Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐོག་མར་གསོལ་འདེབས་ནི།
   
   
   


 
previousཐོག་མར་གསོལ་འདེབས་ནི། next

ཐོག་མར་གསོལ་འདེབས་ནི།

ཨོཾ་ཨཱཿཧཱུྃ། བྱིན་རླབས་བདུད་རྩིའི་སྤྲིན་འཁྲིགས་ཤིང་། །དངོས་གྲུབ་རྒྱ་མཚོའི་ཆར་འབེབས་པའི། །བླ་མ་ཀུན་ལ་གསོལ་བ་འདེབས། །ཅི་བསམ་འགྲུབ་པར་བྱིན་གྱིས་རློབས། །རང་བཞིན་གདོད་མའི་ཕོ་བྲང་དུ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །ཀུན་བཟང་ཡབ་ཡུམ་གསོལ་བ་འདེབས། །གཞི་ཐོག་གྲོལ་བར་བྱིན་གྱིས་རློབས། །བདེ་ཆེན་འོག་མིན་ཕོ་བྲང་དུ། །རིགས་ལྔ་བདེ་གཤེགས་རྡོ་རྗེ་འཆང་། །རྡོ་རྗེ་སེམས་དཔར་གསོལ་བ༴ ལྷུན་གྲུབ་རྟོགས་པར་བྱིན་གྱིས་རློབས། །མེ་རི་འབར་བའི་ཕོ་བྲང་དུ། །ཐབས་མཁས་ཐུགས་རྗེའི་སྤྲིན་ཚོགས་ཅན། །དགའ་རབ་རྡོ་རྗེར་གསོལ༴ རིག་འཛིན་ཐོབ་པར༴ རྩུབ་འགྱུར་ཚལ་གྱི་ཕོ་བྲང་དུ། །ཡེ་ཤེས་ལྔ་ལྡན་འགྲོ་བའི་ཡབ། །ཤྲི་རི་སེང་ཧར་གསོལ༴ གནས་ལུགས་རྟོགས་པར༴ སོ་ས་གླིང་གི་ཕོ་བྲང་དུ། །མཆོག་དང་ཐུན་མོང་དངོས་གྲུབ་བརྙེས། །པདྨ་ཐོད་ཕྲེང་གསོལ༴ སྐུ་གསུམ་འགྲུབ་པར༴ ཨོ་རྒྱན་ཡུལ་གྱི་ཕོ་བྲང་དུ། །མཁའ་འགྲོ་དཔག་མེད་འདུ་བའི་གཙོ། །ཡེ་ཤེས་མཚོ་རྒྱལ༴ བདག་རྒྱུད་གྲོལ་པར༴ རང་བྱུང་ཡེ་ཤེས་ཕོ་བྲང་དུ། །སྙིང་པོའི་དོན་རྟོགས་བྱིན་རླབས་ལྡན། །དྲི༷་མེ༷ད་འོད༷་ཟེར༷་གསོལ༴ འཇའ་ལུས་འགྲུབ༴ མཁྱེན༵་རབ་འཆི་མེད་ལམ་ཆེན་དུ། །བྱམ༵ས་བརྩེ༵འི་འོད་དཀར་འཕྲོ་བའི་ཟེར༵། །རང་བྱུང་རྡོ་རྗེར་གསོལ༴ དམ་ཚིག་དག་པར་བྱིན༴ འཇི༷གས་མེ༷ད་བསྟན་པའི་བསིལ་རིའི་རྩེར། །


previousཐོག་མར་གསོལ་འདེབས་ནི། next