Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
གནས་འོག་མིན་བདེ་ཆེན་ཞིང་ཁམས་་་་
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནས་འོག་མིན་བདེ་ཆེན་ཞིང་ཁམས་་་་next

གནས་འོག་མིན་བདེ་ཆེན་ཞིང་ཁམས་་་་

ཨོཾ་ཨཱ་ཧཱུྃ༔ གནས་འོག་མིན་བདེ་ཆེན་ཞིང་ཁམས་སུ། །མགོན་བཅོམ་ལྡན་སྣང་བ་མཐའ་ཡས་ལ། །བདག་སྒོ་གསུམ་གུས་པས་གསོལ་བ་འདེབས། །ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །གནས་པོ་ཏ་ལ་ཡི་ཞིང་ཁམས་སུ། །ལྷ་སྙིང་རྗེའི་གཏེར་མཛོད་སྤྱན་རས་གཟིགས། །བདག་སྒོ་གསུམ༴ ལམ་འཕོ་བ༴ གནས་ཟངས་མདོག་དཔལ་རིའི་ཕོ་བྲང་དུ། སྐྱབས་པདྨ་འབྱུང་གནས་སྤྲུལ་པའི་སྐུ། བདག་སྒོ་གསུམ༴ ལམ་འཕོ་བ༴ གནས་རང་སྣང་རྣམ་དག་འོག་མིན་དུ། རྗེ་མཁྱེན་བརྩེའི་མངའ་བདག་འཇིགས་མེད་གླིང་། བདག་སྒོ་གསུམ༴ ལམ་འཕོ་བ༴ གནས་གང་ལ་གང་འདུལ་ཞིང་ཁམས་སུ། དཔལ་འཇིགས་མེད་ཡེ་ཤེས་རྡོ་རྗེ་ལ། བདག་སྒོ་གསུམ༴ ལམ་འཕོ་བ༴ གནས་བདེ་ཆེན་པདྨ་བཀོད་གླིང་དུ། རྗེ་འཇིགས་མེད་འཕྲིན་ལས་འོད་ཟེར་ལ། བདག་སྒོ་གསུམ༴ ལམ་འཕོ་བ༴ གནས་གང་འདུལ་གདུལ་བྱའི་ཞིང་ཁམས་སུ། སྐྱབས་དམ་ཚིག་རྡོ་རྗེ་སྤྱན་རས་གཟིགས། བདག་སྒོ་གསུམ༴ ལམ་འཕོ་བ༴ གནས་སྤྱི་གཙུགས་ཉི་ཟླའི་གདན་སྟེང་ནས། །རྗེ་རྩ་བའི་བླ་མ་ལུང་རིགས་གླིང་། །བདག་སྒོ་གསུམ་གུས་པས་གསོལ་བ་འདེབས། །ལམ་འཕོ་བ་འབྱོང་བར་བྱིན་གྱི་རློབས། །ཞེས་པ་འདི་ཡང་ཀུན་བཟང་གཞན་ཕན་གྱིས་སོ། །


previousགནས་འོག་མིན་བདེ་ཆེན་ཞིང་ཁམས་་་་next