Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཉིས་པ་རྟེན་བསྐྱེད་པ།
   
   
   
   
   
   


 
previousགཉིས་པ་རྟེན་བསྐྱེད་པ།next

གཉིས་པ་རྟེན་བསྐྱེད་པ།

ཨོཾ་སྭ་བྷ་ཝ་སོགས་ནས་ ཧཾཿ སྟོང་པའི་ངང་ལས་སྐུ་རྟེན་རྣམས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་། དྲིལ་བུ་འཛིན་པ་ཡུམ་སྙེམས་མ་དཀར་མོ་རྡོར་དྲིལ་འཛིན་པ་དང་མཉམ་པར་སྦྱོར་བ་ཞེས་ཀ་བསྐྱེད། ག་མཆོད་རྟེན་དང་། གཙུག་ལག་ཁང་སོགས་སེང་གེས་བཏགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་རྣམ་སྣང་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་ཡུམ་སྤྱན་མ་དཀར་མོ་འཁོར་ལོ་དང་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། དེ་བཞིན་དུ། ཁ། གླེགས་བམ་རྣམས་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཨཱཾཿལས་པདྨ་ཨཱཾཿ གིས་མཚན་པ་ལས་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་ཡུམ་གོས་དཀར་མོ་དམར་མོ་པདྨ་དང་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། དེ་བཞིན་དུ། ཕྱག་མཚན་རྣམས་གླང་པོས་བཏགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱུཾ༔ ལས་རྡོ་རྗེ་ཧཱུཾ་གིས་མཚན་པ་ལས་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དབྱིངས་ཕྱུག་མ་སྔོན་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དང་མཉམ་པར་སྦྱོར་བ། ཞེས་པ་རྣམས་ཀྱི་ཚེ་གང་ཡང་མཐར། ཐམས་ཅད་ཀྱང་ཞི་ཞིང་འཛུམ་ལ་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་འོད་དང་འོད་ཟེར་མཐའ་ཡས་སྤྲོ་བའི་བདག་ཉིད་ཅན་དུ་བཞུགས་པའོ། །དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་སྔོན་པོ་རྣམས་ཀྱིས་མཚན་པར། བསམ་མོ། བདག་དང་རྟེན་གྱི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་བཛྲ་ས་མཱ་ཡ་ཛཿ མ་ལུས་སེམས་ཅན་ཀུན་གྱི་སོགས། བཅོམ་ལྡན་བཞུགས་སུ་གསོལ། པདྨ་ཀ་མ་ལ་ཡེ་སྟྭཾ།། །།


previousགཉིས་པ་རྟེན་བསྐྱེད་པ།next