Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
   
   
   
   
སྡེ་མཆོད་ཤིན་ཏུ་བསྡུས་པ་ནི། །
   
   
   
   
   
   
   
   
   
   
   
   
   
   


 
previousསྡེ་མཆོད་ཤིན་ཏུ་བསྡུས་པ་ནི། །next

སྡེ་མཆོད་ཤིན་ཏུ་བསྡུས་པ་ནི། །

ཨོཾ་ཨཱཿཧཱུྃ། མཆོག་གསུམ་སྐུ་གསུམ་རྩ་བ་གསུམ། །ཆོས་སྐྱོང་དམ་ཅན་ནོར་ལྷ་སོགས། །མཆོད་ཡུལ་གོང་མ་ཐམས་ཅད་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །ཕྱི་ནང་གསང་དང་སྤྲུལ་པ་དང་། །མཆོག་གི་སྡེ་བརྒྱད་བརྒྱད་ཚན་ལྔ། །འཁོར་དང་ཡང་འཁོར་བཅས་རྣམས་ལ། །མཆོད་པ༴ གསེར་སྐྱེམས༴ བདག་གི་འདོད་དོན༴ ས་བདག་ས་ལྷ་ཡུལ་གཞིའི་བདག །རྒྱལ་ཆེན་བཞི་དང་དཔལ་མགོན་སོགས། །འགོ་བའི་ལྷ་ལྔ་ལ་སོགས་པའི། །སྣང་སྲིད་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་སྒྲུབ་ཏུ་གསོལ། །རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱིས་སོ། །དགེའོ།། །།མཆོག་གསུམ་རྩ་བ་གསུམ་གྱི་ངོ་བོར་གྱུར་པ་བླ་མ་དམ་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཚོགས་ལ་སྐྱབས་སུ་མཆིའོ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སྨོན་ལམ་བཏབ་པ་འདི་རྣམས་འགྲུབ་པར་མཛད་དུ་གསོལ། །མི་ངའི་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་ཕ་མ་སེམས་ཅན་ཐམས་ཅད་ལ་བསམ་པ་ངན་པ་སྤུ་ཙམ་ཡང་སྐྱེ་བར་མ་གྱུར་ཅིག །བསམ་སྦྱོར་བཟང་པོ་ཆུ་རྒྱུན་བཞིན་དུ་རྒྱུན་མི་འཆད་པར་གྱུར་ཅིག །ཟ་འདོད་ཀྱི་ཚོགས་འཁོར་མ་ཡིན་པའི་རྡོ་རྗེ་ཐེག་པའི་ལམ་རྣམ་པར་དག་པའི་ཚོགས་འཁོར་ལ་ལོངས་སྤྱོད་དུས་མ་གཏོགས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཤ་ཁྲག་ཟ་བ་དང་འཐུང་བ་དང་འབག་པ་ལ་སོགས་ཅུང་ཟད་ཀྱང་མི་བྱེད་པར་ཤོག་ཅིག །དམ་བཅའ་འདི་དག་དུས་ད་ལྟ་བཞིན་དུ་དྲན་པར་གྱུར་ཅིག །ལྡན་པ་དང་གྲོལ་བའི་ཡོན་ཏན་གཉིས་དང་མི་ལྡན་བཞིན་དུ་དཀོར་ཟས་ལན་ཆགས་ལ་ཏིལ་འབྲུ་ཙམ་ཡང་མི་འབག་པར་ཤོག་ཅིག །སེམས་ཅན་གཅིག་གི་དོན་དུའང་རང་གི་སྒོ་གསུམ་པོ་གཏོང་བ་ལ་ཐོགས་པ་ཅུང་ཟད་ཙམ་ཡང་མི་བྱེད་པར་ཤོག་ཅིག །ཆོས་ཉིད་འགྱུར་བ་མེད་པ་དང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པའི་སྟོབས་ཀྱིས་རང་འདོད་དང་བྲལ་བའི་སྨོན་ལམ་འདི་རྣམས་ཡོངས་སུ་འགྲུབ་པར་གྱུར་ཅིག །དཀོན་མཆོག་གསུམ་གྱི་བདེན་པས་འགྲུབ་པར་གྱུར་ཅིག །བླ་མ་དམ་པ་རྣམས་ཀྱི་བདེན་པས་འགྲུབ་པར་གྱུར་ཅིག །བདག་རྡོ་བླ་ཀུན་བཟང་གཞན་ཕན་འཆི་ཁར་བབ་དུས་སུ་སྨོན་ལམ་བཏབ་པའི་ཡི་གེ་པ་ནི་ཀློང་གསལ་གྱིས་བགྱིས་པས་འགྲོ་བ་ཡོངས་ལ་ཕན་ཐོགས་པའི་གྱུར་གྱིར་ཅིག། །།དགེའོ།། །།


previousསྡེ་མཆོད་ཤིན་ཏུ་བསྡུས་པ་ནི། །next