Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
ཨེ་མ་ངོ་མཚར་རྨད་ཀྱི་ཆོསཿ
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཨེ་མ་ངོ་མཚར་རྨད་ཀྱི་ཆོསཿnext

ཨེ་མ་ངོ་མཚར་རྨད་ཀྱི་ཆོསཿ

༄༅། །ཨེ་མ་ངོ་མཚར་རྨད་ཀྱི་ཆོསཿ འདི་ལྟར་སྣང་བའི་ཆོས་རྣམས་ཀུནཿ སྣང་ཡང་འཛིན་པ་སྤུ་ཙམ་མེདཿ འོན་ཀྱང་རྟེན་འབྱུང་མ་འགག་ཙམཿ བྲག་ཆ་ཇི་བཞིན་འདིར་སྒྲོགས་ནཿ ཐེ་ཚོམ་ཅན་གྱི་བླུན་རྨོངས་དང་ཿ ང་རྒྱལ་ཅན་གྱི་ཐོས་བྲལ་འགསཿ སྨད་དུ་སྲིད་ཀྱང་བདག་ལ་ཅིཿ དེ་ཕྱིར་རེ་དོགས་བྲལ་བར་སྨྲཿ མཁྱེན་བརྩེའི་འོད་ཟེར་སྟོང་འབར་གཟིསཿ ཤེས་རབ་པདྨོའི་ཁ་ཕྱེ་བསཿ ལྐོག་གྱུར་དྲི་བཟང་ངད་འདི་ངོམཿ རྒྱ་སྟག་གྲོག་མས་གཙེར་སུན་གྱིསཿ ལ་ལུང་ཉུལ་མི་སྡོད་པ་འདམཿ སྣ་ཚོགས་སྒྱུ་མའི་བྱེད་པོ་ཡིསཿ རི་རབ་སྤོ་ཞིང་རྒྱ་མཚོ་དཀྲུགསཿ ལྷ་ལྡན་ཞིང་ལ་སྟོད་སྨད་སྤེལཿ སྟོད་སྨད་ཞིང་ལ་དགའ་དང་སྐྱོཿ རྒྱལ་མོ་དམུ་རྡོ་གནམ་དུ་སློང་ཿ ལུགས་ཟུང་ཆབ་ཀྱིས་ས་ཆེན་འགེབཿ ཡུལ་འདིར་ཉུལ་མའི་ཡན་ལག་སྦྲེལཿ ས་འདིར་ཕྲ་མེན་སེར་སྐྱའི་ཁྱུཿ བྱ་ཚོགས་ཇི་བཞིན་སྤྲོ་བསྡུ་བྱེདཿ རྡོ་ལ་གཞན་གྱིས་རྐང་ལག་རྗེསཿ ཡང་ཡང་འཇོག་ཅིང་འཐབ་ར་འཆའཿ ཤིང་ལྕགས་བར་དུ་དཔུང་ཚོགས་བཞིའིཿ གཡུལ་གྱི་ཕྲུ་མའི་ཆོ་འཕྲུལ་སྟོནཿ མེ་ཆུའི་བར་དུ་སྔར་མེད་མིཿ བང་མིའི་ཚུལ་བགྲོོད་གཉུག་གནས་དང་ཿ འཕྲལ་རྒྱུ་རྩིས་ཀྱི་སྲང་ལ་འདེགསཿ ལ་རྩེར་བྱ་རའི་ལྟད་མོ་དང་ཿ ཀླུང་འགར་ཉུལ་མི་སྔར་མེད་རྒྱུཿ འདི་སོགས་ཕན་ཚུན་ཡུལ་འགའ་རེཿ མི་ཚོགས་འབྲུ་སྣ་བསྲེས་བཞིན་ངོམཿ ལྷ་འདྲེ་མི་གསུམ་ཐག་ཕྲན་བཞིནཿ ལྷ་ཡིན་བསམ་ཙ་འདྲེ་རུ་འགྱུརཿ མི་ཡིན་བསམ་ཙ་བཙན་གཟུགས་ངོམཿ ལྷ་བརྫུ་འདྲེ་བརྫུས་ལུང་པ་འུརཿ སེར་སྐྱ་ཕལ་ཆེར་སྙིང་རླུང་ལྡང་ཿ གནམ་ལ་སྔར་མེད་གཟུགས་སྒྲ་དང་ཿ ས་ལ་སྔར་མེད་ལྟས་མང་འབྱུང་ཿ བར་དུ་སྔར་མེད་སེམས་ཅན་དང་ཿ དེ་བཞིན་བཟང་ངན་གོ་ལྡོག་སོགསཿ མི་རུང་མཐོང་ཐོས་མང་ཞིག་འབྱུང་ཿ དར་མདོ་ཤིང་སྡོང་འགྱེལ་བའི་རོཿ ཡ་མན་མང་པོས་ཧབ་ཐོབ་བྱེདཿ ཆབ་ཀྱི་འཁྱགས་རོམ་ཚད་པའི་གདུངསཿ ཧོར་དྲེ་ཁང་པ་གསར་དང་རྙིང་ཿ སེང་གེའི་ཁོག་པ་རང་ལུས་ཀྱིཿ སྲོག་ཆགས་ཕལ་གྱིས་འབིགས་དང་མཚུངསཿ སྡེ་བཞིའི་དཔལ་ཡོན་དགེ་བཅུའི་གཟུགསཿ བྲག་ལ་བརྐོས་པའི་རི་མོའི་ཟླཿ གེ་སར་གསེར་གྱི་ག་ཤ་ཅནཿ གཅིག་ཏུ་དྲིལ་ཡང་དུམ་བུར་འཐོརཿ ཡུལ་འདིའི་བསམ་སྤྱོད་ཟིལ་བའི་ཆབཿ འགོ་བར་སླ་ཡང་འབྲོས་ལ་རིངསཿ ལ་ལུང་ཀུན་ཉུལ་སྐྱབས་ཡུལ་འཚོལཿ རྒྱལ་རོང་ཕལ་ཆེར་ཁྱི་མོའི་ཚང་ཿ དོར་ཞིང་གཏོལ་མེད་འཐོར་ཞིང་འདུཿ རྡོ་ཡི་སྟོད་སྨད་འཛི་གསུམ་པོཿ འབྲེལ་ཞིང་རེས་འགའ་བྱེར་ལ་རིངསཿ ཡ་མ་ཟུང་གི་ཆོ་རོལ་མེསཿ དགྲ་ཟླའི་རྩྭ་སྦུར་བསྲེགས་ལ་བརྩོནཿ མགོ་ལོག་སྟོད་སྨད་བར་གསུམ་གཿ གོ་མོག་སྐམ་པའི་ཤུལ་བཞིན་ཡང་ཿ ད་རུང་གཞན་ལ་ཇེ་ཆེར་འཚེཿ ཡང་ཅིག་ཆོས་དང་འཇིག་རྟེན་གྱིཿ བཟང་ངན་རྟེན་འབྲེལ་མང་སྣང་ཡང་ཿ རེ་ཞིག་བཏང་སྙོམས་བཞག་ནས་སླརཿ སྤྲོ་འམ་ཡང་ན་ཤོལ་ཡང་སྲིདཿ འདི་རྣམས་ཀུན་ལ་སོ་སོ་ཡིཿ ཕན་དང་བཟློག་པའི་ཐབས་སྣ་ཚོགསཿ ཡོད་ཀྱང་ད་ལམ་དེ་ག་ཙམཿ འདི་ལྟར་ཀུན་གཞིའི་མེ་ལོང་ལཿ སྣང་བའི་གཟུགས་བརྙན་ཇི་བཞིན་དུཿ སྤེལ་འདིས་ཡོངས་ལ་སྨན་གྱུར་ཅིགཿ དགེའོཿ ཿ


previousཨེ་མ་ངོ་མཚར་རྨད་ཀྱི་ཆོསཿnext