Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
རང་ལུགས་དོན་བརྒྱུད་བླ་མའི་གསོལ་འདེབས་འཕོ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརང་ལུགས་དོན་བརྒྱུད་བླ་མའི་གསོལ་འདེབས་འཕོ་བ།next

རང་ལུགས་དོན་བརྒྱུད་བླ་མའི་གསོལ་འདེབས་འཕོ་བ།

རང་ལུགས་དོན་བརྒྱུད་བླ་མའི་གསོལ་འདེབས་འཕོ་བ་ནི། ཨེ་མ་ཧོ། ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་གསོལ་བ་འདེབས། ཟབ་ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པ་དང་། །ཕྱིར་མི་ལྡོག་པའི་ཆོས་སྐུ་ཐོབ་པར་ཤོག །ལོངས་སྐུ་རྒྱལ་བ་རིགས་ལྔ་ལ་གསོལ༴ ཟབ་ལམ༴ སོགས༴ སྤྲུལ་སྐུ་རིགས་གསུམ་མགོན་པོ་ལ་གསོལ༴ ཟབ་ལམ་འཕོ༴ རིག་འཛིན་དགའ་རབ་རྡོ་རྗེ་ལ༴ ཟབ་ལམ༴ སོགས༴ མཁས་པ་ཤྲྀ་སིང་ཧ་ལ༴ ཟབ་ལམ༴ སོགས༴ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་གསོལ༴ ཟབ་ལམ༴ སོགས༴ གུ་རུ་ཛྙཱ་ན་སུ་ཏྲ་ལ༴ ཟབ་ལམ༴ སོགས༴ པཎ་ཆེན་བི་མ་མི་ཏྲ་ལ༴ ཟབ་ལམ༴ སོགས༴ སློབ་དཔོན་པདྨ་འབྱུངགནས་ལ་གསོལ༴ ཟབ་ལམ༴ སོགས༴ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གསོལ༴ ཟབ་ལམ་འཕོ་བ༴ སོགས༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ༴ ཟབ་ལམ༴ སོགས༴ ལོ་ཆེན་བཻ་རོ་ཙ་ན་ལ་གསོལ༴ ཟབ་ལམ༴ སོགས༴ གཏེར་སྟོན་པདྨ་ལས་འབྲེལ་ལ༴ ཟབ་ལམ༴ སོགས༴ ཀློང་ཆེན་རྡོ་རྗེ་གཟི་བརྗིད་ལ་གསོལ་བ༴ ཟབ་ལམ༴ སོགས༴ རིག་འཛིན་འཇིགས་མེད་གླིང་པ་ལ་གསོལ༴ ཟབ་ལམ༴ སོགས༴ འཇིགས་མེད་ཕྲིན་ལས་འོད་ཟེར་ལ་གསོལ༴ ཟབ་ལམ༴ སོགས༴ མི་འགྱུར་ནམ་མཁའི་རྡོ་རྗེ་ལ་གསོལ༴ ཟབ་ལམ༴ སོགས༴ འགྲོ་མགོན་ཡེ་ཤེས་རྡོ་རྗེ་ལ་གསོལ་བ༴ ཟབ་ལམ༴ སོགས༴ འཇིགས་མེད་ཆོས་ཀྱི་དབང་པོ་ལ༴ ཟབ་ལམ༴ སོགས༴ འཇིགས་མེད་ཕུན་ཚོགས་འབྱུང་གནས་ལ་གསོལ༴ ཟབ་ལམ༴ སོགས༴ ༈ འཇིགས་མེད་ཡེ་ཤེས་རྡོ་རྗེ། །འཇིགས་མེད་རྒྱལ་བའི་མྱུ་གུ། །མི་འགྱུར་ནམ་མཁའི་རྡོ་རྗེ། །རྒྱལ་སྲས་གཞན་ཕན་མཐའ་ཡས། །འཇིགས་མེད་ཆོས་ཀྱི་དབང་པོ། །མཁན་ཆེན་པདྨ་བཛྲ། །འཇམ་དབྱངས་མཁྱེན་བརྩེའི་དབང་པོ། །འཇིགས་མེད་བསྟན་པའི་ཉི་མ། །དྲིན་ཅན་རྩ་བའི་བླ་མ། །དྲིན་ཅན་རྩ་བའི་བླ་མ་ལ༴ ཟབ་ལམ༴ སོགས༴ མྱུར་ལམ་འཕོ་བས་མཁའ་སྤྱོད་འགྲུབ་པ་དང་། ཕྱིར་མི་ལྡོག་པའི་ཆོས་སྐུ་ཐོབ་པར་ཤོག །ཅེས་བརྗོད་ལ་ཧྲཱིཿ སྒྲ་ལྔ་ཚར་བརྗོད་པ་དང་ཆབས་ཅིག་ཧིཀ༔ སྒྲ་ལྔ་བརྗོད་དོ༔ ༈ ཁྱད་པར་ཡབ་རྗེ་བླ་མའི་དགོངས་གཏེར་ལས་བྱུང་བའི་འཕོ་བ་འདི་ཉིདཿ དམིགས་གནད་གཞུང་ལྟར་གསལ་བའི་ངང་ནས། འོད་དཔག་མེད་ཀྱི་མཚན་བརྗོད་ཅི་ནུས་ལྡབ་མཐར་གསོལ་འདེབས་འདི་བཞིན་བཏང་ངོཿ ཨེ་མ་ཧོཿ གནས་རང་སྣང་དོན་གྱི་འོག་མིན་ནཿ ཡིད་དད་བརྒྱའི་འཇའ་གུར་འཁྲིགས་པའི་ཀློང་ཿ སྐྱབས་ཀུན་འདུས་རྩ་བའི་བླ་མ་ནིཿ སྐུ་ཐ་མལ་མ་ཡིན་དྭངས་མའི་ལུསཿ དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགསཿ ཡིད་མོས་གུས་གདུང་བས་གསོལ་བ༴ ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབསཿ གནས་འོག་མིན་བགྲོད་པར་བྱིན་གྱིས་རློབསཿ དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོགཿ ཅེས་ལན་གསུམ་བསྐྱལ་ནས་སྤར་ཆོག་དམིགས་པ་བཅས་ཧྲཱིཿལྔ་བརྗོད། ཕཊ྄ཿ སྤྲུལ་སྐུ་ ཕཊ྄ཿ ལོངས་སྐུ ཕཊ྄ཿ ཆོས་སྐུ ཕཊ྄ཿ མི་འགྱུར་རྡོ་རྗེའི་སྐུ། ཕཊ྄ཿ མངོན་པར་བྱང་ཆུབ་སྐུཿ ༈ སྤྲུལ་པའི་སྐུ་མཆོག་རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེའི་གནམ་གཏེར་དུ་གྲགས་པའི་འཕོ་ལུང་འདི་ཡང་འཕོ་བྱ་འཕོ་བྱེད་འཕོ་ཡུལ་བཅས་རྟེན་འབྱུང་བསླུ་མེད་ལྟར་ངེས་པར་བྱས་ནས། མཚན་བརྗོད་ཅི་ནུས་བཏང་མཐརཿ གསོལ་འདེབས་ནིཿ ཨེ་མ་ཧོཿ ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་ཿ ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབཿ བདག་སོགས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབསཿ ཟབ་ལམ་འཕོ་བ་འབྱུང་བར་བྱིན་གྱིས་རློབསཿ འཇིག་རྟེན་ཕྱི་མར་སོང་བའི་ཚེ་འདས་ཀྱིཿ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབསཿ ཞེས་དམིགས་པ་བཅས་གོང་བཞིན་སྤར་ཆོག་བྱའོ། ། ༈ དེ་ནས་སྐྱབས་ཡུལ་གཅིག་ཆོག་རྣམས་ཀྱང་ཐུགས་རྒྱུད་བསྐུལ་ནས་འཕོ་བ་མངོན་གྱུར་དུ་འབྱུང་བའི་གསོལ་འདེབས་ནིཿ ཨེ་མ་ཧོཿ མ་ལུས་འགྲོ་བའི་སྐྱབས་མཆོག་བཅོམ་ལྡན་འདསཿ མགོན་པོ་འོད་དཔག་མེད་ལ་གསོལ༴ བདག་སོགས་ལས་ཉོན་དབང་དུ་མི་གཏོང་བར། ཁྱེད་ཐུགས་མཁའ་དབྱིངས་ཀློང་དུ་སྟིམས་པར་མཛོདཿ ཀྱེ་མ་ལྔ་བརྒྱ་སྙིགས་མའི་མཐུས་ནོན་བདག་དང་འགྲོཿ དམ་ཆོས་སྒྲུབ་པའི་ལོང་མེད་གློ་བུར་འཆིཿ འདི་ལ་མགོན་པོ་ཁྱེད་ཀྱིས་མི་གཟིགས་ནཿ དུས་ལས་ཡོལ་བའི་ལོང་མེད་འཇུག་པ་གང་ཿ ཀྱེ་མ་མྱུར་མགྱོགས་ཐུགས་རྗེའི་ལྕགས་ཀྱུའི་སྒྱུ་འཕྲུལ་གྱིསཿ འཁོར་བའི་འདམ་ནས་བདག་སེམས་ཐུགས་རྗེས་ཟུངསཿ སྐད་ཅིག་ཡིད་ཙམ་མགོན་ཁྱོད་ཐུགས་གསང་དང་ཿ དབྱེར་མེད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབསཿ ཀྱེ་མ་འཆི་མེད་མགོན་པོ་སྤྱན་རས་གཟིགས་དབང་དང་ཿ རྡོ་རྗེ་འཛིན་སོགས་སངས་རྒྱས་བྱང་སེམས་ཚོགསཿ ཉན་རང་དང་བཅས་བདེ་ཆེན་དཀྱིལ་འཁོར་ལཿ གསོལ་བ་འདེབས་སོ་འཕོ་བ་མངོན་གྱུར་ཤོགཿ ཀྱེ་མ་ཆོས་ཅན་རྟེན་ཅིངའབྲེལ་འབྱུང་འཕོ་བ་དང་ཿ རང་བཞིན་མེད་པ་སྒྱུ་མ་རྨི་ལམ་འཕྲུལཿ དོན་དམ་མཐའ་བཞིར་མི་གནས་དབུ་མའི་ལམཿ མངོན་གྱུར་རྫོགས་ཆེན་འབྲས་བུ་ཡོངས་སྨིན་ཤོགཿ ཞེས་དམིགས་པ་དང་བཅས་ཕཊ྄ཿ ལྔ་བརྗོད། དེ་བཞིན་དུ་སྐྲ་ལངས་པ་དང་ཿ ཆུ་སེར་མ་ཐོན་བར་དུ་གསོལ་འདེབས་རྣམས་ཡང་ཡང་བསྐྱར་ནས། སྤར་ཆོག་བཅས་བྱའོ། །རྟགས་ཟོལ་མེད་ཐོན་མཐར། སྔོན་བཞིན་དམིགས་གནད་སོགས། མ་ཡེངས་པའི་ངང་ནས་འོད་དཔག་མེད་ཀྱི་མཚན་བརྗོད་ཅི་ནུས་མཐར། གསོལ་འདེབས་ནི། ཨེ་མ་ཧོ། སྔོན་འདས་དུས་བསྐལ་བའི་དགེ་སློང་མཆོག༔ དཔལ་རྒྱལ་སྲས་ཆོས་ཀྱི་འབྱུང་གནས་ཀྱིས། མགོན་འཇིག་རྟེན་དབང་ཕྱུག་རྒྱལ་བའི་དྲུང་། ཡོངས་འགྲོ་རྣམས་སྒྲོལ་ཕྱིར་དམ་བཅས་ནས། །ནུབ་བདེ་ཆེན་ཞིངགི་རྟེན་བརྟེན་པར། །དབང་བསྒྱུར་བའི་ཐུགས་བསྐྱེད་སྨོན་པའི་འབྲས། །མགོན་ཚེ་མཐའ་ཡས་པ་སྟོན་འཁོར་བཅས། །མ་འགྲོ་བའི་དཔལ་དུ་ཡོངས་ཤར་བཞིན། །བདག་གསོལ་བ་འདེབས་སོ་མཁྱེན་བརྩེའི་གཏེར། །ཚེ་འདི་སྣང་ལས་ཐལ་ཚེ་འདས་དེ། །སྲིད་འཁོར་བའི་འཇིགས་ལས་དབྱུགས་དབྱུང་ཞིང་། །ནུབ་བདེ་ཆེན་པདྨ་བཀོད་ཞིང་དུ། །དུས་སྐད་ཅིག་ཡུད་ཙམ་འདི་ཉིད་ལ། །མགོན་ཁྱེད་ཀྱི་ཐུགས་རྗེས་འདྲེན་པར་མཛོད། །ལས་ཉོན་མོངས་དབང་དུ་བཏང་གྱུར་ན། །མགོན་ཁྱེད་ཀྱི་དམ་བཅའ་གང་དུ་ཐལ། །གནས་ངན་འགྲོར་སྙོགས་ལས་མ་བཟློག་ན། །མགོན་ཐུགས་རྗེ་ཆེ་ཞེས་ཚིག་ཏུ་བས། །སེམས་གདུང་བའི་གསོལ་འདེབས་འདིར་གསོན་ལ། །ཚེ་ཕྱི་མར་སོང་བའི་ཚེ་འདས་དེ། །ནུབ་བདེ་ཆེན་ཞིང་དུ་འདྲེན་པར་མཛོད། །སྐྱབས་བསླུ་མེད་མགོན་པོ་འོད་དཔག་མེད། །ལྷ་ཐུགས་རྗེའི་གཏེར་མཛོད་སྤྱན་རས་གཟིགས། །སྟོབས་ནུས་པའི་མངའ་བདག་རྡོ་རྗེ་འཛིན། །དཔལ་འདྲེན་པ་སྟོང་རྩ་རྒྱལ་སྲས་ཚོགས། །ཚེ་ཕྱི་མའི་ལམ་ཞུགས་ཚེ་འདས་ཀྱི། །བཤེས་ར་མདའ་མཛོད་ལ་སྣང་མཐའ་ཡས། །འཁོར་སེམས་དཔའི་གྲལ་དུ་སྐྱེལ་བར་མཛོད། །སེམས་འོད་ཀྱི་ཐིག་ལེ་དཀར་དམར་མདངས། །དཔེ་མཁའ་ལ་སྐར་མདའ་རྒྱུག་པ་བཞིན། །དཔལ་འཆི་མེད་མགོན་པོའི་ཐུགས་ཀར་ཐིམ། །སླར་ལྡོག་མེད་སྐུ་ལྔའི་རྒྱས་གདབས་སོ། །ཞེས་བརྗོད་མཐར་ ཕཊཿ ལན་ལྔ་བརྗོད་ཅིང་ཀུན་རྟོག་སྤྲོ་བའི་རྒྱུན་བཅད་ནས་སླར་ཡང་འདི་བཞིན་བརྗོད། ཀྱེ་མ་ཚེ་འདས་ཕུང་ཁམས་ལྷར་གསལ་རྟེན། །མགོན་འོད་དཔག་མེད་པའི་གསང་གསུམ་ལ། །དཔེ་འཇའ་ཚོན་མཁའ་ལ་ཐིམ་བཞིན་དུ། །ཀློང་དབྱེར་མེད་རོ་གཅིག་འདྲེས་པར་གྱུར། །ཞེས་བརྗོད་ཅིང་། ཚེ་འདས་ཀྱི་ལུས་རྟེན་རྣལ་འབྱོར་མར་གསལ་བ་འཇའ་ཚོན་ནམ་མཁར་ཐིམ་པ་ལྟར་སྐྱབས་ཡུལ་ཀྱི་ལྷ་ལ་ཐིམ། དེ་ཉིད་ཀྱང་འོད་ཀྱི་ཕུང་པོར་གྱུར་ཏེ་རང་སྣང་ལོངས་སྐུའི་ཞིང་དུ་བཅོམ་ལྡན་འདས་རྒྱལ་བ་འོད་མི་འགྱུར་བ་དང་དབྱེར་མེད་དུ་གྱུར་བར་བསམ་ལ་ཕཊཿ ལན་གསུམ་བརྗོད་ཅིང་སྐྱེ་མེད་ཀྱི་ཆོས་སྐུ། འགགས་མེད་ཀྱི་ལོངས་སྐུ། རྩོལ་མེད་ཀྱི་སྤྲུལ་སྐུར་བྱང་ཆུབ་པར་མོས་ལ། དམིགས་བསམ་སྤྲོས་པ་དང་བྲལ་བའི་ངང་ལ་ཅི་གནས་སུ་མཉམ་པར་བཞག་ཅིང་དེ་ལས་ལངས་པའི་ཚེ་བྱམས་དང་སྙིང་རྗེ་ཆེན་པོའི་ངང་ནས་སྨོན་ལམ་འདི་བཞིན་གདབ་པོ། །ལྡེབ་༣༠ནས་༣༣བར་ཆད་ཡོད། ཀྱི་རྒྱལ་བའི་མྱུ་གུ་མཁྱེན་བརྩེ་ལྷས་སོ། །སངས་རྒྱས་སྐུགསུམ་བརྙེས་པའི་བྱིན་རླབས་དང་། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ། སོགས༴ དགེ་བ་འདི་ཡིས་སྐྱེ་བོ་ཀུན། བསོད་ནམས་ཡེ་ཤེས༴ སོགས༴ འགྲོ་ཀུན་དགེ་བ་ཇི་སྙེད་ཡོད༴ སོགས འཇམ་དཔལ་དཔའ་བོ༴ སོགས་བྱའོ། བཀྲ་ཤིས་སོ། །སྨོན་ལམ་ནི། གང་དུ་སྐྱེས་པའི་སྐྱེ་བ༴ སོགས། སངས་རྒྱས་ཐོབ་པར་ཤོག ཞེས་དང་གཞན་ཡང་སྨོན་ལམ་ཅི་ནུས་བརྗོད། འདིར་སྨྲས་པ། སྟོན་མཆོག་དམ་པ་ཤཱཀྱའི་རྒྱལ་པོ་དེའི། རྗེས་འབྲང་ཉན་རང་གཉིས་དང་བྱང་སེམས་སྡེ། གསང་སྔགས་ཕྱི་བ་གསང་གསུམ་ནང་བ་གསུམ། །དེ་སོགས་རྒྱུ་འབྲས་ཐེག་པ་ཡོངས་ཀྱི་རྩེ། །མ་བསྒོམ་སངས་རྒྱས་ཆོས་ལྔའི་ལམ་མཆོག་ལ། །ཁྱད་འཕགས་སྐད་ཅིག་གཅིག་གིས་གྲོལ་བའི་ཆོས། །མ་བསྒོམ་སངས་རྒྱས་འཕོ་བའི་ལམ་མཆོག་ཡིན། །འདི་ལ་འཕྱང་མོ་ཉུག་གང་ཐར་ལམ་འགགས། །ཅིས་ཕྱིར་ཞེ་ན་སྔགས་ཀྱི་མྱུར་ལམ་ལ། །སོམ་ཉི་སྨད་རྣམས་རྡོ་རྗེ་དམྱལ་བ་རུ། །སྐྱེ་བར་ངེས་ཞེས་སྔགས་ལུང་ཚད་མས་གྲུབ། །དེ་ཕྱིར་ལམ་མཆོག་འདི་ལ་བརྩོན་པར་རིགས། །ད་དུང་མདོ་དང་སྔགས་ཀྱི་ཁྱད་པར་དང་། སྔགས་ལས་གསང་སྔགས་གསར་རྙིང་ཁྱད་པར་དང་། །དེ་ལས་བསྒོམ་དང་མ་བསྒོམ་སངས་རྒྱས་ཚུལ། །ཁྱད་པར་དབྱེ་བ་ཤེས་གང་བསྟན་འགྲོའི་རྒྱན། །འོན་ཀྱང་ཐོས་བསམ་བྲལ་བའི་བླུན་སྒོམ་དང་། །ལྟ་སྒོམ་ཡིད་ལ་མི་བྱེད་ཐ་སྙད་མཁན། །དེ་འདྲ་འཕོ་བའི་གྲོལ་འདོད་ཡ་ར་ཆ། །ཅི་ཕྱིར་ཞེ་ན་དད་དམ་མི་ལྡན་ཕྱིར། །ཁོ་བོས་ཐོས་བསམ་སྒོམ་ལ་ཅི་ནུས་སྦྱངས། །རྣམ་པ་ཉི་ཤུའི་གྲངས་ལྡན་བླ་མ་བསྙེན། །བསྟན་དང་འགྲོ་ལ་ཕན་སེམས་ཟླ་བཞིན་དཀར། །དེ་ཕྱིར་གདམ་པ་འདི་བྲིས་དགེ་བའི་རྒྱུན། །སྲིད་དང་ཉན་རང་ལམ་དུ་མི་འཇུག་པར། །ཐེག་པ་ཆེན་པོའི་ལམ་མཆོག་དང་འཕྲད་ནས། །རྣམ་མཁྱེན་གདོད་མའི་རྒྱ་མཚོར་རོ་གཅིག་ཤོག །ཅེས་གཤིན་འཕོ་རྣམ་གྲོལ་མྱུར་ལམ་ཞེས་པ་འདི་ཉིད་རང་གི་ཉེ་གནས་དྷརྨཱ་ཀིརྟིས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་ངོར། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་འཕོ་བར་གཞི་བྱས་མན་ངག་གཞན་གྱི་ཁ་བསྐང་དེ་སྤེལ་བས་ཡི་གེ་པ་ནི་རང་ཉིད་ཀྱི་སློབ་བུར་གྱུར་པ་མགོན་པོ་བསམ་འགྲུབ་ཀྱིས་བགྱིས་པའི་དགེ་བས་འགྲོ་རྣམས་བདེ་ཆེན་ཞིང་དུ་སྐྱེ་བའི་རྒྱུར་གྱུར་གུ་ཅིག །དགེའོ། དགེའོ། དགེའོ།། །།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུག་ཤོག། །།


previousརང་ལུགས་དོན་བརྒྱུད་བླ་མའི་གསོལ་འདེབས་འཕོ་བ།next