Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་འགྲོའི་གསོལ་འདེབས་བསྡུས་པ།
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོའི་གསོལ་འདེབས་བསྡུས་པ།next

མཁའ་འགྲོའི་གསོལ་འདེབས་བསྡུས་པ།

མཁའ་འགྲོའི་གསོལ་འདེབས་བསྡུས་པ་བཞུགས་སོ། །སྐྱེ་མེད་དབྱིངས་ཀྱི་མཁའ་འགྲོ་ཀུན་ཏུ་བཟང་། །འགག་མེད་ལོངས་སྐུའི་ཞིང་ན་ཝཱ་རཱ་ཧཱི། །གང་འདུལ་སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྐུ་གསུམ་རྒྱལ་བའི་སྤྱི་གཟུགས་བླ་ན་མེད། །མཁའ་འགྲོ་ཡོངས་ཀྱི་མིང་པོ་ཧེ་རུ་ཀ། །མཁྱེན་བརྩེ་འོད་ཟེར་འཇིགས་མེད་གླིང་པ་ལ། །གསོལ་བ་འདེབས་སོ༴ གང་གི་བཀའ་གཏེར་བདུད་རྩིའི་རྒྱ་མཚོའི་བཅུད། །རྣམ་གསུམ་དད་པའི་ཡུར་བར་ལེགས་དྲངས་པའི། །འཇིགས་མེད་འཕྲིན་ལས་འོད་ཟེར་དཔལ་འབར་ལ། །གསོལ་བ་འདེབས་སོ༴ ཆོས་སྐུའི་མཁའ་ལ་སྙིང་རྗེའི་ཆུ་འཛིན་འཁྲིགས། །སྐལ་བཟང་འགྲོ་ལ་དབང་བཞིའི་ཆར་རྒྱུན་གྱིས། །སྐུ་བཞིའི་དཔལ་སྟེར་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ༴ དེ་ལྟར་གསོལ་བ་བཏབ་པའི་མཐུ་ནུས་ཀྱིས། །ཚེ་འདིའི་མི་མཐུན་རྒུད་པ་ཀུན་ཟད་ནས། །ས་ལམ་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །བདག་གཞན་དོན་གཉིས་ལྷུན་གྲུབ་འབྲས་སྨིན་ཤོག །ཅེས་པའང་སྒྲུབ་བརྩོན་ནོར་བུ་བཟང་པོ་དང་། ༧ གཅོད་སྨྱོན་གྱིས་བསྐུལ་ངོར། །འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་སྦྱར་བའོ།། །།


previousམཁའ་འགྲོའི་གསོལ་འདེབས་བསྡུས་པ།next