Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
   
ན་མོ་རཏྣ་གུ་རུ་ཡེཿ
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousན་མོ་རཏྣ་གུ་རུ་ཡེཿ next

ན་མོ་རཏྣ་གུ་རུ་ཡེཿ

ན་མོ་རཏྣ་གུ་རུ་ཡེཿ སྐྱགས་མཆོག་གསུམ་གྱི་སྤྱི་གཟུགས་ལྷ་ཡི་ལྷཿ ཕ་འཇིགས་མེད་གླིང་པ་དུས་འདིར་དྲནཿ གནས་སྤྱི་གཙུག་གི་རྒྱན་དུ་ལེགས་བཞུགས་ནསཿ ཆོས་རྟེན་འབྱུང་གི་བདེན་པ་མངོན་གྱུར་མཛོདཿ མཐོ་འཆི་མེད་ཀྱི་ལམ་བགྲོད་བྱ་རྒྱལ་རྒོདཿ ཡུལ་ས་རོང་གི་རྙི་ལ་མ་དོགས་ནཿ གདོན་ལྷ་མིན་འདི་སྒྱུ་ཐབས་འཕྲུལ་ལ་མཁསཿ དོན་དེ་ཕྱིར་ན་རང་བསྲུང་མེལ་ཚེ་གཅེསཿ བར་ན་བུན་གྱི་ཕུང་པོ་མཚམས་སྤྲིན་མཛེསཿ ཁོ་བ་ཡ་བེའི་ཁུ་རླངས་བསེར་བུ་ཡིསཿ ཕྱོགས་མི་འོས་པར་བསྐྱོད་པའི་འཕྲུལ་ངོམ་ནཿ ལྷ་ཨོ་རྒྱན་གྱི་བརྟུལ་ཞུགས་སྟོབས་ཀྱིས་ནོནཿ གནས་དབྱིག་འཛིན་གྱི་ཟླ་བའི་མ་མ་དེཿ ཁོ་ལྷ་མིན་གྱིས་བསུབ་འདོད་སྟ་གོན་བསྒྲིགསཿ དེར་ལོག་སྦྱོར་གྱི་འཐོར་རླུང་གནམ་ལྕགས་དབལཿ ཚུལ་ཇི་བཞིན་དུ་ངོམ་ཚེ་ཚངས་པ་འདརཿ ལས་དགེ་སྡིག་གི་ས་འཛིན་བུ་མོའི་ལྟོརཿ ཆོས་ཕུང་འཚེངས་ཀྱི་ལྗོན་པ་མགོ་གཉིས་འཁྲུངསཿ དེར་དཀར་ནག་གི་བྱ་ཚོགས་ཚང་མང་འཚོལཿ འབྲས་བསད་གསོ་ཡི་ཐོག་བུ་སུས་ཐོབ་རྩོདཿ ཕྱོགས་ཤར་ནུབ་གཉིས་ཉི་ཟླའི་ལམ་གོ་ལོགཿ ལྷོ་བྱང་ཡང་སོ་སོའི་རྫོང་ལ་ཞནཿ དཔལ་ཡོན་ཏན་གྱི་ས་སྙིང་ཟ་མ་ཏོགཿ ཁོང་སྒྱུ་འཕྲུལ་གྱི་ཚངས་པའི་ཐོབ་རློམ་ཡང་ཿ ལས་རྒྱུ་འབྲས་ཡི་མཐུ་ཡིས་ནམ་མཁར་འཕགསཿ མཚོན་རེག་ཆོད་ཀྱི་རལ་གྲི་ཁ་མང་དེཿ མི་རྒྱུས་མེད་ཀྱི་རང་སྟོབས་རྩལ་ཕྱུང་ནསཿ རྫས་སྦྲང་ཆང་གིས་མྱོས་པའི་གླང་སྨྱོན་སྣརཿ རང་རྒྱལ་འདོད་ཀྱིས་བཏགས་པ་རྦད་གྱུར་ཡང་ཿ ཕར་འགྲོ་རྒྱུ་ལས་ལྡོག་ཏེ་རང་དཔུང་སྙོགསཿ ཚུར་དེར་བྲེད་ནས་ཕྱོགས་བཞི་མཚམས་བརྒྱད་དུཿ ཡང་ཐར་འདོད་ཀྱི་འབྲོས་ལ་རངས་བས་བྲེལཿ སྐྱོན་དེར་ལངས་པས་གནམ་ས་བར་སྣང་གསུམཿ རྡུལ་འཐོར་རླུང་དང་འདྲེས་པའི་མངོན་རྟོགས་ངོམཿ བདུད་འཇོམས་བྱེད་ཀྱི་བཛྲ་དྷ་ར་གང་ཿ སླར་གདུལ་བྱ་ཡིི་མཚོ་གླིང་ཨ་དཪྴརཿ དེར་གེགས་མེད་དུ་མངོན་པ་རྐྱེན་ངན་གྱིསཿ བསྒྱུར་མ་ནུས་ཚེ་ངན་ལྟས་བཟློག་སྲིད་ཀྱང་ཿ མི་རུ་དྲ་ཡི་སེམས་ལྡན་ཀླུ་ཡིས་ནིཿ ཡུལ་འཇིགས་མེད་ལ་འཇིགས་པ་ཐབས་མང་རྩོམཿ ཕྱོགས་འདི་ག་ཡི་མཚམས་བཞིར་སྙན་མིན་སྒྲཿ ལན་མང་རབ་ཞིག་གྲགས་མཐར་འར་མ་འུརཿ ཤར་ཉི་ཟླ་དང་སྨིན་དྲུག་རྩོད་པས་གཡེང་ཿ ལྷོ་ཁ་དོག་སྣ་ཚོགས་ལང་ཚོ་འགྲནཿ ནུབ་མགོ་མང་སྲིན་བུས་བསྟན་སེལ་སློང་ཿ བྱང་རི་དྭགས་ཕལ་ཆེར་རྫི་ཡིས་འུརཿ དབུས་ཟོ་དོར་བཟང་པ་ོདངོས་སུ་རྒྱུཿ གླང་ས་རྒོད་ཐ་བ་རྨོད་ལ་བརྩོནཿ སྟག་བཀྲེས་པའི་ང་རོ་གནམ་དུ་སྒྲོགསཿ ཡོས་རིགས་མི་མཐུན་པ་འགའ་འདུན་མར་འདུཿ འབྲུག་ཕྱོགས་བཞིའི་རྒྱ་མཚོ་ཀླུ་དང་རྩེཿ སྦྲུལ་མཆོད་པའི་རྟེན་འགའ་ཟོང་དུ་འཚོང་ཿ རྟ་མཐུན་དབྱེའི་མཚེར་སྐད་ལྷངས་སེ་ལྷང་ཿ ལུག་གོང་འོག་གོ་ས་སོ་སོར་ལྡོགཿ སྤྲེལ་བྱང་དུ་འཚེ་ཡང་ལྷོར་རྒྱར་ཚུརཿ བྱ་མཁའ་ལ་མེ་འབར་ཆུ་ཕྲན་གདུང་ཿ ཁྱི་སྣ་ཚོགས་སྒྲ་ཡི་རོལ་མོ་འཁྲོལཿ ཕག་བསྟན་པའི་འཁོར་ལོ་གསར་དུ་གནསཿ བྱི་འབྱུང་འགྱུར་གྱི་རྟེན་འབྱུང་རི་མོ་མཐོང་ཿ ཡུལ་ཟླ་སྟོད་དུ་ལྷ་འདྲེའི་ཁེངས་ལོག་འབྱུང་ཿ བར་ཉིན་སྲིབས་ཟུང་ཕྱོགས་ཞེན་ཚོན་ཁྲས་བྱུགཿ སྨད་ཁོལ་བུར་འགར་དྲི་ཟའི་གྲོང་ཁྱེར་ངོམཿ ཡུལ་ཟླ་སྒོ་རུ་སྐྱོ་དགའི་ལྟད་མོ་མཐོང་ཿ གནས་གསལ་བྱེད་ཀྱི་ཐོག་མ་ཁྲ་བོར་འགྱུརཿ དཔལ་ཀུན་འབྱུང་གི་ཡུལ་ཡང་རི་མོའི་ཟླཿ བྱང་སྔགས་སྟོན་གྱི་ཚོམ་བུ་མདོག་གསུམ་གྱིསཿ གནས་གྲུ་འཛིན་གྱི་ཕུགས་ནས་དབང་སྔོན་རྙེདཿ ཡུལ་གྱིི་ལུང་གི་ཕུ་མདར་ཚོམ་བུ་མཛེསཿ རེས་དུམ་བུ་རུ་གྱུར་ཡང་གཅིག་ཏུ་བཟླུམཿ ལམ་འགའ་ཞིག་བཙལ་ཡང་ཐོག་ཁེལ་བཤོལཿ རྗེ་བླ་མ་ཡི་ཞལ་སྐྱིན་གང་ཉིད་ཀྱང་ཿ ལོ་ཁ་ཤས་འདི་འདྲ་འདི་བཞིན་མིནཿ ཚུལ་སོ་སོ་ཡི་མངོན་རྟོགས་གསལ་གྱུར་ཡང་ཿ དོན་བཟང་ངན་གྱི་དབྱེ་རྒྱུ་རེ་ཞིག་བཤོལཿ འཕྲལ་མར་གོང་གིས་བཏུམ་པའི་གཟེ་མའི་དཔེཿ རྐྱེན་མངོན་སུམ་དུ་འདོན་རྒྱུ་འགའ་ཡི་སྐྱོནཿ ཡུལ་དབང་པོ་ཡི་སྒོར་མཐོང་ཐོས་གྱུར་ཡང་ཿ ཀུན་བཏང་སྙོམས་ཀྱི་ཟིལ་གྱིས་གནོན་པ་གནདཿ ལར་འབྱུང་འགྱུར་གྱི་རི་མོ་དྲག་ཤུལ་གཟུགསཿ ཅང་མི་སེམས་པར་ཚོམ་མེད་ཀློང་རྒྱས་གདབཿ དཔལ་མཚོ་སྐྱེས་ཀྱི་སྐུ་བརྙན་གང་མང་དང་ཿ ཆོས་ཐེག་ཆེན་གྱི་མདོ་བཀླག་མདོ་བཟློག་གལཿ ཚུལ་དེ་ཡིས་ཀུན་ནས་ཀུན་དགེ་ཞིང་ཿ དུས་རྫོགས་ལྡན་གསར་བའི་ཞལ་མཐོང་ཤོགཿཿ


previousན་མོ་རཏྣ་གུ་རུ་ཡེཿ next