ་ཆེའི་མཚན་སྨྲོས་སྐབས་སུ། ཁྱེད་ཀྱིས་སྡེ་དགེ་མཁན་པོ་ངག་བློ་ཞེས་བྲིས་པ་མགོ་མ་ཚོས་པའི་ཆ་མེད་རྒྱུས་གཏམ་སྟེ། བདག་གི་བླ་མ་སྡེ་དགེ་བ་མ་ཡིན་ཏེ་ཝ་ཤུལ་ཁྲོམ་ཐར་རྟ་ཁོག་མ་ཞེས་པའི་འབྲོག་སྡེ་ཏྲེ་ཧོར་ཁང་སར་དཔོན་གྱི་མངའ་འབངས་སུ་གཏོགས་ཤིང་། མཚན་ལའང་འབྲོག་པའི་༜ཡུལ་སྐད་གཅེས་མིང་དུ་ངག་དགའ་འམ། ཡང་ན། ཡུལ་དུས་དེར་གཏེར་སྟོན་ངག་དབང་བསྟན་འཛིན་ཞེས་པའི་བླ་མ་སྐུ་བསྒྲེས་ཤིག་བཞུགས་པ་ལ་བདག་གི་བླ་མ་ཁོང་གི་ཞལ་སློབ་ཏུ་གྱུར་པ་དང་། སྐུ་ན་གཞོན་སྟབས་ངག་ཆུང་ཞེས་མཚན་དེ་ལྟར་ཐོགས་པ་ལས། ངག་བློ་ཟེར་བ་ལ་ཡང་མ་གྲགས་པས་ཉི་མའི་མདུན་སར་མེ་ཁྱེར་གྱི་སྒྲོན་མེ་བཀྱགས་ན་དེ་འདྲ་ལས་ཅི་ཡོང་། རྭ་སྒྲེང་རིན་པོ་ཆེས་ཕུར་པའི་ལྷ་ཚོགས་ཀྱི་བཞེངས་པ་དང་། མཚམས་དང་སྒྲུབ་པ་


JSD005_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པས་ཆུས་ཉེར་བྱུང་བར་བཤད་པ་དེ་ནི་བདུད་ཀྱི་གསང་ཚིག་དངོས་ཏེ། ཅིའི་ཕྱིར་ན། གསང་ཆེན་སྔ་འགྱུར་བ་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཕྱེ་བའི་ཕྱི་མ་ལ་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ནང་གསེས་ཕྲིན་ལས་ཀྱི་ལྷ་མཆོག་དཔལ་ཆེན་རྡོ་རྗེ་ཕུར་པ་ལ་རྒྱུད་དང་སྒྲུབ་ཐབས་ལས་ཁ་ཚར་དང་བཅས་པ། བཀའ་གཏེར་དག་སྣང་གི་བབས་སོ་རྒྱ་མཚོའི་ཀློང་ཆེན་པོ་ལྟར་ཟབ་ཅིང་རྒྱ་ཆེ་བ་བཞུགས་པ་དང་། ལྷ་མཆོག་འདིའི་སྒོ་ནས་དངོས་གྲུབ་བརྙེས་པའི་རིག་འཛིན་ས་རྙིང་གཉིས་ཀར་ད་ལྟའི་བར་ཟམ་མ་ཆད་པར་བྱོན་པའི། ཆོས་རྒྱུས་དང་རྣམ་ཐར་ལོ་རྒྱུས་དེ་དག །ཐོས་ཆུང་ཁྲོན་པའི་སྦལ་པ་ཁྱོད་ལ་མེད་པའི་ནང་ཆ་སྟོན་པར་ཟད་དེ། འཕགས་བོད་གཉིས་ཀར་རླུང་ལྟར་དུ་གྲགས་པ་བརྟན་པས་ད་གཟོད་རྒྱུད་རྣམ་དག་ཏུ་སྒྲུབ་པའི་ངལ་བ་བརྟེན་མི་དགོ


JSD005_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། མཁས་པ་ཆེན་པོ་ཤཱཀྱ་མཆོག་ལྡན་གྱིས། མདོར་ན་ཡང་ཕུར་སོགས་རྒྱ་དཔེ་ཅན་ལོ་ཙཱ་བ་དོན་མཐུན་གྱིས་བསྒྱུར་བ་ལས་མཁས་པ་ལ་མཐུན་པར་གྲགས་པ་རྣམས་ནི་སྤྱིར་རྒྱ་གར་མ་དང་། རྒྱུད་རྣམ་དག་ཏུ་གྲུབ་ཟིན་པས་ན་སླར་སྒྲུབ་མི་དགོས་ཞེས་གསུངས་པ་འདི་ཁོ་ནས་ཀྱང་ལོག་རྟོག་ངན་པ་རྡུལ་དུ་བརླག་ནུས། རྨོངས་པ་ཁྱེད་ཅག་བསོད་ནམས་ཟད་རྟགས་ལྷ་ལ་ཡི་ཆད་བྱེད་པ་་ཨ་ཙམ། དེ་ལྟར་ལྷ་དང་བླ་མ། ཆོས་དང་སྒྲབ་པ་པོ་བཅས་པར་ཉོན་མོངས་དུག་ལྔའི་དབང་གིས་སྨོད་པ་ནི། སྨད་པའི་ལྕི་བ་བཞིའི་ཁ་ན་མ་ཐོ་བ་ལ་བག་མེད་དུ་ཞུགས་པ་སྟེ། དེ་ཡང་། གཏི་མུག་གྀ་དབང་གིས་སྟོན་པའི་སྐུ་ལ་སྨད་པ། ང་རྒྱལ་གྱི་དབང་གིས་མཁས་པའི་ཡོན་ཏན་ལ་སྨད་པ། ཕྲག་དོག་གི་དབང་གིས་བདེན་པའི་ཚིག་ལ་སྨད་པ། ཕྱོགས་རིས་ཀྱི་དབང་གིས་ཆོས་ལ་དགག་


JSD005_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བགྱིས་པ་སྟེ། དེ་བཞི་ཀའི་ཉེས་པ་འབྱུང་བའི་སྟེང་དུ། ལོག་པ་བརྒྱད་ཀྱི་ཉེས་སྡིག་ཀྱང་ཅིག་ཅར་དུ་འབྱུང་སྟེ། དེ་ཡང་། དགེ་བ་ལ་སྨད་པ། སྡིག་པ་ལ་བསྟོད་པ། དགེ་བ་ཅན་དཀྲུགས་པ། དད་པ་ཅན་གྱི་ཚོགས་བཅག་པ། བླ་མ་ཡི་དམ་དང་། མཆེད་ལྕམ་སྤངས་པ། དཀྱིལ་འཁོར་གཉེན་པོ་འབྲལ་བ་རྣམས་ཁྱོད་ཀྱིས་བྱས་ཤིང་བསགས་པའི་ཕྱིར་རོ། །སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ་དེ་ཉིད་བོད་ཁམས་ཡོངས་ལ་བཀའ་དྲིན་ཆེ་ཚུལ་ཅུང་ཟད་གླེང་ན་། སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་རྒྱལ་ཚབ་ཏུ་མངའ་གསོལ་བའི་དགོངས་གཞི་དང་མཐུན་པར་སྲིད་སྐྱོང་གི་ཁྲི་འཛིན་གནང་རིང་གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དགོངས་པ་རྫོགས་རྗེས་གསེར་གདུང་རིན་པོ་ཆེ་བཞེངས་པ་དང་། སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་གནང་


JSD005_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གྲུ་འཛིན་ཕོ་བྲང་དུ་གསེར་ཁྲིར་མངའ་གསོལ་མཛད་པ་དང་། གཙུག་ཕུད་བཞེས་ཏེ་དགེ་བསྙེན་གྱི་སྡོམ་པ་གནང་བ་དང་། རྭ་སྒྲེང་། དགའ་ལྡན། ཡེར་པ། བསམ་ཡས། གྲྭ་ཕྱི་སྨིན་གྲོལ་གླིང་གི་མཆོད་རྟེན་མཐོང་གྲོལ་ཆེན་མོ་སོགས། གཙུག་ལག་ཁང་དང་གནས་རྟེན་ཁྱད་པར་ཅན་མང་པོ་ཉམས་གོག་ཏུ་སོང་བ་རྣམས་རྟེན་དང་བརྟེན་པར་བཅས་པ་ཉམས་གསོ་བླ་མེད་མཛད་པ་ཚང་མའི་ཐུགས་ལ་མངའ་བ་དེ་ལྟ་ན་ཡང་། སྐུ་ཕྲེང་བཅུ་བཞི་པའི་ཐོག་མའི་ཡོངས་འཛིན་མཛད་རྗེས་དང་བཀའ་དྲིན་ཆེ་བ་དེ་ལྟ་བུ་ལ་བོད་ཁམས་བསྟན་གཤེད་སྨོན་ལོག་དམ་སྲི་བདུད་རིགས་མིའི་གཟུགས་སུ་སྤྲུལ་པའི་སེར་སྐྱ་ཁ་དྲག་དབང་པོ་ཆེ་འགའ་ཞིག་གིས་གྲོས་ངན་གཤོམ་ནས། དྲིན་ལན་ལོག་པར་འཇལ། ལས་འབྲས་ཁྱད་དུ་བསད། དམ་ཚིག་ཆུ་ལ་གཡུགས་ནས་བྱང་ཆུབ་སེམས་


JSD005_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྐུ་སྲོག་བཀྲོངས་པའི་མཚམས་མེད་ཀྱི་ལས་ངན་བསགས་པ་དང་། བཀའ་གདམས་བསྟན་པའི་ཆུ་འགོ་རྭ་སྒྲེང་རྒྱལ་བའི དགེ་གནས་དང་ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་བཅས་པར་ཀླ་ཀློའི་བརྟུལ་ཞུགས་ལག་ལེན་དངོས་སུ་བསྟར་ཏེ། སྐུ་གསུང་ཐུགས་རྟེན་བྱིན་ཅན་དཔག་ཏུ་མེད་པ་བཤིག་གཏོར་བཅོམ་ཁྱེར་ཉེ་བའི་མཚམས་མེད་བྱས་པ་དང་། བླ་སྤྲུལ་དགེ་འདུན་གྲངས་མེད་པ་མཚོན་གྱིས་བཀུམས་པའི་ལས་ངན་འདི་འདྲ་བས་དགེ་ལྡན་བསྟན་ལ་མ་གནོད་པར་ཚང་ལ་མ་ནོར་བའི་ལམ་ཟབ་མོ་རྙིང་མའི་ཆོས་དང་བླ་མ་ལ་ཕྱོགས་རིས་སྤངས་པའི་དད་པ་དག་སྣང་གིས་གསན་སྦྱངས་གནང་བས་གནོད་པའི་སྒྲུབ་བྱེད་ཀྱི་ལུང་རིགས་ཡོད་ན་སྟོན་ཅིག །ད་དུང་ངན་བྱས་ངོ་སོར་ཁྱེར་ཏེ་དགེ་ལྡན་པའི་སྲུང་མ་ཤུགས་ལྡན་གྱི་བཀའ་ཆད་ཡིན་ཞེས་འཛེམ་


JSD005_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཙམ་ཡང་མེད་པར་མཁྱེན་ལྡན་ཡོངས་ཀྱི་སྙན་ཁུངས་སུ་དྲིལ་བསྒྲགས་བྱས་པ་མ་ཡིན་ནམ། འོ་ན་ཤུགས་ལྡན་ཐུགས་དང་འགལ་བའི་དབང་གིས་མ་ཡིན་ན། རྒྱུ་གང་གིས་ལན་ཞེ་ན། སྤྱིར་བོད་ཁམས་ལ་ཆག་སྒོ་ཆེན་པོ་བདོ་བ་དང་། སྒོས་སུ་གོང་དུ་སྨྲོས་པ་ལྟར་མི་དང་མི་མིན་དམ་སྲིའི་འཚུབས་ལས་བྱུང་བ་དང་། ཡང་སྒོས་ཤཱཀྱའི་རྗེས་འཇུག་དགེ་འདུན་གྱི་སྡེ་རྣམས་བསླབ་གསུམ་ཡལ་བར་བོར་ནས། ཚོང་དང་བུན་སྐྱེད། གྱོད་དང་ཁ་མཆུ། ཆོམ་རྐུན་དང་དམག་ཇག་ལ་སོགས། བསྟན་པ་ནང་ནས་བཤིག་པའི་ཁྱིམ་པ་སུན་འབྱིན་གྱི་བྱ་བ་མི་རུང་སྣ་དགུ་སྤྱད་པའི་ལ་ཡོག་འཁོར་བས། བོད་ཁམས་སུ་དུས་ངན་གྱི་ཁུག་སོ་སྔ་བསྣུར་གྱི་རྐྱེན་དུ་གྱུར་ཏེ། སྐྱེ་འགྲོ་དྲག་ཞན་མེད་པར་སྡུག་བསྔལ་གྱི་འདམ་དུ་ཚུད་པའི་སྔ་ལྟས་སུ་ཨོ་རྒྱན་དུས་གསུམ་མཁྱེན་པས་ལན་


JSD005_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མ་ཡིན་པར་གསུངས་ཏེ། གཏེར་ལུང་ལས། ཆེ་རྒུའི་སྙིང་ལ་སྡུག་འདྲེ་དངོས་ཞུགས་པས༔ མཐུན་རྐྱེན་བས་ཀྱང འགལ་རྐྱེན་སྒྲུབ་པ་མང་༔ མི་དང་མི་མིན་དམ་སྲིའི་ཆོ་འཕྲུལ་གྱིས༔ ང་སྤྲུལ་སྐྱེས་བུར་ལོག་ལྟའི་འབར་ཤ་ལྡིར༔ ཆེ་སྟེ་ཚེ་སྲོག་ཆུང་སྟེ་ཕྲིན་ལས་ལ༔ གློ་བུར་ཧུར་ཐུམ་ཅི་མི་འདོད་པ་གཏོང་༔ ཞེས་དང་། སྙིགས་མའི་དུས་སུ་ཆོས་དང་གང་ཟག་འགལ༔ མི་རུང་སྣ་དགུ་སྤྱོད་པའི་སྐབས་ཤར་ཚེ༔ དམ་སྲི་འགོང་པོའི་ཚ་ངར་རླུང་ལྟར་འཚུབས༔ ཞེས་གསུངས་པའི་ཐོག་ཏུ་བབས་པ་ལ་ཆ་འཇོག་བྱས་ན་ལེགས་ཀྱི། ངན་ཁག་ཐམས་ཅད་ཤུགས་ལྡན་ལ་དཀྲིས་ན་༴ ཐུགས་དམ་དགྱེས་པ་བསྐྱེད་པའི་ཐབས་སུ་མི་འགྱུར་རོ། །ཛེ་སྨད་ན་རེ། ༼དེ་མཚུངས་མཁར་རྡོ་སྤྲུལ་སྐུ་སྐལ་བཟང་ཐུབ་བསྟན་སྙན་གྲགས་ཉིད་ནས་ཀྱང་


JSD005_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་རྗེ་ཕ་བོང་ཁའི་ཞབས་དྲུང་དུ་བསྙེགས་ཏེ་རབ་རྒྱལ་མེ་གླང་ལོར་སྒྲོལ་མ་ཙིཏྟ་མ་ཎིའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་རྩོམ་པའི་བསྐུལ་མ་སོགས་མཛད་ཀྱང་། ཇི་ལྟར་བསྐུལ་མ་མཛད་པ་དང་རྗེས་སུ་མཐུན་པའི་ཉམས་བཞེས་མ་གནང་བར་ལྟ་གྲུབ་བསྲེ་བསླད་ཅན་དུ་མཛད་པ་ཡིན་ཏེ། དེ་ཡང་རྗེ་ཕ་བོང་ཁ་པ་བདེ་ཆེན་སྙིང་པོས་བསྐྱེད་རྫོགས་ཁྲིད་ཡིག་ཙིཏྟ་མ་ཎིའི་དོ་ཤལ་ཞེས་པ་གསར་རྩོམ་མཛད་དེ་བསླབ་བྱ་མཛད་པ་ནི་དེ་ཉིད་ལས། དེ་ནས་ཆོས་ཀྱི་ལུགས་འཚོལ་བ་ནི་འདི་སྣང་གི་ལྟོ་གོས་གཏམ་གསུམ་གྱི་བདེ་སྐྱིད་འཚོལ་བ་ཙམ་དང་མི་འདྲ་བར། སྐྱེ་བ་གཏན་གྱི་འདུན་མ་གང་ལས་ལེན་པའི་སྙིང་པོ་འཚོལ་བ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་ལ་གང་ནས་བགྲོད་པའི་ལམ་འཚོལ་བ་ཡིན་པས་ས་འདིར་ཆོས་མིན་ཆོས་སུ་སྒྲོགས་པ་དང་། ལྟར་སྣང་


JSD005_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བཤད་ཀྱི་ལམ་གོལ་དང་། ཕྱོགས་རིས་དང་ཉི་ཚེ་བའི་ལམ་ཙམ་ལ་སྟོང་སྐད་འབྲུག་ལྟར་སྒྲོགས་པ་སོགས་ཆེས་མང་བས་ཆོས་ཀྱི་ཁ་ཕོ་ཙམ་ལ་འཁྲུལ་ནས་འཇུག་པ་དང་། ཕྱོགས་ལྷུང་རུས་ཞེན་གྱི་ཕྱོགས་འཛིན་དང་། གཞན་གྱི་ཟེར་རྗེས་གཡམ་རྒྱུག་ཙམ་དུ་མ་སོང་བར་གཟུ་བོའི་བློས་གང་ནི་ཡང་དག་གི་ལམ། གང་ནི་ལྟར་སྣང་དང་གོལ་བའི་ལམ། གང་ནི་ཕྱོགས་རེ་བའི་ལམ། གང་ནི་ཡོངས་སུ་རྫོགས་པའི་ལམ། གང་ནི་རྒྱལ་བ་དགྱེས་པའི་ལམ། གང་ནི་མཁས་པས་སྨད་པའི་ལམ་སྙམ་དུ་ཤེས་རབ་ཀྱི་མིག་བགྲད་ནས་ལེགས་པར་བརྟག་སྟེ། ལམ་མ་ནོར་བ་འཚོལ་བ་ལ་འཇུག་པར་མ་བྱས་ན་ནི་མི་ཚེ་ཧྲིལ་པོར་ཆོས་བྱས་པར་རློམ་ཡང་མུ་སྟེགས་ཀྱི་དཀའ་ཐུབ་ལྟར་ངན་སོང་གི་སྒྲུབ་ཐབས་སུ་སོང་བ་ཆེས་མང་བའི་གནས་འདི་ལ་ཤིན་ཏུ་


JSD005_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གཟབ་པར་བྱའོ། །ཞེས་ཁོ་བོས་བཟོད་གླགས་མེད་པའི་ཤ་ཚ་བརྩེ་སེམས་དྲག་པོས་ཆེད་དུ་གདམས་པ་ལགས་སོ། །ཞེས་གསུངས་འདུག་པ་ལྟར། ལམ་ཚང་ལ་མ་ནོར་བ་རྒྱལ་བ་དགྱེས་པའི་བཞེད་གཞུང་ཞིག་མཛད་པར་རིགས་ཀྱང་དེ་ལྟར་མ་གནང་བར། ལྷ་བཙུན་རིན་པོ་ཆེའི་དྲུང་ནས་གེ་སར་སེང་ཆེན་གྱི་ཆོས་སྐོར་སོགས་གསན་པ་དང་། རྭ་སྒྲེང་རིན་པོ་ཆེ་དང་ལྷན་དུ་མཚན་ཉིད་སྤྲུལ་སྐུ་སོགས་ཀྱི་དྲུང་ནས་ཀྱང་རྙིང་མའི་ཆོས་སྐོར་མང་དུ་གསན་ཞིང་ཉམས་བཞེས་མཛད་པ་དང་། ཉིད་ནས་ཀྱང་རྒྱུན་དུ་ཐུགས་དམ་བརྟག་པ་ཚུན་ཆད་གེ་སར་སྐྱེས་བུ་དོན་གྲུབ་ཀྱི་མདའ་མོར་གྲགས་པ་ལྷ་མདའ་དང་འདྲེ་མདའ་འཕར་ལྡང་ལ་དཔྱད་པའི་མོ་ཕྱྭ་འདེབས་པ་སོགས་དགེ་ལྡན་ལྟ་གྲུབ་འཆལ་བར་སྤྱོད་པའི་དབང་གིས་རྭ་སྒྲེང་རིན་པོ་ཆེ་དང་ལྷན་དུ། སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་


JSD005_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་བཅས་ལ་བསྡོ་བའི་ནག་ཉེས་བྱས་པའི་དངོས་ར་འཕྲོད་དེ། སྔོན་རབས་སྐུ་ཕྲེང་དུ་མའི་དུས་ནས་གཏན་འཇག་བྲང་མཁར་དབང་གཞུང་བཞེས་དང་། སྐུ་གཟུགས་ལ་ཁྲིམས་ཉེས་ལྕག་གིས་བྲབས་པ་སོགས་དུཿཁ་མི་བཟད་པས་མནར་བཞིན་དུ་མེ་ཕག་ལོ་ནས་བཟུང་ལྕགས་སྟག་བར་ལོ་ངོ་བཞི་ཙམ་གྱི་རིང་། ནོར་གླིང་སྐུ་སྲུང་དམག་སྒར་གྱི་དོ་དམ་འོག །དཀར་ཁུང་མེད་པའི་བཙོན་ཁང་འདོམས་གང་གྲུ་བཞིའི་ནང་ཞབས་ལ་གདུང་ལྕགས་དང་བཅས་བཞུགས་དགོས་བྱུང་བ་དང་། མཐར་༧གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་བོད་རྒྱལ་ཁབ་ཀྱི་བཙོན་པ་ཡོངས་རྫོགས་ལྷོད་བཀྲོལ་གནང་བའི་སྐབས། བཙོན་ཁང་ནས་ཐར་ཏེ་བྱང་ཁུལ་དུ་ཅི་བདེར་བཞུགས་ཆོག་པ་བྱུང་


JSD005_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རིང་མིན་དགོངས་པ་གཞན་དུ་གཤེགས་ཤིང་། དགོངས་པ་རྫོགས་ཉེའི་སྐབས་སྔོན་གཟིམ་ཁང་གོང་གི་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་རྡོ་རྗེ་ཤུགས་ལྡན་རྩལ་གྱི་སྐུར་བཞེངས་པ་དང་། སླེ་ལུང་བཞད་པའི་རྡོ་རྗེ་བསྟན་སྲུང་དྲག་ཤུལ་དབང་པོའི་སྐུར་བཞེངས་པ་ལྟ་བུ་ཞི་བར་གཤེགས་འཕྲལ་གདུག་ཅན་མ་རུངས་པ་ཚར་གཅོད་པའི་དྲག་པོའི་སྐུར་བཞེངས་རྒྱུའི་ཐུགས་འདོད་ལྟ་བུས་དགོངས་པ་མ་རྫོགས་གོང་ནས་བཙན་རྒོད་དོན་ཡོད་རྡོ་རྗེ་ཞེས་པའི་སྲུང་མའི་བསྐང་གསོ་གསར་བརྩམས་མཛད་ཅིང་སྲུང་མའི་འདྲ་སྐུ་བཞེངས་སུ་བཅུག་པ་དང་། མཐར་དགོངས་པ་རྫོགས་སྐབས་ཀྱང་སྤྱན་བགྲད་ཅིང་། ལྗགས་འདྲིལ་བ་དང་། ཕྱག་སྡིག་མཛུབ་དང་བཅས་ཏེ་སྐུ་གཤེགས་པ་སོགས་མཛད་འདུག་ཀྱང་། སྐུ་གཤེགས་པའི་རྗེས་སུ་དྲག་པོར་བཞེངས་པའི་རྟགས་མཚན་གསལ་བ་འདི་བྱུང་


JSD005_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལྟས་མངོན་མཚན་གང་ཡང་མ་བྱུང་བ་སོགས་མཛད་པ་འཕྲིན་ལས་ལམ་དུ་མ་སོང་བ་ནི། ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་འདི་ཉིད་ཀྱི་ཆོ་འཕྲུལ་ཁོ་ནར་ངེས་སོ། །བཙན་རྒོད་དོན་ཡོད་རྡོ་རྗེ་དང་། སྐུ་འདས་སྐབས་ཀྱི་གནས་ཚུལ་རྣམས་མཁར་རྡོའི་གྲོགས་པོ་ནག་ཆུ་བསམ་བསྟན་སྤྲུལ། །སྐུའི་ངག་ལམ་ལས་ཐོས་པ་ཡིན་ཞེས་སྐྱབས་རྗེ་བཀའ་དྲིན་ཟླ་མེད་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་བ་ལགས་སོ། །༽ ཞེས་ཟེར་བ་ལ་བརྗོད་པར་བྱ་སྟེ། དེ་ལ་མཁར་རྡོ་རིན་པོ་ཆེ་སྐུ་ཕྲེང་གོང་མའི་གོང་མ་རིག་འཛིན་ཆོས་ཀྱི་རྡོ་རྗེ་དེ་ཉིད་ལ་ཟབ་གཏེར་གྱི་བཀའ་བབས་གསང་ཡེ་དང་འཇམ་དཔལ་གཤིན་རྗེ་ཚེ་བདག་གི་ལས་མཐའ་གནུབས་ལུགས་གནམ་ལྕགས་ཨུར་མོའི་ལས་སྦྱོར་སོགས་ལ་རང་བྱན་ཚུད་པའི་རིག་སྔགས་འཆང་ཉམས་རྟོགས་


JSD005_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུ་ནུས་གཞན་འགྲན་བྲལ་བ་དེ་འདྲའི་སྤྲུལ་བརྒྱུད་ཡིན་པ་ལ་དགེ་ལྡན་རིང་ལུགས་གཙང་མ་ལས་གཞན་མཛད་མི་ཆོག་པ་ལྟ་བུའི་གཏམ་དེ་ཅི་ལ་འཐད། མ་ཟད་ཁོང་ལ་ཕ་བོང་ཁ་པས་བསླབ་བྱ་མཛད་པའི་ནང་དུ། ས་འདིར་ཆོས་མིན་ཆོས་སུ་སྒྲོགས་པ་དང་། ལྟར་སྣང་ཉེས་བཤད་ཀྱི་ལམ་གོལ་དང་། ཕྱོགས་རིས་དང་ཉི་ཚེ་བའི་ལམ་ཙམ་ལ་སྟོང་སྐད་འབྲུག་ལྟར་སྒྲོགས་པ་སོགས་ཆེས་མང་བས་ཞེས་ནོར་འཁྲུལ་དང་། སྐྱོན་ཐམས་ཅད་རྙིང་མ་བའི་ཆོས་ལ་དམིགས་ནས་དེ་སྤོངས་ཤིག་པའི་བསྐུལ་མ་མཛད་པ་ནི། མགོ་རུལ་བ་སྣས་མ་ཚོར་བའི་ཕྱོགས་ལྷུང་སྡང་ཞུགས་ཀྱི་ཚིག་གིས་སྐྱེ་བོ་འདྲིད་པ་དང་། ལོག་པའི་ལམ་དུ་ཁྲིད་མཁན་གྱི་གང་ཟག་ཏུ་ངེས་པས། མཚམས་མེད་ལྔ་ལས་ཀྱང་ཐུ་བའི་ལམ་ངན་སྟོན་པའི་གང་ཟག་ཕ་བོང་ཁ་པ་ལྟ་བུ་ནི་ཐོས་པ་དང་། འཕྲད་ཅིང་


JSD005_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོགས་པ་ཙམ་ཡང་བྱ་བར་སྟོན་པ་ཐུགས་རྗེ་ཅན་གྱིས་མ་གནང་སྟེ། འདི་ལྟར་ཡུམ་རྒྱས་པ་ལས། མཚམས་མེད་པ་ལྔས་ནི། ཆོས་སྤོང་བར་འགྱུར་བ་འདི་ཡི་གཟུགས་བརྙན་ཙམ་དུ་ཡང་མི་སྤྱོད་དོ། །ཤཱ་རིའི་བུ། ཆོས་སྤོང་བའི་བསམ་པས་འདི་སྐད་དུ། འདི་ལ་ཁྱོད་དང་བདག་ཅག་གིས་བསླབས་པར་མི་བྱ་སྟེ། འདི་ནི་ཆོས་མ་ཡིན་ནོ། །འདུལ་བ་མ་ཡིན་ནོ། །འདི་ནི་སྟོན་པའི་བསྟན་པ་མ་ཡིན་ནོ། །འདི་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །ཞེས་ཟེར་ཞིང་། དེ་བདག་ཉིད་ཀྱང་སྤོང་ལ། གཞན་ལའང་མོས་པ་མེད་པར་བྱེད་ཅིང་། བདག་གཞན་གྱི་བསམ་པ་ཉམས་པར་བྱེད་པ། བདག་གཞན་ཆུད་གསན་པར་དགའ་བ། བདག་ཉིད་ཀྱང་ཕྱིར་སྤོང་བར་འདོད་ལ། གཞན་ཡང་སྤོང་དུ་འཇུག་པ། ཆོས་འཇིག་པའི་ལས་བསགས་


JSD005_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེའི་གཟུགས་བརྙན་དུ་ཡང་འགྱུར་རེ་ཀན། ཤཱ་རིའི་བུ། ངས་ནི་གང་ཟག་དེ་ལྟ་བུ་ཐོས་པར་ཡང་བྱ་བར་མ་གནང་ན། འཕྲད་པ་དང་། འགྲོགས་པ་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་པ་མ་ལགས་སམ། རྙིང་བསྟན་ཆོས་མ་ཡིན་ན་བོད་དུ་འགྱུར་བའི་བཀའ་འཁོར་ལོ་གསུམ་གྱི་མདོ་དང་བསྟན་བཅོས་རྣམས་ནི་ཉུང་ཟད་ཙམ་མ་གཏོགས་ཚང་མ་སྔ་འགྱུར་བའི་ལོ་པཎ་རྣམས་ཀྱིས་བསྒྱུར་བ་ཡིན་སྟབས་དེ་དག་ཆོས་མིན་དུ་སྨྲ་བའི་སྤོབས་པ་ཡོད་ན་སྨྲོས་ཤིག ལམ་ལྟར་སྣང་མ་ཡིན་ཏེ། །སྐྱེས་བུ་གསུམ་དང་རིགས་ཅན་གསུམ་གྱི་གདུལ་བྱ་འདུལ་བའི་ཐབས་རྨད་དུ་བྱུང་བ་རིམ་དགུའི་ཐེག་པའི་གཞི་ལམ་འབྲས གསུམ་གྱི་གནད་མ་ཚང་བ་མེད་པ་བསྟན་པའི་ཕྱིར་རོ། །ཉེས་བཤད་མ་ཡིན་ཏེ། སྔ་འགྱུར་བའི་པཎ་གྲུབ་རྒྱ་མཚོ་ལྟ་བུ་དང་། ཁྱད་པར་ཀུན་མཁྱེན་རོང་ཀློང་


JSD005_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཉིས་མི་ཕམ་ཕྱོགས་ལས་རྣམ་རྒྱལ་སོགས་སྔ་ཕྱིར་བྱོན་པའི་ལོ་པཎ་རྣམས་ཀྱིས་མདོ་སྔགས་ཀྱི་ལེགས་བཤད་ཐང་མལ་བརྡལ་བ་འདི་མ་མཐོང་བ་ཅེ་རེ་ལོང་དུ་སོང་བ་མ་ཡིན་ནམ། ལམ་གོལ་བ་ཇི་ལྟར་ཡིན་ཏེ། གཞི་བདེན་གཉིས། ལམ་ཚོགས་གཉིས། འབྲས་བུ་སྐུ་གཉིས་བཅས་ཟུང་འཇུག་གི་ལམ་བཟང་འདི་ཡང་གོལ་བ་ཡིན་ན། ཁྱོད་ལ་མ་གོལ་བའི་ལམ་གཞན་ཞིག་སྟོན་རྒྱུ་ཡོད་དགོས། ཕྱོགས་རེ་བའི་ལམ་ཡང་མ་ཡིན་ཏེ། ཐུན་མོང་དང་ཐུན་མིན། དྲང་དོན་དང་ངེས་དོན། ཟབ་པ་དང་རྒྱ་ཆེ་བ། མདོ་དང་སྔགས། ལྟ་སྒོམ་སྤྱོད་གསུམ་དང་། ས་ལམ་གྱི་རྣམ་བཞག་ཐམས་ཅད་༈ ཚང་ལ་མ་ནོར་བ་བསྟན་པ་རྙིང་མ་ལས་ལྷག་པ་ཞིག་ཕ་བོང་ཁ་པ་ལ་མེད་པའི་ཕྱིར་རོ། །མཁས་པས་སྨད་པའི་ལམ་ཡང་མ་ཡིན་ཏེ། དཔལ་ཨ་ཏི་ཤ ས་


JSD005_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱ་པཎྜི་ཏ། མཁས་པ་བུ་སྟོན། རྗེ་ཙོང་ཁ་པ་སོགས་རྒྱ་བོད་ཀྱི་མཁས་པ་ཡོངས་སུ་གྲགས་པ་དེ་རྣམས་ཀྱིས་བསྟོད་བསྔགས་མཛད་པ་ལས་སྨད་པའི་ལོ་རྒྱུས་མེད་པའི་ཕྱིར་རོ། །ཉི་ཚེ་བའི་ལམ་ལ་སྟོང་སྐད་ཀྱི་ཁ་ཕོ་འབྲུག་ལྟར་སྒྲོགས་པའང་མ་ཡིན་ཏེ། ཆོས་ཀྱི་ཕྱོགས་ནས་མདོ་སྔགས་བཀའ་གཏེར་དག་སྣང་། སྙན་བརྒྱུད་མན་ངག་གི་མཛོད་གསར་མ་ལ་གྲགས་པ་རྣམས་ཀྱི་ལམ་གནད་ཚང་བའི་ཁར་གཞན་ལ་མེད་པའི་ཁྱད་ཆོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱིར་དང་། གང་ཟག་གི་ཕྱོགས་ནས་ཟབ་མོ་ནང་རྒྱུད་སྡེ་གསུམ་གྱི་ལམ་ནས་མཆོག་གི་དངོས་གྲུབ་བརྙེས་པ་མཆིམས་ཕུའི་རྗེ་འབངས་ཉེར་ལྔ། ཡེར་པའི་གྲུབ་ཐོབ་བརྒྱད་ཅུ། ཆུ་བོ་རིའི་རྟོགས་ལྡན་བརྒྱ་རྩ་སོགས་དང་སོ་ཟུར་གནུབས་གསུམ། གཏེར་སྟོན་བརྒྱ་རྩ། གཏེར་ཕྲན་སྟོང་རྩ་སོགས་རླུང་སེམས་ལ་


JSD005_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རང་དབང་ཐོབ་པ་གྲངས་མེད་པ་དང་། ཟག་མེད་འཇའ་ལུས་གྲུབ་པ། གདུང་དང་རིང་བསྲེལ་སོགས་རྒྱུད་ནས་བཤད་ཚོད་དང་མཐུན་པའི་རྟགས་མངོན་དུ་གྱུར་པ་གྲངས་མེད་པ་བྱོན་པའི་རྣམ་ཐར་ལོ་རྒྱུས་ཆོས་འབྱུང་དཔང་པོ་ཡོད་པ་འདི་བཞིན་ལགས་ན། རྙིང་མ་བས་ཆོས་ཀྱི་ཁ་ཕོ་འབྲུག་སྟོང་གི་སྐད་ལྟར་སྒྲོགས་ན་ཡང་བསྔགས་འོས་བསྔགས་བསྟོད་དོན་ལ་གནས་པ་ཡིན་པ་ལས། སྡུག་འདྲེའི་བསྟོད་པ་ཙམ་ལ་སྤྲིན་ནག་འཁྲུགས་པའི་ང་རོ་ཟེར་བ་དང་མཚུངས་པའི་གནས་མེད་དོ། །རྒྱལ་བ་དགྱེས་པའི་ལམ་ཕྱོགས་རིས་ཆགས་སྡང་གི་ངག་ཡིན་ནམ། རྙིང་མ་བའི་ཟབ་ལམ་རྣམས་ཡིན། ཀོང་དུ་དྲངས་མ་ཐག་པའི་ཡུམ་རྒྱས་པའི་ལུང་དེ་ལ་དྲིས་དང་གསལ། རྙིང་ཆོས་མི་ཚེ་ཧྲིལ་པོར་བྱས་ཀྱང་ངན་འགྲོའི་རྒྱུ་ལས་མེད་ཟེར་བ་འདི་བདུད་ཀྱི་


JSD005_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཚིག་སྟེ། རྙིང་ཆོས་ཟབ་མོ་རྫོགས་པ་ཆེན་པོ་བསྒོམས་ན་ཚེ་གང་པོ་ལྟ་ཅི་ལོ་ཟླ་ཙམ་གྱིས་ཀྱང་འཁོར་བར་མི་ལྡོག་པའི་རྟགས་ཚད་མངོན་དུ་འབྱུང་བ་དང་། ཚེ་ལུས་གཅིག་ལ་ལུས་རྡུལ་ཕྲན་དུ་དེངས། སེམས་ཆོས་སྐར་གྲོལ་ཏེ་སྐྲ་སེན་ཙམ་སྙིགས་མའི་ལྷག་མ་རུ་བཞག་པ་རྒྱ་བོད་གཉིས་ཀར་ཤིན་ཏུ་མང་པོ་བྱུང་ཡོད་པ་ཕ་བོང་ཁ་པས་མ་མཐོང་མ་ཐོས་པ་བདེན། མུ་སྟེགས་པ་དཀའ་ཐུབ་བརྟེན་པས་ངན་འགྲོར་འཕངས་པ་གཞུང་གང་ནས་བཤད་པའི་ཁུངས་སྟོན་དགོས། མཁར་རྡོ་རིན་པོ་ཆེས་དང་པོ་ཕ་བོང་ཁ་པ་བསྟེན་ཀྱང་ལོག་ལམ་གྱི་བསླབ་བྱ་དེ་འདྲ་ཤེས་རབ་ཀྱི་སྤྱན་བགྲད་ནས་གཟིགས་པས་ཡང་དག་པ་མ་ཡིན་པར་ཤེས་ནས་བཏང་སྙོམས་སུ་བཞག་སྟེ། གཟོད་མཚན་ཉིད་རིན་པོ་ཆེའི་དྲུང་ནས་རྙིང་ཆོས་གསན་པར་མཛད་པ་ཁྱེད་ཅག་ཁོང་ཁྲོ་མེ་ལྟར་འབར་ཏེ་གཤེ་


JSD005_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་ཞུས་པ་ཆགས་སྡང་གི་ངག་ཡིན་པ་ལས་ཤ་ཚའི་གཏམ་ག་ལ་ཡིན། མཁར་རྡོ་རིན་པོ་ཆེས་རྒྱུན་གྱི་ཐུགས་དམ་བརྟག་པ་གེ སར་མདའ་མོ་ལ་བརྟེན་པར་མཛད་པ་དེས་དགེ་ལྡན་ལྟ་གྲུབ་འཆལ་བར་བསམ་པ་དེ་ནི་ཧ་ཅང་རྐུབ་བཙུམ་གུ་དོག་གི་གཏམ་མོ། །གོང་དུ་ཕ་བོང་ཁ་པས་རྙིང་ཆོས་ལ་སྐྱོན་བརྗོད་ཇི་སྙེད་ཅིག་བྱས་ཚད་ཚང་མ་ཁོ་རང་གི་ལོག་པའི་བསླབ་བྱ་རྣམས་དང་ཤུགས་ལྡན་གྱི་རྟོགས་བརྗོད་དུ་བསྙད་པའི་དེབ་མ་བུ་གཉིས་སོགས་ཀྱི་བརྗོད་དོན་གྱི་ཐོག་ཏུ་སོང་བ་འདི་ལྟ་སྟེ། ལྷ་སྐལ་ཆད་པས་སྐྱབས་གནས་ཡི་དྭགས་ལ་འཚོལ་བ་ནང་པའི་ཆོས་ལུགས་མིན་པ་དང་། སྡུག་འདྲེ་ལ་ཆེ་བའི་ཡོན་ཏན་བརྗོད་པ་དམ་ཆོས་ཡང་དག་མིན་པས་ལྟར་སྣང་དང་། བརྗོད་བྱ་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མ་འབྲེལ་བས་ཉེས་བཤད་དང་། དམ་པ་ལ་སྐུར་


JSD005_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཏབ་པ་ཐེག་ཆེན་གྱི་ལམ་ལས་གོལ་བ་དང་། རང་གི་མ་གཏོགས་གཞན་ལུགས་ཐམས་ཅད་འབད་པས་འགོག་པ་ཕྱོགས་རིས་དང་། བརྒྱུད་པའི་ཁུངས་འདེད་ས་རྡུགས་པ་དང་ཕ་བོང་ཁ་པའི་བརྒྱུད་འཛིན་ཁ་ཡར་ལས་དགེ་ལྡན་པ་བྱིང་ཁས་མི་ལེན་པས་ཉི་ཚེ་བ་དང་། ཤུགས་ལྡན་གསོལ་མཆོད་ཙམ་གྱིས་དགེ་ལུགས་པའི་ལམ་གྱི་ཁོག་མི་ཁྲོལ་བས་ཕྱོགས་རེ་བ་དང་། མདོ་སྔགས་ཀྱི་ལམ་གནད་མི་སྟོན་པའི་ཁར་བསྟན་པ་དཀྲུགས་པའི་ཆགས་སྡང་གི་ཀླན་ཀ་ངན་པ་ལ་རྒྱལ་བ་སྲས་བཅས་མི་དགྱེས་པ་དང་། སྔོན་ནས་ད་ལྟའི་བར་ཕ་བོང་ཁ་པ་དང་ཤུགས་ལྡན་ལ་ཕྱོགས་ལྷུང་ཅན་གྱི་སློབ་མ་ཡང་སློབ་ཁ་ཅིག་ལས་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་དང་། གཟུར་གནས་ཀྱི་གང་ཟག་ཆོས་སྤྱན་ཡངས་པ་རྣམས་ཀྱིས་ཁྲེལ་བགད་ཀྱི་གནས་སུ་བྱེད་པ་འདིས་


JSD005_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པས་སྨད་པའི་ལམ་དང་། དེ་ལྟ་བུའི་སྐྱོན་དང་ལྡན་པ་ལ་མི་བསམ་པར་ད་དུང་སྟོང་སྐད་ཀྱི་ཁ་ཕོ་དམ་ཅན་རྒྱ་མཚོ་དགྱེས་པའི་རོལ་མོ་དང་། ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩི་སོགས། འབྲུག་ལྟར་སྒྲོགས་པ་ལ་འཁྲུལ་ནས་གཡམ་རྒྱུག་བྱེད་མཁན་མཐོ་དམན་བར་གསུམ་ཆེས་མང་པོ་ཞིག་གིས་ད་གཟོད་གནད་དོན་ཇི་བཞིན་ཁོང་དུ་ཆུད་ནས་ཕྱིར་ནུར་འགྲོས་བྱེད་ལུགས་ལ་བརྟག་ན། བཀའ་གདམས་གསུང་སྒྲོས་སུ། རྗེས་བཟང་ན་ཆོས་ཡིན། རྗེས་ངན་ན་ཆོས་མིན་ཞེས་ཆོས་དང་ཆོས་མིན་གྱི་གནམ་ཐིག་གིས་བཅད་པ་ལ་ལྟོས། མཁར་རྡོ་སྤྲུལ་སྐུ་རིན་པོ་ཆེ་བཙོན་རར་ཚུད་པ་དང་ལྕག་གིས་གཞུས་པ་སོགས་ངན་བྱས་ངོ་སོར་ཁྱེར་ཡང་དོན་དུ་བོད་ཁམས་སྐྱེ་འགྲོའི་བདེ་སྐྱིད་བཅོམ་པའི་དམ་ཉམས་སྨོན་ལམ་ལོག་པར་བཏབ་པའི་འབྲས་བུ་དུས་


JSD005_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྨིན་པ་རྣམས་ཀྱི་བསམ་སྦྱོར་ངན་པས་བསྟན་སེལ་ཕུང་དཀྲུགས་བསླངས་པ་ཡིན་པ་ལས། རྙིང་མ་བྱས་པས་མ་ལན་པ་བོད་ཁམས་ཡོངས་ཀྱིས་ཤེས། ཁོང་བཙན་གྱི་སྐུར་བཞེངས་པར་བཞེད་ཀྱང་སྐུ་གཤེགས་པའི་རྗེས་སུ་དེའི་རྟགས་མཚན་ཅི་ཡང་མ་བྱུང་བ་དེ་ནི་རྙིང་མའི་མཁའ་འགྲོ་སྙིང་ཐིག་ལ་ཐུགས་དམ ཉམས་ལེན་གནད་དུ་བསྣུན་པ་ལས་བར་དོའི་གདམས་པར་རང་བྱན་ཚུད་ནསའཆི་བ་འོད་གསལ་ཆོས་ཀྱི་སྐུར་སངས་རྒྱས་པའམ། བར་དོར་ལོངས་སྐུར་བཞེངས་པའམ། རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔ། མཁའ་སྤྱོད་རིག་པ་འཛིན་པའི་གྲོང་ཁྱེར་ཟངས་མདོག་དཔལ་གྱི་རི་བོར་བརྫུས་ཏེ་སྐྱེས་པ་ལས། གྲགས་རྒྱན་ལྟ་བུར་འབྱུང་པོ་གདུག་པའི་ལུས་སུ་མ་འཁྲུལ་ཞིང་བསྟན་འགྲོར་གནོད་པའི་སྨོན་ལམ་ལོག་པ་མ་བཏབ་པའི་རྟགས་ངོ་མཚར་ཅན་


JSD005_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཛེ་སྨད་ན་རེ། ༼ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་ཐོང་ཤན་ཧུ་ཐོག་ཐུ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱལ་མཚན མཆོག་ཀྱང་ལྷ་བླ་དུ་མའི་ལུང་གིས་རྟ་ཚག་གོང་མའི་ཁྲི་ལ་མངའ་གསོལ་ཞིང་། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གཞུང་ལུགས རབ་འབྱམས་ལ་གསན་བསམ་མཛད་དེ། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཚན་བཞེས་མཛད་པ་དང་། ལྷག་པར་འཇམ་མགོན་ཙོང་ཁ་པ་ཆེན་པོའི་སྙན་བརྒྱུད་ཀྱི་གསང་བའི་མཛོད་འཛིན་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྐྱེ་སྤྲུལ་དུ་གྲགས་པས་དགེ་ལྡན་ལྟ་གྲུབ་གཙང་མའི་རིང་ལུགས་རྨ་མེད་པར་འཛིན་སྐྱོང་སྤེལ་གསུམ་མཛད་པར་འོས་པ་ཞིག་ཡིན་ཡང་ལྷ་བཙུན་རིན་པོ་ཆེ་སོགས་ཀྱི་དྲུང་ནས། གཏེར་ཆོས་སུ་གྲགས་པ་དང་། ཆོས་སྤྱོད་བཅུའི་དབང་ཞེས་པ་སོགས་


JSD005_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

སོག་ཡུལ་ནས་བརྒྱུད་པའི་དབང་ལུང་ཨ་ཕའི་ཉམས་སྣང་དང་། ཨ་མའི་རྨི་ལམ་དུ་ཤར་ཟེར་བ་ལྟ་བུའི་ཆོས་སྐོར་འཆལ་འཆོལ་སྣ་ཚོགས་དང་། ལྷག་་གེ་སར་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི་དབང་ལུང་མན་ངག་གི་སྐོར་གསན་ཅིང་གེ་སར་གྱི་བསྙེན་སྒྲུབ་ལ་བརྩོན་པར་མཛད་པ་སོགས་འཁྲུལ་བྲལ་ཚང་ལ་མ་ནོར་བ་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་བཟང་པོ་རིང་དུ་དོར་བས། ཞྭ་སེར་བསྟན་པ་བསྲུང་བའི་ཆོས་སྐྱོང་དགྲ་ལྷའི་རྒྱལ་པོ་རྡོ་རྗེ་ཤུགས་ལྡན་གྱི་ཐུགས་དང་འགལ་བའི་ཉེས་པའི་ཆད་པས་ནོན་ཏེ། སྐུའི་བྱང་ཁོག་ལ་གཟེར་གྱིས་བཏབ་པའི་བསྙུན་མནར་མི་བཟད་པ་བྱུང་བར། ལྷ་བླ་དུ་མར་བརྟགས་པ་ཞུ་བར་མཛད་པ་ན། ཆོས་སྐྱོང་ཤུགས་ལྡན་གྱི་འཕྲུལ་དུ་མཁྱེན་ཏེ་སྤང་ལུང་རི་ཁྲོད་ནས་ཆོས་སྐྱོང་གི་སྐུ་རྟེན་པ་ཆེད་འབོད་ཀྱིས་སྐུ་གསོལ་ཐོག །ལྷ་བཙུན་


JSD005_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེར་ངོ་ཆེན་མཛད་གནང་ཞུས་ཏེ་བཤགས་པ་མཛད་པར། ཆོས་སྐྱོང་ཆེན་པོས་ཐུགས་མ་དགྱེས་པའི་རྣམ་པ་དང་བཅས་ལྷ་བཙུན་རིན་པོ་ཆེར་ཡང་། དམ་པ་ཉིད་ནས་ཀྱང་ལྟ་གྲུབ་སེལ་མེད་ལེགས་པོ་ཚུལ་ལྡན་ཞིག་མ་གནང་ན་མི་ལེགས་ཚུལ་ཞུས་པར་བརྟེན། ལྷ་བཙུན་རིན་པོ་ཆེ་ཡང་ཐུགས་འཇིགས་སྣང་ལྟ་བུས། ད་ངས་ཆོས་སྐྱོང་ལ་ངོ་ཆེན་ཞུ་རྒྱུ་འདི་ཡོང་བ་མི་འདུག་ཅེས་དེ་ཕྱིན་ངོ་ཆེན་མ་མཛད་པར་བརྟེན། དེ་རྗེས་རྟག་ཚག་རིན་པོ་ཆེས་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོར་ངོ་ཆེན་མཛད་པར་ཞུས་ཏེ་ཉིན་གཅིག་སླར་ཡང་། སྤང་ལུང་སྐུ་རྟེན་ཆེད་འབོད་ཐོག་སྐྱབས་རྗེ་རྡོ་རྗེ་འཆང་གདན་ཞུར་ཀུན་བདེ་གླིང་ཛ་སག་འོད་ཟེར་རྒྱལ་མཚན་ཕེབས་ཊོལ་བཅས་ལྷ་ལྡན་གཟིམ་ཤག་ཏུ་གདན་ཞུ་བཅར་བ་གུས་པ་བདག་གིས་ཀྱང་མངོན་དུ་


JSD005_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། དེ་ནས་ཀུན་བདེ་གླིང་གི་ནུབ་ངོས་སྤྲོ་ཁང་གསར་པའི་ནང་རྟ་ཚག་རིན་པོ་ཆེ་བསྐྲུན་བཞིན་ཡོད་པ་དེར། ཆོས་སྐྱོང་ཆེན་པོ་སྐུ་གསོལ་དང་འབྲེལ་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་ངོ་ཆེན་ཞུ་འབུལ་མཛད་པར། ཤུགས་ལྡན་གྱི་བཀའ་ལུང་མང་ཙམ་ཞིག་དང་། དེ་རྗེས་བཙན་རྒོད་གཡུ་དམར་རྒྱལ་ཆེན་གྱིས་ཤུགས་ལྡན་གྱི་ལུང་དོན་གསལ་བར་མཛད་པ་ན། ངེད་དྲེགས་པ་རྣམས་ཀྱིས་འཇམ་མགོན་བླ་མའི་བསྟན་པ་བསྲུང་རྒྱུའི་ཁས་བླངས་དམ་བཅའ་བྱས་པར་བརྟེན་འདི་ཐད་ཧ་ཅང་བྱེད་དཀའ་ཆེ་བའི་རང་བཞིན་དང་། འོན་ཀྱང་ད་རེས་དགེ་ལྡན་པའི་བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ཆེན་པོ་སྐུ་བགྲེས་ཤིག་གིས་ངོ་ཆེན་གནང་བར། ངེད་ཚོས་གང་ཐུབ་ཞུ་རྒྱུ་ཡང་གཙོ་བོ་རྟ་ཚག་རིན་པོ་ཆེ་སྐུ་ཉིད་ཀྱི་མཛད་སྤྱོད་ཁོ་ནར་རག་ལུས་པ་ཡིན་སྟབས། ད་ཕྱིན་ཇི་ལྟར་


JSD005_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གནང་རྒྱུ་ཡིན་ནམ་ཞེས་དྲི་བ་ཞུས་པར། རྟ་ཚག་རིན་པོ་ཆེས་སྤྱན་ཆབ་དྲག་ཏུ་བསིལ་ཞིང་ད་ཕྱིན་སྔར་འགྱོད་ཕྱིས་སྡོམ་ངེས་པར མཛད་དེ། རྙིང་ཆོས་ཉམས་བཞེས་སོགས་ཅམ་འཇོག་གནང་རྒྱུའི་ཞལ་བཞེས་མཛད་པ་དང་། དེ་ནས་ཐུགས་ཀའི་ཐད་བཙན་རྒོད་ཀྱིས་ཕུད་ཇའི་ཁ་ཕྲུ་འདེབས་པ་སོགས་བྱས་ཏེ། དེ་རྗེས་སྐུ་ཁམས་ཅུང་ཟད་དྭངས་བསྐྱེད་བྱུང་ཞིང་། འོན་ཀྱང་རྗེས་སོར་དམ་བཅའི་དོན་ཇི་བཞིན་མ་བྱུང་བའི་མཐུ་ལས་བསྙུན་གཞི་དྲག་བསྐྱེད་མ་བྱུང་བར། རྒྱ་གར་དུ་སྨན་བཅོས་དང་། གནས་གཟིགས་ཆབས་ཅིག་ཕེབས་བཞེད་ཀྱིས། གོང་ས་སྐྱབས་མགོན་ཆེན་པོ་སྟོན་འཁོར་རྒྱ་གར་དུ་གནས་བརྟན་པའི་ལུགས་ཀྱི་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དུས་དྲན་ཆོས་ཀྱི་ཚོགས་འདུ་ཆེན་མོའི་མཛད་སྒོར་ཕེབ་


JSD005_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ས་པ་དང་དུས་མཚུངས་པར་ཕག་རི་བརྒྱུད་རྒྱ་གར་དུ་ཕེབས་ཤིང་། ལྷ་ས་ནས་སྐབས་དེར་ལྷན་དུ་ཕྱག་ཕྱིར་གསོལ་སྨན་འབུལ་མཁན་ལྷ་ལྡན་ལྕགས་པོ་རིའི་སྨན་པ་གྲྭ་ཚང་གི་དགེ་རྒན་ངག་དབང་ཡེ་ཤེས་ལགས་ཀྱང་ཡོད་འདུག་པ་དང་། རྟ་ཚག་རིན་པོ་ཆེ་སྟོན་འཁོར་ཕག་རིར་ཕེབས་སྐབས་མཚན་མོ་ཞིག་རྟ་ཚག་རིན་པོ་ཆེར་བཟོད་པར་དཀའ་བའི་བསྙུན་མནར་ཚབས་པོ་ཆེ་བྱུང་བ་དང་ཆབས་ཅིག་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་དངོས་སུ་སྐུའི་ཁོག་ཏུ་ཞུགས་ཉམས་ལྟ་བུར། ཞབས་གྲས་གཉིས་གསུམ་གྱིས་སྐུ་ལ་འཇུས་ཀྱང་གླགས་མི་རྙེད་པའི་ལུས་ཤུགས་ཆེ་ཞིང་། མགུལ་འགག་པའི་སོར་སྒྲ་དང་བཅས་བཀའ་ལུང་རྒྱག་ལ་ཉེ་བ་ཞིག་བྱུང་སྟེ། སྐབས་དེར་ངག་དབང་ཡེ་ཤེས་ཀྱི་གཙོས་ཞབས་ཕྱི་རྣམས་ནས་བཟོད་གསོལ་ནན་ཞུས་བགྱིད་དགོས་བྱུང་བ་དང་། མཐར་དེ་གར་དྭངས་


JSD005_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བྱུང་ཡང་། རྒྱ་གར་དུ་ཕེབས་རྗེས་ཀ་ལི་ཀ་ཏའི་སྨན་ཁང་ཆེ་ཤོས་ཤིག་ཏུ་གདན་ཞུས་ཀྱིས་གསོལ་སྨན་འབུལ་བཞེས་མཛད ཀྱང་མ་ཕན་པར་སྐུ་ཚེའི་འདུ་བྱེད་སྟོངས་པར་གྱུར་ཏོ། །གོང་གསལ་ཕག་རིར་ཕེབས་སྐབས་ཀྱི་གནས་ཚུལ་འདི་རྣམས་སྨད་དགེ་ངག་དབང་ཡེ་ཤེས་ཀྱིས་༣ སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ལ་ཞུས་འདུག་ཅིང་། ཆོས་སྐྱོང་དེ་ལ་གཏན་གཏན་མ་བྱས་ན་བལྟ་ཉན་མི་འདུག །ཅེས་དང་། ཅ་ཟིང་པོ་ཞེ་དྲག་འདུག །སྐབས་དེར་རྦད་དེ་དངོས་སུ་ཞུགས་བྱུང་ངོ་། །ཞེས་འཇིགས་སྣང་དང་བཅས་ཞུས་འདུག་པས་ཁུངས་བཙུན་པའི་གནས་སོ། །༽ཞེས་ཟེར་བ་ལ་བརྗོད་པར་༉བྱ་སྟེ། རྟ་ཚག་རིན་པོ་ཆེ་སྐུ་ཕྲེང་གོང་མའི་དུས་ནས་དཔལ་འབར་གཏེར་སྟོན་བདུད་འདུལ་དྲག་སྔགས་གླིང་པ་སོགས་བླ་མར་བསྟེན་ནས་རྙིང་མའི་ཆོས་


JSD005_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་མང་པོ་གསན་བཞེས་མཛད་པ་མ་ཟད་ཁོང་གི་གདན་ས་མདོ་ཁམས་ཚ་བ་དཔའ་ཤོད་དགོན་དུ་གཏེར་གསར་གྱི་སྒྲུབ་ཆེན་ཕྱག་བཞེས་འཆམ་སོགས་ལོ་བསྟར་ཆག་མེད་རྒྱ་དམར་གྱིས་མ་བརླག་བར་དུ་བཙུགས་ཡོད་པ་དང་། ལྷ་ལྡན་ཀུན་བདེ་གླིང་རང་དུའང་རྙིང་མའི་ཕྱག་དཔེ་དཀྱིལ་ཐང་སྐུ་ཙཀ་སོགས་དབང་དང་སྒྲུབ་ཆེན་ལ་མཁོ་བའི་རྟེན་དང་མཆོད་ཆས་ཤིན་ཏུ་སྤུས་གཙང་མང་པོ་བཞུགས་པ་ཁོ་བོས་ཀྱང་མཇལ་མྱོང་བ་དེ་འདྲ་ཡིན་བཞིན་ཞྭ་སེར་ལུགས་ཁོ་ན་འཛིན་སྐྱོང་སྤེལ་གསུམ་མཛད་རིགས་ཀྱང་མ་བྱུང་ཟེར་བའི་སྐྱོན་འཛུགས་འོས་མེད་དེ་འདྲ་བྱེད་པ་ཅི་ལ་འཐད། ལྷག་པར་གེ་སར་ནོར་བུ་དགྲ་འདུལ་ལ་ཁྱེད་ཅག་སྙིང་གས་པ་ཙམ་དུ་སྡང་ཞུགས་བྱེད་མོད། དེ་ནི་ཕྱོགས་ལྷུང་གི་རྙོག་མས་ལེགས་ཉེས་ཀྱི་གཟུགས་ལ་ལྟ་བའི་གོ་སྐབས་མ་བྱུང་བའི་སྐྱོན་ཏེ། གླིང་


JSD005_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གེ་སེར་ནི། དོལ་རྒྱལ་ལྟ་བུར་མི་ཤི་བཙན་སྐྱེས་དང་ག་ལ་མཚུངས་ཏེ། རབ་བྱུང་གཉིས་པའི་ས་ཕོ་སྟག་ལ་མདོ་ཁམས་གླིང་ཡུལ་དུ་སྐུ་འཁྲུངས་ཤིང་། སྤྲུལ་པའི་གང་ཟག་བསད་པ་གསོ་ནུས་པའི་མཐུ་རྩལ་དང་རྫུ་འཕྲུལ་འཛམ་གླིང་ན་འགྲན་ཟླ་དང་བྲལ་བ་ཞིག་སྟེ། དེ་ཡང་འཕགས་མཆོག་རིགས་གསུམ་སེམས་དཔའ་དང་། པདྨ་འབྱུང་གནས་ཀྱི་ངོ་བོ་ལ། རྣམ་པ་ཙམ་དུ་དགྲ་བླ་ཝེར་མའི་ཚུལ་བསྟན་ནས། ནག་ཕྱོགས་མཐའ་བཞིའི་ཧོར་བདུད་མ་རུངས་པ་རྣམས། དཔའ་མཛངས་རྟུལ་ཕོད་དྲག་ཤུལ་ཕྲིན་ལས་ཐབས་མཁས་ཐུགས་རྗེ་རྨད་དུ་བྱུང་བའི་སྒོ་ནས་ཆོམ་ལ་ཕབ་སྟེ། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་མཁན་སློབ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རིང་ལུགས་དྲི་མ་མེད་པ་ཕྲིན་ལས་རྣམ་བཞིས་སྐྱོང་བ་དང་། འབྱུང་འགྱུར་


JSD005_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཀླ་ཀློའི་ཁ་གནོན་རིགས་ལྡན་ལྕགས་འཁོར་ཅན་གྱི་སྐར་བཞེངས་པ་ཡིན་ཏེ། ཆོས་རྗེ་མི་ཕམ་སྨྲ་བའི་ཉི་མས། །ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ཉིད། །རྣམ་པ་སྣང་སྲིད་དགྲ་བླའི་རྒྱལ་པོའི་ཚུལ། །སྔོན་ཚེ་རིག་འཛིན་པདྨ་འབྱུང་གནས་ཏེ། །ད་ལྟ་སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །མ་འོངས་རིགས་ལྡན་དྲག་པོ་འཁོར་ལོ་ཅན། །ཞེས་གསུངས་པ་ལྟར་རོ། །སོག་པོ་ནས་བྱུང་བའི་ཆོས་སྤྱོད་བཅུའི་དབང་ཡོད་པ་མ་མཐོང་། གལ་ཏེ་ཡོད་དུ་ཆུག་ཀྱང་འགལ་བ་གང་ཡང་མེད་དེ། ངེད་སྔ་འགྱུར་རྙིང་མ་བའི་རྒྱུད་དང་སྒྲུབ་སྡེའི་དབང་གི་ཆོ་ག་རྒྱས་པ་རྣམས་སུ། འཇིག་རྟེན་ལྷ་མིའི་ཐེག་པ་ནས། རྣམ་གྲོལ་ཐེག་པ་རིམ་པ་དགུ་ཡི་བར་གྱི་དབང་བསྐུར་གྱི་ཆོ་ག་གསལ་བར་བཞུགས་པས། ཆོས་སྤྱོད་བཅུ་དེར་དོན་གྱིས་འདུས་པ་མ་ཤེས་སམ། སོག་ཡུལ་ནས་བརྒྱུད་པས་ཅི་སྟོ། གང་


JSD005_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་ལ་མི་རྟོན་ཆོས་ལ་རྟོན་དགོས་པའི་ཕྱིར་རོ། །ཉམས་དང་རྨི་ལམ་ལ་བྱུང་བའི་ཆོས་ཚད་མ་མིན་པར་འདོད་བཞིན་དུ། ཁྱེད་ཅག་གི་ཤུགས་ལྡན་སྲོག་གཏད་ཀྱི་ཁུངས་གཏུགས་ས་སྟག་ཕུ་པདྨ་རྡོ་རྗེའི་རྨི་ལམ་ཡིན་པར་ཕ་བོང་ཁ་པས་བཤད་འདུག་པ་དེས་ན། འདིར་ཁྱེད་ཀྱིས་ཨ་ཕའི་ཉམས་སྣང་དང་། ཨ་མའི་རྨི་ལམ་ཞེས་པའི་བསྟིང་ཚིག་དེ་ཁྱོད་རང་ལ་འཁོར་བས། མེ་ཕར་བུས་ཨ་ར་ཚུར་ཚིག་པའི་དཔེར་སོང་ངོ་། །རྟ་ཚག་རིན་པོ་ཆེས་ཤུགས་ལྡན་ལ་ངོ་ཆེན་པ་དང་སྦྲགས་ཞུ་བཤགས་ཕུལ་ཡང་མ་བླངས་པ་ནི་གོང་དུ་སྨོས་པ་ལྟར་རྒྱལ་ངན་དེ་བྱང་སེམས་ཀྱི་བསླབ་པ་ལས་ཉམས་པས་༔ བྱང་ཆུབ་སེམས་དཔའ་མ་ཡིན་པ་དང་། — བརྩེ་མེད་ཞེ་ནག་གཞུང་ངན་མ་རབས་བསྟེན་དཀའ་བ་ཕན་ལས་གནོད་པ་མང་བ་སྟེར་མཁན་ཡིན་པའི་ར་འཕྲོད་


JSD005_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་པོ་བྱུང་བའོ། །དེ་ལྟར་སྐྱེས་ཆེན་ཁྱད་པར་ཅན་དེ་རྣམས་ལ་སྐུ་ངལ་དང་བར་ཆད་བྱུང་ཚུལ་བསྟན་པ་དེ་ཐམས་ཅད་ཤུགས་ལྡན་གྱི་ཆོ་འཕྲུལ་དང་བཀའ ཆད་ཡིན་པར་གདངས་སྐད་མཐོན་པོས་གླེང་བ་དེ་ཡང་ཁྱེད་ཅག་འབྱུང་པོ་སྐྱབས་འཛིན་པ་ཁ་ཅིག་གི་རྣམ་པར་རྟོག་པ་ལགས་པས་བྲག་ཆའི་སྒྲ་ལ་སུ་ཞིག་བདེན་པར་འཛིན། ཁོ་བོ་ཅག་དེ་ལྟར་མི་འདོད་དེ། སྟོན་པའི་ཞབས་ལ་སེང་ལྡེང་ཚེར་མ་ཟུག་པ་དང་། མོ་འགལ་བུ་མུ་སྟེགས་ཀུན་ཏུ་རྒྱུས་བཀྲོངས་པ་དང་། འཕགས་མཆོག་ཀླུ་སྒྲུབ་དབུ་རྒྱལ་བུས་བཅད་པ་སོགས་ལས་བདག་གིར་མཛད་པའམ། སྔར་བཤད་པ་བཞིན་བོད་ཁམས་སྤྱིའི་བསོད་ནམས་ཀྱིས་མ་འཆུན་པར་བདུད་དགེ་སྦྱོང་དང་མི་ཆེན་ཁ་དྲག་དཔོན་བློན་གྱི་ཚུལ་དུ་བརྫུས་ནས། དམ་པའི་སྐྱེས་བུ་རྣམས་ཀྱི་དགོངས་སྤྱོད་ལ་ཚོད་བཟུང་མཉམ་འགྲོགས་ཕྲག་


JSD005_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དོག་ལོག་ལྟས་བར་གཅོད་བརྩམས་པའམ།ཤཱཀྱའི་བསྟན་པ་ཉམས་པའི་སྔ་ལྟས་སུའང་བཤད་དེ། མ་ཅིག་ལབ་སྒྲོན་ལུང་བསྟན་ལས། དགེ་སློང་ཐུབ་བསྟན་ངེས་པར་བསྲུང་བ་ནི། །རྣམ་པར་དག་པ་གཅིག་ཙམ་ཡོད་གྱུར་ཀྱང་། །དེ་ཡི་དགེ་དང་ལྷག་བསམ་རྣམ་དག་ལ། །བདུད་རྣམས་བར་ཆད་བྱེད་པར་དབང་ཆེ་བས། །དགེ་སྦྱོང་བསྟན་སྲུང་དེ་དག་ནི། །ཚེ་ཐུང་ལོངས་སྤྱོད་ཆུང་ལ་ནད་རྐྱེན་མང་། །ཤིན་ཏུ་ཉམ་ཐག་རབ་ཏུ་མནར་བར་འགྱུར། །དེ་འདྲའི་དུས་ཤིག་འབྱུང་བར་གྱུར་པའི་ཚེ། །ཤཱཀྱའི་བསྟན་པ་ཉམས་པའི་སྔ་ལྟས་ཡིན། །ཞེས་གསུངས་པ་ལྟར་རོ། །ཡང་ཛེ་སྨད་ན་རེ། ༼བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་རྡོ་རྗེ་འཆང་ཕ་བོང་ཁ་པ་བདེ་ཆེན་སྙིང་པོ་མཆོག་ཀྱང་། སྐུ་ཚེའི་སྟོད་དུ་བྲག་རི་རིན་པོ་ཆེ་སྐུ་གོང་མའི་


JSD005_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གོང་མ་ཕྲིན་ལས་པདྨ་ཀུན་བཟང་ཆོས་རྒྱལ་དཔལ་བཟང་པོ་ཞེས་ལྷ་འབྲུམ་གྱི་བསྙུན་གཞིས་སྐུ་གཤེགས་པ་དེ་དང་། ཀོང་པོ་ལྕགས་གྲོང་གྲུབ་ཆེན་འོད་གསལ་ཐེག་མཆོག་རྡོ་རྗེ། གུང་སྤྲུལ་རིན་པོ་ཆེ་མཁྱེན་རབ་དཔལ་ལྡན་བསྟན་པའི་ཉི་མ། མི་ཉག་རི་ཁུད་རིན་པོ་ཆེ་བློ་བཟང་ཆོས་གྲགས་རྒྱ་མཚོ་སོགས་ཀྱི་དྲུང་ནས་རྟ་མགྲིན་ཡང་གསང་གི་སྐོར་དང་། རྒྱལ་མཆོག་ལྔ་པའི་དག་སྣང་གསང་བ་རྒྱ་ཅན། ལྷག་པར་གུང་སྤྲུལ་རིན་པོ་ཆེའི་དྲུང་ནས་སྨིན་གླིང་གཏེར་ཆེན་གྱིས་མཛད་པའི་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་རྗེས་གནང་སོགས་གསན་ཅིང་། ཕྱིས་དེའི་ཁ་གསབ་ལྟ་བུའི་རྗེས་གནང་སྐོར་མང་པོ་ཞིག་གསན སྐབས་གཏོར་མ་སྟོད་ཟུར་གསུམ་མེ་རི་འབར་བ་སྨད་ཁྲོ་ཞལ་ཅན་བཞེངས་པ་སོགས། སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་སྐུ་ན་ཕྲ་བའི་དུས་གཏོར་མ་ཡིད་


JSD005_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོང་བ་འདུག་པ་མཆོད་གཡོག་ལས་བསླངས་ཏེ་རྩེད་མོ་བྱེད་པ་དྲན་གསུངས། མི་ཉག་རི་ཁུད་རིན་པོ་ཆེ་འདི་ན་བཟའ་སྤུ་ཕྲུག་དམར་པོའི་ཕྱུ་པའི་སྟེང་རས་སྔོན་གྱི་ཁ་གོས་མནབས། ཕྱག་ཕྲེང་ཐོད་ཕྲེང་ཞིག་བསྣམས། ཤངས་ཐག་གི་རྭ་ཅོ་ཆེན་པོ་ཞིག་སྐུ་འབག་ཏུ་བཅུག །སྐུ་གཟུགས་ཆེ་ལ་ཨག་ཚོམ་ཅུང་ཟད་ཡོད་པ་སྐུ་ཆེ་ཉམས་གང་ཡང་མེད་པར། ཞབས་ཕྱི་ཁང་སོགས་གང་བྱུང་དུ་བཞུགས་ནས་ཚང་མར་འཕྲོས་གཏམ་གྱི་བཀའ་མོལ་གནང་བཞིན་དུ་བཞུགས་མཁན་ཞིག་ཡོད་འདུག །དེ་ལྟར་རྗེ་ཕ་བོང་ཁས་རྙིང་ཆོས་སྐོར་གྱི་དབང་ལུང་མན་ངག་གི་སྐོར་མང་དུ་གསན་ཅིང་རྟ་༉ མགྲིན་ཡང་གསང་གི་བསྙེན་པ་ཁ་སྐོང་དང་བཅས་པ་གནང་བ་སོགས་ཉམས་བཞེས་མཛད་པའི་དུས་སྐབས་དེ་དག་གི་གཟིམ་ལམ་དུ་གྲྭ་པ་རྒྱ་བོ་དང་། སྐབས་


JSD005_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འགར་གཟབ་མཆོར་ཅན་གྱི་གྲྭ་པ་སོགས་འདྲ་མིན་མང་པོས་མི་དགའ་བའི་རྣམ་འགྱུར་བསྟན་པའི་གཟིམ་ལམ་ཡང་ཡང་བྱུང་བ་དང་། དུས་སྐབས་དེ་དག་ཏུ་རྗེ་ཕ་བོང་ཁ་པ་ཆེན་པོ་ཆུ་བཟང་རི་ཁྲོད་དུ་ཁྲི་བྱང་བླ་བྲང་གི་གཟིམ་ཤག་ངོ་མའི་ནུབ་ངོས་སྤོ་ཁང་དུ་གཏན་བཞུགས་ལྟ་བུར་མཛད་མུས་ཀྱི་ནུབ་གཅིག་གཟིམ་ཆུང་དུ་སྐུ་གཟིམ་སྐབས། ཤར་གྱི་བཞུགས་གདན་སྟེང་སྐུ་གཟིམ་གནང་བ། སང་ཉིན་གཟིམ་ལས་སད་སྐབས་ནུབ་ངོས་ཀྱི་བཞུགས་གདན་སྟེང་དུ་སྤོས་འདུག་པ་དང་། ལྷག་པར་གུང་སྤྲུལ་རིན་པོ་ཆེའི་དྲུང་ནས་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གསན་སྐབས། གུང་སྤྲུལ་རིན་པོ་ཆེ་སྤྲོ་ཁང་དུ་བཞུགས་ཤིང་། རྗེ་ཕ་བོང་ཁ་ཉིད་ཁྲི་བྱང་བླ་བྲང་གི་གཟིམ་ཤག་ངོ་མའི་སྒོ་མཆོར་སྟེང་གི་རབ་གསལ་དུ་སྤོ་བཞུགས་མཛད་པའི་སྐབས་དགོང་དྲོ་སྐུ་གཟིམ་ཟིན་ཀྱང་། གཟིམ་


JSD005_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཁུག་པར་ཡོད་པའི་དུས་ཤིག་ཏུ་མཚན་ཕྱེད་ཙམ་ལ་ཆུ་བཟང་གི་རི་གཤམ་ལྷོ་ཕྱོགས་ཐག་རིང་སེ་ར་སྤྱི་སོའི་ཐད་ཙམ་ནས་སྐད་འབོད་ཕྲ་སྦོམ་གཉིས་དང་། དེའི་ནང་ནས་གཙོ་ཆེར་བུད་མེད་ལྟ་བུའི་སྐད་འབོད་མཐོན་པོར་སྒྲོག་པ་ཞིག་བྱུང་བར་རྗེ་ཕ་བོང་ཁའི་ཐུགས་སྣང་དུ་སྤྲོ་ཁང་ནང་ས་སྐྱའི་བདག་ཆེན་རིན་པོ་ཆེ་བཞུགས་ཡོད་དགོངས་པ་ལྟ་བུའི་འདི་གར་བདག་ཆེན་རིན་པོ་ཆེ་བཞུགས་སྟབས་ས་སྐྱའི་འབལ་མོ་ཡིན་རྒྱུ་རེད་དགོངས་པ་བྱུང་ཞིང་། བུད་མེད་ཀྱི་སྐད་འབོད་དེས་གམ་པ་ལ་མོའི་རྩ་ནས་ཤ་སྐལ་ཞིག་ལངས་སོང་ངོ་། །ཞེས་ཟེར་བ་གསན་པས། གམ་པ་ལ་རྩར་གྲོང་ཁྱིམ་གཞན་མེད་གམ་པ་བར་ཚིགས་ཟེར་བའི་གྲོང་པ་དེར་ཡིན་རྒྱུ་རེད། གྲོང་པ་དེ་ནས་མི་ཞིག་ཤི་ཡོད་པ་འདྲ་གང་དྲག་སྙིང་རྗེ་སྙམ་དུ་དགོངས་པ་བྱུང་བ་དང་། དེ་ནས་སྐད་


JSD005_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

འབོད་དེ་གཉིས་རེ་མོས་ཀྱིས་ཐག་ཇེ་ཉེར་སོང་སྟེ། ཆུ་བཟང་རི་གཤམ་ནས་ཡར་འོང་བ་རི་ཁྲོད་གཟིམ་ཤག་རྒྱལ་སྒོའི་འགག་ཏུ་སླེབས་པ་དང་། སྐད་འབོད་མེད་གཟིམ་ཤག་མདུན་གྱི་རྡོ་གཅལ་ནས་ལྕགས་ཐག་འདྲུད་བཞིན་དུ་ཡོང་བའི་སིལ་སྒྲ་གསན་ཞིང་། དེ་ནས་སྒོ་མཆོར་གྱི་རྡོ་སྐས་བརྒྱུད་རྗེ་ཉིད་བཞུགས་པའི་གཟིམ་ཆུང་གི་ཞབས་ཕྱི་ཁང་དུ་འབྱོར་ཏེ། བཞུགས་སའི་སྒོའི་ཡ་ཐེམ་དང་། སྒོ་ཡོལ་དབར་ནས་ལག་པ་དམར་པོ་དམར་ཧོང་ངེ་བ་མེའི་རང་བཞིན་ལྟ་ ི བུ་སྡེར་མོ་ཅན་བསྟན་པས། རྗེ་ཕ་བོང་ཁ་པ་ཉིད་ཀྱིས་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་འཕྲུལ་དུ་དགོངས་ཏེ་མཐོལ་བཤགས་མཛད་ཅིང་། དུས་ཡུན་གང་མཚམས་ཤིག་ནས་ལག་པ་དེ་མར་བསྐུམས་ཏེ་ཕྱིར་སོང་བ་དེ་ཉིད་སྔར་ཚུར་ཡོང་བ་ཇི་ལྟ་བར་རྒྱལ་སྒོའི་འགག་ནས་སྐད་འབོད་དང་བཅས་ཕྱིར་ལོག་སོང་བ་


JSD005_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། སྐབས་དེར་ཞབས་ཕྱི་ཁང་དུ་སེར་སྨད་རྒྱལ་རོང་པ་དགེ་བཤེས་ཚངས་དབྱངས་ཟེར་བ་གསོལ་ཚིགས་བཟོ་མཁས་པ་ཞིག ཉལ་ནས་བསྡད་ཡོད་པར་སྐྱོན་བྱུང་མེད་དམ་དགོངས་ཏེ། སྨད་གཡོག་མནབས་ནས་སྐུ་བཞེངས་ཀྱིས་གཟིགས་པར་ཕེབས་པ་ན། ཁོང་པ་གཉིད་ཁུག་ནས་༈ བསྡད་ཡོད་འདུག་པའི་ཆོ་འཕྲུལ་ངོ་མཚར་ཅན་བྱུང་། དེ་རྗེའི་ཆུ་བྱི་ལོའི་རྒྱ་དམག་བྱུང་བའི་མཇུག་ཙམ་དུ་བོད་གཞུང་གིས་བསྟན་སྲིད་ཞབས་རིམ་དུ་རྒྱལ་ང བའི་བཀའ་འགྱུར་རིན་པོ་ཆེའི་བཀླགས་ལུང་འཆད་ཉན་ཚུགས་རྒྱུར། དགའ་ལྡན་དུ་རྒྱུད་སྟོང་གྲྭ་ཁང་ནང་དགའ་ལྡན་ཤར་རྩེ་དགེ་བཤེས་ཉག་རེ་བློ་གྲོས་ཆོས་འཕེལ་དང་། བྲག་ཡེར་པར་དགའ་ལྡན་ཅོ་ནེའི་ཤར་པ་སྤྲུལ་སྐུ། ལྷ་ལྡན་དུརྨེ་རུའི་འདུ་ཁང་ནང་རྗེ་ཕ་བོང་ཁ་པ་ཉིད་ཀྱིས་བཀའ་འགྱུར་བཀླགས་ལུང་


JSD005_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་དགོས་༸རྒྱལ་བའི་ཕྱག་རྟགས་དགོངས་དོན་ལྟར་གནང་བའི་མཇུག་ཙམ་ཞིག་ལ། དུག་གཡའ་ལྟ་བུའི་བསྙུན་གཞི་ཚབས་པོ་ཆེ་བྱུང་སྟེ་ཞིང་བརྗེ་ལ་ཁད་པ་ལྟ་བུའི་མཐར་སྐུ་ཤ་ཡོངས་རྗོགས་སྔོན་པོར་སོང་བའང་དེ་སྐབས་ནས་བྱུང་བ་དང་། གཞན་ཡང་བཞི་སྡེ་ཏཱ་བླ་མ་དགེ་སློང་བྱམས་པ་འཇིགས་མེད་རྣམ་གྲོལ་ལ་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་དང་། འཁོར་དགེ་སློང་ཞིག་བཅས་ཤིན་ཏུ་གསང་བའི་སྒོ་ནས་སྐབས་རེ་ཙམ་ཁོག་ཞུགས་བྱེད་བཞིན་པ་དེ་དག་གིས་རྗེ་ཕ་བོང་ཁ་པར་དགེ་ལྡན་ལྟ་གྲུབ་གཙང་མ་བསྲེ་བསླད་དང་བྲལ་བར་འཛིན་སྐྱོང་སྤེལ་གསུམ་དགོས་པའི་སྙན་བསྐུལ་ཡང་ཡང་ཞུ་བ་སོགས་ལ་བརྟེན། མཐར་རྙིང་ཆོས་སྐོར་གསན་བསམ་མཚམས་བཅད་དང་། གསན་པ་རྣམས་ཀྱང་གཞན་ལ་མི་སྤེལ་བའི་གཡར་དམ་བཞེས་ཏེ་དགེ་ལྡན་རིང་ལུགས་གཙང་མའི་རྣམ་


JSD005_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བདག་གིར་བཞེས་པ་ལ་བརྟེན་ནས། སྐུ་ཚེའི་སྨད་ལ་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་རླབས་ཆེན་འཕྲིན་ལས་ཀྱི་རོལ་པ་རྒྱ་ཧོར་བོད་གསུམ་གྱི་ཁྱོན་ལ་ཁྱབ་བརྡལ་དུ་གྱུར་པ་འདི་བྱུང་བ་ཡིན་ནོ། །༽ ཞེས་རྙིང་མ་ལ་སྨོད་པའི་བསམ་པས་རང་གི་བླ་མ་ལ་བསྟོད་མི་མཁས་སྨད་པར སོང་བའི་འཁྱོག་ཚིག་བཀོད་པ་འདི་ལ་དངོས་པོའི་གནས་ཚུལ་དང་མཐུན་པའི་གདབ་ལན་ངོ་བསྟོད་དང་ཟོལ་ཚིག་སྤངས་ཏེ་བརྗོད་པར་བྱ་བ་ལ། ཕ་བོང་ཁ་པ་ཁོང་གོང་ས་ལྔ་པའི་དབུ་བླ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་སྐྱེ་སྲིད་དུ་ཁས་འཆེ་ན་དེ་ནི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས། གསང་བདག་སྒྲོ་ཕུག་པ་སོགས་ཀྱི་སྐུ་སྐྱེ་ཡིན་པར་ལྔ་པ་ཆེན་པོའི་གསུང་འབུམ་དུ་གཏེར་ལུང་དང་བཅས་པ་གསལ་བས་རྙིང་མའི་བསྟན་


JSD005_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྡང་ཞུགས་དེ་ཙམ་མཛད་ག་ལ་རིགས། སྤྱིར་བཏང་གང་ཟག་གི་ཚོད་གང་ཟག་གིས་བཟུང་དུ་རུང་བར་མ་གསུང་མོད། འོན་ཀྱང་ཆུ་སྐྱར་ལས་ཆུ་དང་དུ་བའི་རྟགས་ལས་མེར་ཤེས་པ་ལྟར་སོ་སྐྱེ་མཐུན་སྣང་དབང་བཙན་པར་བྱས་ཏེ་མངོན་སུམ་དང་རྗེས་དཔག་ལ་བརྟེན་ནས་ཅུང་ཟད་དཔྱད་པར་བྱ་བ་ལ། ཁོང་སྐུ་ཚེའི་སྟོད་ལ་རྙིང་མའི་བླ་སྤྲུལ་མང་པོའི་ཞབས་ལ་གཏུགས་ནས་གཏེར་ཆོས་དང་གསང་བ་དག་སྣང་རྒྱ་ཅན་ཉེར་ལྔ་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་སོགས་ཆེས་མང་པོའི་དབང་ལུང་ཁྲིད་གསུམ་གསན་པ་ཙམ་དུ་མ་ཟད་བསྙེན་སྒྲུབ་ཀྱང་མཛད་ཟིན་རྗེས། ཆོས་ཟབ་ན་བདུད་ཟབ་ཅེས་པ་ལྟར། ཉིང་འཁྲུལ་ཟ་ཟི་དང་། འཚུབས་ལྷོངས་བག་ཙམ་བྱུང་བ་ལ་ལམ་ཁྱེར་དང་རོ་སྙོམས་མཛད་དགོས་རྒྱུ་ལ་དེ་མ་བྱུང་བར། ལྟ་བ་དང་བློ་སྦྱོང་དཔེ་ཐོག་ཏུ་ལུས་ནས་འཁྲུལ་


JSD005_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ལ་བདེན་འཛིན་རང་རྒྱུད་པར་ཤོར་བས་ནོངས་འདུག་སྟེ། རྗེ་མི་ལས། སྤྱིར་ཐེག་པའི་མཐར་ཐུག་གསང་སྔགས་ཀྱི། །རྣལ་འབྱོར་བླ་མེད་རྒྱུད་ནས་ཀྱང་། །ཁམས་འདུས་རྩ་ཡི་རྟེན་འབྲེལ་གྱིས། །ཕྱི་རོལ་འདྲེ་གཟུགས་མཐོང་བར་གསུངས། །དེ་རང་སྣང་རྫུན་དུ་མ་ཤེས་ཤིང་། །བདེན་ནོ་སྙམ་ན་ཤིན་ཏུ་འཁྲུལ། །ཞེས་གསུངས་པ་ལྟར་བར་ཆད་རྐྱེན་དབང་དུ་ཤོར་ཏེ། བསོད་ནམས་ཟད་ཁར་ལྷ་ལ་ཡི་ཆད་སྐྱེས་པའི་དཔེ་བཞིན་གྱུར་ནས། སྐུ་ཚེའི་སྨད་ལ་རྙིང་མའི་ཆོས་དང་བླ་མ་ཡི་དམ་ལྷ་དང་བཅས་པ་རྩྭ་ལྟར་དོར་བ་འདི་ལྟ་བུ་ནི་རྣམ་ཐར་བཟང་པོ་མ་ལགས་ཏེ། ཅིའི་ཕྱིར་ཞེ་ན། ཁེ་ཉེན་ཆེ་བའི་རྡོ་རྗེ་ཐེག་པའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པའི་དབང་གིས་རྡོ་རྗེ་དམྱལ་བའི་རྒྱུ་ཆེན་པོ་བསགས་པ་སྟེ། འབྲུག་སྨྱོན་ཀུན་ལེགས་ཀྱིས། རྡོ་རྗེ་


JSD005_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ལ་ཞུགས་མ་ཞུགས་དབང་གི་ཁྱད་བྱས་པ་ཡིན། དབང་གི་དམ་ཚིག་གསུམ་པོ་དེ་ཐུབ་ན། རྡོ་རྗེའཆང་ཟེར་བའི་ཐམས་ཅད་ཀྱི་གྲལ་མགོར་སྔོ་རེང་ངེ་བསྡད་ཆོག་པ་ཡོང་སྟེ། དམ་ཚིག་གསུམ་པོ་དེ་མ་ཐུབ་ན་རྡོ་རྗེའི་དམྱལ་བ་ཟེར་བའི་ལྟོགས་འགོང་ཅན་སུ་ཞུགས་དགུའི་རྟིང་ལ་སྡོད་དགོས་པ་དེ་ཡོང་བས། ཐུགས་བསམ་གཏོང་དགོས་པར་འདུག་གོ །ཞེས་གསུངས་པ་འདི་ལས་འགྲོ་ས་གཞན་ཅི་ཡོད། དཔེར་ན་དབང་ཕྱུག་མི་ལ་རས་པ་སྨན་ལུང་ཆུ་བར་ན་ ོ བཞུགས་དུས། གདོན་ཆེན་བཅོ་བརྒྱད་ཀྱིས་གཙོ་བྱས་པའི་སྣང་སྲིད་ཀྱི་ལྷ་འདྲེ་རྣམས་འཚོགས་ནས། ཉི་ཟླ་ཆ་ལང་རྡེབ། རྒྱ་མཚོ་ཧུབ་ཀྱིས་འཐུང་། གཟུགས་མེད་ལག་པ་རྐྱོང་པ་སོགས་ཆོ་འཕྲུལ་སྣ་ཚོགས་བསྟན་པ་ལ། རྗེ་བཙུན་གྱིས་ལྟ་བས་ཟིལ་གྱིས་མནན་ནས། རྐྱེན་ངན་དངོས་གྲུབ་དང་ལྟས་ངན་


JSD005_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་དུ་ལོན། བར་ཆད་ལམ་དུ་ལྷོངས། རྣམ་རྟོག་ཆོས་སྐུར་འཆར། སྐྱོན་ཡོན་ཏན་དུ་གྲོལ་ཏེ་ཐུན་མོང་ལམ་གྱི་མཐུན་རྐྱེན ཐམས་ཅད་ངང་གིས་འབྱུང་བ་དང་ཕྱོགས་ཙམ་མཐུན་པ་ཞིག་བྱུང་ན་ཁོང་ལ་གྲགས་པ་ངན་པས་ས་སྟེང་ཁྱབ་པ་འདི་ཡོང་མ་ཐང་ནའང་། དེ་ལྟར་མ་ཡིན་པར་ཁོང་གིས་གདོད་ནས་དག་པའི་ཡེ་ཤེས་ཀྱི་ལྷ་དང་། འཇིག་རྟེན་གློ་བུར་དུ་ལྷགས་པའི་གདུག་འདྲེ་གཉིས་གསེར་དང་ར་གན་འདམ་ཁ་ནོར་འདུག་པ་དེ་ལས་ནམ་གཞག་གཏན་གྱི་འདུན་མ་འཕྱུག་ཚབས་ཆེ་བ་གཞན་ཅི་ཞིག་ཡོད། དེས་ན་དམ་ཚིག་ཉམས་པའི་བཀའ་ཆད་ཀྱིས་སྐུ་ཚེ་དེ་ལ་ཡང་ཁོང་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་བླ་མཆོད་ཆོ་ག་སོགས་དགའ་ལྡན་བསྟན་ལ་བསྲེ་བསླད་དབྲི་སྣོན་གཟུ་ལུམ་རས་ཆོད་བྱས་པ་སོགས་ཀྱི་རྐྱེན་པས། རྒྱལ་དབང་


JSD005_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་བསྟན་རྒྱ་མཚོས་བཀའ་ཉེས་ཕོག་སྟེ་གཞན་ལ་ཆོས་འཆད་དབང་མེད་པར་བཟོས་ཤིང་། ལྷ་སར་བཀའ་འགྱུར་བཀླགས་ལུང་གནང་སྐབས་བསྙུན་གཞི་དྲག་པོ་ཐེབས་ནས་སྐུ་ལུས་ཀྱང་ནག་པོར་གྱུར་དུས་ཐུགས་ལ་གདོན་ཆེན་པོ་དེ་ཞུགས་པ་ཡིན་ཞེས་མི་རྒན་རབས་མང་པོས་གླེང་བ་འདི་བདེན་པའི་ཚོད་དུ་གདའ། རྒྱལ་བ་རིན་པོ་ཆེ་ཞིང་བརྗེས་རྗེས་ཕ་བོང་ཁ་པ་བར་ཁམས་ཆབ་མདོ་དང་། ཤོ་རྟ་ལྷོ་གསུམ། དབུས་དགའ་ལྡན། གཙང་བཀྲ་ཤིས་ལྷུན་པོ། ལྷོ་ཁ་མངའ་རིས་དྭགས་པོ་གྲྭ་ཚང་སོགས་སུ་ཕེབས་ནས་ལམ་རིམ་སོགས་བཀའ་ཆོས་གང་དུ་གསུངས་པའི་ཡུལ་དེ་རྣམས་སུ་ཆོས་ལུགས་གྲུབ་མཐའི་ཆགས་སྡང་གི་སྐད་ཆ་ངན་པ་སྔར་མ་གྲགས་པ་དར་བའི་འགོ་ཚུགས་པ་དང་། རྐྱེན་དེས་དཀར་ཕྱོགས་ལ་དགའ་བའི་ལྷ་སྲུང་འཁྲུགས་པར་གྱུར་ནས་ཡུལ་དེ་རྣམས་


JSD005_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སུ། འབྲུམ་པ། དམར་བཤལ། འགོ་བའི་ནད་རིམས་སོགས་ཀྱིས་དགེ་འདུན་མང་པོ་འདས་གྲོང་དུ་གྱུར་པ་དང་། སད་སེར་བཙའ་འབུ་ལོ་ཉེས་སོགས་སྣོད་བཅུད་ལ་མི་ཤིས་པའི་མཚན་ལྟས་ངན་པ་མང་པོ་བྱུང་བ་ནི་རང་ཅག་རྣམས་ལ་མངོན་སུམ་ཚད་མ་ཡིན་པས་སུ་ཞིག་གིས་*བསྙོན་དུ་ཡོད། དེ་བཞིན་དུ་བཀྲ་ཤིས་ལྷུན་པོར་ཕེབས་སྐབས་པཎ་ཆེན་སྐུ་གོང་མས་དམ་སྲི་དོལ་རྒྱལ་ཐེམ་འོག་ཏུ་མནན་ཡོད་པ་དེ་ཕ་བོང་ཁ་པས་ས་སྟེང་དུ་ཕྱུངས་པ་དང་། ཞལ་སློབ་དགེ་འདུན་ཚོ་གཅིག་མངགས་ནས། ཤངས་གུང་ཐང་རི་ཁྲོད་ཀྱི་ལྷ་ཁང་རྟེན་གཙོ་གུ་རུའི་བརྙན་བྱིན་ཅན་ཞིག་ཡོད་པ་དེ་བཤིག་ནས་ཆུ་ལ་གཡུགས་པར་བརྟེན། རྭ་སྒྲེང་རིན་པོ་ཆེ་སྲིད་སྐྱོང་ཁྲི་ཐོག་སྐབས་ཁ་མཆུ་གཞུང་གཏུགས་ཀྱིས། རི་ཁྲོད་གནས་འཛིན་བླ་མ་གུང་ཐང་རིན་པོ་ཆེ་ཞེས་


JSD005_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཚ་བའི་ཕྱོགས་ནས་ཡིན་པ་དགུང་ལོ་བརྒྱ་ལོན་པར་གྲགས་པ་ཁོང་ལྷ་སའི་སྤོམ་མདའི་གཟིམས་ཤག་ཏུ་བཞུགས་འདུག་པ་དང་ཁོ་བོ་ཁམས་ནས་དང་ཐོག་ལྷ་སར་སླེབས་པ་དུས་མཚུངས་པས་གནས་ཚང་གཅིག་པར་སོང་སྟབས་དོན་གནད་དེའི་སྐོར་ལ་འཕྲོས་ཞིབ་ཀྱང་བྱ་མྱོང་། དེ་ལྟར་རྙིང་ཆོས་ཞུས་ཟིན་ཐམས་ཅད་རང་གིས་སྤངས་པ་དང་། གཞན་ལའང་མི་སྤེལ་བའི་དམ་བཅའ་བཞེས་པ་དེ་དགེ་ལྡན་རྣམ་ཐར་གཙང་མ་བྱས་པ་ཡིན་ན་དེ་ལས་སླ་བ་ཅི་ཡོད། ཀོང་པོ་ལྕགས་གྲོང་གྲུབ་ཆེན་འོད་གསལ་ཐེག་མཆོག་རྡོ་རྗེ་ཞེས་བཀོད་པ་ནོར་བ་སྟེ། བླ་མ་དེའི་མཚན་དངོས་ལྕང་གྲོང་གྲུབ་ཆེན་འོད་གསལ་ཐོགས་མེད་ཅེས་ཞུ་བ་ཡིན་སྟབས། ཁྱོད་ཀྱིས་སྨྲ་བ་འདི་ནི་སྔོན་དགེ་བཤེས་ཤིག་ལ་དམྱལ་ཁམས་བཅོ་བརྒྱད་ཀྱི་མིང་དྲིས་པ་ལ། དགེ་བཤེས་ཀྱིས་མ་དྲན་ནས་ཚ་


JSD005_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བརྒྱད། གྲང་དམྱལ་བརྒྱད། ཀརྨ་པ་ཞྭ་དམར་ནག་གཉིས་དང་བཅོ་བརྒྱད་རེད་ཅེས་བགྲངས་པའི་དཔེར་སོང་སྟེ། དུས་དེར་རྒྱལ་དབང་ཀརྨ་པ་བཅུ་བཞི་པ་ཐེག་མཆོག་རྡོ་རྗེའི་མཚན་རྣ་བར་འཇགས་པ་ཁ་ནས་བྱུང་རྒྱལ་དུ་སྨྲས་པ་ཡིན་ལས་ཆེ། རི་ཁུད་རིན་པོ་ཆེ་དེ་ཉིད་ས་ངོར་གྱི་ཆོས་རྒྱུད་ཡིན་པས་རྙིང་ཆོས་འཛིན་སྤེལ་མཛད་མིན་ཐེ་ཚོམ་གྱི་གཞི་དང་། ཁོང་གི་ན་བཟའ་སྐུ་ཆས་དང་བྱད་དབྱིབས་སོགས་རྒྱས་བཤད་དེ་རིགས་སྣག་ཤོག་གྲོན་པའི་རྒྱུ་ལས་དགོས་དོན་མ་མཆིས། འདོད་འཇོའི་བུམ་བཟང་གི་དབང་ལ་ཁྱོད་ཀྱིས་རྗེས་གནང་གསན་ཞེས་བཀོད་པ་ནི། སྔགས་ཕྱོགས་ལ་ཐོས་༜བསམ་གྱི་གོམ་པ་འདོར་མ་མྱོང་བའི་སྐྱོན་ཡིན་ཀྱང་། ད་དུང་ཅ་ཅོ་སྨྲ་བ་མཚར། སྐུ་ཚེའི་སྨད་ལ་ཕྲིན་ལས་རྒྱ་བོད་ཧོར་གསུམ་དུ་ཁྱབ་ཟེར་བ་འདི་ཅི་ལྟར་


JSD005_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་ཏེ། ཁོང་གི་སྐུ་ཚེ་ལ་ཆ་བཞག་ན་མཐར་མ་ཕྱིན་པར་དྭགས་པོ་ནས་ཡར་ལུང་ཁྲ་འབྲུག་ཏུ་བྱང་ཆུབ་ལམ་རིམ་ཆོས་འཁོར་ཆེད་འཛུགས་དོན་དུ་ཕེབས་པའི་ལམ་ཁ་དྭགས་པོ་པོད་དྲངས་ལ་ཡི་རྩ་བར་ཁྱིམ་ཚང་ཞིག་གི་ནང་དུ་གསོལ་བ་བཞེས་འཕྲོ་ལ་གློ་བུར་གཟའ་གདོང་ཐུག་གིས་ལྟ་ལོང་ཉན་ལོང་མ་བྱུང་བར་དེ་ག་རང་སྐུ་གཤེགས་པ་དང་། དེའི་ཡང་སྲིད་དེ་ཡང་བྷག་སར་སློབ་གཉེར་བྱེད་འཕྲོ་ལ་བསྙུན་གཞི་དྲག་པོ་ཞིག་གིས་ཐེབས་ཏེ། རྡོར་གླིང་མངའ་ཁུལ་ཁར་ཤང་སྨན་ཁང་ཞིག་ཏུ་གདན་ཞུས་ཀྱིས་སྨན་དཔྱད་སྐུ་རིམ་ཇི་ཙམ་བསྒྲབས་ཀྱང་ཕན་སྐྱེད་མ་བྱུང་བར་གཞོན་ནུའི་དུས་སུ་འདས་གྲོངས་སུ་གྱུར། མཛད་ཕྲིན་ལ་ཆ་བཞག་ན་སྔོན་ཆད་བོད་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤེལ་བ་ལ་སྒྲུབ་རྒྱུད་ཤིང་རྟ་ཆེན་པོ་བརྒྱད་བྱོན་ནས་བྷོ་ཊའི་ལྗོངས་ཀུན་དཀར་


JSD005_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་ཡུག་གཅིག་ཏུ་བཏང་བ་དེ་ལྟར་ཡང་། ཕྱིས་ནས་ཕ་བོང་ཁ་པས་བསྟན་སེལ་ཕྱོགས་རིས་ཀྱི་ཤིང་རྟ་དགུ་པ་འདི་ཡི་སྲོལ་གསར་དུ་ཕྱེས་ནས་རྒྱ་ཧོར་བོད་གསུམ་ལ་ཆོས་སྤོང་ལོག་ལྟ་ངན་པའི་ཕྱོགས། འཛིན་སྐྱོང་སྤེལ་གསུམ་དར་ཁྱབ་ཏུ་གྱུར་པ་འདི་འདྲ་ལས་གཞན་རྒྱལ་བསྟན་རིས་མེད་ཕྱོགས་ལྷུང་གི་དྲི་མས་མ་སྦགས་པ་ཞིག་འཛིན་སྐྱོང་སྤེལ་གསུམ་མཛད་མེད་པ་གཟུ་བོར་གནས་པའི་བློ་གྲོས་ཅན་རྣམས་ཀྱིས་མཁྱེན་པར་འགྱུར་རོ། །འདི་ནི་ཁྱེད་ཅག་གིས་པཎ་ཆེན་ཐམས་ཅད་མཁྱེན་པར་དཔེ་བཀོད་པའི་ཚེས་གཅིག་ནས་འཕྱུགས་ན་གནམ་གང་བར་དུ་འཕྱུགས་ཟེར་བ་དེ་ཕ་བོང་ཁ་པ་སྐུ་གོང་༜འོག་ལ་བྱུང་ཞིང་། སྐབས་འགག་ལ་ཐུག་དུས་དགེ་ལྡན་ཐུན་མོང་མ་ཡིན་པའི་བསྟན་སྲུང་མཐུ་དང་གཉིས་ཀས་ཆེ་བའི་དགྲ་ལྷ་རྫིག་རྫིག་པོ་ཁ་ཕོ་འབྲུག་སྐད་


JSD005_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་སྒྲོགས་པ་དེས་ཀྱང་བསྐྱབ་མ་ནུས་པར་དགའ་ལྡན་བསྟན་པའི་དབུ་འཕང་དམའ་བ་འདི་བྱུང་བ་ཨི་ཤེས། གོང་དུ་སྨོས་པ་དེ་དག་ནི་མདོ་ཙམ་སྟེ་མཐའ་དག་བཤད་ན་ཡི་གེ་ཉུང་ངུས་མཚོན་པར་མི་ནུས་ཤིང་སྤྲོས་པས་ཆོག་གོ །ཡང་ཛེ་སྨད་ན་རེ། ༼བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་བཀའ་དྲིན་མཚུངས་མེད་བྲག་རི་རྡོ་རྗེ་འཆང་བློ་བཟང་ལུང་རིགས་རྒྱ་མཚོ་དབང་རྒྱལ་དཔལ་བཟང་པོས་ཀྱང་ལྷ་བཙུན་རིན་པོ་ཆེའི་དྲུང་ནས། རྒྱལ་མཆོག་ལྔ་པའི་དག་སྣང་གསང་བ་རྒྱ་ཅན་སོགས་གསང་སྔགས་སྔ་འགྱུར་གྱི་སྡེར་གཏོགས་འགའ་རེ་གསན་ཞིང་སྐབས་དེར་བྲག་རི་རི་ཁྲོད་དུ་ཕེབས་སྐབས་ཕེབས་ལམ་དུ་ཆིབས་པས་བསྐྱར་བ་དང་། དེ་རྗེས་རྟ་མགྲིན་ཡང་གསང་གི་བསྙེན་པ་གནང་རྗེས་ཡང་གསང་དབང་ཆེན་ཞིག་གནང་ཉེར་གུས་སློབ་བདག་ལ་སོགས་པ་སློབ་མ་


JSD005_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ཞིག་ལ་ཡང་གསང་བེའུ་བུམ་ཁལ་ཁ་དམ་ཚིག་རྡོ་རྗེས་བསྒྲིགས་པ་བཅས་ཀྱི་བཀླགས་ལུང་སྩལ་ཞིང་། འོན་ཀྱང་རྡོ་རྗེ་ཤུགས་ལྡན་མ་མཉེས་པའི་རྣམ་པས། སྲོད་འཁོར་ཙམ་ཞིག་ལ་བྲག་རི་རི་ཁྲོད་ཀྱི་གཟིམ་ཆུང་གི་ཉེ་འགྲམ་ཞིག་ཏུ་དེ་ཕོ་ལྟ་བུའི་བྱ་གཟུགས་ཆེ་བ་སྔར་མཐོང་མ་མྱོང་བ་ཞིག་བབས་པ་སོགས་མཚན་མ་འགའ་ཞིག་བྱུང་བར། བྲག་རི་རིན་པོ་ཆེ་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོའི་སྐུ་ཉེ་ཚ་བོར་སོང་སྟབས། ཁྲི་བྱང་རིན་པོ་ཆེ་ནས་བྲག་རི་རིན་པོ་ཆེ་མཆོག་ལ་ངེད་གཉིས་ཀྱི་བླ་མ་རྡོ་རྗེ་འཆང་དགོངས་པ་ཞི་བར་གཤེགས་ཟིན་པས་བཀའ་སྐྱོན་ཕེབས་དོགས་མ་དགོས་ཀྱང་། སྲུང་མ་རྡོ་རྗེ་ཤུགས་ལྡན་བཞུགས་ཡོད་སྟབས། རྙིང་ཆོས་གསན་བསམ་ཟིན་པ་རྣམས་འཆད་སྤེལ་མ་མཛད་ན་ལེགས་ཚུལ་བཀའ་གནང་


JSD005_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བར་བརྟེན་རྟ་མགྲིན་ཡང་གསང་གི་བཀའ་དབང་དེའང་ཆེས་ཤིན་ཏུ་གསང་བའི་སྒོ་ནས་སྦྱིན་བདག་སོགས་འགའ་ཞིག་ཙམ་ལས་གཞན་ལ་མ་གནང་སྟབས། གུས་སློབ་བདག་གིས་ཀྱང་ནོད་པའི་སྐལ་བར་མ་གྱུར་ཞིང་། དེ་ནས་བཟུང་རྙིང་མའི་ཆོས་སྐོར་གཞན་རྣམས་ཀྱང་སྤེལ་བར་མ་མཛད་པ་ཡིན་ནོ། །༽ཞེས་བཀོད་པ་ལ་དཔྱད་པར་བྱ་སྟེ། བྲག་རི་རིན་པོ་ཆེ་སྐུ་ཕྲེང་གོང་མའི་གོང་མ་པདྨ་ཀུན་བཟང་ཞུ་བ་ཕ་བོང་ཁ་པ་ལ་རྙིང་སྩལ་བ་པོ་དེའི་རིང་ནས་རྙིང་མ་ཡིན་པར་བཤད་བཞིན། དེའི་སྤྲུལ་བརྒྱུད་ཀྱིས་རྙིང་ཆོས་གནང་བ་ལ་བཀག་འགོག་འབད་ནས་བྱེད་པ་ཡང་འོས་ཤིང་འཐད་པ་མ་ཡིན། བྲག་རི་རིན་པོ་ཆེས་ལྷ་བཙུན་རིན་པོ་ཆེ་བླ་མར་བསྟེན་ཏེ་རྙིང་ཆོས་ཀྱི་དབང་ལུང་འགའ་ཞུས་པ་དང་། རྟ་མགྲིན་ཡང་གསང་གི་བསྙེན་པ་ཡང་བསྐྱེལ་ཟིན་མཚམས། དངོས་གྲུབ་ཐོབ་ཁར་


JSD005_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་དུ་གྱུར་པ། ཆིབས་ལས་ལྷུང་བ་དང་། རི་ཁྲོད་དུ་རི་བྱ་བབས་པ་ཙམ་གྱི་རྣམ་རྟོག་གི་རྐྱེན་ཆུང་ངུ་དེ་ཙམ་ཡང་ལམ་དུ་ཁྱེར་མ་ནུས་པའི་ཁར། བདུད་བཤེས་གཉེན་དུ་བརྫུས་པའི་བསླུ་བྲིད་ཀྱི་ངག་ལ་མཉན་ནས། བྱིན་རླབས་དང་དངོས་གྲུབ་ཀྱི་རྩ་བ་བླ་མ་དང་ཡི་དམ། དེ་སྒྲུབ་པའི་ཐབས་རྙིང་མའི་ཆོས་དང་དམ་ཚིག་བཅས་པ་རྩྭ་ལྟར་དོར་བའི་ལོ་རྒྱུས་བཀོད་པ་འདི་རང་གི་བླ་མའི་སྐྱོན་མཛུབ་མོས་བྲུས་པར་ཟད་དོ། ད་ལྟའི་ཁྲི་བྱང་རིན་པོ་ཆེས་རང་གི་ཚ་བོ་ཡིན་པ་བྲག་རི་སྤྲུལ་སྐུར་ཆོས་སྤོང་བར་བསྐུལ་བས་མ་ཚད་བླ་མ་དང་གསང་སྔགས་ཀྱི་དམ་ཚིག་ལས་འགལ་བ་དེ་ཉེས་པ་ཆུང་3བར་བརྩིས་ཏེ། དེ་བས་ཤུགས་ལྡན་དང་འགལ་བ་བྱུང་ན་ཉེས་ཚབས་ཆེས་ཆེ་བ་ལྟར་བཀོད་ནས་འཇིགས་སྣང་བསྐུལ་བ་དང་བཅས་གསང་ཆེན་ཟབ་མོའི་


JSD005_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གྲོལ་ཕྲིན་ལས་ཀྱི་སྒོ་བཀག་པ་འདི་ནི་བསྟན་པ་ཐམས་ཅད་འགལ་མེད་དུ་མ་རྟོགས་པ་དང་། ཐོས་པ་ཕྱོགས་རེར་གྱུར་པ་མ་ཟད་ཐེག་ཆེན་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཡོངས་སུ་འགལ་བར་མཐོང་ངོ་། །ཛེ་སྨད་ཁྱོད་རང་གིས་ཀྱང་བྲག་རི་སྤྲུལ་སྐུའི་དྲུང་ནས་རྙིང་ཆོས་རྟ་མགྲིན་ཡང་གསང་གི་བེའུ་བུམ་ཞུས་འདུག་པ་དེ་ཁྱོད་ཀྱིས་ད་ལྟ་སྤངས་སམ་མ་སྤངས། སྤངས་ན་ནི་ཆོས་སྤོང་ལས་ངན་དམྱལ་བའི་རྒྱུ་བསྒྲུབས་ཚར། མ་སྤངས་ན་ནི་དགའ་ལྡན་རིང་ལུགས་གཙང་མ་ལ་ལྟ་གྲུབ་ཆལ་ཆོལ་རྙིང་ཆོས་ཀྱི་བསྲེ་བསླད་བྱེད་པར་སོང་བས། རྒྱལ་ཆེན་གྱིས་ཁྱོད་ལ་དགའ་ལྡན་པའི་བླ་མ་ཞིང་གཤེགས་གོང་དུ་སྨྲོས་པ་རྣམས་དང་འདྲ་བར་བཀའ་ཆད་དྲག་པོ་ཐོག་ལྟར་འབེབས་པར་ཅིས་མི་འགྱུར། དེས་ན་ཁྱེད་ཅག་ཕ་བོང་ཁ་པ་བརྒྱུད་པ་དང་བཅས་པ་ཚང་མ་ཆོས་དང་དམ་


JSD005_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ལྷ་དང་བླ་མར་བཅས་པ་འུར་རྡོར་འཕངས་པ་ཤ་སྟག་མ་ཡིན་ན་གང་ཡིན། དེ་འདྲའི་གནོང་ཡོད་པ་བཀབ་ནས་ད་དུང་དཀར་རྙིང་སོགས་ཀྱི་ཆོས་དང་བླ་མ་ལ་དཔྱས་གདགས་པ་ནི། ཇི་སྐད་དུ། རང་སྐྱོན་རི་བོ་ཙམ་ཡང་ཁོང་དུ་སྦེད། །གཞན་སྐྱོན་ཏིལ་འབྲུ་ཙམ་ཡང་འབད་༈པས་སྒྲོགས། །ཞེས་གསུངས་པ་འདི་ཁོ་ནའོ། །དེ་ལྟར་གངས་ཅན་བསྟན་པའི་ཕྱི་མོ་སྔ་འགྱུར་བསྟན་པའི་སྙིང་པོ་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་དང་། དེ་འཛིན་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་རྣམས་དང་། ཡེ་ཤེས་ལྷ་དང་བསྟན་སྲུང་དམ་ཅན་བཅས་པར་སྙིང་ནས་ལོག་པར་བལྟས་ཏེ་རང་གིས་སྤངས་པ་དང་། རང་ལ་ལྟོས་པ་སོགས་གཞན་དག་ཀྱང་སྤོང་དུ་འཇུག་ཅིང་མོས་པ་ལྡོག་པའི་ཐབས་དངོས་དང་བརྒྱུད་ནས་སངས་རྒྱས་བསྟན་ལ་དབྱེན་སྦྱོར་


JSD005_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་དཀྲུགས་ཐན་སྐྱེལ་ངན་པ་བྱེད་པ་དེ་དག་ནི་བསྟན་པ་ནང་ནས་བཤིག་པའི་སྨོན་ལམ་ལོག་པའི་དགེ་སྦྱོང་མངོན་པའི་ང་རྒྱལ་ཅན་དེ་འདྲ་དེང་སང་འབྱུང་བ་དང་དེ་དག་ཕྱོགས་རིས་ཀྱི་ལས་དེས་ངན་སོང་དུ་ལྷུང་བར་གསུངས་ཏེ། འཕགས་པ་ཟླ་བ་དྲི་མ་མེད་པའི་མདོ་ལས། མ་འོངས་པའི་དུས་ན་དགེ་སློང་མངོན་༜པའི་ང་རྒྱལ་ཅན་ཆོས་ལྟར་བཅོས་པ་དུ་མ་འབྱུང་སྟེ། དེའི་ཚེ་རང་གིས་བསླད་པའི་ཆོས་དག་འདྲེས་མར་བྱས་ཏེ་འདི་ནི་དམ་པའོ་ཞེས་སྟོན་ཅིང་། ཆོས་སྨྲ་བ་ ྚ གཞན་ལ་འདུད་པར་མི་བྱེད། ཡོངས་སུ་འདྲི་བར་མི་བྱེད། ཀུན་ནས་མནར་སེམས་པས་སྨོད་པར་བྱེད་དོ། །མི་གཏི་མུག་ཅན་དེ་དག་ནི་དེའི་རྒྱུས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་ལྟར་ང་རྒྱལ་དང་གཏི་མུག་གིས་བྱང་ཆུབ་སེམས་དཔའ་ལ་སྐུར་


JSD005_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སྨོད་པར་བྱེད་པ་དང་ཆོས་ལ་སྡང་ཞིང་བརྙས་པར་བྱེད་པ་ནི། མཚམས་མེད་པ་ལྔ་ལས་ལྕི་བ་དང་། ངུ་འབོད་ལ་སོགས་ངན་འགྲོར་ལྟུང་ཞིང་ཐར་པའི་དུས་མེད་པར་གསུངས་ཏེ། འཕགས་པ་དད་པའི་སྟོབས་བསྐྱེད་པ་ལ་འཇུག་པ་ལས། གང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་རྐྱེན་གང་ཡང་རུང་བས་ཁྱད་དུ་གསད་དེ་སྨྱོས་ན། དེའི་སྡིག་པའི་ལས་ཀྱིས་སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོར་སྐྱེ་སྟེ། ལུས་དཔག་ཚད་ལྔ་བརྒྱ་པ་ལས་མགོ་བོ་ལྔ་བརྒྱ་ཡོད་དེ། མགོ་བོ་རེ་ལ་ལྕེ་བརྒྱ་བརྒྱ་ལྕེ་རེ་ལ་ཡང་ལྕགས་ཀྱི་ཐོང་གཤོལ་འབར་བ་ལྔ་བརྒྱ་ལྔ་བརྒྱས་རྨོའོ། །ཞེས་དང་། གང་བྱང་ཆུབ་སེམས་དཔའ་ལ་སྐུར་པ་འདེབས་པ་ནི། སངས་རྒྱས་ཀྱི་རིགས་གཅོད་པར་ཞུགས་པ་ཡིན་ན། གང་བྱང་ཆུབ་སེམས་དཔའ་ལ་སྐུར་པ་


JSD005_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པ་དེས་དམ་པའི་ཆོས་སྤངས་པ་ཡིན་ནོ། །ཞེས་དང་། གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་དེ། བདོག་པ་ཐམས་ཅད་འཕྲོགས་པ་ལས། གང་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་ཅི་འདྲ་ཡང་རུང་བ་ལ་སྨད་པ་འདི་ནི་སྡིག་པ་དེ་བས་སྡིག་པ་གྲངས་མེད་པ བསྐྱེད་དོ། །ཞེས་གསུངས་པས་ན། བྱང་ཆུབ་སེམས་དཔའ་ལ་ཡང་སྐུར་བ་བཏབ་པའི་ལས་མ་གཏོགས་པ། ལས་གཞན་གང་གིས་ཀྱང་བྱང་ཆུབ་སེམས་དཔའ་ངན་འགྲོར་ལྟུང་མི་ནུས་པར་རབ་ཏུ་ཞི་བ་རྣམ་ངེས་ཆོ་འཕྲུལ་གྱི་མདོ་ལས་གསུངས་ཤིང་། སྡུད་པ་ལས་ཀྱང་། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་བསྟན་ཐོབ་ལ་སེམས་ཁྲོས་རྩོད་པ་རྩོམ་བྱེད་ན། །ཐ་བ་སྐྱོན་ལྡན་སེམས་ཀྱི་སྐད་ཅིག་ཇི་སྙེད་པ། །དེ་སྙེད་བསྐལ་བར་གཞི་ནས་


JSD005_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གོ་ཆ་བགོ་དགོས་སོ། །ཞེས་གསུངས་པ་དང་། མགོན་པོ་བྱམས་པས། འཕགས་ལ་སྐུར་དང་དེས་གསུང་ཆོས་ལ་བརྙས་པ་གང་། །དེ་ཀུན་རྨོངས་པའི་མངོན་ཞེན་བརྟས་བྱས་ཉོན་མོངས་ཡིན། །དེས་ན་ཞེན་ལྟའི་དྲི་ཅན་དེ་ལ་བློ་མི་སྦྱར། །ཞེས་དང་། ཀུན་མཁྱེན་ཀློང་ཆེན་པས། ལོག་རྟོག་ཅན་གྱི་སྐྱེ་བོ་འགའ། །ཆོས་དང་འཕགས་ལ་སྐུར་འདེབས་པའི། །མཚམས་མེད་ལས་ལྕིའི་ཆོས་སྤོང་བའི། །རྗེས་སུ་ཤེས་ལྡན་ཁ་ཅིག་ཀྱང་། ། ཞུགས་ནས་མི་ཟད་སྡིག་པའི་ལས། །བྱེད་པས་ཕྱེ་ལེབ་མེར་མཆོངས་མཚུངས། །ཞེས་གསུངས་ཤིང་། རྒྱུད་བླ་མ་ལས། གང་ཞིག་གང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །ཕ་མ་དགྲ་བཅོམ་གསོད་གང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་


JSD005_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པས་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་གསུངས་སོ། །སྙིགས་མ་ལྔ་བདོའི་དུས་སུ་བདུད་ཁ་ཕྱུར་ནས། ཆོས་ཁྲིམས་ཉམས་པའི་རྟགས་ཆོས་འཆད་སྟོན་པའི་གཟུགས་བརྙན་འདི་འདྲ་འབྱུང་བར་ལུང་བསྟན་པའི་ཐོག་ཏུ་བབས་པ་སྟེ། མ་ཅིག་རྣམ་བཤད་ཆེན་མོ་ལས་ཀྱང་འདི་ལྟར། སངས་རྒྱས་བསྟན་པའི་ཕྱི་དྲོ་མར་བབ་དུས་ཐུག་པས། །ལོག་རྟོག་བདུད་རྣམས་ཁ་ཕྱུར་རྩོད་པ་རྒྱས་པ་འབྱུང་། །དེ་དུས་རྒྱལ་ཁྲིམས་ཆོས་ཁྲིམས་འཆུགས་པ་དང་། །སྙིགས་མ་ལྔ་པོ་བདོ་བའི་དུས་ཡིན་པས། །ཆོས་ཁྲིམས་འཆུགས་རྟགས་ཆོས་འཆད་སྟོན་པ་འདི་འདྲ་འབྱུང་། ། གྲུབ་མཐའ་སྨྲ་སྐད་སྟོན་པ་འགའ་ཞིག་འབྱུང་བ་ཡིས། །ཡིག་ནག་ཀློག་པའི་ཚིག་སྐམ་མང་འགྲེལ་ཡང་། །ཐེག་ཆེན་ལྟ་བའི་ཁྱད་པར་མ་ཤེས་


JSD005_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པས། །བདག་འཛིན་འགོང་པོ་མ་ཐུལ་འཕེལ་གྱུར་པའི། །ཚེ་འདིར་ཞེན་པས་སྙན་གྲགས་འདོད་པའི་ཕྱིར། །འཁོར་མང་བསྡུས་ནས་ཉན་བཤད་བྱེད་མོད་ཀྱང་། །འདོད་པ་ཁོང་དུ་བཅུག་པའི་ཁེངས་སེམས་རབ་ཏུ་རྒྱས། །རང་བས་མཁས་པའི་བདེན་པའི་ཚིག་མདའ་དེ། །རང་གི་སྙིང་ལ་ཟུག་པའི་མཚང་ཆེ་ཁོང་ཁྲོ་འབར། །ཨཁས་པའི་བདེན་ཚིག་བདེན་པར་མཐོང་ན་ཡང་། །རང་མཚང་ཡིན་ཕྱིར་བདེན་པའི་ཚིག་ལ་སྨོད་བྱེད་ཅིང་། །གྲུབ་མཐའ་ལོག་པར་བཟུང་ནས་ཉོན་མོངས་འཕེལ་བར་བྱེད། །རང་བས་ལྷག་པའི་བསོད་ནམས་བསགས་པ་གཞན། །ལྷུན་གྱིས་གྲུབ་པའི་འཁོར་མང་ལོངས་༈ སྤྱོད་འདུ་བ་ཡང་། །ལྷ་མིན་ལྷ་ཡི་དཔལ་ལ་རྩོད་འདྲ་ཡི། །ཕྲག་དོག་དབང་གིས་གཞི་མེད་གྲོས་ངན་བསམ་ཡས་འདིང་། །སངས་རྒྱས་བསྟན་ལ་ཕྱོགས་


JSD005_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

རིས་བགོ་བཤའ་རྒྱག །དམ་པའི་ཆོས་ལ་བདག་འཛིན་ཐེའུ་བཏགས། །བདེ་གཤེགས་སྐུ་ལ་ཕྱོགས་རིས་བླང་དོར་བྱེད། །ནང་པའི་གྲུབ་མཐའ་བཟློག་ནས་རྩོད་གཞི་བཟུང་། །དགེ་སློང་འདུལ་བ་འཛིན་པས་དམག་དཔོན་བྱེད། །དགེ་ཚུལ་གོ་མཚོན་ཐོགས་ནས་འཐབ་ལ་བརྩོན། །གྲུབ་མཐའ་རྩོད་པའི་ཆོས་སྐད་ཆེན་པོ་འདོན། །འཁྲུག་རྩོད་གོང་མའི་ཞབས་ཏོག་བྱས་པར་འདོད། །ཕྱོགས་ཆ་སྡུག་ཞེན་དམ་ཚིག་བསྲུང་སྐད་སྨྲ། །ཚིག་སྐམ་གྲངས་མང་འགྲེལ་པར་གྱུར་པ་ན། །བསྟན་པ་འཛིན་དང་བསྟན་པའི་སྲོག་ཤིང་ཡིན་ཟེར་ནས། །རྣམ་པར་འབྱེད་པའི་ཚིག་ལ་རབ་ཏུ་དགའ་གྱུར་པའི། །ཐོས་པ་མང་པོ་བྱས་པའི་ཁེངས་སེམས་ཀྱིས། །ནང་གི་བྱང་ཆུབ་སེམས་དང་རིང་དུ་སོང་བ་ཡིས། །དད་དང་མོས་གུས་ཞི་དུལ་གསུམ་དང་བྲལ་ནས་ནི། །ཕྲག་དོག་འགྲན་སེམས་


JSD005_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྐྱེད་དབང་དུ་གྱུར་པས་ན། །བསྟན་པ་གཅིག་པའི་མཁན་སློབ་གྲོགས་མཆེད་དང་། །ཁྱད་པར་བུད་མེད་ཟབ་ལམ་མཐུན་པ་རྡོ་རྗེའི་སྤུན་རྣམས་དང་། །གང་ཞིག་གང་གི་སློབ་མར་གྱུར་པ་རྣམས། །མི་མཐུན་རྩོད་དང་དགེ་འདུན་ནང་དམེ་བྱེད། །བསྟན་པའི་ནང་འགལ་དགོན་སྡེ་ཆོལ་བུར་འགྲོ། །བསྟན་པ་ཉམས་པའི་མི་ནག་སྲིད་དུ་བཀོལ། །དམ་ཚིག་ཉམས་པའི་མནའ་ཡི་འབྲེལ་པ་བཞག །གཏམ་མཐའ་ཟས་དང་ནོར་གྱིས་བསྒྲིབ་པ་དང་། །མི་སྡེ་ཡུལ་ཁམས་ཀུན་གྱི་དཀྲུགས་ཤིང་བྱེད། །ཐམས་ཅད་མི་དགེ་འཁྲུགས་པའི་ལས་ལ་སྦྱོར། །དེ་འདྲའི་སྟོན་པ་འགའ་ཞིག་འབྱུང་བ་ཡི། །ཁ་ནས་གསུང་རབ་དྲི་མེད་སིལ་སིལ་སྨྲ། །སེམས་ལ་འདོད་སྲེད་མེ་དཔུང་རབ་ཏུ་འབར། །ལུས་ལ་འདུལ་བའི་ཆས་རྟགས་འཛིན། །རེས་འགའ་མི་ནག་


JSD005_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དཔོན་བྱེད། །རེས་འགའ་བཙུན་པའི་དམག་དཔོན་བྱེད། །རེས་འགའ་དཔོན་སྐྱའི་དཔུང་རོགས་བྱེད། །རེས་འགའ་བཤད་ཉན་སློབ་དཔོན་བྱེད། རེས་འགའ་དགོན་སྡེའི་ཚོགས་དཔོན་བྱེད། །རེས་འགའ་ཚེ་འདས་འདྲེན་སྟོན་བྱེད། །རེས་འགའ་ནད་པའི་སྔས་སྲུང་བྱེད། །རེས་འགའ་ཞལ་ལྕེའི་བཅད་གྲས་བྱེད། །རེས་འགའ་གྲོང་ཆོག་མུ་སྣེ་དེད། །རེས་འགའ་རྨོ་བཀོལ་ལས་དཔོན་བྱེད། །རེས་འགའ་ཚོང་དཔོན་ཟང་ཟིང་གཉེར། །རེས་འགའ་རྐུ་སློང་དཔོན་པོ་བྱེད། །རེས་འགའ་ཟོག་ཆོས་གསོག་འཇོག་བྱེད། །རེས་འགའ་ལུང་བགྲང་སྒྲུབ་པ་བྱེད་ལ་བརྩོན། །རེས་འགའ་བླ་མེད་སྔགས་ཀྱི་ཐེག་པ་ཆེ། །མི་ནག་ཕོ་མོར་ཟས་དང་ནོར་ལ་འཚོང་། །རྙེད་པ་འདོད་ཕྱིར་ཟས་ནོར་བྱིན་ལ་དགའ། །སྔགས་འདོན་གཏོར་མའི་ལས་ལ་ཅུང་ཟད་བརྩོན། །མཐུ་ཆེན་དགྲ་བོ་


JSD005_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་པར་བསྙད་པ་དང་། །འདྲེ་གདོན་ཐུལ་སྙམ་དྲེགས་པས་རབ་ཏུ་ཁེངས། །དེ་འདྲའི་སྟོན་པ་འགའ་ཞིག་འབྱུང་བའི་དུས། ཆོས་ཁྲིམས་ཉམས་རྟགས་ཡིན་ནོ་རིགས་ལྡན་ཀུན། །ཅེས་གསུངས་པ་སོགས་མདོ་དང་དགོངས་འགྲེལ་གྲུབ་པའི་ལུང་ཚད་མའི་གནོད་བྱེད་ཀྱི་མེ་ཆར་དགེ་སྦྱོང་ཆོས་ལྟར་བཅོས་པ་ཁྱེད་ཅག་གི་མགོ་ལ་བབས་པས་མ་ཚད། རིགས་པས་ཀྱང་གྲུབ་སྟེ། འབྱུང་པོ་འདྲེ་གདོན་ལ་སྐྱབས་གནས་ཀྱི་མཆོག་ཏུ་འཛིན་ཅིང་། གསུང་རབ་ལ་ནང་འགལ་མེ་ཆུ་ལྟར་བཟུང་ནས། ཆོས་དང་གང་ཟག་ཁྱད་པར་ཅན་རྣམས་ལ་སྙིང་ནས་སྨོད་པའི་ནག་པོའི་ཆོས་བཞི་ལ་བག་མེད་དུ་སྤྱོད་པའི་༔ དབང་གིས་མཐར་ངན་འགྲོར་ལྟུང་བ་ཨ་ཅང་ཆེ། གནས་སྐབས་སུ་ཡང་དེ་དག་གང་དུ་བསྡད་པ་དང་ཆོས་ར་འཛུག་པ་སོགས་བྱེད་པའི་ཡུལ་ཕྱོགས་དེར་


JSD005_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ནས་ཆོས་ལུགས་བཟང་ཞན་དང་ཕྱོགས་རིས་ཆགས་སྡང་གི་འུད་གཏམ་སྣ་ཚོགས་ཤིག་ལྷགས་ནས་སྐྱེ་བོ་ཕལ་མོ་ཆེ་བློ་འཁོས་སུ་མི་ཕེབས་པ་མངོན་སུམ་ཡོང་གི་འདུག་པ་འདི་དགེ་བའི་བཤེས་གཉེན་ཡང་དག་པ་མ་ཡིན་པའི་རྟགས་སུ་ངེས་ཏེ། རྗེ་བཙུན་ཀུན་དགའ་སྙིང་པོས། སྐྱེས་བུ་དམ་པ་ཞིག་ཡིན་ན་གང་དུ་བྱོན་པའི་ཤུལ་དེར་དད་པ་དང་སྙིང་རྗེ་ཆེ་བ། ཕྱོགས་རིས་དང་ཆགས་སྡང་ཆུང་བ། སྐྱེ་བོ་རྣམས་རྒྱུད་འཇམ་ཤིགས་སེ་འགྲོ་བ་ཞིག་དགོས་པ་ཡིན།བློ ཕྱོགས་རིས་ཁ་འཛིན་ཆགས་སྡང་ཇེ་འཕེལ་དུ་སོང་། དེ་ལ་བརྟེན་ནས་ཁ་མཆུ་གླེང་བརྗོད་འཐབ་རྩོད་སོགས་རྒྱུད་རྩུབ་ཟིང་དུ་སོང་ན་མི་དགེ་བའི་བཤེས་གཉེན་ཡིན་པའི་རྟགས་ཡིན་ཞེས་གསུངས་པ་འདི་ཐུགས་བདེན། དེས་ན་ཕྱོགས་རེའི་བློ་ཅན་རྣམས་ངའི་ལུགས་འདི་ཁོ་ན་ཡང་དག་པ་ཡིན་གྱི། གཞན་ནི་


JSD005_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་གོ་ཞེས་སྨྲ་བ་ནི་མུན་སྤྲུལ་ཏེ། ཉྭ་སེར་རང་ལུགས་ཀྱི་ཕྱག་ལེན་དང་གཞུང་ལུགས་རེ་ཟུང་ཙམ་མ་གཏོགས། དཀར་རྙིང་ས་གསུམ་གྱི་ལུགས་ལ་དག་སྣང་དང་གཟིགས་རྒྱ་ཤིན་ཏུ་ཆུང་བས་ཆོས་རྒྱུས་ཆུང་བ་དང་། གཟུ་བོར་མི་གནས་ཤིང་ཆོས་སྤྱན་དང་མི་ལྡན་ཀྱང་དབང་ཡོད་ཁ་དྲག་ལྟ་བུས་ཆོས་ལུགས་ལ་ཡག་གཙོག་དང་། བརྒྱུད་པ་བཟང་ངན་གྱི་སྐད་ཆ་མང་ཞིང་གཞན་ལུགས་ལྟ་ཞོག །དགེ་ལུགས་པ་རང་ཕྱོགས་ལའང་ནང་ཕན་ཚུན་རྒྱུ་མཚན་མེད་པའི་དོགས་འཛེམ་བྱེད་པ་འདི་དག་དགེ་ལྡན་པའི་བསྟན་འཛིན་ཚད་ལྡན་དུ་ཆ་འཇོག་དཀའ་སྟེ། བསྟན་པ་དཀྲུགས་པའི་བདུད་ཀྱི་ལས་སུ་ཆེ་བས་སོ། །དེ་སྐད་དུ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། ཇི་ལྟར་རང་འདོད་དབང་གྱུར་མི་ཡི་བདག །ས་གཞི་སྐྱོང་ལ་ནུས་ཐོབ་མིན་པ་


JSD005_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །ཕྱོགས་རེའི་བློ་ཅན་ཐུབ་བསྟན་ལྟ་ཅི་སྨྲོས། །རང་ལུགས་འཛིན་ལའང་ཚད་མའི་སྐྱེས་བུ་མིན། །དམ་པ་རྣམས་ནི་མཐར་ཐུག་དགོངས་གཞི་གཅིག ང་རྒྱལ་ཅན་གྱིས་རང་འདོད་དུ་མར་བཀྱོག །ཐུབ་བསྟན་འགལ་མེད་སྒྲུབ་ན་མཁས་མོད་ཀྱི། །བསྟན་པ་དཀྲུགས་པའི་བསྟན་འཛིན་སུ་ཡི་འཕྲུལ། །ཞེ་གསུངས། དམ་པའི་ཆོས་ལ་ཕྱོགས་རིས་ཕྲག་དོག་ཅན་དམ་སྲིས་རྒྱུད་བསྐུལ་ཏེ། བསྟན་པ་ནང་ནས་བཤིག་པའི་བདུད་ཀྱི་གསང་ཚིག་ཕན་མེད་གནོད་པའི་ལ རང་བཞིན་ཁ་ནས་ཞར་དང་ཞོར་ལ་ཐོན་པའི། རྫུན་པོ་ཆེ་ལ་གཏན་ཚིགས་མང་ཟེར་བའི་དཔེ་ལྟར། ཆོས་དང་སྲིད་ཕན་ཚུན་སྲ་བསྲེ་དང་འབྲེལ་པའི་གཏམ་ཉོབ་ཚིག་རོ་རྫུན་རྒྱབ་རྫུན་གྱིས་བྱས་པ་དོན་མེད་ཕྱོགས་ལྷུང་གི་འཆལ་གཏམ་མ་དག་པ་འདི་འདྲ་ཡུལ་དུས་གནས་སྐབས་ངན་པ་འདི་འདྲར་འགྲོ་བརྩིས་ནས་


JSD005_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་ལྐོག་གཉིས་ཀར་ཁྱབ་སྤེལ་བྱས་པའི་དེབ་སེར་པོ་འདི། གཟས་པའི་ཁར་མ་ཕོག་པར་མ་གཟས་པའི་སྣར་ཕོག་སྟེ་ཞེ་ལ་བརྣག་པའི་དོན་འགྲུབ་པ་ལྟ་ཞོག །ད་ཙམ་ན་བོད་དབུ་དམངས་ཚང་མས་ཐག་པ་ནག་པོ་དུག་སྦྲུལ་དུ་འཁྲུལ་པའི་མཚང་ཕུག་ནས་རིག་སྟེ་བསམ་སྦྱོར་ངན་པའི་འབྲས་བུ་རང་ཐོག་ཏུ་འཁོར་ནས་བརྒྱ་ཁ་མང་གིས་གླེང་། སྟོང་མིག་མང་གིས་བལྟ་ཞིང་འདུག་པ། འདི་འདྲའི་རྙོག་མ་གཏིང་སློང་བྱེད་པོ་རྙིང་མ་བ་རེད་དམ་ཁྱེད་ཅག་དགེ་ལྡན་པར་ཁས་འཆེ་བའི་ཕྱོགས་ལྷུང་ཅན་རྣམས་རེད་ལེགས་པར་སོམས་ཤིག །ཁོ་བོས་སྲང་མདོའི་གཏམ་ཙམ་ལ་ཡིད་མ་རྟོན་པར་མངོན་སུམ་དང་ལྐོག་གྱུར་ལ་མི་བསླུ་བའི་ལུང་རིགས་ཚད་མས་དགག་བཞག་ཅུང་ཟད་བགྱིས་པ་འདིས་ཕྲག་དོག་ཅན་ལེགས་སྐར་དང་ལྷས་སྦྱིན་གྱི་བརྟུལ་


JSD005_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་འཛིན་པ་ཉུང་ཟད་ཅིག་འདུལ་མི་ནུས་ཀྱང་། དྲང་པོའི་བློ་ཅན་རྣམས་ཀྱི་ལོག་རྟོག་ཞི་བའི་སྨན་ཡོན་དུ་འགྱུར་བར་ཤེས་ནས་འབད་པས་བྲིས་པ་སྟེ། རྫ་དཔལ་སྤྲལ་རིན་པོ་ཆེས། དེ་སོགས་རང་བཟོའི་ཆོས་སྐད་ཀྱིས། །མྱོང་པའི་རྟོག་གེ་འཆལ་པ་དག །རྒྱལ་བའི་བཀའ་ཡང་ལྷམ་ནང་གི། །རྩྭ་ལྟར་འདོར་ན གཞན་གྱིས་ཅི། །གྲུབ་པའི་ཉམས་མྱོང་ལག་རྗེས་དང་། །མཁས་པའི་ལུང་རིགས་རྣམ་དག་གིས། །ཕྲག་དོག་ཅན་གདུལ་མི་ནུས་ཏེ། །ཐུབ་པ་མཆོག་དང་ལྷས་སྦྱིན་བཞིན། །ཞེས་གསུངས་པ་ལྟར་རོ། །ཡང་ཛེ་སྨད་ཀྱིས་དམ་པའི་བླ་སྤྲུལ་དང་མི་དྲག་རྣམས་ལ་སེང་གེའི་གསོབ་བསྟན་ནས་བྱིས་པ་རྣམས་ལ་ཞེད་སྣང་བསྐུལ་བའི་བར་སྐབས་ཀྱི་ཚིགས་བཅད་འདི་ལྟར། ༼འདིར་སྨྲས་པ། བདུད་རྩིའི་ཟེགས་མ་ཕྱོགས་སུ་འགྲིམ་པས་སྙིང་ལ་དགའ་བའི་མཆོག་ཐོབ་


JSD005_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །རེ་བའི་མིག་འབུར་གྱེན་དུ་འདེགས་པ་ཐར་འདོད་སྐྱེ་རྒུའི་ཕན་བདེའི་དཔལ། །དུས་སུ་སྒྲུབ་བྱེད་དགེ་ལྡན་རང་སྲོལ་ཆུ་ཁུར་འཛིན་པའི་སྤྲིན་གྱི་ཕྲེང་། །ལང་ལོང་གཡོ་བའི་གར་གྱི་རོལ་པས་གདུང་སེལ་མངོན་དགའི་བསིལ་བ་འབེབས། །ཞི་བའི་གྲིབ་བསིལ་སྣུམ་པོར་འཁོར་ཞིང་ལུང་རྟོགས་ནོར་བུའི་གདེངས་ཀས་བརྗིད་པར་སྙེམས་མོད་ཀྱི། །ལྟ་སྤྱོད་འཆལ་བའི་རོ་འཛིན་ཟུང་གིས་ནག་པོ་བརྩེགས་པའི་རྡུལ་མང་གཡོ་བའི་གྱ་གྱུ་ཅན། །དམ་པའི་ཚོགས་ཀྱང་ཡོན་པོར་མི་གཏོང་བཤོག་རླབས་རལ་གྲིའི་འཕྲུལ་འཁོར་གདེངས་པའི་འཕྲིན་ལས་ཀྱིས། །ཙིཏྟའི་དྭངས་མ་བཟང་བའི་ཕུད་དུ་༜ གཡོས་སུ་སྦྱར་བའི་གཏམ་གྱི་སརྒ་ཉེར་བསྡུས་ནས། །ཚིག་ཏུ་སྙན་པའི་གྲགས་པ་ཡིད་འོང་མུ་ཏིག་དོ་ཤལ་ཕྱོགས་ཀྱི་དགའ་མའི་རྒྱན་མཛེས་ཤིང་། །དབང་


JSD005_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྟོབས་འབྱོར་རིགས་ཀྱིས་ཆེ་བའི་སྤོབས་པ་མངོན་མཐོ་རྐང་གཉིས་རྗེ་བོར་གྱུར་རྣམས་ཀྱང་། །ལྟར་སྣང་ཟབ་མོའི་མིང་གིས་འབྲིད་དེ་དགེ་ལྡན་བསྟན་ལ་དྭང་བ་ལྷོད་པའི་ཧཱུཾ་སྒྲ་ཅན། །གང་ཞིག་གང་གི་འཕྲིན་ལས་འོད་སྟོང་སྣང་བའི་མཚོན་གྱིས་ཐལ་བར་གཞོམ་པའི་གཏམ་འདི་སྤྲོ། །ངོ་མཚར་བྱུང་བ་གླེང་བའི་ཕྱིར། །ཀུན་གྱི་ཡི་ག་འཇོ་བའི་དཔྱིད། །ཅི་སླད་ཕང་འགྲོ་མི་བསྒྲར་ཏེ། །མཚོ་བྱུང་སྙིང་ལ་རོལ་པས་སོ། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །༽ ཞེས་བཀོད་པ་ལ་དཔྱད་ན། ཚིག་གི་སྐྱོན་ཆུ་ཁུར་འཛིན་པའི་སྤྲིན་ཞེས་འཛིན་བྱ་འཛིན་བྱེད་གཉིས་ཀ་དོན་ཐ་དད་མ་དམིགས་ཕྱིར་ཟློས་སྐྱོན་ཡིན། ཧཱུཾ་སྒྲ་ཅན་ཞེས་འུག་པ་ལ་སྦྱར་བ་མི་འཐད་དེ། རྒྱུད་ལས། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོགས་ཤིང་། །ཞེས་ཁྲོ་བོའི་རྒྱལ་པོ་སྤྱིའི་མཚན་ལ་འཇུག་པ་དེ་ཐན་བྱ་


JSD005_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦྱར་བ་བླུན་རྟགས་སོ། །དོན་ལའང་སྐྱོན་མཆིས་ཏེ། དམ་པའི་སྐྱེས་བུ་ཡིན་པ་དང་། ལྟ་སྤྱོད་འཆལ་པོ་ཡིན་པ་ཇི་ལྟར་མི་ཡང་མི་དྲག་འགའ་ཞིག་ཆོས་ཟབ་མོ་ཕྱག་རྫོགས་ཀྱི་ཆེ་བ་ཐོས་ནས་དེར་ཞུགས་པ་བསླུ་བྲིད་དབང་དུ་སོང་བ་དང་། དེས་དགའ་ལྡན་བསྟན་ལ་དང་བ་ལྷོད་པར་གྱུར་ནས་ཤུགས་ལྡན་གྱིས་རྡུལ་དུ་བརླག་པའི་འོས་སུ་བཀོད་པ་བཅས་དངོས་འགལ་ཤ་སྟག་བྲིས་པའི་འཁྱོག་ཚིག་ངན་པ་དེ་ལྟ་བུ་ལ། བྱི་ལས་མ་རང་གི་རྟུག་པ་གསེར་དུ་མཐོང་བ་བཞིན། ངོ་མཚར་ཆེ་བའི་བར་སྐབས་ཀྱི་ཚིག་ཀུན་གྱི་ཞེ་ལ་འབབ་པ་འདི་ནི་དབྱངས་ཅན་མ་ངག་ལ་རོལ་པའི་མཐུ་ལས་ཡིན་པར་བཤད་པ་ཡང་དངོས་པོའི་རང་མདོག་དང་ཆེས་མི་མཐུན་པའི་གཏམ་ངོ་ཚ་དང་ཡོངས་སུ་བྲལ་བའོ། །སླར་ཡང་གཞུང་དགའ་ལྡན་ཕོ་བྲང་གི་རྗེ་


JSD005_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་མང་པོ་ཞིག་ལ་སྨད་པར་འདོད་ནས་ཛེ་སྨད་ན་རེ། ༼ད་ནི་ལུང་དང་ལས་ཀས་མངོན་པར་མཐོ་བའི་སྡེ་དཔོན་མི་དྲག་རྣམས་ལ་དྲག་པོའི་ཆད་ལས་ཐོག ཏུ་བབས་པའི་ཚུལ་དག་བརྗོད་པར་བྱ་བ་ལ། དེ་ཡང་ཐོག་མར་ཟུར་ཁང་པ་བཀའ་དྲུང་ཆེ་བ་རིམ་བཞི་པདྨ་དབང་ཆེན་ཞེས་པ་ལྟ་གྲུབ་མི་གཙང་བའི་འཆལ་སྤྱོད་ཀྱིས་རྐྱེན་འདས་སུ་གྱུར་པའི་ཚུལ་གླེང་བར་བྱ་སྟེ། དེ་ཡང་སྤྱིར་གཟིམ་ཤག་ཟུར་ཁང་པ་འདིའི་རིགས་བརྒྱུད་ནི། རྒྱལ་མཆོག་བདུན་པ་སྐལ་བཟང་རྒྱ་ ི་མཚོའི་སྐུ་དུས་སུ། སྔོན་མངའ་བདག་འོད་སྲུང་ནས་མཆེད་པའི་མངའ་རིས་གུ་གེ་རྒྱལ་པོའི་གདུང་བརྒྱུད་སོར་མོ་དྲ་བས་འབྲེལ་བ་ཞིག་ཡུལ་དབུས་ལྷ་ལྡན དུ་སླེབས་པར། ས་ཁང་ཕ་གཞིས་བདག་རྐྱེན་སྩལ་བར་མིང་ཟུར་ཁང་དུ་གྲགས་ཤིང་། ཟུར་ཁང་ཞེས་པའི་མིང་ཐོགས་དོན་ནི། ཆོས་རྒྱལ་གྱི་གདུང་ལས་


JSD005_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་དུ་མཆེད་པའི་གཟིམ་ཁང་ལ་ཟེར་བ་ཡིན་ཞེས་གླེང་བར་འདུག་ཀྱང་། གཟིམ་ཤག་དེ་ཉིད་གཙུག་ལག་ཁང་གི་ཟུར་འགྲམ་དུ་ཡོད་པའི་སྟབས་ཀྱིས་མིང་དེ་ལྟར་ཐོགས་སམ་སྙམ་པ་དང་། གང་ལྟར་དེའི་རིགས་བརྒྱུད་ལས་གཞུང་ཞབས་སེར་མོ་བ་ཞིག་ལ་ལས་འགན་འགྲུབ་མིན་གྱི་བཀའ་ཉེས་ཕོག་པ་རྐྱེན་ངན་གྲོགས་སུ་ཤར་ཏེ་ཆོས་ཕྱོགས་ཉམས་བཞེས་མཐར་ཕྱིན་མཛད་པར་ཨོ་རྒྱན་ཟུར་རྗེ་གླིང་པ་ཞེས་གྲགས་པ་བྱུང་ཞིང་། དེ་ག་ནས་རིམ་པར་བརྒྱུད་དེ་སྐབས་ཤིག་ཟུར་ཁང་ཐའི་ཇི་ཚེ་བརྟན་རྡོ་རྗེའི་རིགས་བརྒྱུད་དུ་བུ་གཉིས་བྱུང་བའི་གཞོན་པ་རྡོ་རྗེ་རྒྱལ་པོ་ཞེས་འཆལ་འཆོལ་སྨྱོ་སྤྱོད་ལྟ་བུའི་བརྟན་ཞུགས་བཟུང་བ་ཞིག་ཡོད་པ་ཟུར་དུ་ཐོན་ཏེ་བགོ་སྐལ་དུ་ཟུར་ཁང་ནས་བདེ་ཆེན་ཁ་རོབ་ཤན་ཁའི་གཞིས་ཀ་སྤྲད་ཅིང་། དེའི་བུ་ལ་ཆོས་སྐྱོང་ཤུགས་ལྡན་


JSD005_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཁོག་ཕེབས་ཀྱིས་ཁ་རོབ་ཤན་ཁའི་ཆོས་རྗེ་ཞེས་གྲགས་པ་དང་། དེའི་བུ་མཁན་ཆུང་བྱམས་པ་ཆོས་དབང་གི་སྤུན་གཞོན་པ་ཤོད་དྲུང་རྣམ་དཔོན་རྡོ་རྗེ་དགྲ་འདུལ་གྱི་བུ་ལ་དུས་ཕྱིས་ཀྱང་ཤུགས་ལྡན་ཁོག་ཞུགས་བབས་མུས་སུ་ཡོད་པ་དང་། བུ་རྒན་པ་ཟུར་ཁང་རང་དུ་རིགས་བརྒྱུད་འཛིན་མཁན་གྱི་དམིགས་ཡུལ་དུ་སྡོད་རྩིས་ཡོད་ཀྱང་། དེ་ཉིད་སྤྱི་ཁྱབ་མཁན་པོ་དཔལ་ལྡན་དོན་གྲུབ་ཀྱིས་གཟིམ་ཤག་བཤད་སྒྲའི་མག་པར་བཙན་ཤེད་ཀྱིས་བཏང་སྟེ་བཤད་སྒྲའི་རྩིས་དཔོན་དུ་གྲགས་པ་དེ་བྱུང་ལ། སྐབས་དེར་ཟུར་ཁང་རང་དུ་སྔོན་གྱི་རིགས་བརྒྱུད་ཐད་མོ་བརྒྱུད་ཙམ་ལས་མེད་སྟབས། རྒྱལ་རྩེ་ལྕང་ལོ་པའི་རིགས་བརྒྱུད་དབང་ཆེན་ནོར་བུ་ཞེས་པ་མག་པར་བླངས་ཏེ། དེའི་བུ་བསོད་ནམས་དབང་ཆེན་དང་། དེའི་བུ་པདྨ་དབང་ཆེན་ཡིན་ལ། འདི་ཉིད་རྒྱ་བོད་ཀྱི་སྐད་དང་


JSD005_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་རྩིས་སོགས་ལ་རྣམ་དཔྱོད་ཤེས་རབ་ཀྱི་རྩལ་ཆེ་ཞིང་། སྙན་སུམ་སོགས་ཐ་སྙད་རིག་པའི་གནས་ལ་མཚོན་ནའང་ཤིན་ཏུ་མཁས་པ་དཔེར་ན་སུམ་རྟགས་ཀྱི་ཟླ་སྡུད་ཀྱི་དཔེར་བརྗོད་གཅིག་བརྩམས་འདུག་པར། ཀ་མ་ལ་དག་དགོད་པའི་སྐྱེད་ཚལ་ན། །ཁ་མིན་འདབ་མས་གླུ་ལེན་རྐང་དྲུག་གོ། །ག་ལ་བ་དེར་སྡིག་པའི་དྲི་འཐུལ་བ། །ང་དང་ང་འདྲའི་རིགས་རྣམས་ཡིད་དྲང་ངོ་། །ཅ་ཅོ་མ་ལགས་དཔལ་དང་ཡོན་ཏན་གྱི། །ཆ་ཤས་ཡོངས་རྫོགས་བླ་མར་བློ་གཏད་དོ། །ཇ་ཆང་ཐར་ལམ་མིན་ཞེས་གླིང་བཞི་ན། །ཉ་རྒྱས་ཟླ་བས་སྤྱོད་པ་འདི་ཡིན་ནོ། །ཞེས་སོགས་བྲིས་འདུག་པར་བརྟག་༜ནའང་ཤེས་ཡོན་གྱི་འདབ་སྟོང་བཀྲ་བར་ཡང་དག་པའི་འབྲས་བུའི་གཏན་ཚིགས་ཀྱིས་དཔོགས་ནུས་པར་སྣང་ཞིང་། དེ་ལྟར་ཆོས་སྲིད་ལུགས་གཉིས་ཀྱི་


JSD005_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྒྱ་ཆེ་བས་ལྔ་རིག་སྨྲ་བའི་དབང་ཕྱུག་དགེ་བཤེས་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་རིན་པོ་ཆེས་ཀྱང་། ཁྱིམ་པ་པཎྜི་ཏ་ཞེས་བསྔགས་བརྗོད་མཛད་ཅིང་། དེ་ཉིད་རང་ལོ་བཅུ་བཞི་པར་གཞུང་གནས་ནས་༧རྒྱལ་བའི་ཕེབས་བྱམས་འགོ་པ་དང་། དེ་རྗེས་བཀའ་ཤག་ལས་ཁུངས་ཀྱི་དྲུང་ཡིག་ཏུ་བསྐོ་བཞག་མཛད་པར་བྱས་རྗེས་གཟེངས་ཐོན་བྱུང་བར་བརྟེན་༧ རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཀྱང་འདི་ཉིད་གནས་ ི སྤར་མཛད་དེ་བཀའ་དྲུང་ཆེ་བ་རིམ་བཞི་ཞེས་པའི་གོ་གནས་ཀྱི་མིང་གི་ཐོག །དབང་ཚད་བཀའ་བློན་རྣམས་དང་འདྲ་མཉམ་སྩལ་བས་འཇིག་རྟེན་སྲིད་ལུགས་ལའང་ཕུན་སུམ་ཚོགས་ཤིང་། འོན་ཀྱང་རང་གི་སྔར་སྲོལ་ཕ་མེས་ཀྱི་ལུགས་བཟུང་ལྟར་ཆོས་སྐྱོང་རྡོ་རྗེ་ཤུགས་ལྡན་ལ་བརྟེན་ཅིང་དགེ་ལྡན་ལྟ་གྲུབ་གཙང་


JSD005_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མར་སྐྱོང་བ་ཞིག་མ་བྱུང་བར་འདུག་ཅིང་། དེ་ཡང་། གོང་བརྗོད་ཟུར་ཁང་པའི་མི་བརྒྱུད་ངོ་མ་རྡོ་རྗེ་རྒྱལ་པོ་ཟུར་མཆེད་ཀྱིས་ཁ་རོབ་ཤན་ཁར་གནས་འཁོད་བྱས་ཤིང་། འདིའི་རིགས་བརྒྱུད་ཁོངས་ནས་མི་ངོ་རེར་ཆོས་སྐྱོང་ཤུགས་ལྡན་དང་། ཆོས་སྐྱོང་བསེ་ཁྲབ། བཀའ་སྲུང་ཁ་ཆེ་དམར་པོ་བཅས་ཁོག་ཞུགས་བྱ་མུས་ལ་བརྟེན་ལྷ་ལྡན་ཟུར་ཁང་ཟིམ་ཤག་ཏུའང་གལ་ཆེ་ནམ་ཡིན་ལ་གསོལ་ཁ་དང་། ལྷག་པར་ལོ་གསོལ་ལྟ་བུར་ལོ་རེ་བཞིན་འཆར་ཅན་བོད་ཟླ་དང་པོ་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཉིན་ཁ་རོབ་ཤན་ཁའི་སྐུ་རྟེན་ཆེད་འབོད་ཀྱིས། ཚེས་བརྒྱད་ལྷ་གསོལ་ཞེས་ལྷ་ལྡན་ཟུར་ཁང་དུ་རྒྱལ་༔ ཆེན་ཤུགས་ལྡན་སྐུ་གསོལ་ཞུ་དགོས་ལ། སྐབས་དེར་ཟུར་ཁང་པའི་མི་བརྒྱུད་གྲས་ནས་མི་ཚང་གཞན་གྱི་ཁྱིམ་ཐབ་ཏུ་བསྐྱོད་པ་སོགས་ཉེ་སྐོར་དུ་གཉེན་ཉེ་ཇི་


JSD005_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཚང་འཛོམས་ཀྱིས་གཟབ་མཆོར་དང་བཅས་ལྷ་གསོལ་ཞུ་བ་དང་། དེ་རྗེས་ཐུགས་སྤྲོ་བཏང་བ་སོགས་བྱ་སྲོལ་མ་ནུབ་པ་ཡོད་པ་ལྟར། རི་བོ་དགེ་ལྡན་པའི་བསྟན་པ་དང་། བསྟན་སྲུང་ལ་བསྟེན་མཆོད་སྲི་ཞུའི་སྒོ་ནས་གཅེས་སྤྲས་འཛིན་སྐྱོང་བྱ་བར་འོས་པ་དེ་ལྟར་ཡང་། པདྨ་དབང་ཆེན་ཉིད་ཀྱི་ཕ་མེས་དུས ལྟ་གྲུབ་འཆལ་བར་སྤྱོད་དེ་རྙིང་མའི་རིང་ལུགས་ལ་མོས་པ་ལྷུར་ལེན་པའི་དབང་གིས་སྐྱེད་བྱེད་ཞབས་པད་བསོད་ནམས་དབང་ཆེན་ཡང་ཉག་རོང་གཏེར སྟོན་བསོད་རྒྱལ་སོགས་ལ་བསྟེན་གཏུགས་བགྱིས་པས་བགྲང་བྱ་སུམ་ཅུ་སོ་བདུན་པར་ཁྲག་རླུང་སྟོད་འཚང་ལྟ་བུས་གློ་བུར་འདས་གྲོང་སོང་བ་དང་། དེ་རྗེས་ལྷ་སར་ཆུ་བྱི་རྒྱ་དམག་གི་དམག་འཁྲུགས་ཀྱི་རྗེས་ཟུར་ཁང་པའི་ཁང་པ་གསར་པ་ཨར་རྒྱག་སྐབས། ཐོག་མར་ཆོས་སྐྱོང་གི་ལུང་དུ། གསེང་གཡབ་


JSD005_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་བཞེངས་དགོས་གསུངས་ཀྱང་། སྐབས་དེར་ཟུར་ཁང་ཞབས་པད་བསོད་ནམས་དབང་ཆེན འདས་ཏེ་རིགས་མྱུག་རྣམས་འཚར་ལོངས་མ་ཐུབ་པའི་དབར་ཟུར་ཁང་ནང་གི་ལས་དོན་གྱི་དབང་འཛིན་བྱ་མཁན་རྗེ་བཙུན་མ་སྐལ་བཟང་ཆོས་སྒྲོན་ཞེས་པ་རྙིང་ཆོས་ལ་མོས་པ་ཞིག་ཡོད་པ་དེས་ཕར་འགྱངས་ནར་ལུས་སུ་བཞག་པ། རྗེ་སོར་བསྐྱར་དུ་ཆོས་སྐྱོང་ལ་གསེང་གཡབ་ཐོག་གི་སྐུ་འདྲ་བཞེངས་རྒྱུ་བཀའ་འདྲི་ཞུས་པར། གུ་རུ་སྣང་སྲིད་ཟིལ་གནོན་བཞེངས་ཞེས་པ་དང་། དེ་སྐབས་མགོན་ཁང་གསར་རྒྱག་ནང་དུ་ཡོད་པའི་ཆོས་སྐྱོང་གི་སྐུ་ཆས་བསྒྲིགས་༴བཤམས་བྱས་པ་རྣམས་མཚན་གཅིག་ལ་མར་ས་སྟེང་དུ་གཡུགས་ནས་ཡོད་པ་དང་། དེ་ཕྱིན་ཆོས་སྐྱོང་གི་བཀའ་ལུང་དུ་ཟུར་ཁང་པའི་སྤྱིའི་རིམ་གྲོར་ཡང་།


JSD005_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུའི་ཚོགས་བསྐོང་སོགས་རྙིང་མའི་ཆོ་གའི་སྐོར་གྱི་རིམ་གྲོ་འབའ་ཞིག་བསྟན་པ་བྱུང་ཞིང་། དགེ་ལྡན་བསྟན་པ་གཙང་མར་སྐྱོང་བའི་ཆོས་སྐྱོང་ཞིག་གིས་དེ་ལྟར་ལུང་བསྟན་མཛད་པ་ཐུགས་ལ་མ་བབས་པའི་མཚན་མར་མངོན་ཞེས་པའི་གཏམ་གླེང་ཡང་བྱུང་འདུག །པདྨ་དབང་ཆེན་ཉིད་ན་ཚོད་གཞོན་ནུའི་དུས་ནས་གྲྭ་ནང་རྒྱས་གླིང་ཚོགས་པའི་བླ་མ་དཔའ་བོ་རིན་པོ་ཆེ་ཞུ་བའི་རྙིང་མའི་བླ་མ་ཞིག་གི་དྲུང་ནས། རྙིང་མའི་དབང་བཀའ་མང་དུ་ཞུས་ཤིང་སྐབས་དེར་པདྨའི་རིགས་ཀྱི་ལྷ་ལ་མེ་ཏོག་ཕོག་པའི་མིང་པདྨ་དབང་ཆེན་དུ་བཏགས་པ་དང་། དེ་རྗེས་རྙིང་མའི་བླ་མ་སྣ་ཚོགས་དང་། གཙོ་བོ་རྫོགས་ཆེན་བླ་མ་བསྟན་འཛིན་གྲགས་པའི་དྲུང་ནས་རྫོགས་ཆེན་སྐོར་མང་དུ་ཉན་པ་དང་། ཀུན་མཁྱེན་ཀློང་ཆེན་པའི་གསུང་ཡོན་ཏན་མཛོད་ཤིང་དཔར་གསར་བརྐོས་བྱས་ཤིང་།


JSD005_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དེའི་དཔར་བྱང་སྨོན་ཚིག་དགེ་བཤེས་ཤེས་རབ་རིན་པོ་ཆེར་ཞུས་པར། དགེ་བཤེས་རིན་པོ་ཆེས་སྨོན་ཚིག་དང་ལྷན་དུ་ཕྱག་བྲིས་སུ། རྣམ་དཔྱོད་མཆིས་ན་གསེར་དང་ནི། །བོང་བ་ནམ་ཡང་མི་སྙོམ་ཞུ། །ཞེས་ལྟ་གྲུབ་རྣམ་པར་དག་དང་མི་དག་གསེར་བོང་མི་མཉམ་པར་བཟུང་དགོས་པའི་སློབ་སྟོན་གནང་ཞིང་། དགེ་བཤེས་ཤེས་རབ་རྒྱ་མཚོ་རིན་པོ་ཆེས་རྫོགས་ཆེན་བླ་མ་བསྟན་འཛིན་གྲགས་པས་བརྩམས་པའི་གཞུང་རྣམས་ལ་ ྨ་དགག་པ་མཛད་པར་བཞེད་དེ། བསྟན་འཛིན་གྲགས་པས་མཛད་པའི་སྨོན་ལམ་བདུད་སྡེ་ཚར་གཅོད་ལ་དགག་པ་གནང་བར། བདུད་བཞི་ཐུལ་བ་སྟོབས་བཅུའི་རྩལ། །བདུད་དཔུང་ཕམ་བྱེད་དམ་པའི་ཆོས། །བདུད་ཀྱིས་མི་ཕྱེད་དགེ་འདུན་ལ། །བདུད་ལས་རྒྱལ་ཕྱིར་གུས་ཕྱག་འཚལ། །བདུད་ཀྱིས་ཕྱེ་བའི་


JSD005_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པ་ནས། །བདུད་ཀྱི་སྨྲ་བ་ལྷུར་ལེན་གང་། །བདུད་ཀྱི་སྡེ་ཞེས་ཆེས་མཚར་མོད། །བདུད་སྡེ་རང་ཉིད་རིགས་པས་གྲུབ། །ཅེས་སོགས་དང་། ཡང་བསྟན་གྲགས་ཀྱིས་བརྩམས་པའི་གང་བློ་མའི་འགྲེལ་པ་བཀྲ་ཤིས་གསེར་གྱི་ཉ་མོ་ཞེས་པར། དགེ་བཤེས་ཤེས་རབ་རྒྱ་མཚོ་རིན་པོ་ཆེས་འགྲེལ་པ་དེར་འཇམ་པོར་བརྟག་པ་ཞེས་དོགས་གནས་མདོར་བསྡུས་པ་རྣམས་གསལ་བའི་སྟོང་ཐུན་གྱི་ཚུལ་དུ་འགོད་པའི་དགག་པ་མཛད་པ་རྣམས་ཀྱང་པདྨ་དབང་ཆེན་གྱིས་དེ་ལྟར་དགག་པ་མི་མཛད་པར་ནན་ཏན་ཞུས་ཏེ་བཀག་པས་དགག་མཛད་པའི་བསྟན་བཅོས་གཉིས་ཀ་རྩོམ་འཕྲོར་ལུས་ནས་ཡོད་ཅིང་། དེ་རྗེས་དགེ་བཤེས་ཤེས་རབ་རིན་པོ་ཆེས་པདྨ་དབང་ཆེན་ཉིད་ལ་གནང་བའི་བསླབ་བྱའི་བཀའ་ཡིག་ཅིག་ཏུའང་། ལ་ལ་རིགས་བྲལ་རྡོ་རྗེའི་སྙིང་ཁམས་བརྟས། །ལ་ལ་


JSD005_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉམས་བརྡ་དང་ཁ་ཕོ་སྒྲོག །ཕལ་ཆེར་སོས་ཀའི་འཇའ་དང་ཆུ་ཤིང་སྤུན། །ཀྱེ་མ་བསམ་ཞིང་བསམ་ཞིང་ཡིད་རེ་མུག །བློ་བཟང་མཁྱེན་པའི་དྲུང་ན་གཞན་གྱི་གཞུང་། །མ་བརྟགས་ཟབ་ཟབ་རྫིག་རྫིག་འདྲ་ན་ཡང་། །ཕྲ་བར་གཞིག་ཚེ་བྲང་འགྲོའི་མདུད་པ་ལྟར། །འཇིག་པར་འགྱུར་བའི་ཚུལ་འདིས་གུས་པ་ལྷོད། །བླ་མ་འཇིགས་མེད་རྡོ་རྗེའི་མདུན་རོལ་ན། །སློབ་མ་ལྷ་དགའ་རྡོ་རྗེའི་ཁྱུ་ཚོགས་འཁྲིགས། །འཆད་ཉན་བྱིས་པའི་བྱེ་མའི་ཁང་བུ་བརྩིགས། །བདེན་སྣང་སྤྲོ་ཡང་ནམ་ཞིག་ངུ་བའི་རྒྱུ། །དེས་ཀྱང་བློ་བཟང་རྒྱལ་བ་ཡབ་སྲས་དྲན། །ལྟ་སྤྱོད་རྣམ་དག་པདྨའི་ལྗོན་པ་དྲན། །ལེགས་༔བཤད་ཟླ་མེད་རྒྱལ་བའི་ཚངས་དབྱངས་དྲན། །གསུང་སྐྱེས་མཁས་མང་ནམ་མཁའི་སྐར་ཚོགས་དྲན། །ཞེས་དང་། དགེ་བཤེས་རིན་པོ་ཆེ་ཉིད་ཀྱི་གསུང་རྗེ་


JSD005_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཙོང་ཁ་པའི་བསྟོད་པ་དད་པའི་དྲི་བསུང་འཐུལ་བའི་སྤོས་ཀྱི་རྫིང་བུ་ཞེས་པ་བསྐུར་བར་མཛད་དེ། བསྟོད་པ་འདི་ཡིས་ལྷ་སྲས་ཁྱོད་ཀྱི་ཐུགས། །དགྱེས་པ་བསྐྱེད་སྙམ་རེ་བ་བདག་ལ་མེད། །འོན་ཀྱང་བཀའ་ནན་དམར་བས་ཕུལ་བ་ལགས། །དོག་པའི་དགོངས་ཁྲོས་མི་མཛད་བཀའ་དྲིན་ཞུ། །འགྲོ་ཀུན་ཁམས་དབང་མོས་པ་སྣ་ཚོགས་པས། །རང་བློར་འཐད་པའི་ཕྱོགས་ལ་བརྟེན་ན་མཛེས། །དོན་མེད་ཆགས་སྡང་བླུན་པོའི་རང་མཚང་ཡིན། །ཁྱེད་ཀྱང་དེ་བཞིན་- དགོངས་ནས་མཛད་འཚལ་ལོ། །ཞེས་བློ་བཟང་ཆོས་ཀྱི་རྒྱལ་པོའི་བསྟན་པའི་ཁྱད་ཆོས་དང་། དེར་འཇུག་པར་བསྐུལ་བ་ཆགས་སྡང་མིན་ཚུལ་སོགས་དོན་གྱིས་ཡང་དག་པའི་བསླབ་བྱ་མཛད་ཀྱང་། འཇུག་ལྡོག་ཚུལ་བཞིན་མ་བྱུང་བའི་དབང་གིས་བཟློག་ཏུ་མེད་པའི་ནད་ཀྱིས་ཟིན་ཏེ། ཐོག་མར་ཆོས་སྐྱོང་ཤུགས་


JSD005_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱི་བཀའ་ལུང་དུ་རྗེ་ཡབ་སྲས་ཀྱི་སྐུ་བཞེངས་རྒྱུ་དང་། དྲུག་ཅུ་མ་རྒྱ་ཆེ་འབུལ་རྒྱུའི་ཐོག་བླང་དོར་གྱི་གནས་ལ་ཚུལ་མཐུན་བྱ་དགོས་ཞེས་གསུངས་ཀྱང་ལུང་དོན་དང་མཐུན་པ་ཇི་བཞིན་མ་བྱུང་བར་བརྟེན། མཐར་ལུས་ལ་རྨ་ཐོན་ཏེ་རྡོལ་བའི་ནད་མནར་མི་བཟད་པ་བྱུང་སྟེ། ༧གོང་ས་མཆོག་གི་བླ་སྨན་པ་ཆུང་བ་ཤེལ་ཆོས་བྱ་སྦུག་པ་དམ་ཆོས་དཔལ་ལྡན་ཟེར་བ་བསྟེན་གཏུགས་སྐབས། རྨ་བརྡོལ་བ་དེར་སྨན་ནག་པོ་ཞིག་བྱུག་པ་ན་བཟོད་པར་དཀའ་བའི་ཟུག་རྔུ་ཡོང་བ་དང་། རྨ་གཅིག་བསྐམས་འཕྲལ་གཞན་ཞིག་ནས་རྨ་ཐོན་ཏེ། ནད་མནར་ཡུན་རིང་ལོ་གཅིག་ཙམ་བྱས་པ་དང་། འདི་ལ་སྲས་ཤིག་འཁྲུངས་པ་དེ་ཡང་རྨ་ཐོན་པའི་ན་ཚ་དེ་འདྲ་བ་ཞིག་གིས་འདས་གྲོངས་སོང་ཞིང་། པད་དབང་ཉིད་ནད་མནར་སྐབས་བླ་མ་སོགས་ངོ་ཆེན་བཙལ་ནས།


JSD005_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཟིམ་ཤག་ཏུ་ཆོས་སྐྱོང་ཤུགས་ལྡན་སྐུ་གསོལ་ཞུས་ཏེ་ལུང་ཞུ་དང་བཟོད་གསོལ་མང་དུ་བྱས་ཀྱང་། མཐའ་མར་ཆོས་སྐྱོང་ཤུགས་ལྡན་གྱི་བཀའ་ལུང་དུ། དགེ་ལྡན་ལྟ་གྲུབ་གཙང་མར་མི་སྤྱོད་པའི་ཤེས་ཡོན་ཅན་འདི་རིགས། གཞུང་སའི་ལས་ཁུངས་མཐོ་ཤོས་བཀའ་ཤག་ཏུ་གནས་འཁོད་ཀྱིས་ཡུན་རིང་འཚོ་ན། རི་བོ་དགེ་ལྡན་པའི་བསྟན་པ་དང་། བསྟན་པ་མཆོད་སྦྱིན་གྱི་མངའ་བདག་གཞུང་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་ལ་གནོད་རིགས་སུ་གདའ་བས་བྱ་ཐབས་མ་མཆིས་ཞེས་སོགས་ཀྱི་ལུང་ཕབ་འདུག་པ་དང་། སྐབས་དེར་གཡོག་པོ་ཚོས་བན་གཟུགས་ཅན་ཞིག་དངོས་སུ་གཟིམ་ཆུང་དུ་སོང་བ་ལྟ་བུར་མཐོང་བ་སོགས་འཚུབ་ལྟས་དུ་མ་དང་བཅས། རང་ལོ་ཉི་ཤུ་རྩ་གཉིས་པ་མེ་འབྲུག་ལོར་ཐབས་དང་། སྨན་དང་། རིམ་གྲོ་གང་གིས་ཀྱང་བཟློག་ཏུ་མ་ནུས་པར་ཆོས་


JSD005_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་རྡོ་རྗེ་ཤུགས་ལྡན་གྱི་བཀའི་ཆད་པ་ཐོག་ཏུ་བབས་ཏེ། འཇིག་རྟེན་འདིའི་སྣང་བ་བསྡུས་ཏེ་ཕྱི་མའི་བཤུལ་ལམ་དུ་ཆས་དགོས་བྱུང་བར་སྣང་ངོ་། །གོང་གསལ་ཟུར་ཁང་པའི་བརྒྱུད་པ་དང་། པདྨ་དབང་ཆེན་གྱི་སྐོར་རྣམས་པདྨ་དབང་ཆེན་གྱི་གཅུང་པོ་རྗེས་ཤོར་ཀུན་བཟང་རྩེའི་གོ་མག ཕེབས་པ་ཁེ་སྨད་བསོད་ནམས་དབང་འདུས་ངོ་མའི་ཞལ་ལས་དངོས་སུ་ཐོས་པ་ལགས་སོ། །༽ཞེས་ཟེར་བ་ལ་བརྗོད་པར་བྱ་སྟེ། ཁྱེད་ཕ་སྤད་འདུལ་འཛིན་དགེ་སྦྱོང་དུ་ཁས་འཆེ་ནས་སྟོན་པས་མ་གནང་བའི་བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བའི་ལས་བདག་བསྟོད་གཞན་སྨོད་ཁོ་ན་དམིགས་ཡུལ་དུ་བཟུང་སྟེ། དམག་དང་ཆོམ་རྐུན་ཁྱིམ་གྱི་འཚོ་འཛིན་སོགས་ངག་འཁྱལ་ཆགས་སྡང་དགྲ་འདུལ་གཉེན་སྐྱོང་གི་གཏམ་ཉོབ་མཁས་དང་དམ་པས་སྨད་འོས་རྐྱང་པ་ལ།


JSD005_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་གི་རྟོགས་བརྗོད་དུ་མིང་བཏགས་པ་འདི་ནི་ཆོས་མ་ཡིན། འདུལ་བ་མ་ཡིན་པས་ཉི་མ་འཕུལ་ཐབས་དང་། སྣག་ཤོག་གྲོན་པ་ལས་དགོས་དོན་ཆེར་མ་མཆིས། ཞིབ་ཏུ་བརྟག་ན་ཟུར་ཁང་པའི་མི་རབས་མི་བརྒྱུད་ཀྱི་རྒྱས་བཤད་དང་། ལྷ་སའི་སྐུ་དྲག་ཁག་གི་བུ་མག་པར་བཏང་བ་དང་། བུ་མོ་བག་མར་བསུས་ཚུལ་མང་པོ་དང་། སྲིད་དོན་ཁྲིམས་ལུགས་དང་འབྲེལ་བའི་བྱིས་པ་འབྲིད་ཐབས་ཀྱི་གཡོ་རྫུན་མ་དག་པའི་ཕྲེང་བ་འདི་ཕྱོགས་རིས་འུར་གཏམ་དོན་མེད་ཡིན་པ་ཀུན་གྱིས་ཤེས་ཕྱིར་ལན་འདེབས་ཀྱི་ངལ་བ་བསྟེན་མ་དགོས་ན་ཡང་། ཡིན་ལུགས་མིན་ལུགས་མ་བཤད་ན་ལྐུགས་པའི་བརྟུལ་ཞུགས་སུ་འགྲོ་བས་གཞུར་བརྟག་ཅུང་ཟད་བགྱིད་ན། དེ་ཡང་ཟུར་ཁང་པའི་ཡབ་ཞབས་པད་བསོད་ནམས་དབང་ཆེན་དང་། སྲས་བཀའ་དྲུང་ཆེ་བ་པདྨ་དབང་ཆེན་ཏེ་ཡབ་


JSD005_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་གཉིས་ཀ་སྔོན་སྨོན་ལས་འཕྲོ་བཟང་པོས་མཚམས་སྦྱར་ཏེ། ཐུབ་བསྟན་སྙིང་པོ་གསང་ཆེན་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ལ་མི་འཕྲོག་པའི་དད་མོས་དྲག་པོས་ཡབ་ཀྱིས་ཉག་རོང་གཏེར་ཆེན་ལས་རབ་གླིང་པ་དང་། སྲས་ཀྱིས་མཁས་དང་གྲུབ་པའི་དབང་ཕྱུག་ཆེན་པོ་རྒྱལ་རོང་བསྟན་འཛིན་གྲགས་པའམ་དཔལ་གྱི་སེང་གེ་རིན་པོ་ཆེ་སོགས་བཤེས་གཉེན་མཚན་ཉིད་དང་ལྡན་པ་དུ་མ་ལས་ཟབ་དགུའི་སྨིན་གྲོལ་གདམས་པའི་བདུད་རྩི་ཚུལ་བཞིན་ནོས་ནས་ཐུགས་ཉམས་སུ་ལེགས་པར་བཞེས་གནང་བ་དེ་ལ་དོན་མེད་ཕྲག་དོག་མི་བཟོད་པ་ལངས་ཏེ་གཤེ་སྐུར་འདེབས་པ་ནི་ཆོས་དང་རང་རྒྱུད་འཛོལ་བའི་ནང་ཆ་སྟོན་པར་མ་ཟད། ཟུར་ཁང་པ་མངའ་རིས་གུ་གེ་རྒྱལ་པོའི་གདུང་ཡིན་ན་དེའི་བརྒྱུད་པ་དང་། ཨོ་རྒྱན་ཟུར་རྗེ་གླིང་པ། རྡོ་རྗེ་རྒྱལ་པོ་


JSD005_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཕ་མེས་རྣམས་རྙིང་མ་བའི་ཆོས་བརྒྱུད་གཙང་མ་ཡིན་པར་ཁས་བླངས་བཞིན། རིམ་བཞི་པདྨ་དབང་ཆེན་ལྟ་གྲུབ་མི་གཙང་བའི་རྐྱེན་གྱིས་འདས་ཞེས་གླེང་བ་མ་བརྟག་བརྡོལ་ཐབས་ཀྱི་གཏམ་འདི་འདྲ་ལ་སུ་ཞིག་གིས་ཆ་འཇོག་བྱེད། ཆོས་སྐྱོང་གིས་ཟུར་ཁང་པའི་ཕ་མེས་ཀྱི་དུས་ནས་སྐྱབས་སུ་བསྟེན་པའི་གུ་རུའི་སྐུ་བཞེངས་རྒྱུ་དང་དེའི་ཚོགས་བསྐང་གཏོང་དགོས་བཀའ་ལུང་ཕེབས་པ་བསྙོན་མེད་ལ་ཁྱེད་ཅག་ཕྲག་དོག་དང་ལོག་ལྟའི་མེ་ལྕེས་རྒྱུད་ཚིག་ནས་ལུང་བསྟན་ལོག་པར་བསྒྲུབས་པ་ངོ་ཚ་དང་བྲལ་བའི་གཏམ་དུ་བས། གཡོ་རུ་རྫོགས་ཆེན་པ་རང་བྱུང་རྡོ་རྗེའམ་ཀུན་མཁྱེན་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པས་མཛད་པའི་བསྟན་བཅོས་ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལ། ཁྱོད་ཀྱིས་ཀུན་མཁྱེན་ཀློང་ཆེན་པའི་གསུང་ཞེས་ཕྱོགས་ཙམ་ཡང་མ་


JSD005_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གོ་བའི་ཧམ་རྫུན་འདི་ཡང་། རྙིང་མའི་དཔེ་ཆ་རྣམས་གཙོག་པར་བཟུང་ནས་མིག་ལམ་དུ་མཐོང་སར་མ་བཞག་པར་ཚ་ཁང་དུ་བསྐྱལ་བའམ་ཆུ་ལ་བོར་ཚར་བ་དེས་རྙིང་མའི་ཆོས་དང་བླ་མའི་ཆ་རྒྱུས་མེད་པ་ཐུགས་ཁག་མེད། དེ་ལྟར་ཡོན་ཏན་མཛོད་ཀྱི་རྩ་བ་དང་འགྲེལ་པ་ཤིང་རྟ་རྣམ་གཉིས་ཀྱི་པར་ཤིང་རྙིང་པ་ཟུར་མཛོད་ཚེ་རིང་དོན་གྲུབ་ཀྱིས་བསྐྲུན་པའི་པར་བྱང་གྲུབ་དབང་དྷརྨ་སེངྒེས་མཛད་པ་ཅན་དེ་ལྷ་ལྡན་དུ་སྡེ་གཟར་སྐབས་འཐོར་བརླག་ཆུད་ཟོས་སུ་སོང་བ་རྣམས་རྗེས་ནས་མེ་འབྲུག་ལོར་ཟུར་ཁང་སྲས་པདྨ་དབང་ཆེན་གྱིས་ཆད་པ་རྣམས་གསར་བརྐོ་བྱེད་བཅུག་སྐབས་ཀྱི་པར་བྱང་སྨོན་ཚིག་བཀའ་དྲུང་ཆེ་བ་པདྨ་དབང་ཆེན་རང་ཉིད་ཀྱིས་བརྩམས་ནས་བསྟན་བཅོས་ཀྱི་གཤམ་དུ་སྦྱར་འདུག་པ་ལས། ཁྱེད་ཀྱིས་ཟེར་བ་ལྟར་དགེ་བཤེས་ཤེས་


JSD005_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱིས་མཛད་པའི་པར་བྱང་བརྐོས་མི་འདུག་པས་ཁྱོད་ཀྱི་གཏམ་དེ་ཡང་བདེན་བྲལ་དུ་ཐལ་ལོ། །ལར་བླ་མ་བསྟན་འཛིན་གྲགས་པ་རིན་པོ་ཆེ་ནི། རྫོགས་ཆེན་དཔལ་དགེ་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་རྣམ་གཉིས་ཀྱིས་གཙོས་བཤེས་གཉེན་མཁས་གྲུབ་ཚད་ལྡན་མང་པོ་མཉེས་པ་གསུམ་གྱི་སྒོ་ནས་བསྟེན་ཏེ་དབུ་ཚད་འདུལ་མངོན་རྣམས་དང་ཕར་ཕྱིན་སོགས་བྱམས་ཆོས་སྡེ་ལྔ་སྤྱོད་འཇུག་བཅས་དང་ལྷག་པར་མན་ངག་སྙིང་ཐིག་གོང་འོག་ལ་གསན་བསམ་ཙམ་གྱིས་ཆོག་ཤེས་མ་མཛད་པར་འཇིག་རྟེན་ཚེ་འདི་བློས་བཏང་ནས་དབེན་གནས་རྣམས་སུ་བྱ་བྲལ་སྒོ་གཅིག་པའི་བརྟུལ་ཞུགས་ཀྱིས་སྒོམ་སྒྲུབ་ཉམས་ལེན་ཁོ་ནས་ཚེ་དང་སྒྲུབ་པ་མཉམ་པའི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་དེ་ཉིད་ཀྱིས་མཛད་པའི་རྒྱ་གཞུང་གི་འགྲེལ་པ་དཔྱད་


JSD005_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དག་པ་ལ། ཨ་མདོ་དགེ་བཤེས་ཤེས་རབ་ཟེར་བ་ཚེ་སྟོད་རྟོག་གེ་བའི་ཚིག་སྐམ་ཕྱོགས་རེ་བ་ཉི་ཚེ་ཙམ་ལ་སྦྱངས་ཁུལ་གྱིས་མངོན་པའི་ང་རྒྱལ་གཟེངས་མཐོ་བ་ཙམ་ལས། དབེན་པར་ཞག་གཅིག་མ་བསྡད་ཅིང་ཆོས་རྣལ་མའི་ཉམས་ལེན་ཐུན་གཅིག་ཀྱང་བྱེད་མ་མྱོང་བ་དེ་འདྲས་ཆོས་ལ་དགག་པ་དང་། གང་ཟག་བདུད་ཀྱི་ཕྱོགས་སུ་འཕུལ་བའི་བརྒལ་བརྟག་ལྟར་སྣང་བ་དེ་ནི་ཁ་ཕྱིར་ལྟས་ཀྱི་ཐོས་པས་རང་རྒྱུད་མ་ཐུལ་བའི་མཚང་ཆེན་ ི་དུ་ཟད་དེ། དེའང་སྔོན་རྗེ་བཙུན་མི་ལ་གཉའ་ནང་སྟོན་མོ་ཞིག་གི་སར་ཕེབས་པ་ལ། དར་བློས་ཕྲག་དོག་གིས་རྗེ་བཙུན་ལ་ཚིག་རྩོད་ངན་སྨྲས་མང་པོ་ཞུས་ང་། མཐར་ལོག་ལྟའི་ངང་དུ་ཤི་བས་གདོན་ཆེན་པོ་འཇིགས་སུ་རུང་བ་ཞིག་ཏུ་སྐྱེས་པའི་ལོ་རྒྱུས་མགུར་འབུམ་དུ་གསལ་བ་དེ་དང་ཆོས་མཚུངས་ཏེ། དགེ་


JSD005_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་ཤེས་རབ་ཐོག་མར་དབུས་ཕྱོགས་གྲྭ་ས་ནས་མཁས་མིང་ཙམ་ཐོགས་ཏེ། ལྷ་ལྡན་དུ་བཀའ་འགྱུར་རིན་པོ་ཆེའི་པར་གསར་བརྐོ་སྐབས་ཞུས་དག་པའི་གྲས་སུ་ཚུད་ཀྱང་། རྒྱལ་བའི་བཀའ་ལ་གཟུ་ལུམ་རས་ཆོད་རང་བཟོ་སྣ་ཚོགས་བྱས་ཤིང་། ཕྱོགས་རིས་ཆགས་སྡང་གིས་བསྟན་པ་དཀྲུགས་པའི་ལ་ཡོག རྒྱབ་སྟེ། བྱ་བ་ལམ་ལྷོང་མ་བྱུང་བར་རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་བཀའ་འགལ་དམ་ལོག་ཉེས་ཆད་ཕོག་སྟེ། ལྕག་གིས་བྲབ་པ་དང་བཙོན་ཁང་དུ་བཅུག་ཀྱང་ཟེར། གང་ལྟར་ཡང་བོད་ནས་ཕྱིར་བསྐྲད་བཏང་བ་ཡིན། དེ་རྗེས་སླར་ཡང་བོད་དུ་སླེབས་པའི་རེ་བ་ཆེན་པོ་བྱས་ཏེ་མདོ་སྨད་ནས་བྱང་ནག་ཆུ་ཁ་བར་དཀའ་བ་ཁྱད་དུ་བསད་ནས་འོང་མཚམས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་བཀས་འོང་དུ་བཅུག་པར་མི་འདོད་བཞིན་དུ་རང་ཡུལ་དུ་ལོག་དགོས་བྱུང་བ་


JSD005_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཚེ་མཇུག་རྒས་ཁར་བསྟན་གཤེད་རྒྱ་དམར་འགོ་ཁྲིད་བདུད་རྒན་མའོ་ཙེ་ཏུང་ལ་བསྟོད་བསྔགས་དང་ཆོས་ལ་སྨོད་པའི་རྩོམ་སྒྲིག་བྱེད་པའི་བྲན་གཡོག་ཏུ་བཀོལ་ཏེ་རང་དབང་སྐད་ཅིག་ཀྱང་མེད་པའི་དུཿཁ་ལོ་མང་མྱོང་མཐར། འགྱོད་གདུང་དྲག་པོའི་མེ་ལྕེ་སྙིང་ལ་འབར་ཞིང་ཆོས་སྤོང་ལས་ངན་གྱི་ཁུར་པོས་ནོན་བཞིན་ཆོས་མེད་ཀླ་ཀློའི་དཔུང་གིས་བསྐོར་བའི་དབུས་སུ་ཆོས་ཀྱི་སྒྲ་ཙམ་མ་ཐོས་པའི་ངང་དུ་ཚེའི་དུས་བྱས་འདུག་པ་ལས། རི་བོ་དགེ་ལྡན་པའི་བསྟན་པ་ལ་སྨན་པའི་བྱས་རྗེས་ཅི་བཞག་ཡོད། ཁོ་པས་ཟུར་ཁང་སྲས་ལ་བསླབ་བྱ་བྱས་དོན་སྙིང་པོ། དགེ་ལུགས་པའི་ལྟ་བ་རྙིང་མའི་ལྟ་བ་བོང་བ་ལྟ་བུ་ཡིན་པ་ནོར་མི་ཉན་ཞེས་བཤད་པ་འདི་ནི་ཕྱོགས་རིས་ཀྱི་གཏམ་ཧ་ཅང་ཐལ་ཆེ་བ་སྟེ། འདི་ལྟར། མཚན་ཉིད་ཐེག་


JSD005_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྟ་བ་མཐོ་ཤོས་དབུ་མ་དང་དེའི་ནང་ནས་ཐལ་འགྱུར་བ་ཡིན་པར་བཞག་དགོས་མོད། དེ་ནི་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་ཚུན་ཆད་ཀྱི་དགེ་ལྡན་པ་རྣམས་ཐལ་འགྱུར་ལྟ་བ་ཚིག་ཏུ་བརྗོད་ཤེས་པ་ཙམ་ལས་དོན་རྟོགས་པ་མེད་ཅེས་ཀློང་རྡོལ་བཀའ་འབུམ་དུ་གསལ་པོར་བྲིས་པ་འདིས། ད་ལྟ་ནི་གསེར་བོང་བས་མ་ཚད་ཐལ་བར་འགྱུར་ཟིན་སྣང་། ངེད་ཅག་སྔ་འགྱུར་བའི་ལྟ་གྲུབ་ནི་རྒྱལ་བས་ལུང་བསྟན་པའི་ཀླུ་སྒྲུབ་དང་ཐོགས་མེད། སློབ་དཔོན་སངས་རྒྱས་གཉིས་པ་སོགས། རྒྱ་གར་གྱི་རིག་འཛིན་བརྒྱད། དགའ་རབ། ཤྲཱི་སེང་། བི་མ་ལ་རྣམས་དང་། བོད་ཀྱི་བཻ་རོ་སོགས་སློབ་དཔོན་ཆེན་པོས་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དུ་སྨིན་པར་མཛད་པའི་རྗེ་འབངས་ཉེར་ལྔ་དང་། རྡོ་རྗེ་ཐེག་པའི་བསྟན་པའི་བཀའ་བབ། སྟོད་ན་སྔགས་པའི་རྒྱལ་པོ་སོ་ཟུར་


JSD005_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གནུབས་གསུམ། སྨད་ན་དམ་གཙང་བྱམས་གསུམ་སློབ་ཚོགས་དང་བཅས་པ། འབྲས་བུ་ཕྱི་དུས་དང་བར་དོར་མི་རེ་བར་ཟུང འཇུག་གདོད་མའི་མགོན་པོའི་གོ་འཕང་སྐུ་ཚེ་དེ་ཉིད་ལ་མངོན་དུ་མཛད་པ་ཤ་སྟག་བྱུང་བ་རྣམས་དང་། ཨོ་རྒྱན་དུས་གསུམ་མཁྱེན་པས་སྙིགས་དུས་ཀྱི་གདུལ་བྱ་ལ་དགོངས་ནས། ཕྱོགས་བཞི་དབུས་ལྔའི་གཏེར་ཁ་ཆེན་པོ་རྣམས་ཀྱིས་གཙོར་བྱས་པའི་མིང་ཅན་བྱེ་བ། མིང་མེད་གྲངས་འདས་སྦས་པ་རྣམས། རྗེ་འབངས་ལས་ཅན་རྣམས་ཀྱི་སྐྱེ་སྤྲུལ། མཆོག་གི་སྤྲུལ་སྐུ་རྣམ་གསུམ། འཁྲུལ་མེད་གླིང་པ་བཅུ་གཅིག དྲི་མེད་སྡེ་ལྔ། ནུས་ལྡན་ཉེར་གཅིག་སོགས་༜ གཏེར་ཆེན་བརྒྱ་རྩ། གཏེར་ཕྲན་སྟོང་རྩར་གྲགས་པ་དེ་ཐམས་ཅད། ཐེག་པ་རིམ་དགུའི་རྩེ་རྒྱལ་ཨ་ཏི་རྫོགས་པ་ཆེན་པོ་གསང་བ་རྨད་དུ་བྱུང་བའི་ལྟ་བ་ཡང་


JSD005_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་དེས་གྲུབ་ཐོབ་ཏུ་རྣམ་པར་བཞག་པ་མ་གཏོགས། སྤྱོད་པ་དང་རྫུ་འཕྲུལ་རྐྱང་པ་ཙམ་གྱིས་དེ་ལྟར་བཞག་པར་མི་འདོད་དོ། །རྗེས་ཐོབ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་མ་འདྲེས་སོ་སོར་འབྱེད་པ་ལ་གཞན་དྲིང་མི་འཇོག་པའི་གཟུངས་སྤོབས་ཀྱི་གཏེར་བརྒྱད་གྲོལ་བས། རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་དང་དབྱེར་མ་མཆིས་པའི་ཚིག་དོན་བཟང་པོ་འདོམས་པ་པོ། རོང་ཟོམ་པཎྜི་ཏ། རོག་བན་ཤེས་རབ་འོད། ཀུན་མཁྱེན་ཡབ་སྲས། མངའ་རིས་པཎྜི་ཏ། ཀཿཐོག་པ་ཤཱཀྱ་རྡོ་རྗེ། འབྲས་ལྗོངས་རྫོགས་ཆེན་པ་སོགས་ནས་ད་ལྟའི་བར་བྱོན་པའི་རྒྱལ་དབང་པདྨའི་སློབ་བརྒྱུད་ཀྱི་གྲངས་དང་དེ་དག་གི་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་ཀྱི་རྣམ་གྲངས་ཙམ་དགེ་ལུགས་པ་ལ་བྱུང་མེད་པ་མཁས་རློམ་


JSD005_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་བའི་ཤེས་རབ་ཀྱིས་མ་མཐོང་མ་ཐོས་ནས་བོང་བར་བྱས་ཀྱང་། དོན་དུ་དུས་གསུམ་རྒྱལ་བའི་གཤེགས་ཤུལ་མཐར་ཐུག བགྲོད་པ་གཅིག་པའི་ལམ་མཆོག་གསེར་སྦྱངས་བཙོ་མ་ལྟ་བུ་ཡིན་པར་གྲགས་ཤིང་གྲུབ་པ་འདི་ལ་འཁུ་ཞིང་གཤུང་བ་ཁོ་རང་གི་ལས་སོ། །རྡོ་བའི་ཤེས་རབ་ཀྱི་ཕྱོགས་ཞེན་ཆགས་སྡང་གི་ཚིགས་བཅད་ཀྱི་དོན་ལ་དཔྱད་ན། བློ་བཟང་གྲགས་པ་གཅིག་པུ་མ་གཏོགས་ལྟ་སྤྱོད་རྣམ་དག་དང་། གཞུང་ལུགས་སྐྱོན་མེད་རྩོམ་མཁན། སློབ་མ་མཁས་པ་མང་པོ་བྱུང་བ་བཅས་དེ་ལྟ་བུའི་རྣམ་ཐར་མངའ་བའི་བླ་མ་གཞན་བོད་ཁམས་སུ་གཏན་ནས་མ་བྱུང་ཚུལ་ངོ་ཚ་ཁྲེལ་འཛེམ་ལ་མ་པར་སྨྲས་པ་དེ་མཁས་པའི་མདུན་སར་ཁྲེལ་བགད་ཀྱི་རྒྱུ་ལས་མ་མཆིས་ཏེ། འབྲུག་པ་ཀུན་ལེགས་ཀྱིས། རང་སའི་བླ་མ་བསྟོད་པར་འོས་ན་


JSD005_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །མ་བྱས་བྱས་ཀྱི་རྣམ་ཐར་མང་པོ་འདི། །བླུན་པོ་དད་ཀྱང་མཁས་རྣམས་ཁྲེལ་བའི་རྒྱུ། །ཀུན་ལེགས་རང་བཞིན་བརྗོད་པ་རྣམ་ཐར་ཡིན། །ཞེས་གསུངས་པ་འདི་ཐུགས་མད། རྗེ་རིན་པོ་ཆེའི་གྲུབ་མཐའི་བཞེད་ཚུལ་ལ་ཡང་ས་སྐྱ་བ་སོགས་གཞན་གྱི་མཁས་པ་མང་པོས་ཧཱྃ་རུབ་ཕཊ་རུབ་རྒྱབ་སྟེ་རྩོད་རྒོལ་བྱས་པ་ལས་སྐྱོན་མེད་ཡང་དག་ཏུ་ཁས་བླངས་པ་རྐྱང་བྱུང་མི་འདུག རྗེ་རང་གི་སློབ་མའི་ནང་ནས་ཀྱང་རྗེའི་མདོ་སྔགས་ཀྱི་བཞེད་སྲོལ་ལ་དང་བ་མི་སྟོན་མཁན་མང་རབ་ཅིག་བྱུང་བ་འདི་བདེན་པ་ཡིན། རྗེ་རིན་པོ་ཆེ་དང་མཁས་གྲུབ་རྗེ་གཉིས་ཀའི་ཞལ་སློབ་ཡིན་པ་པཎ་ཆེན་བྱམས་པ་གླིང་པས་ཀྱང་། དྲི་བ་ལྷག་བསམ་རབ་དཀར་འདི་རྗེའི་གསུང་མིན་ཅིང་དོན་ལ་འགལ་བ་ཡོད་ཚུལ་གསུངས་པ་དང་། མཁས་པ་ཆེན་པོ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་ཀྱང་།


JSD005_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་དཔལ་ལྡན་ཟླ་བའི་རྗེས་འབྲང་ནས། །མ་དག་འཁྲུལ་བའི་སྣང་བ་ཚད་གྲུབ་ཏུ། །རིག་པ་དུ་མས་དཔྱད་ནས་ཁས་ལེན་པ། །འདི་ལ་འགལ་བའི་ཁུར་ཆེན་འདི་ལྟར་ཡོད། །ཅེས་ཐ་སྙད་ཚད་གྲུབ་ལ་སྐྱོན་གྱི་རྩ་བར་བཟུང་ནས་འགལ་བའི་ཁུར་ཆེན་བཅོ་བརྒྱད་བཀལ་བ་དང་། པཎ་ཆེན་གསེར་མདོག་ཅན་པས། རྗེའི་གསུང་དང་མུ་སྟེགས་པའི་གཞུང་ཁྱད་མེད་པར་བསྒྲུབས་ཏེ། གང་ལ་བདག་ཏུ་འཛིན་པས་དམིགས་གཏད་པའི། ། བདག་དེ་བཅིངས་གྲོལ་ཀུན་གྱི་བྱེད་པོར་སྨྲ། །མུ་སྟེགས་གཞུང་དང་ཁྱད་པར་མ་རྙེད་པའི། །ཆོས་ལུགས་འདི་དག་དོགས་པའི་གནས་སུ་མཐོང་། །ཞེས་༣ སོགས་གསུངས་ཏེ་རྗེའི་དབུ་མ་རྩ་བ་ཤེས་རབ་དང་། འཇུག་པའི་ཊཱིཀ་ཆེན་སོགས་བཀག་ཡོད། དེ་བཞིན་དུ་ཀུན་མཁྱེན་གོ་རམ་པ་བསོད་ནམས་སེང་གེས་


JSD005_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་འཇུག་འགྲེལ་ལྟ་བ་ངན་སེལ་དུ་རྗེའི་འཇུག་ཊཱིཀ་ལ་འཛུགས་པར་མ་ཟད། རྗེ་བླ་མ་ལ། དྲུང་བློ་བ་འདི་ལ་དེང་སང་གི་བཙུན་ཆུང་སློབ་གཉེར་བ་བློ་གསར་པ་ཞིག་གི་ཤེས་རབ་ཀྱང་མི་འདུག་ཅེས་བསྟིང་ཚིག་ཀྱང་མཛད་དོ། །གཞན་ཡང་ས་བཟང་ལོ་ཙཱ་བ་ངག་གི་དབང་པོ་དང་། གོང་དུ་སྨྲོས་པ་ལྟར། བྱམས་གླིང་པཎ་ཆེན་བསོད་ནམས་རྣམ་རྒྱལ། ངོར་ཆེན་ཀུན་དགའ་བཟང་པོ་སོགས་མཁས་པ་ལོ་པཎ་མང་པོས་ཀྱང་རྗེའི་སྔགས་ཕྱོགས་ཀྱི་ཡིག་ཆ་ལ་དངོས་སུ་དགག་པ་རྒྱབ་འདུག་ན། དེང་སང་དགེ་ལྡན་པའི་ཁྲོད་དུ་སྨྲ་བའི་དབང་ཕྱུག་མཁས་པ་མིང་དོན་མཚུངས་པ་མཆིས་ཚེ། རྗེའི་གྲུབ་མཐའ་བཟུང་ནས་གོང་གི་ཕས་རྒོལ་དེ་རྣམས་ལ་ངོ་སོ་ཐོན་པའི་རྩོད་ལན་རྩོམ་རན་པ་ལས་ཀྱང་ཕྱི་ཐལ་དུ་མཐོང་སྟེ། ཐུའུ་བཀྭན་པ་དྷརྨ་བཛྲ་གྱིས་རང་གི་བླ་མ་སུམྦྷ་མཁན་པོ་ཡེ་ཤེས་


JSD005_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབྱོར་གྱི་གསུང་ལ་དགག་པ་བསྐྱོན་པ་ཀེ་ཏ་ཀའི་བྱི་དོར་ལས། གྲུབ་མཐའ་ནི་རང་རང་ལྟ་བའི་སྒོ་ནས་འཇོག་དགོས་པ་ཡིན་གྱི། ཆོ་ག་ཐན་ཐུན་དང་ལུས་ངག་གི་རྣམ་པར་རིག་བྱེད་ཀྱིས་འཇོག་པ་མ་ཡིན་པས། དེ་འདྲ་ལ་དེ་ཙམ་གྱི་དོག་གནང་མི་དགོས་པ་འདྲ། འདི་ལྟ་བུ་རྩད་གཅོད་པ་ལས། གོ་ཤཱཀ་སྟག་གསུམ་སོགས་རྟོག་གེ་ལ་སྦྱངས་པའི་རྒོལ་ངན་གྱི་རྩོད་པ་རྣམས་ལུང་རིག་གིས་སུན་མ་ཕྱུང་ན་ངེས་པར་བསྟན་པ་ལ་གནོད་ ི་པས་སྔ་མ་ཡང་རང་ཕྱོགས་མཁས་གྲུབ་མང་པོས་རྩོད་ལན་མཛད་མོད། ད་དུང་གོ་རམ་པས་རྗེ་བླ་མའི་རྣམ་བཞག་རིག་པའི་རྣམ་བཤད་བཀག་པ་སོགས་༜རྩོད་པ་འགའ་ཞིག་ལ་སུས་ཀྱང་ལན་བཏབ་པ་མ་མཐོང་བས་གྲུབ་མཐའི་རྩོད་པ་ལ་དགྱེས་པའི་རིག་པའི་དབང་ཕྱུག་འགའ་ཞིག་ད་ལྟ་མཆིས་ན་རྒོལ་ངན་འདི་


JSD005_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཚར་བཅད་ན་ལེགས་པར་འགྱུར་སྙམ་དུ་སེམས་སོ། །ཞེས་གསུངས་པ་མཐོང་ཐོས་བྱུང་ཡོད་ལས་ཆེ། དགེ་བཤེས་ཤེས་རབ་ཀྱིས་དཔྱད་གསུམ་དག པའི་མན་ངག་གི་བསྟན་བཅོས་ཡོན་ཏན་མཛོད་ལྟ་བུ་ལ་བརྟན་མི་བཟོད་པའི་སྐྱོན་ཅན་དུ་བརྩིས་པ་དང་། བསྟན་འཛིན་གྲགས་པ་བདུད་ཡིན་པར་རིག་པས་གྲུབ་ཚུལ་སོགས་མ་བརྟག་པའི་གཏམ་གྱ་ཚོམ་དུ་སྨྲ་བ་ནི་བདུད་ཀྱི་ཆོ་འཕྲུལ་དུ་བཤད་དེ། འབྲུག་པ་ཀུན་ལེགས་ཀྱིས། རང་ཉིད་ཆོས་པར་རློམ་ནས་གཞན་དག་གི །སྐྱོན་མཚང་གཏིང་ནས་འདྲུ་བའི་རྟོག་དཔྱོད་ཅན། །བདག་ལ་མངོན་ཤེས་མེད་པར་གཞན་རྒྱུན་འཇལ། །དཔྱད་གཞི་འདི་ཡང་བདུད་ཀྱི་ཆོ་འཕྲུལ་ཡིན། །ཞེས་གསུངས་པ་ལྟར་ཆོས་དང་གང་ཟག་གི་ཚད་འཛིན་འདི་ཤིན་ཏུ་དཀའ། རང་ཐེ་ཚོམ་མི་ཟ་བའི་ཆོས་ཤིག་ལ་བློ་གཏད། གཞན་ལ་སྒྲོ་སྐུར་དང་


JSD005_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་ཟ་སུན་ཅི་འབྱིན་མི་བྱ་བར་བཏང་སྙོམས་སུ་བཞག་ན་ལེགས་ཏེ། མགོན་པོ་བྱམས་པས། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པ་ནི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨྲོས་ཅི་དགོས། །དེ་བས་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་གསུངས་པས་ཆོས་ལ་སྨོད་པའི་རྩ་ལྟུང་དྲུག་པ་ལ་བག་ཡོད་པ་བྱས་ན་མི་ལེགས་སམ། བློ་བཟང་ཆོས་ཀྱི་རྒྱལ་པོའི་བསྟན་པའི་ཁྱད་ཆོས་དང་། དེར་འཇུག་ར་བསྐུལ་བ་ཆགས་སྡང་མིན་ཚུལ་སོགས་དོན་གྱིས་ཡང་དག་པའི་བསླབ་བྱ་མཛད། ཅེས་པའང་སྔ་ཚིག་དང་ཕྱི་ཚིག་འགལ་ཏེ་གོང་དུ་རྗེ་ཙོང་ཁ་པའི་ལྟ་གྲུབ་ཀྱི་ཁྱད་ཆོས་གང་ཡང་བཤད་པ་མི་གསལ་བ་དང་། ཆགས་སྡང་ཡིན་པ་ཚིག་གི་བབས་ལས་ཤེས་པས་སོ། །རྙིང་མ་བའི་ཆོས་འཆད་ཉན་བྱེད་པ་བྱེ་


JSD005_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཁང་བུ་འདྲ་བ་དང་མཐར་ངུ་བའི་རྒྱུ་ཞེས་ཟེར་བ་ནི་ལོག་རྟོག་སྟེ། རྒྱལ་བའི་ལུང་གི་བསྟན་པ་འཆད་ཉན་གྱིས་འཛིན་པ་དང་། རྟོགས་པའི་བསྟན་པ་སྒྲབ་པ་ཉམས་ལེན་གྱི་སྒོ་ནས་འཛིན་དགོས་པའི་ཚུལ། སྟོན་པའི་དམ་ཆོས་རྣམ་གཉིས་པོ། །ལུང་དང་རྟོགས་པའི་བདག་ཉིད་ཅན། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་པ་ལྟར་འཕགས་བོད་བསྟན་པ་སྤྱིའི་འཇུག་ཚུལ་མ་ནོར་བ་ཕྱག་ལེན་དུ་བཏབ་པ་བྱིས་པའི་བྱེ་རྩེད་དང་འདྲ་ན། དགེ་བཤེས་ཤེས་རབ་ཀྱིས་ཉན་པ་པོ་ལ་ཆོས་སྤོང་ཆགས་སྡང་གི་བསླབ་སྟོན་བྱེད་པའི་འཆད་ཉན་དེ་འདྲ་བདུད་ཀྱི་འཆད་ཉན་དངོས་ཡིན། ལུང་གི་ཆོས་འཆད་ཉན་བྱས་པའི་ཕན་ཡོན་དང་བསྔགས་པ་ལ་བསམ་ན་དགའ་སྤྲོ་སྐྱེས་ནས་དགོད་བྲོ་བ་ལས་ངུ་བའི་དོན་ཅི་ཞིག་ཡོད། དེ་ནི་ཁོ་རང་གི་འབྱུང་འགྱུར་ལས་


JSD005_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ངན་གྱི་འབྲས་བུ་ངུ་འབོད་ལ་སོགས་པ་དམྱལ་བའི་སྡུག་བསྔལ་ཐོག་ཏུ་བབ་པ་ལ་བསམ་ན་ངེས་པར་ངུ་དགོས་པའི་ཚོད་དུ་སྣང་ངོ་། །བོད་ཀྱི་ཁྲིམས་ཁང་མཐོ་ཤོས་བཀའ་ཤག་ཏུ་རྙིང་མ་བྱེད་མཁན་ཤེས་རྒྱ་ཅན་གྱི་རིགས་བཞག་ན། དགེ་ལྡན་པའི་བསྟན་པ་དང་། གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ལ་གནོད་པས་ཡུན་རིང་འཚོ་འཇུག་ཐབས་མེད་ཚུལ་ཆོས་སྐྱོང་བཀའ་ལུང་ལ་ཕག་གཡར་བ་འདི་འདྲ་ནི་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་བསྐྱང་སྟངས་ལ་དངོས་སུ་ཐེ་བྱུས་བྱས་པས་མ་ཚད་རྙིང་མ་བ་རྩ་མེད་བཟོས་ནས། དགེ་ལུགས་པ་ཁེར་གཙང་གིས་བོད་ཁམས་ཀྱི་ཆོས་སྲིད་གཉིས་ཀ་འཛིན་རྒྱུ་དམིགས་ཡུལ་དུ་དུས་རིང་མོ་ནས་སྙིང་ལ་བཅངས་པར་ད་གཟོད་གསལ་ཤེས་བྱུང་། ཁྱེད་ཅག་གི་ཞེ་ལ་བརྣག་རྒྱུ་དེ་ནི། རྙིང་ཆོས་སུས་བྱས་མི་གྲལ་དང་ལྷ་


JSD005_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གྲལ་ནས་རྒྱང་འབུད་བཏང་སྟེ། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་དུས་སུ་བྱུང་བ་རེད་ཅེས་རྗེ་སྐུ་ཞིག་ལས་ཁུངས་ཆེ་ཁག་རྣམས་སུ་སྒྲིག་བཤོམ་དང་འབྲེལ། དགེ་ལྡན་ལྟ་གྲུབ་གཙང་མ་བསྐྱང་མཁན་ཤ་སྟག་སེར་རིས་སེ་འཚོགས་ནས་བཀོད་ཁྱབ་གཏོང་རྒྱུ་དེ་ག་ལགས་མོད། དེ་འདྲ་དངོས་སུ་འོང་བར་བྱེད་པའི་ཐོབ་དབང་དང་ནུས་པ་ཁྱོད་ལ་རྒྱུ་ཚོགས་མ་ཚང་བས། ནམ་ཡང་འགྲུབ་མི་སྲིད་པའི་རང་འདོད་ཀྱི་རེ་བ་སྟོང་ཟད་དུ་འགྲོ་བ་མཁྱེན་ལས་ཆེ། ལར་དུས་རབས་དང་བསྟུན་པའི་གཏམ་བཤད་ན་འཕར་འབུབ་ཆུང་བ་ལགས་པས་སླན་ཆད་དམངས་གཙོའི་མདུན་སར་འདི་རིགས་ནམ་ཡང་མི་སྨྲ་བར་ཁ་རོག་བཞུགས་མཛོད། དེ་ལྟར་ཁེ་སྨད་བསོད་ནམས་དབང་འདུས་ཀྱི་ཞལ་རྒྱུན་རྣམས་བཀོད་གྲུབ་ནས། སླར་ཡང་ལྷ་ཀླུའི་གུང་སྨ་དབབ་པའི་ཕྱིར་ཛེ་སྨད་ན་རེ། གཟིམ་


JSD005_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཤག་ལྷ་ཀླུའི་དགའ་ཚལ་བ་དེ་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡབ་གཞིས་ལ་བརྟེན། མི་རབས་སྔ་མ་རྣམས་སུ་དགེ་ལྡན་རིང་ལུགས་ལ་མོས་ཤིང་ལྟ་གྲུབ་གཙང་མ་འཛིན་པ་དེ་ལྟར་ཡང་། ལྷ་ཀླུའི་གུང་འཇིགས་མེད་རྣམ་རྒྱལ་ཞེས་པས་ཀུན་བཟང་རྩེའི་མཁན་དྲུང་བསྟན་འཛིན་དབང་པོ་སོགས་དང་ལྷན་དུ། སྡེ་དགེ་བ་ཡིན་པ་རྙིང་མའི་བླ་མ་བཀྲས་ཚེ་ལགས་ཟེར་བ་སྡོམ་གཙང་མིན་ཡང་གྲྭ་ཆས་ལེགས་པོ་གྱོན་པ་ཞིག་ཡོད་པ་དེའི་མདུན་ནས། ཐོག་མར་སྙན་སུམ་སོགས་རིག་གནས་སྐོར་ཁྲིད་ཅིང་། དེ་རྗེས་རིམ་པས་རྙིང་མའི་ཆོས་སྒོར་ཞུགས་ཤིང་། ཉམས་ལེན་ཡང་ཅི་ནུས་བྱས་པ་དང་། ལྷ་ཀླུའི་གུང་ཉིད་ཀྱིས་བླ་མར་བསྟེན་པའི་རྟོགས་ལྡན་རལ་ལྕོག་ཅན་ཞིག་ཡོད་པ། ལྷ་ཀླུ་དང་ཐག་ཉེའི་སྤ་རི་ཁུག་གི་རི་ཁྲོད་དུ་བཞག་སྟེ་སྲི་ཞུ་རིམ་གྲོ་བྱས་


JSD005_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དེའི་མདུན་ནས་གུང་འཇིགས་རྣམ་ཉིད་དང་། གུང་གི་ཨ་མ་བཅས་གཉིས་ཀས་རྙིང་ཆོས་སྐོར་མང་དུ་ཞུས་ཤིང་། སྐབས་ཤིག་ལྷ་ཀླུའི་གཟི་མ་དཔོན བྱེ་བ་འཆི་མེད་ཅེས་པ་རྒན་གྲས་ཤིག་གིས་རྟོགས་ལྡན་རལ་ལྕོག་ཅན་གྱིས་གུང་གི་མ་ཡུམ་ལ་ལོག་པར་གཡེམ་ཞིང་རྫུ་བག་གི་གྱོན་གོས་ཧྲུལ་པོར་སོང་བའི་སྐྱོན་མཚང་དམར་རྗེན་དུ་མཐོང་ནས་རི་ཁྲོད་དུ་བསྐྱོད་དེ་བླ་མ་དེ་ཉིད་དབྱུག་པས་ཆེར་བརྡུངས་ཤིང་། མགོ་བོའི་རལ་པ་ཡང་མང་དུ་བཀོག་པ་སོགས་ལ་བརྟེན། ལྷ་ཀླུའི་གུང་ཉིད་སྤ་རིའི་རི་ཁྲོད་དུ་ཆེད་བསྐྱོད་ཀྱིས་དགོངས་སེལ་བཟོད་གསོལ་ཞུ་དགོས་པ་སོགས་བྱུང་ལ། ལྷ་ཀླུའི་གུང་དེ་ཉིད་ཀྱི་མདུན་མར་བཤད་སྒྲའི་སྲས་མོ་གཡང་འཛོམས་ཚེ་རིང་བསུས་ཤིང་། ལྷ་ལྕམ་འདི་ཉིད་དགེ་ལྡན་པའི་བསྟན་པ་ལ་མོས་ཤིང་། ལྷ་སྲུང་ཡང་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་


JSD005_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་བསྟེན་པ་སོགས་ཁྱོ་ཤུག་གཉིས་ལྟ་གྲུབ་མི་མཐུན་པར་གནས་མུས་ཀྱི་མཐར། གུང་དེ་ཉིད་ལོ་ན་ཆེར་མ་ལོན་པའི་དུས ནས་ལུས་ལ་ཤིག་ནད་བྱུང་སྟེ་ནད་མནར་མི་བཟད་པའི་སྒོ་ནས་ཆོས་སྐྱོང་གི་ཆོ་འཕྲུལ་དུ་མ་བསྟན་པ་མངོན་སུམ་མྱོང་བཞིན་པར་འཇིག་རྟེན་ཕྱི་མའི་བཤུལ་་་རིང་བགྲོད་དཀའི་ལམ་དུ་འཕྱན་པར་གྱུར་ཅིང་། དེ་ནས་ལྷ་ཀླུར་རྒྱལ་བའི་དཔོན་བརྒྱུད་ཀྱི་མི་ངོའི་རིགས་བརྒྱུད་ཀྱང་ཆད་པར་གྱུར་པ་ཡིན། སྐབས་དེར་གྲུབ་པའི་དབང་ཕྱུག་ཆེན་པོ་དགའ་ལྡན་གསེར་སྐོང་རྡོ་རྗེ་འཆང་ངག་དབང་ཚུལ་ཁྲིམས་དོན་ལྡན་དཔལ་བཟང་པོས་ལྷ་ཆེན་ཁྲོས་འདུག་པས་དེའི་མཐུ་ཡིན་་༜ཞེས་གསལ་བར་ལུང་བསྟན་པའང་བྱུང་འདུག་ཅིང་། འདིའི་སྐབས་ཀྱི་ལྟས་དང་ཆོ་འཕྲུལ་བྱུང་ཚུལ་མང་པོ་ཞིག་ལྷ་ལྕམ་གཡང་འཛོམས་ཚེ་རིང་ལ་གསུང་


JSD005_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་འདུག་པ། ད་ལྟ་བརྗེད་ངས་ཀྱི་དབང་དུ་སོང་ཞེས་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོའི་ཞལ་ལས་ཐོས་ཤིང་སླར་ཁུངས་ལྡན་རྙེད་པ་བྱུང་ཚེ་འདིར་བསྣན་པར་རིགས། གོང་སྨྲོས་ལྷ་ཀླུའི་ལྷ་ལྕམ་གྱི་སྐུ་ཟླ་གུང་འཇིགས་མེད་རྣམ་རྒྱལ་དང་། སྲས་གུང་ཕུན་ཚོགས་རབ་རྒྱས་གཉིས་ཀ་རིམ་པར་འདས་གྲོང་སོང་རྗེས་ལྷ་ཀླུར་ལྷ་ལྕམ་ཙམ་ལས་མེད་སྟབས་ཞབས་གྲས་སྤྱི་ནས་གཞུང་ལ་སྙན་འབུལ་ཞུས་པ་ལྟར། མཐར་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ལྷ་ཀླུའི་འཚོ་འཛིན་དུ་རྩིས་དཔོན་ལུང་ཤར་པ་བསྐོ་བཞག་དང་། ལུང་ཤར་གྱི་བུ་འགྱུར་མེད་ཚེ་དབང་རྡོ་རྗེ་ཞེས་སམ་ལྷ་ཀླུའི་ཞབས་པད་དུ་གྲགས་པ་དེང་སང་ཡོད་མུས་དེ་ཉིད་ལྷ་ཀླུའི་བུ་ཚབ་ཏུ་ཉར་དགོས་བཀའ་སྩལ་བ་ལྟར། རྩིས་དཔོན་ལུང་ཤར་བ་རྙིང་བླ་སྣ་ཚོགས་ཀྱི་མདུན་ནས་རྙིང་མའི་ཆོས་སྐོར་གྱི་དབང་ལུང་མང་


JSD005_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ཀྱིས་ལྟ་གྲུབ་གཙང་མར་མི་འཛིན་ཞིང་། གེ་སར་སེང་ཆེན་རྒྱལ་པོ་ལྷག་ལྷའི་གཙོ་བོར་བསྟེན་པ་དེ་ཉིད་ལྷ་ཀླུའི་འཚོ་འཛིན་དུ་འབྱོར་བ་ནས་བཟུང་། ལྷ་ཀླུའི་ལྷ་ལྕམ་གཡང་འཛོམས་ཚེ་རིང་གོང་བརྗོད་ལྟར་དགེ་ལྡན་གྱི་ལྟ་གྲུབ་གཙང་ཞིང་། ཆོས་སྐྱོང་ཡང་རྡོ་རྗེ་ཤུགས་ལྡན་ཉིད་ལ་བསྟེན་མཆོད་བྱས་ཏེ་མགོན་ཁང་གི་སྐུ་རྟེན་གྱི་གྲས་སུ་རྒྱལ་ཆེན་ཤུགས་ལྡན་གྱི་སྐུ་ཡོད་པ་དེ་ཡང་། ལྷ་ཀླུའི་གཟིམ་ཤག་ཏུ་བཞག་དབང་མེད་དབེན་གནས་ ི བཀྲ་ཤིས་ཆོས་གླིང་དུ་སྤོ་དགོས་བྱུང་བ་དང་། འཆར་ཅན་ཟླ་གསོལ་ཡང་བཀྲ་ཤིས་ཆོས་གླིང་དུ་ཡར་འབུལ་རྒྱུ་བསྐུར་བ་ལས། གཟིམ་ཤག་ཏུ་གཏོང་༜དབང་མེད་པ་སོགས་རྩིས་དཔོན་ལུང་ཤར་རྙིང་ཆོས་ལ་དམ་འཛིན་ཆེ་བས། རྗེས་སུ་རྒྱུན་རིང་ནད་མནར་བྱུང་ཞིང་། སྐབས་དེར་རྩེ་ཞོལ་དུ་ཡོད་པའི་ལུང་


JSD005_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་གྱི་ཁང་པའི་ཐོག་ཁར་བྱ་རྒོད་བབས་པས་རྣམ་རྟོག་ཟོས་ཏེ། རྒྱལ་དབང་ཐུབ་བསྟན་རྒྱ་མཚོར་ཐུགས་དམ་བརྟག་ཞུ་ཕུལ་བའི་བཀའ་ལན་ཕྱིར་ཕེབས་སུ། རྗེ་དགེ་འདུན་གྲུབ་པས། དྲིན་ཇི་བཞིན་ཁུར་བར་མ་ནུས་ཀྱང་། །སེམས་ཆགས་སྡང་དབང་དུ་མ་སོང་བར། །མགོན་ཁྱོད་ཀྱི་བསྟན་པ་འཛིན་པ་ལ། །དུས ནམ་ཡང་བརྩོན་པ་བགྱིད་པར་སྨོན། །ཞེས་ཐུགས་དམ་བཅས་པ་ལྟར། གཞུང་དགའ་ལྡན་ཕོ་བྲང་པ་འདི་རིས་མེད་བསྟན་པ་སྤྱི་དང་། ལྷག་པར་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་བཀའ་ཤག་ཏུ་རྗེ་ཙོང་ཁ་པ་ཆེན་པོའི་སྣང་བརྙན་བཞེངས་པ་སོགས་རི་བོ་དགེ་ལྡན་པའི་ལྟ་གྲུབ་རྨ་མེད་པར་སྟོབས་ཀྱིས་འཛིན་པའི་སྦྱིན་བདག་ཡིན་པ་དང་། གཞུང་ཞབས་སེར་སྐྱ་ཡོངས་ནས་བླང་དོར་འཛོལ་མེད་དགོས་རྒྱུ་དེ་ལྟར་ལ། ད་ལམ་རྡོ་རྗེ་འཇིགས་བྱེད་ཀྱི་ཞབས་གཡོན་གྱི་


JSD005_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་བྱ་དང་པོ་ཁང་ཐོག་ཏུ་བབས་པ་མི་ཤེས་པའི་མཚན་མར་རྟེན། བླ་མཆོད་དང་འབྲེལ་བའི་ཚོགས་མཆོད་ཅི་འགྲུབ་དང་། དྲུག་ཅུ་མ་ཆེས་མང་བ་ཞིག་གནད་སྨིན་འབད་སྒྲབ་དགོས་པ་སོགས་སྩལ་འདུག་ཅིང་། ཐུགས་དམ་བཀའ་ལན་འདི་རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོ་དགོངས་ཁྲི་བྱང་རིན་པོ་ཆེ། མཚན་ཞབས་སེར་སྨད་པ་ཞི་བར་མནལ་བའི་མཇུག་དེར། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་ནས་སྐྱབས་རྗེ་གླིང་སྤྲལ་རྡོ་རྗེ་འཆང་དང་། རྒྱལ་དབང་ཆོས་རྗེའི་སྤྲུལ་སྐུ་བཅས་ལ་རྒྱལ་བའི་མཛད་རྣམ་ཕྱོགས་སྒྲིག་གི་ས་བོན་ཡིག་ཆ་འཚོལ་ཞིབ་གནང་དགོས་བཀའ་ཕེབས་བཞིན་ཕོ་བྲང་ཡས་མས་ཀྱི་གཟིམ་ཆུང་ཁག་ཏུ་འཚོལ་གནང་མཛད་སྐབས་སུ་ནོར་གླིང་སྐལ་བཟང་ཕོ་བྲང་གི་སྟེང་ཐོག་གཟིམ་ཆུང་ཕྱག་དཔེ་ཁང་དུ། མཆོག་དམན་སྐྱ་སེར་དུ་མར་


JSD005_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བཀའ་ལན་གནད་ཆེ་རིམ་སྩལ་ཁག་ཕྱོགས་སྡེབ་ཀྱི་དེབ་འགའ་ཤས་མཆིས་པའི་ནང་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་དངོས་སུ་གཟིགས་འདུག་པས་ཡིད་ཆེས་པའི་གནས་དང་། དེ་ནས་གང་ལྟར་ཡུན་རིང་མ་ལོན་པར་༧ རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དགོངས་པ་ཞི་དབྱིངས་སུ་གཤེགས། དེ་རྗེས་རྩིས་དཔོན་ལུང་ཤར་ཉིད་ནས་རྩེ་ཤོད་གཞུང་ཞབས་རྒྱ་ཆེའི་ཤོག་ཁག་ཅིག་གི་སྣེ་ཁྲིད་ཀྱིས་བཀའ་བློན་ཁྲི་སྨོན་པར་སྐྱོན་འཛུགས་དང་འབྲེལ་ཆབ་སྲིད་སྐོར་ལ་བསྒྱུར་བཅོས་གང་འཚམས་ཤིག་གནང་དགོས་ཞེས་རྒྱལ་སྲིད་བཀའ་ཤག་བཅས་པའི་མཚན་འཁོད་སྙན་ཞུ་ཕུལ་བ་སོགས་གཞུང་གི་སྲིད་དབང་བསྒྱར་ཕྱོགས་ཀྱི་བསམ་ཚུལ་མི་མཐུན་པའི་རྐྱེན་ངན་དང་། འགའ་ཞིག་གི་བརྗོད་སྲོལ་དུ་ལུང་ཤར་བས། དེ་སྔ་བོད་ཀྱི་བསྟན་སྲིད་བསྲུང་དམག་གི་ཕོགས་


JSD005_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སུ་བོད་སྤྱི་ཚོགས་ཀྱི་འཆར་དོན་ལྟར། བཀའ་བློན་དང་། མདའ་དཔོན་གྱི་ཐབ་རྟེན་གཞིས་ཁག་མཚོན་གཞུང་གཞིས་ཁག་དང་། སྒེར་པ་ངོ་དོད་སྒྲུབ་མི། ཞབས་ཞུ་དང་ངོ་དོད་གང་ཡང་མེད་རིགས་ལྕགས་སྟག་ཞིབ་གཞུང་ཆེན་མོར་མ་གསལ་བ། བྱས་རྗེས་གཟིགས་བཟོས་ཀྱི་ས་རྟེན་མི་བརྒྱུད་དང་། ལོ་དུས་རྫོགས་པ། ནང་སྦྱོར་ས་རིགས་བཅས་ལ་གཞུང་འབབ་བབས་མཚུངས་འགེལ་རྒྱུ་གཏན་འཁེལ་བའི་ལས་དོན་སྒྲུབ་ཿ མཁན་མཁན་དྲུང་བློ་བཟང་བསྟན་སྐྱོང་དང་། རྩིས་དཔོན་ལུང་ཤར་གཉིས་ཡིན་ཅིང་། ལས་དོན་ཚགས་ཚུད་བྱུང་ཡོད་ཀྱང་ལས་དོན་བསྒྲུབ་སྐབས་ཕྱོགས་ལྷུང་སྐྱོན་ཆ་ཆེ་ཙམ་གྱུར་ཡོད་ཚོད་སྟབས། མཁན་དྲུང་བློ་བཟང་བསྟན་སྐྱོང་སྔོན་འདས་ཟིན་རྗེས། ལས་སྦྲེལ་རྩིས་དཔོན་ལུང་ཤར་པ་ཤུལ་ལུས་ལ་འབབ་


JSD005_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིའི་ས་བདག་རྣམས་ཀྱིས་འཁོན་བཟུང་སྙིང་ནད་བྱས་ཚུལ་ཟེར་མོད། གང་ལྟར་རྩིས་དཔོན་ལུང་ཤར་ལྟོས་པར་བཅས་པ་འཛིན་བཟུང་དོ་དམ་ཐོག་ལུང་ཤར་ཉིད་ཀྱི་མིག་འབྲས་གཉིས་བཏོན་པ་དང་། མིག་འབྲས་བཏོན་ཤུལ་དུ་སྣུམ་འཁོལ་མ་བླུགས་པ་སོགས་བཟོད་པར་དཀའ་བའི་དུཿཁ་མི་བཟད་པས་ནོན་ཞིང་། རྩེ་ཞོལ་དུ་བཙོན་འཇུག་བྱས་ཏེ་ལོ་ཤས་རིང་ཡ་ང་བའི་འཇིགས་པ་དུ་མམྱོང་བཞིན་དུ་ཚེ་འཕོས་པར་གྱུར་ཏོ། །༽ ཞེས་པ་ལ་བརྗོད་པ། རྒྱལ་བའི་ཡབ་ཚང་ཡིན་ཚད་སོ་སོའི་ཕ་མེས་རིང་ནས་བྱས་པའི་ཆོས་ལུགས་དོར་ནས་དགེ་ལུགས་ལྟ་གྲུབ་རྐྱང་པ་འཛིན་དགོས་པས་མ་ཁྱབ་སྟེ། དཔེར་ན་རྒྱལ་མཆོག་བདུན་པའི་ཡབ་གཞིས་བསམ་འགྲུབ་ཕོ་བྲང་པ་ད་ལྟའི་བར་དགེ་ལུགས་རྐྱང་པ་མི་མཛད་པ་བཞིན་ནོ། །ལྷ་ཀླུའི་གུང་གི་བླ་མ་བཀྲ་ཚེ་རྙིང་མ་བར་


JSD005_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པའང་ནོར་བ་སྟེ། བླ་མ་བཀྲ་ཤིས་ཚེ་རིང་ནི་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་། མཁན་ཆེན་བཀྲ་ཤིས་འོད་ཟེར་སོགས་ཀྱི་ཞལ་སློབ་ཀཾ་ཚང་བཀའ་བརྒྱུད་ཀྱི་ཆོས་སྡེ་ཆེན་པོ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་མཁས་བཙུན་བཟང་གསུམ་འཛོམ་པའི་དགེ་སློང་དགེ་བའི་བཤེས་གཉེན་ཆེན་པོ་ཡོངས་གྲགས་ཤིག་ཡིན་པ་ལ། ཁྱོད་ཀྱིས་སྡོམ་གཙང་མིན་ཞེས་ཕས་ཕམ་གྱི་སྐུར་ཞུས་ངན་པ་བྱས་པ་དེས་རབ་བྱུང་དང་བསྙེན་རྫོགས་ཀྱི་བླངས་འདས་དང་དགེ་འདུན་ལྷག་མའི་ལྟུང་བ་ཆེན་པོའི་གཡང་སར་ཤེས་བཞིན་དུ་ལྕེབས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པའི་འགལ་ཟླ་༉དམ་པར་སྐུར་འདེབས་ཀྱི་ནག་ཆོས་ལ་སྤྱད་པ་ཡིན་ཅིང་། རང་ཉིད་དགེ་སྦྱོང་དུ་ཁས་འཆེ་ནས། ཆོས་ལུགས་གཞན་གྱི་བསྟན་འཛིན་རྣམས་ལ་ཕྲག་དོག་


JSD005_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དགྲ་བོར་འཛིན་པ་འདི་ཡང་དམ་པ་རྣམས་ཐུགས་དབྱུང་བའི་ལས་ངན་བསགས་པ་ལོས་ཡིན། དེ་ཡང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོས། ལར་ད་ལྟ་གངས་རིའི་ཁྲོད་འདི་ན། །རང་བསྟན་པ་འཛིན་པར་ཁས་ལེན་ཅིང་། །གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན། །ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས། །ཞེས་གསུངས་པས་སོ། །ཡང་གུང་གི་ཡུམ་ལ་བླ་མ་རལ་ལྕོག་ཅན་མིང་སྨྲ་རྒྱུ་མེད་པ་ཞིག་འདོད་ལོག་སྤྱད་ཟེར་བ་ཡང་གོང་གི་བླ་མ་བཀྲ་ཚེའི་ལོ་རྒྱུས་དང་མཚུངས་པར་ཤུགས་ལས་རྟོགས་སླ། དེར་མ་ཟད་གུང་རང་གིས་བླ་མ་ལ་བཤགས་པ་དང་བཟོད་གསོལ་ཕུལ་ལུགས་ཀྱིས་གུང་གི་ཞབས་ཕྱི་བས་ནོར་འཁྲུལ་ཤོར་བ་ཡིན་པར་ཆེས་གསལ། སྤྱིར་སྔགས་པས་ཐབས་ལམ་བརྟུལ་ཞུགས་ཀྱི་སྤྱོད་པ་རིག་མ་བརྟེན་པ་ཙམ་ལ་སྐྱོན་མཚང་


JSD005_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དམར་རྗེན་དུ་མཐོང་ཞེས་གཞན་ལ་སྨ་འབེབས་དྲག་པོ་དེ་ཙམ་དུ་བྱེད་རིགས་ན། ལྟ་སྤྱོད་གཙང་མ་ཞེས་ཁ་ལ་བུ་རམ་མུར་མུར་བྱེད་མཁན་གྱི་ཞྭ་སེར་རིང་ལུགས་པ། གནས་བརྟན་འདུལ་བ་འཛིན་པར་རློམ་ནས་གཞན་ལ་སོ་ཐར་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་སྦྱིན་པའི་མཁན་པོ་དང་ལས་སློབ་བྱེད་པས་མཚོན་འདུལ་བ་གཞི་གསུམ་གྱི་ཆོ་ག་ལ་ལག་ལེན་བྱེད་ཅིང་། ངུར་སྨྲིག་ཐར་པའི་རྒྱལ་མཚན་རིན་ཐང་ཅན་སྐུ་ལ་མནབས་ནའང་། ལྐོག་ཏུ་བཙུན་མ་དང་གཞན་བདག་པོ་ཅན་གྱི་བུད་མེད་ལ་བྱི་རྐུན་བྱེད་པའི་དགེ་སློང་ངོས་ལྐོག་ཅན་དང་བརྫུ་བག་ཅན་དངོས་བདེན་ཡིན་པའི་གྲགས་པ་བོད་ཕྱི་ནང་ཀུན་དུ་རླུང་ལྟར་ཁྱབ་ཚར་བ་སྦར་མོས་བཀབ་ནས། ད་དུང་སྔགས་པ་ལ་མོ་ཁ་རྒྱག་པ་མཚར་ཆེ། དེ་ལྟར་མ་འོངས་པ་ན་འབྱུང་བར་ཨོ་རྒྱན་བསྟན་


JSD005_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གླིང་པའི་ལུང་བསྟན་དུས་གསུམ་ཀུན་གསལ་ལས། རྩ་བཞིའི་སྡོམ་པ་རང་གིས་མི་བསྲུང་བའི༔ དགེ་སློང་སྡོམ་པ་གཞན་ལ་འབོག་པ་འོང་༔ ཞེས་གསུངས་པའི་ཐོག་ཏུ་བབས་པར་མངོན། རང་ཕྱོགས་འཆལ་སྤྱོད་བྱེད་པ་ལ། གྲུབ་པའི་དབང་ཕྱུག་དང་རྡོ་རྗེ་འཆང་ཞེས་བསྔགས་པ་བྱེད་ཅིང་། གཞན་ཕྱོགས་དགེ་སློང་ཚད་ལྡན་ལའང་སྡོམ་གཙང་མིན་ཟེར་བ་དང་། སྔགས་སྤྱོད་ལ་ལོག་གཡེམ་དུ་མིང་འདོགས་བྱེད་པ་འདི་དག་ཨ་ཕའི་ཁ་ཕོར་གཙང་ཞེན་དང་ཧམ་བསྙོན་འདིང་བ་ཅིས་མ་ཡིན། ལྷ་ལྕམ་གཡང་འཛོམ་ཚེ་རིང་དགེ་ལྡན་ལྟ་གྲུབ་གཙང་མ་དང་ཤུགས་ལྡན་སྲུང་མར་བསྟེན་པ་ཡིན་སྟབས་ཁྱོད་ཅག་གི་འདོད་པ་ལྟར་བྱས་ན་ཁ་དྲོ་བཀྲ་ཤིས་པ་ཞིག་ཡོང་དགོས་རྒྱུ་ལ་དེ་ལྟར་མ་བྱུང་བར། ན་སོ་གཞོན་དུས་ནས་ཡུགས་སར་ལུས། རང་དབང་མི་ལ་ཤོར་


JSD005_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྡུག་སྐད་དང་། ཡུས་ཆེ་ཁྲི་བྱང་རིན་པོ་ཆེར་འདོན་དགོས་པ་དེ་ཡང་ཆོས་སྐྱོང་གི་ཕྲིན་ལས་བསྒྲུབས་པའི་རྟགས་མཚན་རེད་དམ། སྐབས་འདིར་ཁྲི་བྱང་རིན་པོ་ཆེས་ཐུགས་བརྗེད་ཁུར་བ། སླར་ཁུངས་ལྡན་རྙེད་ན་འཛུད་དགོས་རྒྱུ་དེ་ཡང་དུས་ད་ཙམ་ན་རྙེད་ཡོད་ལས་ཆེ་བས་ཅིས ཀྱང་བར་འདིར་གཞུག་རོགས་གནང་ཞུ། ལྷ་ཀླུའི་ཞབས་པད་རྡོ་རྗེ་ཚེ་དབང་ཡང་དགེ་ལྡན་གཙང་མ་དང་། སྲུང་མ་ཤུགས་ལྡན་ལ་གཙོ་བོར་བྱེད་མཁན་ཞིག་ཡིན་ཀྱང་མཐར་ཐོག་ཏུ་བབས་པ་ནི་ཁ་མ་དྲོ། བཀྲ་མ་ཤིས། དོན་མ་གྲུབ་པ་བྱུང་བ་ཚང་མས་མཁྱེན་གསལ་ལྟར་མ་ལགས་སམ། རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་ཐུགས་དམ་བཀའ་ལན་ཕེབས་དོན་རེད་ཟེར་བ་དེ་ཡང་བདེན་རྫུན་དོགས་གཞི་ཆེ་སྟེ། དེའི་ནང་གི་ཚིག་དོན་དགའ་ལྡན་ཕོ་བྲང་པ་འདི་རི་བོ་དགེ་ལྡན་


JSD005_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྟ་གྲུབ་རྨ་མེད་འཛིན་དགོས་པ། གཞུང་ཞབས་སེར་སྐྱ་ཚང་མས་བླང་དོར་འཛོལ་མེད་དགོས་ཚུལ་གྱི་ཕྱོགས་རིས་འབུར་དོད་ཀྱི་གསུང་དེ་འདྲ་རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་བཞེད་དགོངས་དང་མི་མཐུན་ཅིང་། ལྟས་ངན་བྱུང་བའི་ཟློག་རིམ་དུ། བླ་མ་མཆོད་པའི་ཚོགས་མཆོད་དགོས་གསུངས་པའང་འབྲེལ་མ་ཆགས་ཙམ་འདུག ཁྲི་བྱང་རིན་པོ་ཆེ་ནས་རྒྱལ་བའི་བཞུགས་གནས་ཕོ་བྲང་ཡས་མས་ཀྱི་ཡིག་ཆ་འཚོལ་ཞིབ་མཛད་སྐབས་གོང་དུ་རྭ་སྒྲེང་དང་མཁར་རྡོ་སོགས་དང་འདིར་ལུང་ཤར་སྐོར་བཅས་པར་བཟང་པོའི་ལུང་བསྟན་དང་བཀའ་ཡིག་གཅིག་ཀྱང་མ་གཟིགས་པར། ངན་པའི་ལུང་བསྟན་དང་། ཕྱོགས་སུ་ལྷུང་བའི་ཡིག་སྣ་ཁག་རྙེད་ནས་དོ་སྣང་ཆེན་པོ་གནང་ཚུལ་བཀོད་པ་འདི་འདྲ་མཁྱེན་རྒྱ་ཅན་གྱིས་གཟིགས་ན་ཡ་མཚན་སྐྱེ་བའི་གནས་སུ་མཐོང་།


JSD005_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ཤར་གྱི་གཞུང་སྲིད་ལས་དོན་སྐོར་མང་པོ་བཤད་པ་དོན་མེད་ངག་འཁྱལ་དུ་འདུག་པས་བྲག་ཆའི་སྒྲ་ལ་གདབ་ལན་མ་བགྱིས། ལྷ་ཀླུའི་གུང་འཇིགས་མེད་རྣམ་རྒྱལ་མཐར་ཤིག་ནད་ཀྱིས་གྲོངས་ཞེས་པ་ལ་བརྟག་ན་བོད་ཀྱི་སྐུ་དྲག་ཟས་གོས་མཐུན་རྐྱེན་སྟོབས་འབྱོར་འཁོར་གཡོག་ཕུན་སུམ་ཚོགས་པ་དེ་ལྟ་བུ་ལ། སྤྲང་པོ་གོས་བརྗེ་རྒྱུ་མེད་པ་ལ་འབྱུང་ཉེའི་ཤིག་ནད་རྒྱབ་པ་འདི་མི་སྲིད་པའི་གཏམ་དུ་སྣང་བས་སུའི་རྣ་བར་འགྲོ། རྩིས་དཔོན་ལུང་ཤར་བ་མིག་འབྲས་བཏོན་པ་དང་བཙོན་ཁང་དུ་ལོ་ཤས་བསྡད་དགོས་བྱུང་བ་དེ་ནི་སྔོན་གྱི་ལས་དང་འཕྲལ་གྱི་སྤྱོད་པ་མ་གཟོ་བའི་རྐྱེན་ལས་བྱུང་བ་ཡིན་པ་ལས། ཁྱེད་ཅག་གིས་ཟེར་བ་ལྟར་རྙིང་ཆོས་ལ་ཞུགས་པ་དང་། དེའི་ལེ་ལན་གྱིས་རྒྱལ་ཆེན་ཤུགས་ལྡན་ཐུགས་མ་དགྱེས་ནས་ཆོ་འཕྲུལ་


JSD005_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དང་ཆད་པ་བཅད་པ་བཅས་ཡིན་པར་ནམ་ཡང་མི་ལྟ་སྟེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། བསྐལ་པ་བརྒྱར་ཡང་ཆུད་མི་ཟ། ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་དང་། རིན་ཆེན་ཕྲེང་བ་ལས། དགེ་བ་ལས་ནི་མཐོ་རིས་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །མི་དགེ་བ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་དང་། ལུང་ཤར་བས་ཚོད་ལས་ཐལ་བའི་ཕྱག་ལས་རྒྱལ་ཁྲིམས་ལ་བཅོས་བསྒྱུར་དང་ཁྲལ་འགེལ་སྟངས་སོགས་ཉེས་ནས་རང་ཉིད་ལ་ཆད་པ་ཕོག་པ་སྟེ། ལེགས་བཤད་ལས། གཟུ་ལུམ་དག་གི་སྤྱོད་པ་ཡིས། །སྐྱོ་བམྱུར་དུ་རྒུད་པར་འགྱུར། །སྤྱི་བརྟོལ་ཅན་གྱི་གླང་རྒོད་ཀྱི། །གཅད་བྱ་མྱུར་དུ་མི་གཅོད་དམ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ལྷམ་ལྕམ་


JSD005_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་འཛོམ་ཚེ་རིང་གི་ཞལ་གྱི་བདུད་རྩི་རྣམས་བཤད་གྲུབ་ནས་སླར་ཡང་། བཀའ་བློན་ཁྲི་སྨོན་པར་འཛུག་པར་འདོད་ནས་འདི་ས་ལྟར་བཀའ་བློན་ཁྲི་སྨོན་པ་ནོར་བུ་དབང་རྒྱལ་ཡང་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་དུས་སུ་གཞུང་གི་ལས་འཛིན་ཐེག་པ་རིམ་འཛེགས་ཀྱིས རྩིས་དཔོན། དེ་ཐོག་ཏུ་ཐའི་ཇིའི་གོ་མིང་། དེ་ཐོག་ཏུ་ཐའི་ཇིའི་གོ་མིང་། དེ་ནས་ཆུ་བྱི་རྒྱ་དམག་མཐར་བསྐྲོད་སྐབས་བོད་དམག་ཡོངས་ཀྱི་སྤྱི་ཁྱབ་ཏུ་བསྐོ་སྩལ་སོགས་ལ་བྱས་རྗེས་གཟེངས་ཐོན་བྱུང་ཞིང་། དེ་རྗེས་མདོ་སྨད་སྤྱི་ཁྱབ་བཀའ་བློན་བྱམས་པ་བསྟན་སྐྱོང་འདས་ཚབ་མདོ་སྨད་སྤྱི་ཁྱབ་བཀའ་བློན་བཅས་སུ་རིམ་པར་བསྐོ་སྩལ་༜དང་འབྲེལ་ཆབ་སྲིད་ཀྱི་བྱ་བཞག་སྐོར་ལ་རྨད་དུ་བྱུང་བའི་མཁྱེན་རྒྱ་ཆེ་བ་དང་༧གོང་ས་སྐྱབས་མགོན་ཆེན་པོ་ཐུབ་བསྟན་རྒྱ་མཚོས་ཀྱང་རྗེས་བརྩེའི་ལྕགས་


JSD005_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱུས་འཛིན་པ་དེ་ལྟར་ཡིན་ཡང་། རྙིང་ཆོས་ལ་མོས་ཤིང་རྙིང་བླ་དུ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་མང་དུ་ཉན་ཏེ་ཉམས་ལེན་གྱི་མཐིལ་ལྟ་བུར་བཟུང་བར་བརྟེན་དགེ་ལྡན་བསྟན་པ་བསྲུང་བའི་དགྲ་ལྷ་རྡོ་རྗེ་ཤུགས་ལྡན་སྩལ་གྱི་ཐུགས་དང་འགལ་བར་གྱུར་པའི་དབང་གིས་མཐར། ཤེས་པ་རང་བཞིན་དུ་མི་གནས་པར་སྨྱོས་ཏེ་བཀའ་བློན་མིང་ཁུར་ཡོད་ཐོག །གཟིམ་ཤག་ནས་ཕྱིར་ཐོན་གྱིས་ལྷ་སའི་འོང་སྟོད་ཞིང་ཁའི་ཁྲོམ་གསེབ་ཏུ་བསྐྱོད་དེ། སྦུབ་ཆལ་སོགས་ཚོང་ཆས་སུ་བཞག་པའི་རོལ་མོ་ཡོད་རྒུ་བླངས་ནས་དཀྲོལ་བ་དང་། སྐབས་འགར་སྨད་དུ་ཤམ་ཐབས་དཀར་པོ་ཞིག་གྱོན་ཏེ། ཁྲོམ་གསེབ་ཏུ་བསྐྱོད་པ་དང་། ཉིན་གཅིག་སྨད་དུ་ཤམ་ཐབས་དཀར་པོ་ཞིག་དང་། དེའི་སྟོད་དུ་གཟན་དམར་པོ་ཞིག་གྱོན་ནས་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་བཞི་སྡེར་བཞུགས་པའི་སྐ་མདུན་


JSD005_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཅར་བར། རྒྱལ་ཚབ་རིན་པོ་ཆེས་སྐུ་རྩེད་ཀྱིས་དེ་རིང་ས་དབང་ཆེན་མོ་གཏེར་བཏོན་གྱི་ཆས་བཞེས་འདུག་ན། གཏེར་བཏོན་སུ་ཞུ་བ་དེ་ཡིན་ནམ། ཞེས་བཀའ་འདྲི་གནང་བར། ཁོང་རང་ལ་བུ་མང་པོ་ཡོད་སྟབས། ང་གཏེར་བཏོན་མི་གཏེར་གླིང་བ་ཟེར་བ་དེ་ཡིན། ཞེས་ཞུས་པ་སོགས་ལེགས་ཉེས་གསེར་དང་བོང་བ་མཉམ་ཉིད་དུ་རྟོགས་ཤིང་། སྨྱོ་སྤྱོད་རང་བྱུང་རང་གྲོལ་གྱི་ཉམས་རྟོགས་ཐང་མར་བརྡལ་བས་གང་བྱུང་ལམ་དུ་འཁྱེར་བའི་བརྟུལ་ཞུགས་ཞེ་ཁྲེལ་བའི་གནས་དག་བཟུང་བ་སྣང་ལ། སྐབས་དེར་སྐུ་ངོ་ཤུད་ཁུད་པ་ཁོང་གི་ལྕམ་ཁྲི་སྨོན་གྱི་སྲས་མོར་བརྟེན་བསྙུན་མནར་སྐབས་ཞབས་ཞུར་ཡོད་པ་དེས། སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་མི་ཆེན་པོའི་སྐུ་དྲག་སྨྱོ་བ་ལས་སྡུག་པ་མི་འདུག །བརྡུངས་ཀྱང་ཅུང་མི་


JSD005_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

འགྲིགས། ཞུས་ཀྱང་མི་གསན་པར་འདུག །གཞན་ཞིག་ཡིན་ན་བསྡམས་བཀྱིགས་བརྡུང་བཏགས་སོགས་བྱས་ཆོག་པ་ལ། ཞེས་ཞུས་ཤིང་། ཁྲི་སྨོན་བསྙུན་མནར་སྐབས་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་བཀའ་བསྒོ་གནང་བར་གདན་འདྲེན་ཡང་ཞུས་འདུག །ཁྲི་སྨོན་ཉིད་ཀྱི་སྐུ་ཟླ་ཕྱི་མ་སྡེ་དགེ་ཐའི་ཇིའི་ལྕམ་ཞེས་པ་ཞིག་ཡོད་པ་དེས། ཁྲི་སྨོན་པའི་ཕ་མེས་ཀྱི་རྒྱུ་ནོར་ཅི་ཡོད་གང་བྱུང་གཏོར་སྐྱོན་བཏང་བས། སྲས་རྣམས་ཀྱང་གཟིམ་ཤག་ཏུ་བསྡད་བློ་མེད་པར་ཕྱྀ རང་སྐལ་བླངས་ནས་ཟུར་ཐོན་གྱིས་ཁྲི་སྨོན་ལྟེ་བར་རྒྱུ་ནོར་གྱིས་ཕོངས་པས་ཕྱོགས་ཀུན་ནས་བུ་ལོན་མང་དུ་བླངས་ཤིང་། ལས་དོན་གང་ཅིར་ལམ་ལྷོང་མ་བྱུང་བ་གཙང་ཁུལ་གྱི་ནུབ་གླིང་ཞེས་པའི་ཕ་གཞིས་ཀྱང་ཀུན་བདེ་གླིང་བླ་བྲང་དུ་གཏའ་མར་བཞག་སྟེ། བུ་ལོན་བླངས་དགོས་བྱུང་བ་སོགས་རྒུད་པའི་མཐའ་


JSD005_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་གྱུར་ཏེ་ཕྱི་མའི་ལྔ་ལམ་དུ་འཕོས་པར་གྱུར་ཏོ། །ད་དུང་བསྙད་པར་བྱ་བའི་ལོ་རྒྱུས་འགའ་ཞིག་མཆིས་ཀྱང་རེ་ཞིག་དེ་ཙམ།༽ཞེས་པ་ལ་བརྗོད་པ། བཀའ་བློན་ཁྲི་སྨོན་པ་ཁོང་རྙིང་བསྟན་ལ་གཅིག་ཏུ་མོས་པ་ཐུགས་ལ་འཁྲུངས་ཏེ་རྙིང་མའི་བླ་མ་མང་པོའི་དྲུང་ནས་དབང་ལུང་ཁྲིད་གསུམ་གསན་པ་དང་ཐུགས་དམ་ཉམས་བཞེས་ཀྱི་མཐིལ་གནང་བའི་རྒྱུ་དེས། ཤུགས་ལྡན་གྱི་ཐུགས་དང་འགལ་བར་གྱུར་པ་དེ་ལྟར་ན་ཤུགས་ལྡན་དེ་ཉིད་རྒྱལ་བའི་བསྟན་སྲུང་མ་ཡིན་པར་བསྟན་དགྲ་དངོས་གནས་ཡིན་པའི་ར་འཕྲོད་གསལ་པོ་བྱུང་བ་མ་ལགས་སམ། ལར་ཁྲི་སྨོན་པ་སྨྱོས་ཟེར་བ་འདི་འཁོན་༜ འཛིན་ཕྱོགས་རིས་ཀྱི་རྫུན་ཧམ་ཡིན་པ་མ་གཏོགས་དངོས་པོའི་གནས་ཚུལ་དང་མཐུན་པའི་བདེན་པའི་དག་དཔང་གང་ཡང་མི་འདུག་སྟེ། ཁྱོད་ཅག་ཁྲི་སྨོན་པ་


JSD005_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོན་པ་ཡིན་པའི་སྒྲུབ་བྱེད་ཀྱི་རྟགས་བཀོད་རྒྱུ་འདི་ལྟར། ཤམ་ཐབས་དང་གཟན་བཞེས་པ་དང་། ཁྲོམ་དུ་བཤམས་པའི་སྦུབ་ཆལ་དཀྲོལ་བ། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེའི་སྐུ་མདུན་དུ་ཐུགས་འདྲིས་ཆེ་གཤིས་ནང་ལུགས་སྐུ་རྩེད་ཀྱི་ཞལ་འཕྲོས་མཛད་པ་ཙམ་ལས་གཞན་ཅི་ཡང་མེད་པ་འདིས། དམ་བཅའ་དེ་བྱེ་མའི་ཆངས་བུ་བཞིན་རང་ཞིག་ཏུ་སོང་གདའ་འོ། །ཁྲི་བྱང་རིན་པོ་ཆེ་དང་ཤུད་ཁུད་ལྕམ་ལྷན་རྒྱས་ནས་ཞབས་པད་ཁྲི་སྨོན་པ་སྨོས་པར་གཟིགས་པ་ལས་ལྩ གཞན་ལ་དེ་འདྲའི་ལོ་རྒྱུས་མི་འདུག་པར་མ་ཟད། མཐར་མེ་གླང་ལོ་མགོར་དགུང་ན་མཐོ་ཕེབས་ལ་བརྟེན་ལས་ཞབས་ཆབས་ཅིག་དགོངས་པ་ཞུས་པ་ལས། སྨྱོ་ནས་ཞུས་པའི་ལོ་རྒྱུས་དབེན། དེ་ལ་གཞུང་ནས་ལེགས་སྐྱེས་སྩལ་བ་དང་བཅས་བཀའ་བློན་ཟུར་བཞུགས་གནང་བ་ཡིན་འདུག །འདི་མི་བདེན་བསམ་ན་


JSD005_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་སྨོན་པ་རང་གི་ཚ་བོ་ཡིན་པ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བསྒྲིགས་པའི་རྒྱལ་རབས་ལ་ལྟོས་དང་གསལ། ཡང་ལྟ་བ་མཉམ་པ་ཉིད་དང་། སྤྱོད་པ་རང་གྲོལ་གྱི་ཉམས་རྟོགས་ཐང་མལ་བརྡལ་བས་ཞེས་བསྔགས་བརྗོད་བྱས་པ་དང་། དེ་མ་ཐག་བརྟུལ་ཞུགས་ཞེ་ཁྲེལ་བའི་གནས་བཟུང་ཞེས་སྨོད་པའི་ཚིག་ཁ་གཅིག་ལྕེ་གཉིས་ཀྱིས་དངོས་འགལ་འདི་དག་ལ་ལྟོས་དང་ཁྱོད་རང་ཤེས་པ་རང་བཞིན་དུ་མི་གནས་པའི་ཞད་ཅིག་འདུག །སྤྱིར་ཡང་ཞབས་པད་ཁྲི་སྨོན་པ་ལྟ་བུ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཐུགས་དགོངས་དང་མཐུན་པའི་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་སྲིད་དོན་༜ཞབས་འདེགས་སྒྲུབ་ཕྱོགས་སྐོར་མཁྱེན་རླབས་དང་ལྡན་པས་སྔ་ཕྱི་བར་གསུམ་བྱས་རྗེས་གཟེངས་ཐོན་པ་བྱུང་བའི་སྤ་དར་ནུབ་གླིང་གཞིས་ཁ་སྩལ་བ་བཅས།


JSD005_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདྲའི་དཔའ་བོ་ཞིག་ལ་ཤུགས་ལྡན་གྱིས་ཆད་པས་བཅད་འོས་ན་སྔར་བརྗོད་པ་ལྟར་རྒྱལ་ཆེན་ཤུགས་ལྡན་དེ་ཉིད་གཞུང་ས་དགའ་ལྡན་ཕོ་བྲང་པའི་ཆོས་སྲིད་ལ་གནོད་པའི་འདྲེར་ཆེ་བའི་རྟགས་མཚན་ཡང་དག་པ་མ་ཡིན་ནམ། ཁྲི་སྨོན་པ་ལོངས་སྤྱོད་སྔར་ཡོད་བསགས་མཐར་འཛད་པའི་ཆོས་ཉིད་ལས་མ་འདས་ཤིང་། རྗེས་སོར་དབུལ་པོར་གྱུར་པ་ནི་རང་གི་སྔོན་བསགས་སེར་སྣའི་དབང་གིས་ཡིན་པ་འབྲས་བུའི་རྟགས་ཀྱིས་རྒྱུ་དཔགས་ནུས་པ་ལས། ཁྱེད་ཅག་གི་ཁྱབ་ཆུང་གུ་དོག་གི་འདོད་གཏམ་ལྟར་བོད་ཆུང་ངུ་ལྷ་སའི་གྲོང་ཁྱེར་ཙམ་ལ་གནས་པའི་སྐུ་དྲག་གོ་གནས་ཅན་ཉུང་ཤས་ཅིག་ལ་སྐྱིད་སྡུག་ལེགས་ཉེས་འབྱོར་རྒུད་ཚེ་རིང་ཐུང་ལ་སོགས་བཟང་ངན་ཅི་བྱུང་ཐམས་ཅད། རྒྱལ་ཆེན་ཤུགས་ལྡན་ཐུགས་དགའ་བ་དང་མ་དགའ་བ་ཁོ་ན་ལས་བྱུང་བར་བཤད་པ་


JSD005_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཚོ་ཞིབ་ཏུ་བརྟགས་ན་མུ་སྟེགས་དངོས་པོར་སྨྲ་བའི་གྲུབ་མཐའ་དབང་ཕྱུག་རྒྱུར་སྨྲ་བ་དང་ཁྱད་པར་འགའ་ཡང་མ་མཆིས་པས། སངས་རྒྱས་ཐུབ་པ་མཆོག་གི་བསྟན་པའི་ཁྱད་ཆོས་རྒྱུ་འབྲས་བསླུ་བ་མེད་པའི་གནས་དང་འཛམ་གླིང་ལས་ཀྱི་ས་པ་ཞེས་པའི་དོན་ལས་འགོང་ནུས་པ་སྙིང་ཁམས་ཆེ། ད་དུང་བསྙད་པར་བྱ་རྒྱུ་ཡོད་ཟེར་བ་དེ་གོང་དུ་བཤད་པ་ཚོ་དང་ཆོ་འདྲ་ལས་མེད་ན་ནི་རང་གི་ནང་ཆ་སྟོན་པ་ཙམ་དུ་ཟད། དེ་མིན་ཆོས་མཐུན་བཟང་པོ་ཀུན་ལ་སྨན་ཡོན་དུ་གྱུར་པ་དེ་འདྲ་བདོག་ན་ནི་ངེས་པར་གསུང་དུ་གསོལ། ད་ནི་དེབ་སེར་པོ་དེའི་མཇུག་གི་དོན་ཚིགས་བཅད་རིང་པོ་འདི་ལྟར། སྨྲས་པ། མདོ་རྒྱུད་བཞིན་དུ་ཆོས་འདུལ་ལམ་གྱིས་དུལ་བར་སྤྱོད་ཅིང་གསང་ཆེན་ཐེག་པས་སྙིང་ལ་བདུད་རྩིའི་མཆོག་དངར་བའི། །འཁྲུལ་བྲལ་གསེར་


JSD005_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་དོ་ཀེར་གཡོ་བའི་གྲུབ་མཐའི་རང་སྲོལ་བསམ་འཕེལ་ནོར་ནི་སྙིང་ལ་ཉེ་བའི་དཔལ་འཛིན་ན། །གང་གི་ཕྲིན་ལས་ཆར་དུ་བསྙིལ་ཡང་བག་མེད་འཆོལ་བའི་ཙིཏྟའི་གཤེད་དུ་རྡོ་རྗེའི་ཐོག་གི་མཚོན་འབེབས་པའི། །མཐུ་ལྡན་གཙོ་བོ་རྡོ་རྗེའི་ཤུགས་ལྡན་མཛའ་བའི་གྲོགས་སུ་ཉེ་བར་བསྙེན་ལ་རྒུད་པའི་སྣང་བ་དབྱིངས་སུ་ཡལ། །སྙིང་གི་ཟེ་འབྲུའི་དཔལ་དུ་ཆེ་བའི་ཕ་གཅིག་བླ་མའི་མཁྱེན་ཟབ་ཆུ་གཏེར་འཕྱུར་བའི་རླབས། །ཆོས་དབྱིངས་མཁའ་ལ་སྒྱ་མ་ཇི་བཞིན་ཕུང་པོར་བྱས་པའི་རྟོགས་བརྗོད་ནམ་མཁའི་གཉིས་འཐུང་ནི། །འཇིགས་དང་དཔའ་བའི་དྲག་ཤུལ་གློག་གི་གྱ་གྱུའི་དོ་ཤལ་རིང་དུ་འཕྱང་བའི་ལྟོ་བ་ནས། །ངོ་མཚར་ཚིག་ཕྲེང་སྣ་ཚོགས་གདངས་སུ་རྣམ་པར་འཕྲུལ་པའི་སྒྲ་བརྒྱའི་དབྱངས་དག་འདི་ན་སྒྲོག །འདི་ལས་ཐོབ་པའི་ལེགས་བྱས་ཆ་ནི་ར་རིས་བྲལ་བའི་


JSD005_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་རྫོགས་ཟླ་བཞིན་འབུམ་ཕྲག་སྣང་བ་རབ་དཀར་བས། འཁྲུལ་བྲལ་ཡང་དག་ཚད་མའི་ལམ་དུ་ལུང་རིགས་གསེར་གྱི་བྱེ་མ་འདྲེན་པ་དག་གཙང་གངྒཱའི་རྒྱུན་བཟང་གིས། རྨོངས་དང་ཡིད་གཉིས་ལོག་པའི་དྲི་མ་དྲུང་ནས་འབྱིན་སླད་བདུད་རྩིའི་ཁམས་སུ་རིང་ནས་འབབ་པ་ཚངས་པའི་ཀླུང་། །བློ་བཟང་སྙན་བརྒྱུད་མཆོག་གི་རྒྱུན་འདིས་ཕྱོགས་ཀྱི་མུ་ལ་གདུང་བ་གཞིལ་བའི་ཤིས་པ་རྒྱ་མཚོས་ཁྱབ་གྱུར་ཅིག །༽ཞེས་པ་ལ་བརྗོད་པ། འདིའི་རྐང་པ་བཞི་པའི་དོན་ཤུགས་ལྡན་མཛའ་གྲོགས་སུ་བསྟེན་ན་རྒུད་པ་མེད་ཟེར་བ་མི་འཐད་དེ། ཤུགས་ལྡན་མཛའ་བའི་གྲོགས་སུ་མ་ཟད་འདྲེན་པའི་༜སྐྱབས་ཀྱི་མཆོག་ཏུ་བསྟེན་མཁན་རྣམས་ལའང་རྒུད་པ་སོགས་མི་འདོད་སྣ་དགུ་ཐོག་ཏུ་བྱུང་བ་གོང་དུ་བཤད་པ་ལྟར་ལགས་པས་མངོན་སུམ་ཚད་མས་གནོད་


JSD005_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །རྐང་པ་ལྔ་པའི་དོན་ཕ་བླ་མའི་མཁྱེན་པའི་རླབས་འཕྱུར་བ་གོང་དུ་དགག་ཟིན་པའི་མ་དག་ཁུངས་མེད་གཏམ་ཉོབ་དེ་རྣམས་ལ་བསྔགས་འོས་སུ་ཇི་ལྟར་རུང་། རྐང་པ་དྲུག་པའི་དོན་རྟོགས་བརྗོད་ཀྱི་དཔེ་མཁའ་ལ་སྒྲ་མའི་ཕུང་པོ་བཀོད་པ་བདེན་པ་མེད་རང་གིས་ཀྱང་ཁས་བླངས་པ་མ་ཡིན་ནམ། རྐང་པ་བདུན་པ་ཡི་དྭགས་མཁའ་རྒྱུའི་འབྱུང་གདོན་ལ་ཤུགས་ལྡན་དུ། བདེན་ཞེན་གྱིས་བླུན་པོ་རྣམས་ལ་འཇིགས་སྣང་སྐྱེད་པ་མཁྱེན་ལྡན་གྱིས་ཁྲེལ་བའི་གནས་སོ། །རྐང་པ་བརྒྱད་པ་ངོ་མི་མཚར་བའི་དོན་ལ་ངོ་མཚར་དུ་འཛིན་པ་བླུན་པོའི་རང་རྟགས་སུ་བཤད། རྐང་པ་དགུ་པ་ཆགས་སྡང་རང་གའི་གཏམ་འདི་བརྗོད་པ་ལ་ལེགས་བྱས་བསོད་ནམས་ཐོབ་པར་འདོད་པ་ལས་འབྲས་ལ་རྨོངས་པ་སྟེ། འཕགས་པ་ཀླུས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་


JSD005_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་དགེ་བའོ། །ཞེས་གསུངས་པས་མི་དགེ་བ་བསྔོ་རྒྱུར་བྱ་བ་སངས་རྒྱས་པ་ལ་མ་གྲགས། རྐང་པ་བཅུ་པ་ནོར་འཁྲུལ་ཅན་མ་དག་པའི་འཆལ་གཏམ་འདི་འདྲ་འཁྲུལ་བྲལ་ཡང་དག་ཚད་མའི་ལམ་དུ་བཟུང་བ་མ་བརྟགས་ཉམས་དགའ་ཙམ་དུ་ཟད། རྐང་པ་བཅུ་གཅིག་པ་བསྟན་བཅོས་ལོག་སྨྲ་ངན་པ་འདིས་རང་གཞན་གྱི་རྨོངས་པ་དང་ཐེ་ཚོམ་ལོག་རྟོག་བཅས་ཀྱི་དྲི་མ་སེལ་བ་ལྟ་ཅི། དུག་ལ་བདུད་རྩིར་ཞེན་ནས་ཐར་བའི་སྲོག་རྩ་གཅོད་པའི་སྒྱུ་ཐབས་ཙམ་མོ། །རྐང་པ་ཐ་མ་དེབ་འདིའི་ཐོག་མཐའ་བར་གསུམ་དུ་རྗེ་བདག་ཉིད་ཆེན་པོའི་སྙན་བརྒྱུད་ཀྱི་བརྗོད་བྱ་རྗོད་བྱེད་ཀྱི་ཤས་ཙམ་ཡང་མེད་པ་ལ། ཁྱོད་ཀྱིས་བློ་བཟང་སྙན་བརྒྱུད་མཆོག་འདིས་ཞེས་ངེས་བཟུང་དང་བཅས་ཏེ་བཀོད་པ་འདི། དུས་དང་གནས་སྐབས་ངན་པ་འདི་འདྲར་ལྟར་སྣང་བརྡོལ་ཐབས་


JSD005_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐད་ཆ་ལ་བློ་མིག་མ་ཞར་བ་རྣམས་ཀྱིས་སྙིང་པོ་མེད་པ་སྨྲིག་རྒྱུའི་ཆུ་ལ་འགྲམ་ཆུ་ནམ་ཡང་ལྡང་མི་སྲིད་དེ། འཇམ་མགོན་གུ་ཎས། དུས་དང་སྐལ་བ་བཤད་བྱའི་དོན་དང་གསུམ། །མཚུངས་པར་བབས་པས་བརྡོལ་ཐབས་འབྱུང་མོད་ཀྱི། །བློ་ལྡན་ངེས་དོན་བདུད་རྩིའི་ཟས་ཅན་རྣམས། །ལྟར་སྣང་སྨྲིག་རྒྱུའི་ཆུ་ལ་སྲེད་མི་སྲིད། །ཅེས་གསུངས་པ་ལྟར་རོ། །དེ་ནས་དེབ་ཀྱི་མཛད་བྱང་འདི་ལྟར། ཅེས་མཐུ་དང་སྟོབས་ཀྱིས་ཆེ་བའི་བསྟན་སྲུང་ཆེན་པོ་རྡོ་རྗེ་ཤུགས་ལྡན་རྩལ་གྱི་བྱུང་བ་བརྗོད་པ་ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩིའི་ཆུ་ཁུར་བརྩེགས་ཤིང་འཇིགས་རུང་གློག་ཞག་འགྱུ་བའི་སྤྲིན་ནག་འཁྲུགས་པའི་ང་རོ་ཞེས་བྱ་བ་འདི་ནི། རྡོ་རྗེ་ཤུགས་ལྡན་རྩལ་གྱི་གསང་གསུམ་རྨད་དུ་བྱུང་བའི་རྟོགས་པ་བརྗོད་པའི་གཏམ་དུ་བྱ་བ་དམ་ཅན་རྒྱ་མཚོ་དགྱེས་པའི་རོལ་མོའི་ནང་དུ་


JSD005_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བར་མ་གསུངས་པའི་ལོ་རྒྱུས་ངོ་མཚར་ཅན་རྣམས་ཕ་བླ་མ་བཀའ་དྲིན་མཚུངས་མེད་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོས་ཞོར་འཕྲོས་ཀྱི་ཚུལ་དུ་སྔ་ཕྱིར་བཀའ་སྩལ་བ་རྣམས་བརྗེད་དུ་ཕངས་པས་ཟིན་ཐོར་བཀོད་པ་རྩ་བར་བཟུང་། ཁུངས་ལྡན་གཞན་ནས་རྙེད་དང་། མངོན་སུམ་མཐོང་ཆོས་སུ་གྱུར་པ་རྣམས་ཀྱིས་ཟུར་བརྒྱན་ཏེ། ཆོས་སྐྱོང་ཆེན་པོ་འདི་ཉིད་ཀྱིས་ཁོ་བོ་ཅག་ཆེས་ན་ཚོད་ཕྲ་མོའི་དུས་སུའང་ཛེ་སྨད་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱི་སྐྱེ་བར་བཏགས་པའི་ཐ་སྙད་ཀྱི་མེ་ཏོག་འཐོར་བ་དང་། རྣོ་ངར་འབར་བའི་གྲི་རིང་ཞིག་ཡི་གེ་དབུ་ཅན་ཞྭ་ཡིག་གི་རྣམ་པར་བཀུག་སྟེ་དམ་ཚིག་གི་རྟེན་དུ་སྦྱིན་པའི་ལེགས་ཚོགས་ཀྱི་སྒོ་འཕར་དབྱེ་བ་ནས་བཟུང་། ལུས་ཀྱི་གྲིབ་མ་གཉིས་པའི་རང་བཞིན་དུ་རྟག་ཏུ་འགྲོགས་ཏེ་རྣམ་བཞིའི་འཕྲིན་


JSD005_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱིས་བསྐྱངས་པའི་མཚན་མ་སྣ་ཚོགས་པ་ཉམས་སུ་མྱོང་བ་ལ་བརྟེན་ནས་འདི་ཉིད་འབྲི་བ་ལ་འདུན་པའི་སྤྲོ་བ་ཆེན་པོས་ཡིད་དབང་མེད་དུ་བསྐུལ་ཏེ་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོའི་དྲུང་ནས། འདི་ཉིད་ཀྱི་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་སྲོག་དབང་ཟབ་མོ་ནོད་ཅིང་། ལས་བསྙེན་ཚུལ་བཞིན་དུ་བགྱིས་པ་དང་། ཁྲིད་ལུང་མན་ངག་གནད་ཟབ་མོ་རྣམས་རྫོགས་པར་ཐོབ་པའི་དམ་ལྡན་རྣལ་འབྱོར་སྤྱོད་པ། རི་བོ་དགའ་ལྡན་པའི་བསྟན་པ་ལ་ཤེས་ནས་མོས་པ་ཐོབ་པའི་ཤཱཀྱའི་དགེ་སྦྱོང་དགའ་ལྡན་ཤར་རྩེ་ཛེ་སྨད་སྤྲུལ་མིང་པ་བློ་བཟང་དཔལ་ལྡན་བསྟན་འཛིན་ཡར་རྒྱས་སུ་འབོད་པའི་སྙོམས་ལས་པས། རབ་རྒྱལ་ཐུན་མོང་ཞེས་པ་ལྕགས་ཕོ་ཁྱི་ལོའི་གྲོ་བཞིན་ཟླ་བའི་དམར་ཕྱོགས་རྫོགས་པ་གསུམ་པའི་ཉིན་འཕགས་


JSD005_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མ་དྷི་པར་ངྷི་ཤའི་ཁོངས། པ་ཆ་མ་རི་ཞེས་མ་ཧཱ་དེ་ཝཿས་སྒྱུ་འཕྲུལ་གྱི་བཀོད་པ་དུ་མ་བསྟན་པའི་གནས་སུ་གྲགས་པའི་སར་རང་ཤག་གར་འདུག་སྐྱིད་པའི་གྲོང་ཁྱེར་དུ་ཟླ་བསྐང་བགྱིས་པའི་ཚེ་མཇུག་གྲུབ་པར་སྦྱར་བ་འདིས་རི་བོ་དགེ་ལྡན་པའི་བསྟན་པ་ཕྱོགས་ཀུན་དུ་དར་ཞིང་རྒྱས་པར་གྱུར་ཅིག་གུ། ཅེས་པ་ལ་བརྗོད་པ། ཛེ་སྨད་པས་ཡང་བསྐྱར་ཕ་རྒོད་བླ་མའི་ཞལ་གྱི་བདུད་རྩི་སྩལ་བ་བརྗེད་དུ་ཕངས་པས་རྩ་བར་བཟུང་ཟེར་བ་འདི་ལ་བསམ་ན་རྟོགས་བརྗོད་དམ་ཅན་རྒྱ་མཚོ་དགྱེས་པའི་རོལ་མོ་ཞེས་པ་ལའང་འགལ་དང་མ་འབྲེལ་དོན་ལ་མི་གནས་པ་མང་པོ་མཆིས་ནའང་འདིར་ཡི་གེས་འཇིགས་ནས་མ་བྲིས། ཤུགས་ལྡན་རྟོགས་བརྗོད་མ་བུ་གཉིས་ཀའི་ནང་དུ་ཤུགས་ལྡན་གྱི་འཁོར་བཙན་རྒོད་གཡུ་དམར་རྒྱལ་ཆེན་དང་། ཁ་ཆེ་དམར་


JSD005_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཟེར་བ་གཉིས་ཀྱི་སྐྱེ་རྒྱུད་ལབ་རྒྱུ་མ་རྙེད་འདུག་པ་འདིས་དམ་ཅན་རྒྱ་མཚོ་ལྟ་ཞོག་ཤུགས་ལྡན་ཁོ་རང་གི་གཙོ་འཁོར་ཡང་མ་ཚང་བས་དེ་དག་དགྱེས་པའི་རོལ་མོ་ཡང་ཕྱོགས་རེ་ཉི་ཚེ་བ་ཙམ་དུ་གྱུར་ལ། ཁུངས་ལྡན་གཞན་ནས་རྙེད་པ་དང་ཟེར་ཡང་། གོང་དུ་ཁུངས་སོ་སོའི་སྐབས་སུ་ཐད་ཀར་དགག་བཞག་བགྱིས་གྲུབ་ཅིང་། མངོན་སུམ་མཐོང་ཆོས་སུ་གྱུར་པས་ཟུར་བརྒྱན་ཟེར་བ། རབ་རིབ་ཅན་གྱིས་སྐྲ་ཤད་ལྟར་མ་དག་པར་མཐོང་བ་ཡིན་ཚོད་འདུག་པས་ཡིད་རྟོན་དཀའ། རྩོམ་པ་པོ་རང་ཉིད་ཐོག་མར་ཤུགས་ལྡན་གྱིས་སྤྲུལ་སྐུར་མཚན་བཏགས་པ་དེ་ནི་བོད་ཀྱི་སྐྱེ་སྤྲུལ་གཞན་ལྟར་ལྷ་བླས་ལུང་བསྟན་པ་དང་། རྟེན་མཆོག་དྲུང་དུ་བརྟག་སྒྲིལ་འཕང་པའམ། ཡང་ན་རང་གི་སྔོན་གནས་སྐྱེ་བ་དྲན་ཏེ་ངོས་འཛིན་གནང་སྲོལ་གྱི་ལུགས་ལས་ལྡོག་སྟེ་ཟ་འདྲེ་ཕུང་སྲི་ཁོག་བརླམས་


JSD005_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ངོས་བཟུང་བྱས་ཚུལ་ལ་གཞིག་ན་གང་གི་སྤྲུལ་པ་ཡིན་འཕྱང་མོ་ཉུག་ཏུ་གྱུར། གྲི་རིང་བཀུག་ནས་བྱིན་པ་དེ་ལེགས་ཉེསགང་གི་སྒོ་འབྱེད་ཀྱི་རྟེན་འབྲེལ་ཡིན་ཆ་མི་ཐོག དེ་ནས་བཟུང་སྟེ་རྒྱལ་འགོང་ལུས་གྲིབ་ལྟར་འགྲོགས་ནས་ལས་བཞིའི་ཕྲིན་ལས་སྒྲུབ་པའི་མཚན་མ་མཐོང་ཚར་རྗེས་གཟོད་འདིའི་སྲོག་གཏད་ཞུས་པ་ལ་དགོས་པ་ལྷག་པོ་ཅི་ཡོད། ལར་མ་མཐོང་མཐོང་ཚུལ་གྱི་མི་ཆོས་བླ་མའི་རྫུན་གྱིས་རབ་བྱུང་གི་སྡོམ་པ་འཇིག་པའི་རྐྱེན་བྱས་པ་མ་འཚལ་ལམ། ཡང་ན་མི་མ་ཡིན་རྟག་ཏུ་མཐོང་བ་བདེན་ན་ལུས་མ་བོར་བར་ལྷ་འདྲེ་མ་རུང་བའི་འཁོར་དུ་སྐྱེས་ནས་སྤྱོད་ལམ་གཅིག་ཏུ་གྱུར་པ་ལས་འོས་ཅི་ཡོད། ཉེ་བརྒྱུད་ཐུན་མིན་གྱི་དབང་ཞུས་པ་ལ་ཞིབ་པར་དཔྱད་ན། རིང་བརྒྱུད་དང་ཉེ་བརྒྱུད་གཉིས་ཀ་བཞག་ཏུ་མེད་དེ། དང་པོ་རྒྱལ་བ་


JSD005_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་། སྟོན་པ་ཤཱཀྱའི་རྒྱལ་པོ། སློབ་དཔོན་མཚོ་སྐྱེས་རྡོ་རྗེ། དཔལ་ཨ་ཏི་ཤ། རྗེ་ཙོང་ཁ་པ་ཡབ་སྲས་སོགས་ནས་བརྒྱུད་པའི་ཤུགས་ལྡན་དང་སྒྲུབ་ཐབས་ཡིག་ཆ་བཅས་རི་རྭ་བཞིན་ཡིན། གཉིས་པ་ཉེ་བརྒྱུད་ཀྱང་མེད་དེ། ཕྱི་དུས་ཕ་བོང་ཁ་པས་མཛད་པའི་སྲོག་གཏད་དེའི་ཁུངས་གཏུགས་ས་ནི་སྟག་ཕུ་པདྨ་བཛྲ་གྱི་རྨི་ལམ་དུ་དགའ་ལྡན་གནས་སུ་འདུལ་འཛིན་གྲགས་པ་རྒྱལ་མཚན་བཞུགས་པ་རྨིས་གསུངས་པ་ལས་དབང་དང་གདམས་པའི་འཕྲོས་སྦྲང་སྐད་ཙམ་ཡང་མི་སྣང་བས་ཕ་བོང་ཁ་པ་དང་ཁྲི་བྱང་རིན་པོ་ཆེ་དཔོན་སློབ་ཤུགས་ལྡན་སྐུ་དངོས་ཡིན་པའི་དབང་དུ་བཏང་ནས་ཉེ་བརྒྱུད་ཐོབ་པའི་མིང་འདོགས་མཛད་ན་ལས་གཞན་ཉེ་བརྒྱུད་མི་འགྲུབ་བོ། །འདི་ལ་བསྙེན་པ་བསྐྱལ་བ་ཡང་བཀའ་གདམས་རིང་ལུགས་གཙང་མའི་ལྟ་གྲུབ་མ་ལགས་ཏེ། ཇོ་བོ་བཀའ་


JSD005_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་རྣམས་ཆོས་ཚུགས་གཏམ་ལ་མ་སྐུར། ལོངས་སྤྱོད་ལོག་འཚོས་མ་བསྒྲུབ། བསྙེན་པ་འདྲེ་ལ་མི་བསྐྱལ། ནོར་ཕྱིར་ཆོས་མི་གཏོང་། ཆོས་ཀྱིས་གཏམ་མི་ཉོ། ཞེས་གསུངས་པ་མ་ཡིན་ནམ། དམ་ལྡན་རྣལ་འབྱོར་དུ་ཁས་འཆེ་བ་མི་རིགས་ཏེ་གོང་དུ་བཤད་པ་ལྟར་སྡོམ་པ་གསུམ་གྱི་བཅས་མཚམས་ལས་འགལ་བའི་ཉེས་ལྟུང་གི་ཁུར་ཆེན་གྱིས་ནོན་ནས་བཤགས་པ་དང་། ལསམྱོང་ནས་ཟད་པ་མེད་བཞིན་ད་དུང་དམ་ལྡན་ཞེས་བདག་ལ་བསྟོད་པ་ནི་མངོན་པའི་ང་རྒྱལ་ཙམ་མོ། །དགའ་ལྡན་པའི་བསྟན་པ་ལ་ཤེས་ནས་མོས་པ་ཐོབ་པར་ཁྱོད་མ་ཟེར་ཅིག ཅིས་ཤེ་ན། རྗེ་ཙོང་ཁ་པས་རྙིང་༉ མ་བཀག་པ་མེད་ཅིང་རྫོགས་ཆེན་ཆོས་རྣམ་དག་ཏུ་བཞེས། དེའི་གསུང་སྐྱེས་མཁས་གྲུབ་རྗེས་རྙིང་མ་སྒྲུབ་བྱེད་ཀྱི་བསྟན་བཅོས་ཀྱང་ཡོད་ན། ཁྱོད་དེ་དག་


JSD005_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་རྣམ་དཔྱོད་ཆེ་བའི་དབང་རྣོན་ཆོས་རྗེས་སུ་འབྲང་བ་ཞིག་དེང་སང་ཕྱོགས་འདིར་བྱོན་ནས། སྔོན་གྱི་རྗེ་དགེ་འདུན་གྲུབ་པ། པཎ་ཆེན་བློ་བཟང་ཆོས་རྒྱན། གོང་ས་ལྔ་པ་ཆེན་པོ་སོགས་དབང་རྟུལ་དད་པའི་རྗེས་འབྲང་དུ་སྒྲབས་ཤིག་དང་། གཟོད་ཤེས་ནས་མོས་པ་ཐོབ་པའི་གྲངས་སུ་ཚུད་སྲིད། ཤཱཀྱའི་དགེ་སྦྱོང་དུ་འཛེམ་བག་ཙམ་ཡང་མེད་པར་སྨྲས་པ་འདི་ལ་བརྟག་ན། ངེས་འབྱུང་གིས་བསྐུལ་ཏེ་རབ་ཏུ་བྱུང་ཞིང་ལྟུང་བ་སྡེ་ལྔའི་བཅས་མཚམས་ལས་མ་འགལ་བ་འདྲ་མཆིས་ན་ནི་ངོ་མཚར་ཆེ་མོད། དེ་མིན་ནང་དུ་ཆགས་སྡང་དང་ཆོས་བརྒྱད་ཀྱི་ཀུན་སློང་གཞིག་ཏུ་མེད་པ་འཆང་ཞིང་གཞན་སྨོད་ཀྱི་ཚིག་ཟུར་རྣོན་པོ་ཚེར་མ་ལྟར་འཛུག་ཅིང་ཕྱི་ཡི་གཟུགས་བརྙན་ཚུལ་འཆོས་དང་གཡོ་སྒྱ་བསླུ་བྲིད་ངོམས་པ་ཅན་ལ་ཡ་མཚན་མི་སྐྱེ་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་


JSD005_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། ཆགས་སྡང་བརླང་པོའི་ཐུགས་རྒྱུད་ཞོ་འཐུང་བུའི། །རུས་པར་འགྲན་ཀྱང་གསུང་འཇམ་ཞི་དུལ་ཅན། །ངུར་སྨྲིག་གིས་མཛེས་ཚེར་མ་དར་གཏུམས་བཞིན། །འཕྱོན་མའི་རྣམ་ཐར་ཚུལ་ལ་བདག་མི་དགའ། ཞེས་དང་ཀུན་མཁྱེན་འཇིགས་མེད་གླིང་པས། ངེས་འབྱུང་བྲལ་བའི་དྲང་སྲོང་རྒྱལ་མཚན་ནི། །མཚམས་ཀྱི་སྤྲིན་པས་རྔོན་པ་ལ་བགོས་བཞིན། །ཁྲིམས་ཀྱི་གཟུགས་བརྙན་ལྟང་བྱེད་ཆེན་པོའི་གཡང་། །ཐར་པ་འདོད་པའི་སེམས་ཀྱིས་ཉེ་བར་སྲུངས། །ཞེས་གསུངས། ལར་ཡང་དགེ་སྦྱོང་དུ་ཁས་འཆེ་བས་འགངས་ཆེ་ན་སྔོན་དགེ་སློང་ལྷ་ཆེན་པོའི་ལོ་རྒྱུས་ཀྱིས་ཤེས་པར་འགྱུར། དེབ་རྩོམ་ཡུལ་ལ་མ་དྷེ་པར་ངྷི་ཤ་ཞེས་པ་མ་དག་སྟེ། ཡུལ་ཕྱོགས་དེའི་མིང་ལ་རྒྱ་གར་སྐད་དུ་མ་ངྷ་པར་དེ་ཤ་ཞེས་བྱ་བ་དེ་ཉིད་བོད་སྐད་དུ་བསྒྱུར་


JSD005_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ན། དབུས་ཕྱོགས་མངའ་སྡེ་ལ་འཇུག་པ་དང་། གྲོང་སྡེའི་མིང་དུ་པ་ཆ་མ་རི་ཞེས་པའང་འབྲེལ་མེད་ཀྱིས་སྒྲ་ཚིག་སྤྱི་བརྟོལ་དུ་སྣང་། དེབ་སེར་པོ་དེ་བརྩམས་པའི་མཇུག་བསྡུ་བའི་ཚེས་གྲངས་ཟླ་བ་ཟད་པའི་གནམ་སྟོང་ཉིན་ཟླ་གསོལ་དང་ཆབས་ཅིག་རྫོགས་པར་བྱས་པའང་། ཀུན་རྫོབ་བདེན་པ་གཙུག་ལག་རྩིས་ཀྱི་ལྡན་འབྲས་བཟང་ངན་ཙམ་ཡང་ལྟ་མ་ཤེས་པར་ད་དུང་བསྟན་བཅོས་རྩོམ་པ་དགོད་བྲོ། དེ་ཡང་རྩིས་ཀྱི་འབྲས་བཤད་ལས། སྟོང་ཆེན་ལ་ནི་ལག་སྟོང་ཚེས་ཉི་སྟེ། །དགྲས་བཅོམ་ཁ་མཆུ་ཁ་སྨྲས་འབྱུང་བར་འགྱུར། །ཞེས་དང་། གནམ་གང་ལ་གཏོ་མི་བྱ། ལྷ་འདྲེས་ཡས་མི་ལེན་ཞེས་བཤད་པའི་ཉིན་འདིར་གདུག་འདྲེའི་ཟླ་བསྐང་བཏང་བ་དེ་ཡང་། གཏོར་ཟན་ཆུད་ཟོས་པ་ལས་མ་མཆིས་སྙམ་མོ། །དེབ་སེར་པོ་དེའི་ནང་དུ་ཡི་གེ་མ་དག་པ་མང་པོ་འདུག་པ་
རྣམས་སོར་བཞག་བྱས་ཡོད་པ་ལས་བཟོ་བཅོས་རིགས་གང་ཡང་བྱས་མེད་པས་མ་ཕྱི་པར་མ་དང་ཞུ་དག་ཕེར་བ་ཡོད་དོ། །

ཉེས་སྡིག་ཚབས་ཆེན་སྤོང་བའི་གཞེན་བསྐུལ་གྱིས་མཇུག་བསྡུ་བ།


JSD005_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རྩ་བའི་བཞི་པ་ཉེས་སྡིག་ཚབས་ཆེན་སྤོང་བའི་གཞེན་བསྐུལ་གྱིས་མཇུག་བསྡུ་བ་ནི། དེ་ཡང་གོང་དུ་སྨྲོས་པ་བཞིན་རང་ཉིད་སྔོན་གྱི་བསགས་རྒྱབ་ཆུང་བས་ཚེ་འདིར་མ་ཚོར་བཞིན་དུ་ངན་འགྲོར་ཁྲིད་པའི་ལོག་པའི་བཤེས་གཉེན་དང་འཕྲད་པའི་རྐྱེན་གྱིས། སྔོན་ཆད་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་། མཁན་སློབ་ལོ་པཎ་སངས་རྒྱས་དངོས་བྱོན་ལྟ་བུ་དེ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་བོད་ཡུལ་མུན་གླིང་མཐའ་འཁོབ་ཁ་བ་ཅན་གྱི་ལྗོངས་སུ། རྒྱལ་བས་གདུལ་བྱའི་༔ཁམས་དང་དབང་པོ་བསམ་པའི་ཁྱད་པར་དང་རྗེས་སུ་མཐུན་པར་གསུངས་པའི་ཆོས་ཀྱི་ལུགས་སྲོལ་རྨད་དུ་བྱུང་བའི་བཤད་སྒྲུབ་ཀྱི་ཤིང་རྟ་བརྒྱུད་ཚུལ་ཐ་


JSD005_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་ལྟ་བུར་བྱུང་བ་ཀུན་ཀྱང་ཟབ་ཅིང་རྒྱ་ཆེ་བ་གཞི་ལམ་འབྲས་གསུམ་དང་། ལྟ་སྒོམ་སྤྱོད་གསུམ་སྟོན་པའི་བརྗོད་བྱ་བསླབ་པ་གསུམ་དང་རྗོད་བྱེད་སྡེ་སྣོད་གསུམ་དང་འབྲེལ་བའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་གསར་རྙིང་གི་མཁས་གྲུབ་ཚད་ལྡན་ཐམས་ཅད་ཕན་ཚུན་རྩོད་པ་མེད་ཅིང་མཐར་ཐུག་དགོངས་པ་གཅིག་ཏུ་གཞོལ་ཞིང་འབབ་པར་བཞེད་པ་ལ། ཁྱེད་ཅག་ཕྱོགས་ལྷུང་ཕྲག་དོག་གི་ཀུན་དཀྲིས་ཆེན་པོས་བསྟན་པ་དཀྲུགས་ཤིང་སྡེ་འཁྲུགས་བསླངས་པའི་ལས་ངན་ཚབས་ཆེན་ཇི་སྙེད་ཅིག་སྔོན་ཆད་བསགས་ཟིན་མོད། གདུལ་དུ་རུང་བ་སྐྱེས་བུའི་མཚན་ཉིད་ཡིན་པས། གནོང་ཞིང་འགྱོད་གདུང་དྲག་པོས་མཐོལ་བཤགས་བྱ་བ་དང་། སླན་ཆད་མཚམས་མེད་ལྔ་ལས་ཀྱང་ཐུ་བའི་ཆོས་སྤོང་དང་། སྐུར་འདེབས་ཀྱི་ལས་ནམ་ཡང་མི་བྱ་བའི་སྡོམ་སེམས་དམ་བཅའ་བརྟན་


JSD005_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བཟུང་ན་རང་དྲིན་རང་ལ་ཆེ་ཞིང་ཉེས་སྡིག་བྱང་ནས། རང་ཉིད་ཀྱང་དམ་པའི་གྲལ་དུ་ཚུད་པར་འགྱུར་བའི་ཚུལ། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ཡང་། །ཕྱིས་ནས་བག་དང་ལྡན་པར་གྱུར་པ་དེ། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་པ་ལྟར་ལགས། དེ་ལྟར་མ་ཡིན་པར་ཁ་ཅིག་རྙིང་བསྟན་ནུབ་ཏུ་རེ་བས་ལྐོག་ཏུ་འབར་བ་དང་། དངོས་སུའང་འདི་དང་འདི་ལྟ་བུའི་འཆལ་གཏམ་སྣ་ཚོགས་ཁྱབ་སྤེལ་ཇི་ཙམ་བྱས་ཀྱང་། བསྲེགས་བཅད་བརྡར་གསུམ་གྱིས་བརྟགས་ཟིན་པའི་གསེར་སྦྱང་བཙོམ་༜ ལྟ་བུའི་སྔ་འགྱུར་བཀའ་གཏེར་དག་སྣང་གི་བསྟན་པ་རིན་པོ་ཆེ་འདི་ནི་བསྣུབ་རྒྱུ་ལྟ་ཞོག །གང་ལ་གང་འདུལ་གྱི་འགྲོ་བའི་དོན་རྒྱལ་བ་བྱམས་པའི་བསྟན་པ་


JSD005_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤར་གྱི་བར་དུ་གནས་པ་དང་། ད་ལྟའི་བསྟན་མཇུག་གཏེར་གྱིས་སྐྱོང་བར་བསླུ་མེད་རྡོ་རྗེའི་ལུང་གིས་གསལ་བ་ལ་བྱིས་པ་ཆུང་ངུ་ནུ་ཞོས་འགྲངས་ནས་མ་ལ་གཤེ་བ་ལྟར། བོད་དུ་སྔོན་ཆད་ཆོས་ལ་ཕྱོགས་རིས་དང་ཕྲག་དོག་ཅན་གྱི་གང་ཟག་སྔ་རབས་པ་ལྷ་བླ་མ་ཁུ་དབོན་དང་། འགོས་ལྷས་བཙས། དཔལ་འཛིན། ཆག་ལོ་རྣམས་དང་། དུས་ཕྱིས་མདོ་སྨད་བྱང་རྒྱུད་ཕྱོགས་ཀྱི་དགེ་ལྡན་པ། ཐུའུ་བཀྭན་ཆོས་ཉི། སུམ་བྷ་མཁན་པོ་ཡེ་ཤེས་དཔལ་འབྱོར། ཝ་མང་དགེ་བཤེས་སོགས་ཀྱིས་ཀྱང་ཆགས་སྡང་ཆོས་སུ་སྨྲ་བའི་ཡིག་སྣ་ཐར་ཐོར་རེ་བྲི་སྤེལ་བྱས་པ་མཐོང་ཡང་། དགག་དགོས་སྙིང་པོ་མེད་པར་འཁུམས། དེ་རྣམས་ཀྱི་རྩོད་བཟློག་གི་བསྟན་བཅོས་མཛད་པོ་ཀུན་མཁྱེན་རོང་ཀློང་གཉིས་དང་། རྒྱང་རོ་བྱང་ཆུབ་འབུམ། མཁས་མཆོག་སོག་བཟློག་པ། སྨིན་གཏེར་


JSD005_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད། གཡོ་རུ་རྫོགས་ཆེན་པ། ཀཿཐོག་མ་ཧཱ་པཎྜི་ཏ། འཇམ་དབྱངས་མི་ཕམ། ཟེ་ཆེན་རྒྱལ་ཚབ་སོགས་ཀྱིས་གནས་གསུམ་གཞལ་བའི་གཏན་ཚིགས་ལུང་རིགས་དྲི་མ་མེད་པས་དགག་སྒྲུབ་དང་བྱི་དོར་མཛད་ཚར་བས་ད་ནི་སྙིང་ལས་ཆུང་ངུར་ཉལ་བས་ཆོག་པ་ཨ་ལ་ལ། ཁྱེད་ཅག་ཕྱོགས་རིས་ཀྱི་མིག་ཅན་ཁོ་བོ་ལ་འདི་ལྟར། ཁྱོད་ཀྱང་དགེ་ལྡན་པའི་ཆོས་དང་བླ་མ་ལ་ཁ་བཏང་བ་འདིས་དམྱལ་བའི་རྒྱུ་བསགས་པ་ཅིའི་ཕྱིར་མ་ཡིན་ཞེ་ན། བདེན་ཏེ་ཁོ་བོས་འདིར་དགེ་ལུགས་པའི་ཆོས་དང་བླ་མ་ཚད་ལྡན་སུ་ལ་ཡང་ཁ་བཏང་བ་མེད། ཛེ་སྨད་ཀྱིས་ཕ་བོང་ཁ་པ་དང་ཁྲི་བྱང་གཉིས་ཀྱི་ཞལ་ལུང་ཡིན་ཞེས་ཤུགས་ལྡན་རྟོགས་བརྗོད་དུ་མིང་བཏགས་པ་དེའི་བརྗོད་དོན་ནི། རྙིང་མ་བའི་ཆོས་བྱས་ན་ཐར་པ་ཐོབ་ཟེར་རྒྱུའི་ཚབ་ལ་རྙིང་ཆོས་བྱས་ཚད་ཚེ་འདི་ལ་ཚེ་


JSD005_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་ནད་མང་ལོངས་སྤྱོད་དབུལ་པོར་འགྱུར་ཞིང་ཚེ་ཕྱི་མར་དམྱལ་བ་མནར་མེད་དུ་སྐྱེ་བར་འགྱུར་ཞེས་བཀོད་འདུག་པས་དེ་ནི་དགེ་ལྡན་པའི་ལྟ་གྲུབ་རྣམ་དག་ལྟ་ཅི། ཆོས་མ་ཡིན། འདུལ་བ་མ་ཡིན། སྟོན་པའི་བསྟན་པ་མ་ཡིན་པ་ཙམ་དུ་མ་ཟད། དེ་ལྟར་སྨྲ་བ་པོ་དེ་ཡང་ཆགས་སྡང་ཆོས་སུ་བཅོས་ནས་སྐྱེ་བོ་རྣམས་ལོག་དུ་འཁྲིད་མཁན་ལས་མ་འདས་པ་དེས། དེ་དག་ལ་མཉན་པ་ཡིན་ན། འདི་ཕྱིར་ཕུང་ཚབས་ཆེ་བ་དེ་ཟློག་པའི་ཆེད་དུ་སྔོན་བྱོན་རིས་མེད་ཀྱི་མཁས་གྲུབ་དམ་པ་ཚད་ཐུབ་ཀྱི་གསུང་དང་མདོ་སྔགས་ཀྱི་ལུང་གིས་རྒྱབ་སྐྱོར་ནས་དགག་བཞག་གི་འབེལ་གཏམ་ཅུང་ཟད་ཅིག་གོ་བདེ་གྲོང་ཚིག་གི་ལམ་ནས་དྲངས་ཏེ་སྨྲས་པ་འདི་དགེ་བར་འགྱུར་རམ་སྡིག་པར་འགྲོ་ཆོས་ལུགས་ཁག་བཞིའི་ཆོས་སྤྱན་ཡངས་པ་རྣམས་ཀྱིས་ལེགས་པར་གཟིགས་མཛོད། ཡང་


JSD005_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ལྡན་ཆོ་ག་བཏང་བ་དེ་རི་བོ་དགེ་ལྡན་པའི་ལྟ་གྲུབ་གཙང་མའི་རིང་ལུགས་ཡིན་ཚུལ་བཤད་པ་འདི་ལ་ཁོ་བོས་དཔྱད་ན་དེ་ནི་མགོ་བོ་རུལ་བ་སྣས་མ་ཚོར་བར་གདའ་སྟེ། ཅིས་ཤེ་ན། ཤུགས་ལྡན་གསོལ་ཁ་ཐོག་མར་མཛད་པ་པོ་ནི་བླ་མ་ས་སྐྱ་པ་རྙིང་མའི་ཡང་ཕུར་ལ་ཐུགས་དམ གཙོ་བོར་གནང་མཁན་དེ་ཡིན། དེང་སང་དར་བའི་སྲོག་གཏད་སྐོར་འདི་ནི་སྟག་ཕུ་པདྨ་རྡོ་རྗེ་ཞེས་རྙིང་མའི་ལྟ་སྤྱོད་གཉིས་ཀ་དང་འདྲ་མ་འདྲེས་གནང་མཁན་དེའི་མནལ་ལམ་ཙམ་ཞིག་ལ་ཁུངས་ཕྱུངས་འདུག་གཤིས་ཆུ་འགོ་ནས་རྙོག་ཚར་བ་མ་ཤེས་པར། དགེ་ལྡན་གཙང་མའི་རང་ལུགས་ཡིན་ཞེས་ཁ་ཕོ་འབྲུག་ལྟར་སྒྲོགས་པ་འདི་ཡང་མ་བརྟག་གྱ་ཚོམ་དུ་འཇུག་པའི་སྐྱོན་ཆེ་སྙམ། ལར་རྟོགས་བརྗོད་འདིའི་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་ལྡན་པའི་མཁས་གྲུབ་


JSD005_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྲགས་ཚད་ལྡན་གྱི་གསུང་ཤྭ་ལོ་ཀ་གཅིག་ཀྱང་མ་དྲངས་པར་ཕྱོགས་རེ་བའི་རང་འདོད་ཀྱི་གཏམ་རྫུན་རྒྱབ་རྫུན་གྱིས་བྱས་ཚུལ་འདི་ལ་ལྟོས་དང་། དྲང་བདེན་ཡིན་དང་འཁྱོག་རྫུན་ཡིན་ཆེས་གསལ། གཞན་གནད་དོན་མ་རྟོགས་པའི་སྐྱེ་བོའི་ཁ་ནས་ཐོན་ཚད་སྨྲས་པ་ལ་ཆ་ཅི་ཡོད། སྔོན་ཆད་བོད་དུ་ཡང་ཆོས་པའི་གཟུགས་བརྙན་དུ་འཆོས་པ་རྣམས་ཀྱིས་ཆོས་ལུགས་ཕན་ཚུན་ཆགས་སྡང་བསྟན་སེལ་སྡེ་འཁྲུགས་མང་དུ་བསླངས་པའི་རྐྱེན་གྱིས། མཐར་མི་དབུས་སུ་རྡིབ། དབུས་མི་མཐའ་ལ་འཁྱར། བསྟན་པ་རྨང་ནས་འཇིག་པ་འདི་འབྱུང་བ་དང་། ད་དུང་ཡང་སྔར་དང་འདྲ་བའི་ཆོས་ལ་བརྟེན་པའི་ཆོས་མིན་གྱི་ལས་ངན་ཚབས་ཆེན་བསགས་དྲགས་ན་སངས་རྒྱས་ཀྱི་བསྟན་པ་ཇེ་དར་ཇེ་བཟང་དུ་མི་འགྲོ་བའི་ཁར་དམ་པའི་ཆོས་ཀྱི་ཆེ་བ་དང་བྱིན་རླབས་གཟི་བརྗིད་


JSD005_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་ཐང་ཐམས་ཅད་ཟླ་བ་མར་གྱི་ངོ་བཞིན་ཉམས་རྒུད་དུ་འགྲོ་རྒྱུ་ཉག་གཅིག་ལ་བརྟེན། ཨོ་རྒྱན་ཆེན་པོས་མ་འོངས་པ་ན་བསྟན་བཅོས་ཕལ་གྱིས་དུག་ལྔ་སྤེལ་བ་དང་མཐའ་དམག་འབོད་རྐྱེན་བྱེད་པའི་ལུང་བསྟན་ཞལ་གསལ་མང་དུ་གསུངས་པས་སྔོན་ཆད་ཀྱང་བསླུས་པ་མེད་ཅིང་འབྱུང་འགྱུར་དུའང་བསླུ་བར་མི་འགྱུར་བའི་ཚུལ་ལ་དགོངས་ནས། རང་རྒྱལ་བར་འདོད། གཞན་ཕམ་པར་འདོད་པའི་གཡོ་སྒྱུའི་རྩོད་པ་ཚིག་རྩུབ་ཀྱིས་གཞན་རྒྱུད་བསྲེག་པ་ནི་དམྱལ་བའི་རྒྱུ་ལས་མེད་ཚུལ། ཀུན་མཁྱེན་བུས། རང་ཉིད་རྒྱལ་འདོད་ཕ་རོལ་དམའ་དབབ་འདོད། །གཡོ་སྒྱུའི་རྩོད་པ་ཚིག་རྩུབ་ངན་སེམས་ཅན། །ངག་ཀྱལ་སྣ་ཚོགས་སྨྲ་ཞིང་གཞན་རྒྱུད་བསྲེག །ད་ལྟའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ། །ཞེས་གསུངས་པའྀ་དོན་ལས་གཞན་མ་


JSD005_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པས་དོན་མེད་ཕྱོགས་རིས་ཀྱི་སྦིར་གཏམ་རིགས་ངོས་ལྐོག་གཉིས་ཀར་ཆོས་ལུགས་ཁག་བཞི་ཀས་དུས་ནམ་དུ་ཡང་མི་མཛད་པའི་གཞེན་བསྐུལ་ཀུ་སཱ་ལི་བདག་གིས་ཞེ་ཐག་པ་ནས་འདེབས་པ་ལགས། ད་ནི་དོན་གྱི་སྙིང་པོ། རང་རེ་གངས་ཅན་པ་རྣམས་ཤཱཀྱའི་བསྟན་པའི་གནས་ལ་དོན་མཐུན་དུ་ཞུགས་པ་ཡིན་ཅིང་། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་མཚུངས་པར་མ་ཟད། སྤྱོད་པ་ཡོད་སྨ་དང་། ལྟ་བ་མདོ་སྔགས་གཉིས་ཀ་སྤྲོས་བྲལ་དུ་ཁས་འཆེ་བ་ཤ་སྟག་ཡིན་པས་ཤིན་ཏུ་མཁས་གྲུབ་ཀྱི་དབང་པོ་ཐམས་ཅད་ལྟ་བའི་གནད་ལ་མི་མཐུན་པ་མེད་པར་བཞེད་པས་དོན་དུ་ལྟ་གྲུབ་མཚུངས་པའི་ཕྱིར་ཆེས་ཉེ་བ་དང་། རྒྱལ་བསྟན་ནུབ་ལ་ཁད་ཀྱི་དུས་སྐབས་ངན་པ་འདི་ལ། ཆོས་བྱེད་ཕན་ཚུན་སྐྱོན་མཚང་བརྗོད་རེས་བྱ་བ་འདི་རང་གཞན་བླ་སློབ་ཚང་མའི་ཞབས་


JSD005_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ཆེ་བས། ཚང་མའི་ཉམསམྱོང་གི་ཐོག་ནས་གཅིག་ལ་གཅིག་སྡང་མིག་མི་ལྟ་བར་ཕ་མ་བུ་ཚ་འཕྲད་པའི་འདུ་ཤེས་ལྟར་དགའ་འཛུམ་མུལ་ལེ་བའི་ངང་ནས་རང་རང་སོ་སོའི་ཆོས་ཀྱི་རྒྱལ་ཐབས་དར་རྒྱས་ཡུན་གནས་ཀྱི་ཐབས་ཚུལ་ལ་སྒོ་ཀུན་ནས་འབད་པའི་རེ་འདུན་དང་སྨོན་ལམ་སྙིང་ནས་ཞུ་བ་སྟེ། དེ་སྐད་དུ་འཇམ་དཔལ་དབྱངས་དངོས་མི་ཕམ་འཇམ་དབྱངས་རྒྱ་མཚོས། སྟོན་པ་གཅིག་གི་རྗེས་ཞུགས་ནས། །བསྟན་པ་གཅིག་ལ་སློབ་པ་ཀུན། །ཞེན་ལྟའི་སྡང་མིག་སྤངས་བྱས་ནས། །དགའ་བའི་འཛུམ་གྱིས་འགྲོགས་གྱུར་ཅིག །བསྟན་ལས་ཕྱི་རོལ་གྱུར་པའི་ཆ། །རང་གཞན་སུ་ལ་སྣང་ཡང་སྤོངས། །བསྟན་པའི་དོན་དང་མཐུན་པའི་ཆ། །རང་གཞན་སུ་ལ་ཡོད་ཀྱང་སྒྲུབས། །དེ་མཐུས་གངས་རིའི་ཁྲོད་འདི་རུ། །སྒྲུབ་བརྒྱུད་རྒྱལ་


JSD005_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཆེན་པོ་བཞི། །ཆོས་ཀྱི་འབྱོར་པས་མཛེས་འབར་ཞིང་། །ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག །ཅེས་གསུངས་པ་བཞིན་ནོ། །སྨྲས་པ། སྔོན་གྱི་དོལ་རྒྱལ་འོག་མིན་མཁའ་ལ་སྤར། །དེང་སང་གསར་སྐྱེས་འབྱུང་པོ་དེར་འཁྲུལ་བསྟེན། །འདི་ལས་འཕྲོས་པའི་སྦིར་གཏམ་སྣ་ཚོགས་ཀྱིས། །སྐྱེ་བ་མང་པོ་མགོ་འཐོམ་ལངས་ལ་ལྟོས། །སྔོན་ཆད་འདི་ལ་དགག་བཞག་རྩོད་སྤོང་གི །ཚད་ཐུབ་ཡི་གེ་ཕྱོགས་བསྒྲིགས་བྱས་པ་དཀོན། །འོན་ཀྱང་འདྲེ་ཉལ་ཕཊ་ཀྱིས་དཀྲོག་པ་ལྟར། །ཛེ་སྨད་དེབ་ངན་མཐོང་ནས་ངས་འདི་བརྩམས། །ཡིན་ལ་ཡིན་དང་མིན་ལ་མིན་བཤད་ཀྱི། །མ་མཐོང་མ་ཐོས་འོལ་ཚོད་ཧམ་རྫུན་གྱིས། ། གཞན་བསླུའི་བསམ་སྦྱོར་ངན་གཡོ་མ་ཡིན་པར། །རང་གཞན་ཀུན་གྱི་ལོག་རྟོག་བཟློག་ཕྱིར་བགྱིས། །ལྟ་གྲུབ་གནད་མེད་མི་ནག་སྐྱེ་བོ་ཡི། །ཆགས་སྡང་


JSD005_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ངག་འཁྱལ་འབའ་སམ་བསྡུས་པ་ལ། །ཕ་རྒོད་བླ་མའི་གདམས་བཅུད་དུ་འཁྲུལ་བ། །འདི་འདྲའི་ལན་འདེབས་མཁས་ལས་བླུན་པོ་མཛེས། །རྩོད་དུས་ཤཱཀྱའི་རྗེས་འཇུག་ནང་ཕན་ཚུན། །ཆོས་ལུགས་ལ་བསྙད་དབྱེན་སྦྱོར་ཕུང་དཀྲུགས་འདི། །བདུད་ཀྱི་ལས་སུ་རྒྱལ་དང་དེ་སྲས་ཀུན། །ལན་གཅིག་མིན་པར་གསུངས་སོ་གསུང་བར་འགྱུར། །ཉམས་ཆུང་རང་གར་སྡོད་པའི་རྣའི་བུ་གར། །ཕྱོགས་ལྷུང་ཕྲག་དོག་གཏམ་གྱི་ཚེར་མ་ཡི། །རེག་པ་རྩུབ་མོས་གཙེས་ལ་ལན་བཏབ་པ། །དྲང་བདེན་ལ་དགའི་སྙན་དབང་སིམ་ཀྱང་སྲིད། །ཡང་དག་ལྟར་སྣང་ཆུ་དང་འོ་མའི་ཁྱད། །འབྱེད་པའི་རྣམ་དཔྱོད་འདབ་ཆགས་ངང་མོའི་མཆུ། །མི་ལྡན་འཁྱོག་ཚིག་ཁྭ་ཏའི་ཐན་སྐད་ཀྱང་། །སྨོད་ངན་རང་མགོར་འདྲེན་པའི་བརྫུ་བག་ཙམ། །རང་རང་ལྟ་གྲུབ་གཙང་


JSD005_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ན་དེས་ཆོག་གི །གཞན་ལུགས་ཐམས་ཅད་སུན་འབྱིན་ཕས་རྒོལ་དེར་། །ལུང་རིགས་རྡོ་རྗེའི་མེ་ཆར་མ་དབབ་ན། །དམ་ཉམས་སྐྲག་ལང་ཡན་པར་ཤོར་གྱིས་དོགས། །ཆོས་ལུགས་རྣམ་བཞི་ཆོས་ཀྱི་རང་ལྡོག་ནས། །རྣམ་པར་དག་མཉམ་གྲུབ་ཟིན་གྲུབ་ཅི་དགོས། །གང་ཟག་སྣོད་ཀྱི་བྱེ་བྲག་དག་མ་དག །ཀུན་ལ་ཡོད་མཉམ་སུ་ཡིས་སུ་ལ་སྨོད། །འཆལ་སྤྱོད་བྱེད་ཕྱིར་རྙིང་མ་ཆོས་ལོག་ཏུ། །ཁྱེད་ཅག་འདོད་ན་དགེ་ལྡན་ཁྲོད་ན་ཡང་། །འཆལ་སྤྱོད་བྱེད་མཁན་དེ་བས་ཀྱང་མང་ཕྱིར། །དགེ་ལུགས་ཕྱོགས་གཅིག་གཙང་འདོད་ཡོངས་རེ་འཁྲུལ། །ཞྭ་སེར་རིང་ལུགས་ཚུལ་མཐུན་མཛད་ཀུན་ལ། །དད་པའི་སྣང་བ་རྒྱ་ཆེར་སྤྲོ་མོད་ཀྱང་། །མཐོང་ཚད་སྡང་དགྲར་བལྟ་བའི་ལོག་ལྟའི་སྡེ། །དེ་དག་གཏམ་འདིས་ལན་བརྒྱར་ཟིལ་གྱིས་གནོན། །གངས་ཅན་ཐར་འདོད་ཡོངས་ལ་


JSD005_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ཆེ་བ། །སྔ་འགྱུར་བསྟན་དང་བརྒྱུད་འཛིན་ཚོགས་ཡིན་ཀྱང་། །བྱས་པ་མི་གཟོ་དྲིན་ལ་མི་བརྩི་བའི། །ངོ་ཚ་ཁྲེལ་མེད་པོ་རྣམས་སུ་ཡིས་སྐྱོབ། །སྐྱབས་གནས་ལོག་པ་དམ་འགོང་ལ་བཅོལ་ཕྱིར། །བསྟན་པ་སྤྱི་ཡི་འཇུག་སྒོ་སྐྱབས་འགྲོ་ནས། །བསྟན་པའི་སྙིང་པོ་རྒྱུད་སྡེ་རྒྱ་མཚོའི་བར། །སྡོམ་གསུམ་བསླབ་གསུམ་དམ་ཚིག་དྲི་མར་བྱས། །སྔོན་གྱི་མཁས་་གྲུབ་རིས་མེད་ཚོགས་རྣམས་ཀྱི། །མཛད་པའི་རྣམ་ཐར་དེབ་ཐེར་དཔང་་བཞག་སྟེ། །སྐྱེ་བོའི་མུ་ཅོར་རྫུན་གཏམ་ཕུག་གཏིབས་ཚེ། །ཕས་རྒོལ་སྙིང་རྩ་འཕར་པ་དངོས་པོའི་གཤིས། །མཁས་པས་མཁས་པ་བསྟོད་ན་གཉིས་ཀ་མཛེས། །བླུན་པོས་མཁས་ལ་བསྟོད་པར་ག་ལ་འགྱུར། །བླུན་པོས་བློན་པོར་བསྟོད་པ་གཉིས་ཀ་ཉམས། །བསྟོད་སྨད་རན་པར་སྨྲ་བ་འོས་ཤིང་འཚམས།


JSD005_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་སྐུ་སྐྱེ་དགེ་བཤེས་མཁས་མ་ལགས། །བགྲང་བྱའི་ཁུར་ལྕི་རང་གཞན་བཟང་ངན་ཡུལ། །མང་མཐོང་ལོ་རྒྱུས་བརྗོད་པས་མ་ཕོངས་ཙམ། །འོན་ཀྱང་ཁྱི་རྒན་ཀུ་ཅོ་འདོན་བསམ་མེད། །ཕྱོགས་རིས་ཆགས་སྡང་ཆོས་སྤོང་དགག་བྱ་དང་། །ཕྱོགས་མེད་དག་སྣང་མཐུན་འགྲོགས་བསྒྲུབ་བྱ་ཉིད། །དེ་ཕྱིར་དགག་དགོས་གོ་དོན་ལེགས་རྟོགས་ན། །འདི་ཉིད་ཕན་པའི་གདམས་ངག་བྱས་ཀྱང་རུང་། །མཁས་པའི་ཚོགས་རྣམས་དུས་ཀྱིས་ནུབ་གྱུར་ཏེ། །ཤེས་རློམ་ང་རྒྱལ་མགོ་འཕང་དགུང་དུ་བསྟོད། །ཞེ་སྡང་ཚིག་རྩུབ་ཚེར་མའི་མཚོན་རྩེ་གཟེངས། །ཁྲིམས་མེད་སེར་གཟུགས་རྟོག་གེས་ས་སྟེང་གང་། །པད་འབྱུང་རྒྱལ་བའི་བསྟན་པ་ཁྱད་གསོད་པའི། །ལོག་རྟོག་མུ་སྟེགས་བག་ཆགས་འཐས་པ་ཅན། །འབྱུང་འགྱུར་ལུང་དོན་བདེན་པ་མངོན་གྱུར་ཀྱང་། །མ་རིག་སྐྱེ་བོ་


JSD005_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཅང་མ་མཐོང་། །དགེ་ལྡན་ཆོས་བཟང་རྙིང་ཆོས་ངན་པར་བརྩི། །དགེ་ལུགས་པ་གཙང་རྙིང་མ་མི་གཙང་ཞེས། ཆོས་དང་གང་ཟག་བཟང་ངན་སྟངས་གཅོད་འདི། །ཤཱཀྱ་ཐུབ་པའི་རིང་ལུགས་མ་ཡིན་ནོ། །རྙིང་དགེ་གཉིས་པོ་གཅིག་གིས་གཅིག་ཤོས་ལ། །དག་སྣང་རྒྱབ་སྐྱུར་སྐྱོན་འཛུགས་རེས་བསྐོར་ན། །མི་ཚེ་ལའང་རྫོགས་མཐའ་མེད་པའི་ཕྱིར། །ད་ནི་ཕུང་པོ་གསུམ་པ་མི་དྲག་གམ། །ཆེ་བ་དྲུག་ལྡན་གསང་ཆེན་སྔ་འགྱུར་བའི། །བཀའ་གཏེར་དྲི་མེད་ཆོས་ལ་གཤེ་བྱེད་ཅིང་། །ངན་སྨྲ་གླེང་མོ་མངོན་ལྐོག་འཛེམ་མེད་ལ། །ལན་མེད་ལྐུགས་པའི་བརྟུལ་ཞུགས་ཅིའི་ཕྱིར་འཛིན། །བཀའ་རྙིང་ས་གསུམ་ཕུ་ནུ་བཞིན་དུ་མཐུན། །སྨིན་གྲོལ་ཆོས་དང་དམ་ཚིག་སྲོག་གིས་འབྲེལ། །ཕྲ་མ་སྔ་བཙན་དགེ་ལུགས་རྐང་འདྲེན་འགས། །


JSD005_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་དཀྲུགས་ཤིང་ཕུང་ཁྲོལ་བྱས་མིན་ནམ། །ཕྱོགས་ལྷུང་སྡང་ཞུགས་སྡིག་པ་ཕལ་ལས་ཐུ། །དེ་ཟློག་དོན་བརྩོན་རྣམ་དཀར་དགེ་བར་གསུངས། འདི་ལས་ཐོབ་པའི་བསོད་ནམས་གང་མཆིས་པ། །འགྲོ་ཀུན་ཆོས་མིག་རྡུལ་བྲལ་ཐོབ་ཕྱིར་བསྔོ། །རྒྱལ་བསྟན་ཉི་འོད་ལྷག་ཞབས་ཅུང་ཟད་འདི། །ལོག་རྟོག་སྤྲིན་ནག་འཁྲུགས་པ་ལས་གྲོལ་ཏེ། །བསྟན་འཛིན་བུང་བའི་ཚོགས་ཀུན་དགའ་བའི་དཔྱིད། །ལུང་རྟོགས་འདབ་མ་ཕྱོགས་བརྒྱར་བཞད་གྱུར་ཅིག །འདྲེན་མཆོག་ཤཱཀྱའི་བསྟན་པ་དར་བ་དང་། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་ཆོས་སྤྱོད་འཕེལ། །འགྲོ་ཀུན་ཐེག་པ་མཆོག་གི་ལམ་ཞུགས་ཏེ། །བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པ་འདི་ཡང་དགའ་ལྡན་ཤར་རྩེ་པ་ཛེ་སྨད་སྤྲུལ་སྐུས་འགྲེམས་སྤེལ་བྱས་པའི་དེབ་ཆུང་ཕ་རྒོད་བླ་མའི་ཞལ་གྱི་


JSD005_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ཞེས་པ་ལ་ཏྲེ་ཧོར་གདོང་ཐོག་སྤྲུལ་སྐུ་བསྟན་རྒྱན་པས་དེ་ལ་དགག་ལན་དུས་ཀྱི་སྦྲང་ཆར་ཞེས་པ་ཞིག་གནང་བའི་ནང་དུ་བལྟས་པས། ད་དུང་དོན་གནད་ཁ་ཤས་ལ་དགག་དགོས་པར་འདུག་ཀྱང་། འཚེམ་ལུས་སུ་གྱུར་པ་མཐོང་ནས་རྩོད་ཟློག་འདི་ལྟ་བུ་ཞིག་འབྲི་འདུན་ཡོད་ཐོ་ཉེ་ཆར་རྡོ་རྗེའི་མཆེད་དམ་པ་མདོ་ཁམས་གོ་འཇོ་རྩེད་རོང་བླ་མ་ཕུན་ཚོགས་བཀྲ་ཤིས་དང་། རང་དང་སྐྱེས་ཡུལ་གཅིག་པ་ཉག་ཨ་ཛི་རོང་གི་དགེ་བཙུན་དམ་པ་ཐུབ་བསྟན་ཆོས་འབྱུང་གཉིས་ནས་ཀྱང་ལྷ་རྫས་ཨ་ཤེ་དང་ཧིན་སྒོར་མི་ཟད་རྒྱན་འཁོར་གྱི་གྲངས་༢༥བཅས་ནན་ཏན་ཆེན་པོས་བསྐུལ་ལྕག་བྱུང་བ་ལ་བརྟེན་ནས་ཤར་རྒྱལ་བ་ཀཿཐོག་པའི་བཀའ་འབངས་ཐ་ཤལ་ཀུ་སཱ་ལི་སངས་རྒྱས་རྡོ་རྗེ་ཞེས་འབོད་པའི་སྙོམས་ལས་པས། རབ་བྱུང་བཅུ་དྲུག་པའི་ས་ཁམས་བྷ་ལ་


JSD005_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཧའི་ལོ། མགོ་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པ། ཉི་མ་མེ་བཞིའི་འགྲུབ་སྦྱོར་བཟང་པོ་ལ། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་རྒྱལ་ཁམས་བྷང་ག་ལའི་ཡུལ་ཤི་ལི་གུ་རི་ཞེས་པའི་གྲོང་བརྡལ་གྱི་བྱང་ཕྱོགས་སཱ་ལའི་ཤིང་དང་འཁྲི་ཤིང་གི་ར་བས་ཀུན་ནས་བསྐོར་ཞིང་ཆུ་བོ་ལྔ་ལྡན་ཞེས་པ་དལ་གྱིས་དབང་ཕྱོགས་ནས་འབབས་པའི་ཉེ་འགྲམ་བདེ་བར་གཤེགས་པའི་སྐུ་འབུམ་མཐོང་གྲོལ་ཆེན་མོའི་དྲུང་གི་རང་ཤག་ཏུ་ལེགས་པར་གྲུབ་པར་བགྱིས་པ་འདི་གང་གིས་མཐོང་བ་རྣམས་བློ་ཐེ་ཚོམ་དང་ལོག་རྟོག་གི་མུན་པ་སངས་ཏེ་དངོས་བྱུང་ཡིན་ལུགས་དྲང་པོའི་དོན་ལ་ངེས་ཤེས་བདེ་བླག་ཏུ་སྟེར་བའི་རྒྱུར་གྱུར་ཅིག རྒྱལ་ཆེན་མིང་གི་གཟིག་ལྤགས་གྱོན་པ་ཡི། །ཞེ་སྡང་འཁྲུལ་འདྲེ་གནོད་པའི་མགྲིན་བཟང་དེས། བསྟན་འགྲོའི་ཕན་བདེའི་ལོ་ཏོག་ཟོས་པའི་མཐར། །ལུང་རིགས་ཉག་


JSD005_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་སྦྱོར་བས་བསད་ལ་ལྟོས། །ཞེས་ཀྱང་སྨྲས་སོ།། །།


previousདགའ་ལྡན་ཤར་རྩེ་ཛེ་སྨད་སྤྲུལ་སྐུ་བློ་བཟང་དཔལ་ལྡན་གྱི་སྨྲ་ངན་དུག་གི་ས་བོན་གཞོམ་པའི་འབེལ་གཏམ།no next