Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

18 occurrences of མགོན་པོ་བེང་
[Clear Hits]


  
  
 
collapse section
དཔལ་མགོན་ཚོགས་ཀྱི་བདག་པོའི་སྟོད་ལས་ཀྱི་འདོན་འགྲིགས་དངོས་གྲུབ་རྒྱ་མཚོའི་གཏེར་མཛོད།
  
  
  
  
 
 
 
  
  
  
  


18 occurrences of མགོན་པོ་བེང་
[Clear Hits]

 
previousདཔལ་མགོན་ཚོགས་ཀྱི་བདག་པོའི་སྟོད་ལས་ཀྱི་འདོན་འགྲིགས་དངོས་གྲུབ་རྒྱ་མཚོའི་གཏེར་མཛོད།next

དཔལ་མགོན་ཚོགས་ཀྱི་བདག་པོའི་སྟོད་ལས་ཀྱི་འདོན་འགྲིགས་དངོས་གྲུབ་རྒྱ་མཚོའི་གཏེར་མཛོད།

༄༅། དཔལ་མགོན་ཚོགས་ཀྱི་བདག་པོའི་སྟོད་ལས་ཀྱི་འདོན་འགྲིགས་དངོས་གྲུབ་རྒྱ་མཚོའི་གཏེར་མཛོད་ཞེས་བྱ་བ་བཞུགས།

དཔལ་ལྡན་ཚོགས་ཀྱི་བདག་པོའི་སྟོད་ལས་ཀྱི་འདོན་འགྲིགས་དངོས་གྲུབ་རྒྱ་་མཚོའི་གཏེར་མཛོད་ཅེས་བྱ་བ། །བླ་མ་དང་གཉིས་སུ་མེད་པའི་དཔལ་མགོན་ཚོགས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། །སྐུ་ལྔ་ཡེ་ཤེས་ལྔ་དངོས་སྤྱན་རས་གཟིགས། །གདུལ་དཀའི་འགྲོ་ལ་ཆེར་འཁྲོས་ཚོགས་ཀྱི་བདག །རྒྱལ་་བསྟན་བསྲུང་བའི་སྟོབས་ལྡན་ལྷ་ཆེན་ཁྱོད། །བྱང་ཆུབ་བར་གྱི་མགོན་དུ་སྙིང་ནས་བརྟེན། །བསྟན་བསྲུང་བཀའ་སྲོལ་འབྱེད་བསྐུལ་རྣམ་ཐོས་སྲས། །མཐུ་ནུས་བཀའ་བབས་དྷ་ན་སྐྲྀ་ཏ། །ངན་སྔགས་བྷོ་ཌར་བསྒྱུར་མཛད་བཻ་རོ་དང་། །ཆོས་འདིའི་བརྒྱུད་འཛིན་དང་བཅས་བཀའ་དྲིན་རྨད། །ལྡི་རི་ཆོས་གྲགས་ནས་བརྒྱུད་བཀའ་མའི་གཞུང་། །ཆུ་ཕོ་རྟོགས་ལྡན་གྱིས་བཏོན་ཟབ་ཆོས་གཏེར། །འཇམ་དབྱངས་ཀོང་ཚེས་བཀྲལ་བས་ནག་འགྱུར་སྐོར། །སོ་སོར་བསྟན་འགྲོའི་དཔལ་དུ་ངོ་མཚར་ཡང་། །གཞུང་གསུམ་རང་ངོ་མ་འཕྲོད་ཡུལ་སོ་སོའི། །མཁས་དང་བླུན་པོའི་ཕྱག་ལེན་ཟིལ་བའི་ཆབ། །ཕྱོགས་ཞེན་རང་འདོད་རྩི་ཤིང་མགོར་བཀྲམ་པ། །གཅིག་ཏུ་བསྡུ་བའི་སྤོབས་པ་དཀའ་བའི་གནས། །ད་ལྟ་སྔགས་ཆོས་སྤྱི་ཁྱད་པར་དུ། །ནག་པོ་ཆེན་པོའི་ཉམས་ལེན་རློམ་པ་ཕལ། །གླེགས་བམ་ཆེན་པོ་ཀློག་པའི་འདོན་རྩལ་གྱིས། །རབ་འབྱམས་ཕྲིན་ལས་གྲུབ་སྙམ་འཁྲུལ་བའི་ལས། །ཅི་ཕྱིར་ཞེ་ན་གཏེར་ཁ་གོང་འོག་གི། བཀའ་བརྒྱད་གླེགས་བམ་དགུ་དང་བཞི་ཡིན་པས། །ཚང་མ་བཏང་དགོས་སྙམས་བབླུན་ལས་སུ། །དེ་ཕྱིར་བཀའ་གཏེར་ཆུ་བོ་གཅིག་དྲིལ་ནས། །སེལ་མེད་དམ་ཚིག་གཙང་མའི་ཡུར་ལམ་དུ། །ལེགས་དྲངས་སྐལ་བཟང་རྗེས་འཇུག་དད་པའི་གཞི། །རབ་བརླན་ལས་བཞིའི་འབྲས་བཟང་གཡུར་ཟ་བའི། །དངོས་གྲུབ་རྒྱ་མཚོའི་གཏེར་མཛོད་འདི་བསྙེན་ཞིག །དེ་ལ་འདིར་དཔལ་མགོན་ཚོགས་ཀྱི་བདག་པོའི་སྟོད་ལས་ཀྱི་འདོན་འགྲིགས་ཁྲིགས་སུ་བསྡེབ་་པ་ལ་དོན་གསུམ་སྟེ ། །དང་པོ་ཁུངས་དང་ལོ་རྒྱུས། །གཉིས་པ་སྔོན་འགྲོའི་སྟ་གོན། །གསུམ་པ་ཉམས་སུ་བླངས་ཚུལ་ལོ། །དེ་ཡང་སྔོན་མ་གཉིས་གཞན་དུ་གསལ་ལ། །གསུམ་པ་ཉམས་སུ་ལེན་པ་དངོས་ལའང་གཉིས་ཏེ། །དང་པོ་གཉེན་པོ་སྟོབས་ཀྱི་ལྷ་བདག་བསྐྱེད་བསྒྲུབ་པ་དང་། །གཉིས་པ་ཚོགས་ཀྱི་བདག་པོའི་གཞུང་བསྲངས་བའི། །དང་པོ་ནི་དྲག་པོ་དཔལ་ཆེན་འདུས་པའི་བརྒྱུད་འདེབས་ནས་བཟུང་བགེགས་བསྐྲད་གོང་དུ་སྡེ་བརྒྱད་མཆོད་པ་བཏང་། །དེ་ནས་ཆོ་ག་དཀྱུས་བཞིན་བསྙེན་བསྟོད་ཡན་རྫོགས་པར་བྱའོ། །གཉིས་པ་ཚོགས་ཀྱི་བདག་པོའི་གཞུང་དངོས་ལ་འཇུག་པ། །སྔོན་འགྲོ་དངོས་གཞི་རྗེས་སོ། དང་པོ་ལའང་ལྔ་ལས། དང་པོ་དུག་དབྱུང་ནི། །དུག་བམ་བསྲེགས་པ་དཀྱིལ་འཁོར་གྱི་མདུན་དུ་བསྟར་ལ་འདི་སྐད་དོ། ཀྱཻ་དུག་ནི་ཆོ་རེ་ཆེ། །དུག་ནི་འབྲང་རེ་རིང་། །དུག་གི་མེས་པོ་གནམ་ཡིན། །དུག་གི་ཕྱི་མོ་ས་ཡིན། །ཕ་ནི་ཐང་ཕྲོམ་མགོ་བོ་ཆེ། །མ་ནི་ཐར་ནུ་ཞོ་མོ་ཆེ། །བུ་ནི་རེ་ལྗག་སིའུ་ཐུང་། །རྡོ་དུག་མཁར་འོང་དང་། །ས་དུག་བོང་བ་དང་། །ཤིང་དུག་སྟག་མ་དང་། །མེ་དུག་སོལ་བ་དང་། །ལྕགས་དུག་སོ་ཐོག་དང་། །ཆུ་དུག་ན་ཆུ་བཙའ་ཅན་དང་། །དུག་ནག་རིམ་དགུ་འདི་རྣམས་ཀྱིས། །བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་མི་བཞེད་པ། །ཆོས་སྐྱོང་བསྲུང་མ་རྣམས་ཀྱིས༴ སྟེང་ལྷ་ཁམས་རྣམས་ཀྱིས༴ བར་གཉན་ཁམས་རྣམས་ཀྱིས༴ འོག་ཀླུ་ཁམས་རྣམས་ཀྱིས༴ ས་གཞི་ས་བདག་རྣམས་ཀྱིས༴ ཡུལ་ས་ཟོ་དོར་རྣམས་ཀྱི༴ ལྷ་སྨན་ཀླུ་སྨན་རྣམས་ཀྱི༴ གཏོད་སྡེ་འཁོར་དང་བཅས་པ་རྣམས་ཀྱིས་མི་འདོད་པ་མི་བཞེད་པ་དེ་དག་ཐམས་ཅད་དུག་མར་ཕྱུངས། །ཆགས་མར་བསལ། །བསྒྲེན་མར་བཏོན་ནོ། ཞེས་དང་དེ་ནས། །ཀྱཻ་ལྷ་གཞི་འདི་ལ་དུག་སོང་ན། །རེ་བ་ནག་པོས་དུག་མར་ཕྱུང་། །གཞི་ནས་འདི་ལ་དུག༴ དུག་འབྲས་ནག་པོས༴ ཤ་ཕུད་འདི་ལ༴ ན་རོ་བུ་དགུས༴ ཆང་ཕུད་འདི༴ ན་ཆུ་བཙའ་ཅན་གྱི༴ ལྷ་རྟེན་གསེར་ལ༴ ལྡོང་རོས་སེར་པོས༴ ལྷ་རྟེན་གཡུ་ལ༴ མཐིང་ཤུན་སྔོན་པོས༴ ལྷ་རྟེན་དངུལ༴ ཞ་ཉེ་ནག་པོས༴ ལྷ་རྟེན་དུང་ལ༴ མཐིང་བཞད་མགྲོན་བུས༴ ལྷ་རྟེན་ཤེལ་ལ༴ ལྷང་ཚེར་ཉེ་སྣབས་ཀྱི༴ ལྷ་རྟེན་ལྕགས་ལ༴ སོ་ཐོག་ནག་པོས༴ གཞན་ཡང་མཆོད་རྫས་ཡོ་བྱད་འདི་དག་ལ་རོ་བག་གཤིན་ཆགས་ཅི་ཡོད་པ། །དེ་དག་ཐམས་ཅད་དུག་མར་ཕྱུངས། །དམེ་མུག་ནལ་གསུམ། །སྲིད་པའི་འདྲེ་དགུ །གཙུག་ལག་ཁང་གི་གདོན་བཅུ། །རྩོག་སྨེ་བང་གྲིབ། །མི་བར་ན་ཡངས་ཀྱང་ལྷ་བར་ན་དོག་པ། །ལྷ་བར་ན་ཡངས་ཀྱང་མི་བར་ན་དོག་པ། །རྒྱུ་ཆུང་ཞིང་ཕུད་ཉམས་པ། །ཆེ་ཟིན་བསམ་ནས་ཚུར་ལ་བཅད་པ། །ཆུང་ཟིན་བསམ་ནས་ཕར་ལ་བསྣན་པ། །ལྷ་མིའི་བར་གྱི་བསྒྲེན་འདྲེ། །སྒྲོ་སྨྱུག་བར་གྱི་དྲི་མ་འདྲ་བ། །མཐོ་བགོམ་དམའ་བཅག་ཅི་སོང་བ་ཐམས་ཅད་དུག་ནག་རིམ་དགུ་འདིས་དུག་མར་ཕྱུངས། །ཆགས་མར་བསལ། །བསྒྲེན་མར་བཏོན་ནོ། །ཡུག་མར་ཕུད་དོ། གཉིས་པ་ཞུད་ཕྱུང་ལང་། ཏིང་ལོ། ཆང་བུ། ཐེབ་ཀྱུ། ཤིང་ནག རེ་ནག་དུམ་བུ་སིངས་པོ་སྦང་མ་ཀུན་དཀྱིལ་འཁོར་རང་མཐོང་སར་ཕྱར། ཧཱུྃ་རྡོ་རྗེའི་བྲག་གི་གདན་སྟེང་ནས། །མདུང་དང་རལ་གྲི་གཤིབས་པའི་ཕོ་བྲང་ནས། །དཔལ་ལྡན་མགོན་པོ་ནག་པོ་ནི། །སྐུ་མདོག་མཐིང་ནག་འབར་བ་ལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །སྐུ་ལ་དར་ནག་འཇོལ་བེར་ཀླུབས། །ཕྱག་ན་གྲི་དང་ཐོད་པ་བསྣམས། །དབུ་ལ་དར་ནག་ཐོད་དུ་བཅིངས། །ཞལ་ནས་ཧཱུྃ་དང་ཕཊཿསྒྲ་སྒྲོགས། འཁོར་དུ་མགོན་དམག་འབུམ་གྱིས་བསྐོར། །ལས་སུ་སངས་རྒྱས་བསྟན་པ་བསྲུངས། །སྨན་ཕུད་གཏོར་མ་འདི་བཞེས་ལ། །གྲིབ་དང་ཉམས་ཆག་ཡོད་གྱུར་ན། །དར་དང་དུང་ཆེན་རྔ་བོ་ཆེ། །སྨན་དང་རཀྟ་སྐྱེམས་ཕུད་དང་། །གྲི་རྐང་གྲི་རྡོས་ཞུད་མར་ཕྱུང་། །ཞུད་མར་ཕྱུང་ངོ་ཕྲིན་ལས་མཛོད། །རྣལ་འབྱོར་སྐུ་ཚེ་བསྲིང་བ་དང་། །དགྲ་བོ་བསྒྲལ་བའི་ཕྲིན་ལས་མཛོད། །ཚོགས་བདག་ཡབ་ཡུམ་སྲས་བཅས་དང་། །བཀའ་ཉན་ཕོ་ཉའི་ཚོགས་དང་བཅས། །གྲིབ་དང་ཉམས་ཆག་ཡོད་གྱུར་ན། །དར་དང་དུང་ཆེན་རྔ་བོ་ཆེ། །སྨན་དང་རཀྟ་སྐྱེམས་ཕུད་དང་། །གྲི་རྐང་གྲི་རྡོས་ཞུད་མར་ཕྱུངས། །ཞུད་མར་ཕྱུང་ངོ་ཕྲིན་ལས་མཛོད། །རྣལ་འབྱོར་སྐུ་ཚེ་བསྲིང་བ་དང་། །དགྲ་བོ་བསྒྲལ་བའི་ཕྲིན་ལས་མཛོད། །ཡོན་བདག་འདི་ཡི་རྐྱེན་རྣམས་ཀུན། །མགོན་པོ་ཁྱོད་ཀྱིས་བཟློག་ཏུ་གསོལ། །རོ་གྲིབ་རོ་བག་དམེ་གྲིབ་དང་། །རྩོག་པ་ཅི་སོང་ཐམས་ཅད་དང་། །སྦག་སྦོག་ཅི་སོང་ཐམས་ཅད་ཀུན། །ཙན་དན་ཆུ་ཡིས་བཀྲུ་རུ་གསོལ། །རམ་ཡཾ་ཁཾ་གིས་བཀྲུ་རུ་གསོལ། །སྨན་མཆོད་འདི་ཡིས་སྦྱོང་དུ་གསོལ། །གྲི་རྐང་གྲི་རྡོས་སྦྱོང་དུ་གསོལ། །དར་ནག་པན་གྱིས་སྦྱང་དུ་གསོལ། །རྫས་རྣམས་སྒོ་འམ་དམ་ནམ་མཁའ་མཐོངས་སར་བསྐྱལ། །མགོན་པོའི་ཞུད་ཕྱུང་འདི་མེད་ན་མདའ་ལ་མདེ་འུ་མེད་པ་དང་འདྲའོ། །འདི་ཡོད་ན་རོ་ཁུར་བ། །རོ་བསྲེག་པ། །དམེ་རྨུག་ནལ་གསུམ་ཅི་བྱེད་ཀྱང་ཞུད་མི་སྲིད་དོ། གྲི་རྡོ་གཞིའི་ཞབས་སུ་བཞག་གོ། གསུམ་པ་ཁྲུས་ལ་ཆུ་གཙང་གིས་དཀྱིལ་འཁོར་གྱི་རྫས་དང་ཡོ་བྱད་རྣམས་ལ་བྲན་ནས། ཀྱཻ་དག་བྱེད་གཙང་མའི་ཆུ་གཙང་འདི། །ཤར་ཕྱོགས་སེང་གེ་དཀར་མོའི་ཁ་ནས་འབབ་པའི་ཆབ། །ལྷོ་ཕྱོགས་གཡུ་འབྲུག་སྔོན་མོའི་ཁ་ནས་འབབ་པའི་ཆབ། །ནུབ་ཕྱོགས་རྨ་བྱ་དམར་པོའི་ཁ་ནས་འབབ་པའི་ཆབ། །བྱང་ཕྱོགས་རུས་སྦལ་རྒྱ་བོའི་ཁ་ནས་འབབ་པའི་ཆབ། །གཙང་ཆབ་ཆེན་པོ་འདི་དག་གིས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐུ་ཁྲུས་གསོལ། །མི་གཙང་དྲི་མ་དག་གྱུར་ཅིག །ཆོས་སྐྱོང་བསྲུང་མའི་ཚོགས་ལ་སྐུ་ཁྲུས་གསོལ། །མི་གཙང་དྲི་མ་དག༴ སྟེང་ལྷ་ཁམས་རྣམས་ལ༴ མི་གཙང་དྲི་མ་དག༴ བར་གཉན་ཁམས་རྣམས་ལ༴ མི་གཙང་དྲི་མ༴ འོག་ཀླུ་ཁམས་རྣམས་ལ་སྐུ་ཁྲུས་གསོལ། །མི་གཙང་དྲི་མ་དག་གྱུར༴ ས་གཞི་ས་བདག་རྣམས་ལ་སྐུ་ཁྲུས་གསོལ། །མི་གཙང་དྲི་མ༴ ཡུལ་ལྷ་གཞི་བདག་རྣམས་ལ༴ མི་གཙང་དྲི་མ་དག༴ ཟོ་དོར་ལྷ་སྨན་ཀླུ་སྨན་རྣམས་ལ༴ མི་གཙང་དྲི་མ་དག་གྱུར་ཅིག །ༀ་སྭཱ་བྷ་ཝ་སོགས་ནས་ཤུ་དྷོ་྅ཧཾ། དེ་དག་ནི་སྔོན་དུ་དགོས་པའི་རིམ་པའོ། བཞི་པ་དཔལ་མགོན་ཚོགས་ཀྱི་བདག་པོའི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །སྐུ་གསུམ་ངོ་བོ་འཕགས་མཆོག་པད་དཀར་འཆང་། །གདུལ་དཀའ་འདུལ་བྱེད་དཔལ་མགོན་ནག་པོ་ཆེ། །ཆོས་འདི་འགྲོ་ལ་སྟོན་བསྐུལ་རྣམ་ཐོས་སྲས། །གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ། །ནུས་མཐུའི་བཀའ་བབས་དྷ་ན་སཾ་སྐྲྀ་ཏ། །ངན་སྔགས་བྷོ་ཊར་བསྒྱུར་མཛད་བཻ་རོ་རྗེ། །སློབ་མ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སོགས། །གསོལ་བ་འདེབས་སོ་མཐུ་ནུས༴ གཞན་ཡང་ཉང་སྟོན་ཤ་མི་གོ་ཆ་དང་། །མདོ་གཞེར་ནག་པོ་སྲས་མོ་གཡུ་གཞེར་ཞེས། །མཁའ་འགྲོ་བྷ་རག་སིང་ཧ་གཡུ་སྒྲ་སྙིང་། །གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ། །ཁྱད་པར་དྲག་སྔགས་གསང་བ་སྤུ་གྲི་ཡི། །བཀའ་བབས་ལྡི་རི་ཆོས་ཀྱི་གྲགས་པའི་ཞབས། །གང་ལས་དྲིན་ཐོབ་སྔགས་འཆང་སུམ་ཅུ་ལ། །གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ། །རོལ་བའི་རྡོ་རྗེ་གུ་རུ་དཔའ་བོ་རྗེ། །རརྣ་བཛྲ་ཆོས་ཀྱི་རྡོ་རྗེ་དང་། །བློ་གྲོས་རྒྱལ་མཚན་ཤཱཀྱ་དྷྭ་ཛ་ལ། །གསོལ་བ་འདེབས་སོ་མཐུ༴ ཤེས་རབ་སེང་གེ་དགེ་འདུན་རྒྱལ་མཚན་རྗེ། །ཆུ་ཕོ་རྟོག་ལྡན་བྲག་སེང་གུ་རུ་དང་། །དཔལ་ལྡན་བཟང་པོ་དངོས་གྲུབ་རྒྱལ་མཚན་ལ། །གསོལ་བ༴ བཟང་པོ་རྒྱལ་མཚན་རྡརྨཱ་བཛྲ་སོགས། །ཚོགས་ཀྱི་བདག་པོ་བཀའ་མ་བརྒྱུད་པ་ཡི། །དཔལ་མགོན་བླ་མ་དམ་པའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ༴ ཡང་ཅིག་བཻ་རོས་མ་འོངས་འགྲོར་ཕན་ཕྱིར། །འབྲོང་རི་སྨུག་པོར་སྦས་པའི་ཟབ་གཏེར་ཆོས། དཔལ་མགོན་ཚོགས་བདག་ཡིད་བཞིན་དབང་གི་རྒྱལ། །གསོལ་བ་འདེབས་སོ༴ གཏེར་མཛོད་སྒོ་འབྱེད་ཆུ་ཕོ་རྟོག་ལྡན་རྗེ། །ཆོས་བདག་བླ་ནག་དགེ་འདུན་རྒྱལ་མཚན་དང་། །གང་དེའི་དབོན་པོ་དཀོན་མཆོག་བཟང་པོ་ལ། །གསོལ་བ༴ ཛྙཱ་ན་དྷྭ་ཛ་སློབ་དཔོན་ཡེ་ཤེས་འབུམ། །རྒྱལ་མཚན་རྡོ་རྗེ་བཀའ་བབས་ནམ་མཁའི་མཚན། །བློ་གྲོས་རབ་བརྟན་མཁས་འགྲུབ་ཆོས་འབྱུང་ཞབས། །གསོལ་བ༴ རྒྱལ་མཚན་སེང་གེ་པདྨ་སེང་གེ་དང་། །དཀོན་མཆོག་སེང་གེ་མགོན་པོ་ཡེ་ཤེས་ཞབས། །མགོན་པོ་སེང་གེ་ཡེ་ཤེས་རྒྱལ་མཚན་ལ། །གསོལ་བ༴ གཞན་ཡང་བཀའ་བབས་ནམ་མཁའ་རིན་ཆེན་ནས། །བརྒྱུད་པའི་གྱེས་སོ་གཉིས་ལས་ཁྱད་པར་དུ། །ཀཿཐོག་པ་ཞེས་བཀའ་བབས་དོན་བརྒྱུད་ཀྱི། །མགོན་བླ་མ་ཎི་བཀྲ་ཤིས་རྒྱ་མཚོའི་ཞབས། །གསོལ་བ་འདེབས་སོ༴ ཡང་ཅིག་ནམ་མཁའི་མཚན་དང་མ་ཏིའི་ཞབས། །སྟོན་པ་སེང་གེ་བཀྲ་ཤིས་རིན་ཆེན་ཞེས། །སྦྱིན་པ་བཀྲ་ཤིས་རརྣ་ཀུན་བཟང་ཀློང་། །གསོལ་བ༴ པདྨ་རྒྱ་མཚོ་ལྷུན་གྲུབ་རྒྱ་མཚོ་དང་། །ཨ་འཕན་ཞབས་དང་དྲིན་ཐོབ་སྦྱིན་པ་ཞེས། །གསོལ་བ་འདེབས་སོ་མཐུ་ནུས༴ དེ་གཉིས་གང་ལྟར་ཡང་། །ཚོགས་ཀྱི་བདག་པོ་བཀའ་གཏེར་ཟུང་དག་གི །གདམས་པའི་མཛོད་འཛིན་ཀུན་བཟང་གཞན་ཕན་དང་། །དཔལ་འབྱོར་རྒྱ་མཚོ་རྩ་བའི་བླ་མ་ལ། གསོལ་བ་འདེབས་སོ་མཐུ་ནུས༴ ཡང་བརྒྱུད་སྲོལ་ཆ་ཚང་བའི་ཕྱིར་དུ་ནག་འགྱུར་བཀའ་གཏེར་གཉིས་ཀྱི་གསོལ་འདེབས་མདོར་བསྡུས་འདོན་པར་སྤྲོ་ན། །མ་ཧཱ་ཙི་ནའི་ཡུལ་ནས་ཡར་དར་བའི། །ནག་འགྱུར་སྲོལ་འབྱེད་འཕགས་པ་འཇམ་པའི་དབྱངས། །ཀོང་ཚེ་འཕྲུལ་གྱི་རྒྱལ་པོ་སྤྲུལ་པའི་སྐུ། །གསོལ་བ་འདེབས་སོ༴ འཕྲུལ་གྱི་མི་བདུན་ཧ་ར་ནག་པོ་དང་། །བཻ་རོ་ཙ་ན་ལ་སོགས་ནག་འགྱུར་གྱི། །བཀའ་མ་བརྒྱུད་པའི་སྔ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ༴ ཟབ་གཏེར་རྒྱལ་རོང་རི་བོ་སི་ཏ་རར། །མགོན་པོ་གཏོ་ཕུག་ལ་སོགས་འསྔམ་དཔལ་གྱིས། །སྦས་པ་བཻ་རོས་བཏོན་པའི་གཏེར་བརྒྱུད་ལ། །གསོལ་བ་འདེབས་སོ༴ དེ་ཡང་ལྡི་རི་ཆོས་ཀྱི་གྲགས་པ་ནས། །རིམ་པར་བརྒྱུད་དེ་ལམ་འདིའི་སྨིན་གྲོལ་གྱི། །དྲིན་ཐོབ་ཇ་མ་དམ་པའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་མཐུ་ནུས་དངོས་གྲུབ་སྩོལ། །དེ་ལྟར་དཀར་འགྱུར་ནག་འགྱུར་བཀའ་གཏེར་ཐམས་ཅད་ཀྱི་བརྒྱུད་འདེབས་མཐར། །ཐུན་མོང་གི་སྨོན་ལམ་ནི། །དེ་ལྟར་གསོལ་བ་བཏབ་པའི་མཐུ་བྱིན་གྱིས། །སྨིན་བྱེད་དབང་གིས་མ་དག་ཐ་བ་བརླན། །གྲོལ་བྱེད་གདམས་པས་བསྙེན་བསྒྲུབ་ལས་སུ་རུང་། །ལས་སྦྱོར་མཐུ་ཡིས་རབ་འབྱམས་ལས་འགྲུབ་ཤོག །བསྐྱེད་རིམ་ལ་བརྟེན་དཔལ་མགོན་ནག་པོ་ཆེའི། །གཙོ་འཁོར་ཡོངས་རྫོགས་མེ་ལོང་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པའི་ཞལ་མཐོང་ཞིང་། །རྣམ་བཞིའི་ཕྲིན་ལས་ཐོག་མེད་འགྲུབ་པར་ཤོག །རྫོགས་པའི་རིམ་པས་རྟེན་ཅིང་འབྲེལ་འབྱུང་ཆོས། །ཡོད་མེད་རྟག་ཆད་མུ་བཞིའི་མཐར་གྲོལ་ཏེ། །དོན་དམ་འགྱུར་མེད་ཆོས་ཉིད་མགོན་པོའི་ཞལ། །མངོན་མཐོང་བསི་བདེན་པ་ཐོབ་པར་ཤོག། །འབོད་པའི་ནུས་པས་མགོན་པོ་དབང་དུ་ཁུག །རྦད་པས་དགྲ་སྡེ་དགུགས་བསྒྲལ་བསྲེགས་མནན་འགྲུབ། །བསད་པས་བླ་ཚེ་སྲོག་དབུགས་ཕུང་ཁམས་གཞིག །མངོན་སྤྱོད་ཕྲིན་ལས་མཐར་ཕྱིན་མཐུ་ཐོབ་མཛོད། །བསྲེག་པའི་ལས་ཀྱིས་གང་དམིགས་ལྷག་མེད་ཚིག །བཟློག་པས་རྐྱེན་ངན་རླུང་གིས་ཕྱེ་གཏོར་བཞིན། །འཕངས་བས་དགྲ་སྡེ་ཁང་རུལ་སྒྱོགས་ཕོག་ལྟར། །མནན་པས་ནམ་ཡང་ལྡང་མེད་སྟོབས་ལྡན་མཛོད། །མདོར་ན་བྱང་ཆུབ་སྙིང་པོ་མ་ཐོབ་པར། །དཔལ་མགོན་ཁྱོད་དང་མི་འབྲལ་དམ་ཚིག་གིས། །འཕྲལ་ཕུགས་ཀུན་དུ་འགལ་རྐྱེན་མི་འབྱུང་ཞིང་། །མཐུན་རྐྱེན་ཕུན་ཚོགས་བསྟན་འགྲོར་ཕན་ནུས་ཤོག །མགོན་པོ་ཚོགས་བདག་གི་བྱིན་འབེབ་བསྡུས་པ་ནི། །སྤོས་བསྲེགས། །རོལ་མོ་བསྒྲགས། །བདུད་རྩི་བྲན་གདུང་བའི་དབྱངས་ཀྱིས་འདི་སྐད་དོ། །ཧཱུྃ་བྱིན་ཆེན་ངོ་མཚར་ཁྱད་པར་འཕགས་པའི་མཆོག །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་ཚོགས་བདག་མགོན་པོ་ཆེན་པོ་ཡི། །སྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག །ཧཱུྃ་བྱིན་ཆེ་ན་ངོ་མཚར་ཁྱད་པར་འཕགས་པའི༴ རྣམ་པར་རྒྱལ་བའི་ཁང་བཟང་གནས་མཆོག་ནས། །ཨར་མོ་ལི་ཀའི་རྡོ་ལེབ་གདན་སྟེང་ནས། །ཚོགས་བདག་མགོན་པོ་ཡབ་ཡུམ་འཁོར་བཅས་རྣམས། །སྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཕོབ༴ ཧཱུྃ་བྱིན་ཆེན་ངོ་མཚར་ཁྱད་པར་འཕགས་པའི༴ མཚོ་ཆེན་མུ་ལེ་ཏིང་གི་ནང་ཤེད་ན། །ཐོད་པ་དགུ་བརྩེགས་བསེ་ཡི་སྐུ་མཁར་ནང་། །རྒྱུད་མགོན་ལེགས་ལྡན་འཁོར་དང་བཅས་པ་རྣམས། །སྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན༴ ཧཱུྃ་བྱིན་ཆེན་ངོ་མཚར་ཁྱད་པར་འཕགས་པའི༴ མེ་རླུང་འཚུབས་མ་འཁྱིལ་བའི་ཀློང་དཀྱིལ་ནས། །མ་མོ་ཆེན་མོ་ཡུམ་ཆེན་བཻ་ཏ་ལི། །སྒྲུབ་པའི་དཀྱིལ་འཁོར༴ ཧཱུྃ་བྱིན་ཆེན་ངོ་མཚར་ཁྱད་པར༴ གྲུ་གསུམ་ཟླ་གམ་གསུམ་གྱི་གདན་སྟེང་ནས། །སྐུ་གསུང་ཐུགས་ཀྱི་མགོན་པོ་འཁོར་བཅས་རྣམས། །སྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཕོབ༴ ཧཱུྃ་བྱིན་ཆེན་ངོ་མཚར༴ ཕྱོགས་བཅུའི་དགྲ་བོ་བསྒྲལ་བའི་གདན་སྟེང་ནས། །ཕྱོགས་བཅུའི་མགོན་པོ་འཁོར་དང་བཅས་པ་རྣམས། །དམ་ཉམས་དགྲ་བོ་འདུལ་ཕྱིར་བྱིན་ཕོབ༴ ཧཱུཾ་བྱིན་ཆེན་ངོ་མཚར༴ དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་གནས་བརྒྱད་ནས། །སྡེ་བརྒྱད་མགོན་པོ་འཁོར་དང་བཅས་པ་རྣམས། །དམ་ཉམས་དགྲ་བོ་འདུལ་ཕྱིར་བྱིན༴ ཧཱུྃ་བྱིན་ཆེན་ངོ་མཚར་ཁྱད་པར་འཕགས་པའི་མ ཆོག །དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ཁོར་ཡུག་ནས། །དཔལ་མགོན་བདུན་ཅུ་ལྷ་དམག་བྱེ་བའི་ཚོགས། །དམ་ཉམས་དགྲ་བོ་འདུལ་ཕྱིར་བྱིན་ཕོབ་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །དཔལ་ལྡན་མགོན་པོའི་བྱིན་འབེབས་རྫོགས་སོ། དེ་ལྟར་དཔལ་མགོན་ཚོགས་ཀྱི་བདག་པོའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་འདི་ནི་ཁུངས་ལྡན་གྱིས་བརྒྱུད་རིམ་ཁ་ཤས་ལ་གཞི་བྱས་རྣམ་དཔྱོད་དཔྱད་གསུམ་ཀྱིས་ཞིབ་བརྟགས་བྱས་ཁུལ་གྱིས་བཀོད་པའོ། ལྔ་བ་བྱིན་དབབ་པ་ནི། སྤོས་རོལ་གྱིས་མདུན་བསུས་ཏེ། ཧཱུྃ་བྱིན་ཆེན་ངོ་མཚར་ཁྱད་པར་འཕགས། །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་ཚོགས་བདག་མགོན་པོ་འཁོར་བཅས་རྣམས། །དམ་ཉམས་དགྲ་བགེགས་བསྒྲལ་ཕྱིར་བྱིན་ཕོབ་ཅིག །ཧཱུྃ་བྱིན་ཆེན་ངོ་མཚར༴ རྣམ་པར་རྒྱལ་བའི་ཁང་བཟང་ན། །ཨ་མོ་ལི་ཀའི་གདན་སྟེང་ནས། །ཚོགས་ཀྱི་བདག་པོ་ཡབ་ཡུམ་འཁོར་དང་བཅས། ། དམ་ཉམས་དགྲ་བགེགས་བསྒྲལ་ཕྱིར༴ ཧཱུྃ་བྱིན་ཆེན་ངོ་མཚར༴ མཚོ་མུ་ལེ་ཏིང་གི་ནང་ཤེད་ན། །ཐོད་པ་དགུ་བརྩེགས་བསེ་ཡི་སྐུ་མཁར་ནས། །ལེགས་ལྡན་མགོན་པོ་འཁོར་དང་བཅས་པ་རྣམས། །དམ་ཉམས་དགྲ་བགེགས༴ ཧཱུཾ་བྱིན་ཆེན་ངོ་མཚར༴ བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་པོ་ནས། །མགོན་པོ་ཕྱག་དྲུག་ལྷ་ཚོགས་འཁོར་བཅས་རྣམས། །དམ་ཉམས་དགྲ་བགེགས་བསྒྲལ་ཕྱིར་བྱིན་ཕོབ་ཅིག །ཧཱུྃ་བྱིན་ཆེན་ངོ༴ ཧ་ཧ་རྒོད་པའི་དུར་ཁྲོད་ཆེན་པོ་ནས། །བྲག་རི་ཟུར་གསུམ་བརྩེགས་པའི་སྐུ་མཁར་ནས། །ཞལ་བཞི་མགོན་པོའི་ལྷ་ཚོགས་འཁོར་བཅས་རྣམས། །དམ་ཉམས་དགྲ་བགེགས་བསྒྲལ༴ ཧཱུཾ་བྱིན་ཆེན༴ རླུང་ནག་འཚུབས་མའི་གུར་གྱི་གཞལ་ཡས་ནས། །སྐུ་གསུང་ཐུགས་སྤྲུལ་མ་ནིང་མགོན་པོའི་ཚོགས། །དམ་ཉམས་དགྲ་བགེགས༴ ཧཱུྃ་བྱིན་ཆེན༴ མ་རུང་གདུག་པ་འདུལ་བའི་གདན་སྟེང་ནས། །རྣམ་སྣང་སྐུ་སྤྲུལ་གུར་གྱི་མགོན་པའི་ཚོགས། དམ་ཉམས༴ ཧཱུྃ་བྱིན་ཆེན་ངོ་མཚར༴ བམ་གྱི་ཁོག་པ་རླུང་ནག་འཚུབ་པའི་ནང་། །བདུད་མགོན་དྲག་ཤ་ནག་པོ་མགོན་པོ་རྗེ། །དམ་ཉམས༴ ཧཱུྃ་བྱིན་ཆེན༴ མེ་རླུང་འཚུབས་དཀྱིལ་གྲུ་གསུམ་དམར་ནག་སྟེང་། །མ་མོ་ཆེན་མོ་ཡཀྴ་བཻ་ཏ་ལི། །དམ་ཉམས༴ ཧཱུྃ་བྱིན་ཆེན་ངོ་མཚར༴ གྲུ་གསུམ་དམར་ནག་འབར་བའི་གཞལ་ཡས་ནས། །གཏུམ་བྱེད་སྐུ་ཡི་མགོན་པོ་འཁོར་བཅས་རྣམས། །དམ་ཉམས༴ ཧཱུྃ་བྱིན་ཆེན་ངོ༴ གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ནས། །གསོད་བྱེད་གསུང་གི་མགོན་པོ་འཁོར་བཅས་རྣམས། །དམ་ཉམས༴ ཧཱུྃ་བྱིན་ཆེན༴ གྲུ་གསུམ་ལྗང་ནག་འབར་བའི་གཞལ་ཡས་ནས། །སྒྲོལ་བྱེད་ཐུགས་ཀྱི་མགོན་པོ་འཁོར་བཅས་རྣམས། །དམ་ཉམས༴ ཧཱུྃ་བྱིན་ཆེན་ངོ༴ དགྲ་བགེགས་ཕོ་མོའི་རོ་ཡི་གདན་སྟེང་ན། །ཕྱོགས་བཅུའི་མགོན་པོ་འཁོར་དང་བཅས་པ་རྣམས། །དམ་ཉམས༴ ཧཱུྃ་བྱིན་ཆེན༴ ངང་བ་རྔོག་ནག་ངང་དཀར་སེར་ཆེན་སྟེང་། །དཔལ་རབ་འཆང་དང་ལེགས་ལྡན་མགོན་པོ་གཉིས། །དམ་ཉམས༴ ཧཱུྃ་བྱིན་ཆེན༴ མཚལ་ལུ་རྟིང་དཀར་སེང་གེ་དཀར་མོའི་སྟེང་། །བྲག་ལྷ་མགོན་པོ་རྒྱལ་ཆེན་རྣམ་སྲས་གཉིས། །དམ་ཉམས༴ ཧཱུྃ་བྱིན་ཆེན༴ སྔོན་པོ་ཆུ་རིས་ཁམ་པ་བརྗིད་དཀར་སྟེང་། །ཛམ་བྷ་ལ་དང་ཉི་མའི་སྲས་པོ་གཉིས། །དམ་ཉམས༴ ཧཱུྃ་བྱིན་ཆེན༴ རླུང་ལ་བཅིབས་དང་ཁྱུ་མཆོག་འབར་བའི་སྟེང་། །ཤ་བ་རི་དང་རྣམ་སྣང་མགོན་པོ་གཉིས། །དམ་ཉམས༴ ཧཱུྃ་བྱིན་ཆེན༴ ངང་སེར་རྔོག་ནག་གླང་པོ་ཆེན་པོའི་སྟེང་། །དུང་གི་ཐོར་ཚུགས་རཀྴ་གཟི་འབར་གཉིས། །དམ་ཉམས༴ ཧཱུྃ་བྱིན་ཆེན་ངོ་མཚར༴ ལྷ་གཡག་དཀར་པོ་མ་ཧེ་བཅིབས་པའི་སྟེང་། །ལྷ་ཡི་གཙོ་བོ་ཡ་མ་ར་ཙ་གཉིས། །དམ་ཉམས༴ ཧཱུྃ་བྱིན་ཆེན༴ གཡུ་འབྲུག་སྔོན་པོ་རྟ་ནག་བཅིབས་པའི་སྟེང་། །སྲིད་པའི་རྒྱལ་མོ་རྐོས་རྗེ་དྲངས་དཀར་གཉིས། །དམ་ཉམས༴ ཧཱུྃ་བྱིན་ཆེན་ངོ་མཚར༴ རྟ་དམར་དང་ནི་སེང་གེ་བཅིབས་པའི་སྟེང་། །སྲོག་ཟན་དམར་པོ་བེ་ཀར་རྒྱལ་པོ་གཉིས། །དམ་ཉམས་དགྲ་བགེགས་བསྒྲལ་ཕྱིར་ཕྱིར༴ ཧཱུྃ་བྱིན་ཆེན༴ སྟག་དང་ཆུ་སྲིན་རྔམ་པའི་གདན་སྟེང་ནས། །ཀཱ་ལ་ཡཀྴ་ཀླུ་ུབདུད་མགོ་དགུ་གཉིས། །དམ་ཉམས༴ ཧཱུྃ་བྱིན་ཆེན༴ སེང་གེ་དཀར་མོ་བ་གླང་སྔོན་པོའི་སྟེང་། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་མགོན་པོ་གཉིས། །དམ་ཉམས༴ ཧཱུྃ་བྱིན་ཆེན༴ ཆུ་སྲིན་སྔོན་པོ་སེང་གེ་དཀར་མོའི་སྟེང་། །སྤྱན་མི་བཟང་དང་རྒྱལ་ཆེན་རྣམ་སྲས་གཉིས། །དམ་ཉམས༴ ཧཱུྃ་བྱིན་ཆེན་ངོ་མཚར༴ དྲག་པོའི་མགོན་པོ་ཕྱོགས་སྐྱོང་བཅུ། །བརྒྱ་བྱིན་གླང་ཆེན་སྟེང་ན་རྡོ་རྗེ་བསྣམས། །དྲི་ཟའི་དམག་ཚོགས་བྱིན་ཕོབ་ཅིག །ཧཱུྃ་བྱིན་ཆེན༴ གཤིན་རྗེས་ཆུ་གླང་སྟེང་ན་དབྱུག་པ་འཕྱར། །གཤིན་རྗེའི་དམག་ཚོགས་བྱིན༴ ཧཱུྃ་བྱིན་ཆེན༴ མེ་ལྷས་ར་སྐྱེས་སྟེང་ན་མེ་ཐབ་འཛིན། །མེ་ལྷའི་དམག་ཚོགས་བྱིན༴ ཧཱུྃ་བྱིན་ཆེན་ངོ་མཚར༴ སྲིན་པོས་རྟ་དམར་སྟེང་ན་རལ་གྲི་བསྣམས། །སྲིན་པོའི་དམག་ཚོགས་བྱིན༴ ཧཱུྃ་བྱིན་ཆེན་ངོ་མཚར༴ ཆུ་ལྷས་ཆུ་སྲིན་སྟེང་ན་སྦྲུལ་ཞགས་སྣམས། །ཆུ་ལྷའི་དམག་ཚོགས་བྱིན༴ ཧཱུྃ་བྱིན་ཆེན༴ རླུང་ལྷས་ཤྭ་བའི་སྟེང་ན་བ་དན་ཕྱར། །རླུང་ལྷའི་དམག་ཚོགས་བྱིན༴ ཧཱུྃ་བྱིན་ཆེན༴ སེང་གེའི་སྟེང་ན་གནོད་སྦྱིན་དབྱུག་པ་འཕྱར། །གནོད་སྦྱིན་དམག་ཚོགས་བྱིན༴ ཧཱུྃ་བྱིན་ཆེན༴ གླང་རྒོད་སྟེང་ན་འབྱུང་པོས་རྩེ་གསུམ་འཛིན། །འབྱུང་པོའི་དམག་ཚོགས་བྱིན༴ ཧཱུྃ་བྱིན་ཆེན་ངོ་མཚར༴ རྟ་དམར་སྟེང་ན་ཉི་མ་སེར་པོས་པདྨ་བསྣམས། །ཉི་མའི་དམག་ཚོགས་བྱིན༴ ཧཱུྃ་བྱིན་ཆེན༴ ངང་པའི་སྟེང་ན་ཟླ་བ་དཀར་པོས་ཨུཏྤལ་འཛིན། །ཟླ་བའི་དམག་ཚོགས་བྱིན༴ ཧཱུྃ་བྱིན་ཆེན༴ ཕག་རྒོད་སྟེང་ན་ས་ཡི་ལྷ་མོས་བུམ་པ་འཛིན། །ས་བདག་དམག་ཚོགས་བྱིན༴ ཧཱུྃ་བྱིན་ཆེན་ངོ་མཚར་ཁྱད་པར་འཕགས། །བསྟན་སྐྱོང་གཉན་པོ་ཁྱེད་རྣམས་ཀྱིས། །དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག །རྣལ་འབྱོར་བདག་གི་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཞེས་པས་གནས་དང་ཡོ་བྱད་སྒྲུབ་པ་པོ་དང་བཅས་པ་ཐམས་ཅད་ལ་བྱིན་ཕབ་ནས་དཔལ་ནག་པོ་ཆེན་པོའི་མཐུ་སྟོབས་ནུས་གསུམ་བསྒྲུབ་པ་ལ་རང་དབང་བསྒྱུར་བར་བསམ་མོ། སྤྱི་དོན་གཉིས་པ་དངོས་གཞི་གཞུང་བསྲངས་བ་ལ་རྣམ་གྲངས་དགུ་སྟེ། དང་པོ་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་ནི། ༀ་སྭ་བྷཱ་ཝ་ཤུདྷཿསརྦ་དྷརྨཱཿསཱ་བྷཱ་ཝ་ཤུདྷོ྅ཧཾཿ མདུན་གྱི་རྫས་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཏྲཾཿགཅིག་སྤྲོས་པ་འོད་དུ་ཞུ་བ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་དབྱིབས་གྲུ་བཞི་བང་རིམ་གསུམ་དང་ལྡན་པ་དེའི་སྟེང་དུ་པདྨ་རཱ་གའི་ཐིག་བཀྱེས་པའི་ཐོག་ཏུ། བྷྲུཾཿལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་སྒོ་ཁྱུད་དང་ལྡན་པ། །གསེར་གྱི་ཀ་བ་ལ་གཡུའི་གདུང་མ་བྲེས་པ། །རྒྱན་རྟ་བབས་ཆོས་འཁོར་བང་རིམ་ཏོག་དང་རི་དྭགས་གདུགས་དང་བཅས་པའོ། །དེའི་ནང་དུ་ཆོས་བཟང་ལྷའི་འདུན་ས་ཨ་མོ་ལི་ཀའི་རྡོ་ལེབ་མདོག་ཉ་ཕྱིས་ལྟ་བུ ། །དེའི་དབུས་སུ་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བ། །ནག་ལ་གཏིང་ཟབ་པ། །ནད་ཀྱི་ན་བུན་འཐིབས་པ། །དུག་གི་རླངས་པ་འཕྱོ་བ། །མཚོན་ཆའི་ཆར་འབབ་པ། །སོད་སོད་དང་ཆོད་ཆོད་ཀྱི་སྒྲ་སྒྲོགས་པ། །མ་མོ་དང་མཁའ་འགྲོ་མ་རྣམས་ཀྱི་འདུས། །བཀའི་ལྷ་མ་སྲིན་སྡེ་བརྒྱད་ཀྱི་རྒྱུག་སྲང་། །སྟོད་ན་ཞེ་སྡང་གི་མེ་འབར་བ། །སྨད་ན་འདོད་ཆགས་ཀྱི་ཁྲག་མཚོ་འཁྱིལ་བ། །བར་ན་ཕྲག་དོག་གི་རླུང་ནག་འཚུབས་པ། །གཤིན་རྗེའི་བཤའ་ཁང་ནག་པོ། །རྔམས་འཐུག་ལ་དཔངས་མཐོ་ཞིང་ལོགས་གཟར་བ། །དེའི་ནང་དུ་ལྕགས་སྲེག་ངར་མའི་ས་གཞི་ཆེན་པོའི་སྟེང་དུ་ནྲྀཿཡོངས་སུ་གྱུར་པ་ལས། །དགྲ་བོ་གན་རྐྱལ་དུ་མགོ་ཚུར་བསྟན་ཏེ་རྐང་པ་ཕྱིར་བརྐྱངས་བ། །ཁ་ནས་སྨྲེ་སྔགས་སྣ་ཚོགས་འདོན་པ། །གཅེར་བུ་མགོན་སྐྱབས་མེད་པར་འདར་ཕྲི་ལི་ལི་བྱེད་པ། དེའི་ཐོག་ཏུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་དམར་ལྷང་ངེ་བས་བཀབ་པ་ལ་མཚོན་ཆ་སྣ་ཚོགས་ཀྱི་ཆར་མགར་གྱི་ཚ་ཚྭ་ལྟར་འབབ་པ། དེའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་ནག་པོས་མནན་པའི་ལྟེ་བའི་སྟེང་དུ་ཀཱ་ཡ་ཝཱཀྐ་ཙིརྟ་སྟྭཾ་བྷ་ཡ་ནན། །ར་བཞི་ལ་ༀ་ལམ་ཧཱུྃ་ལམ་སུམ་ལམ་སྟཱམྦྷ་ཡ་ནན་གྱིས་མཚན་པའོ། །དེའི་སྟེང་དུ་སཾཿལས་པདྨ་དམར་པོ་འདབ་མ་བརྒྱད་པ། །དེའི་སྟེང་དུ་ཨཱཿལས་ཟླ་བའི་དཀྱིལ་འཁོར་བསིལ་ཟེར་དང་ལྡན་པ། །དེའི་སྟེང་དུ་མཿལས་ཉི་མའི་དཀྱིལ་འཁོར་ཚ་ངར་དང་ལྡན་པ། གྲུ་གསུ མ་གྱི་རྒྱབ་ཏུ་ཁྲག་གི་ཟླ་གམ་དམར་པོ་གསུམ་དང་ལྡན་པ་ལས་གྲི་གུག་གི་ཕྲེང་བས་བསྐོར་བའོ། དེའི་ཕྱི་རོལ་དུ་འཁོར་ལོ་སྔོན་པོ་རྩིབས་བཅུ་པ་མུ་ཁྱུད་དམར་པོས་བསྐོར་བ། །དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བརྒྱད་པ་མུ་ཁྱུད་སེར་པོས་བསྐོར་བ། །དེ་རྒྱབ་གྲུ་ཆད་བཞི་ནི༴ ཤར་གྱི་གྲུ་ཆད་དམར་པོ། །ལྷོ་སེར་པོ། །ནུབ་དཀར་པོ། །བྱང་ལྗང་གུ། །མུ་ཁྱུད་དམར་པོས་བསྐོར་བ། དེའི་དབུས་སུ་བྱཱི་ན་ཡ་ག་ཕོ་མོ་ཕྱི་ཆིངས་སུ་བསྣོལ་བའི་སྟེང་དུ། གཉིས་པ་བརྟེེན་པ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་གཅིག་སྤྲོས་ཏེ་བབས། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དགྲ་བགེགས་གདུག་པ་ཅན་རྣམས་ཚར་བཅད། །སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ནས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྲུང་མ་ཕོ་རྒྱུད་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུ ལ་ནས། དེ་དག་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་སྲོག་གི་སྙིང་པོ་དང་བཅས་པ་བསྡུས་ནས་ཧཱུྃ་ལ་ཐིམ། ཧཱུྃཿཡོངས་སུ་གྱུར་པ་ལས་ཙན་དན་གྱི་བེང་སྔོན་པོ་ཟུར་བརྒྱད་པའི་ལྟེ་བ་ལ་ཧཱུྃ་མཐིང་ནག་གིས་མཚན་པ། །ཡར་རྩེ་ལ་འབྲུག་སྟོང་ལྡིར་བ། །མར་རྩེ་ལ་གློག་སྟོང་འགྱུ་བ། །ལྕམ་ཞོག་བརྒྱད་ལ་ལྷ་དམག་བྱེ་བ་དུང་ཕྱུར་ཤོང་བ་གཅིག་ཏུ་གྱུར། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུཾ་ཕཊཿ ཅེས་བརྗོད་པས། previous hit བེང་ཡོངས་སུ་གྱུར་པ་ལས་མགོནཔོ next hit་ལེགས་ལྡན་གྱི་སྲས་མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །སྐུ་མདོག་ཆར་སྤྲིན་ནག་པོའི་མདོག་ལྟ་བུ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། །ལྗགས་འདྲིལ་བ་སྨ་ར་དང་སྨིན་མ་ཨག་ཚོམ་ལ་མེ་འབར་བ། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། །སྐུ་གཏུམ་ལ་ཞལ་རྔམ་པ། །སྐུ་ལ་མཚོན་ཆའི་བ་སྤུ་སྐྱེས་པ་གཟི་བརྗིད་དང་ལྡན་པ། །ལྟེ་བ་ཟུར་གསུམ་ཟབ་པ། །དབུ་སྐྲའི་མཚམས་སུ་ཐོད་སྐམ་ལྔ་དང་སྦྲུལ་དང་རིན་པོ་ཆེས་བརྒྱན་པ། །སྟག་ལྤགས་རློན་པས་ཤམ་ཐབས་བྱས་པ། །སྐུ་ལ་དར་ནག་གི་འཇོལ་བེར་གསོལ་བ་ལས་གཡུང་དྲུང་རིས་དང་ཚོམ་བུ་རིས་ཀྱི་མེ་ཏོག་བཀྲ་བ། །གསེར་དང་རིན་པོ་ཆེའི་སྐ་རགས་བཅིངས་པ། །ཞབས་ལ་སག་ཏིའི་ལྷྭམ་པོ་ཆེ་མནབས་པ། །ཐོད་རློན་ལྔ་བཅུ་རྩ་གཅིག་གི་ཕྲེང་བ་སེ་རལ་ཁར་ཐོགས་པ། །ཕྱག་གཡས་ཙན་དན་གྱི་བེང་སྔོན་པོ་ཟུར་བརྒྱད་པ་ཕྱར་ཐབས་སུ་བསྣམས་པ། །གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ་བསྐལ་པའི་མེ་རླུང་འཚུབས་མའི་ཀློང་ན་འགྱིང་བག་གི་ཚུལ་དུ་བཞུགས་པ། །དེའི་དུང་ཁང་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ༀ་དཀར་པོ། །མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། །ཐུགས་ཀར་ཉི་མའི་སྟེང་དུ་ཙན་དན་གྱི་བེང་སྔོན་པོ་ཚོན་གང་བའི་ལྟེ་བ་ལ་ཧཱུྃཿམཐིང་ནག་གིས་མཚན་པ། དེའི་མཐའ་སྐོར་དུ་ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊཿམ་ཧཱ་ཀཱ་ལ་སིདྷི་ཡཾ་དུ་ཛ༴ ཅེས་པ་གཡས་སུ་འཁོར་བའོ། །སྤྱི་བོར་ༀ་ལས་པདྨ་ཨ་ལས་ཟླ་བ། །མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དགོངས་འདུས་པོ་ཏི་དང་ཕྱག་ན་རྡོ་རྗེ་བཞུགས་པའོ། །དེའི་སྤྱིར་བོར་ༀ་ལས་པདྨ། ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྤྱན་རས་གཟིགས་བཞུགས་པའོ། ། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་བྷྱོཿསྨུག་ནག་གཅིག་འཕྲོས་ཏེ། །གཡོན་ཕྱོགས་སུ་རླུང་ནག་འཚུབས་པའི་དབུས་སུ་དགྲ་བོ་གན་རྐྱལ་དུ་བསྒྱེལ་ནས་ཡོད་པའི་སྟེང་དུ་བབས། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མོའི་མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུགས་དམ་ཀྱི་རྒྱུད་བསྐུ ལ་ནས། །དེ་དག་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་སྲོག་གི་སྙིང་པོ་དང་བཅས་པ་བསྡུས་ནས་ཚུར་འདུས་བྷྱོཿལ་ཐིམ། ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃ། ཅེས་བརྗོད་པས། བྷྱོཿཡོངས་སུ་གྱུར་པ་ལས། །ཡུམ་ཡཀྴ་བཻ་ཏ་ལི་སྐུ་མདོག་ནག་མོ་ཆར་སྤྲིན་གྱི་མདོག་ལྟ་བུ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༴ དབུ་སྐྲ་ཁམ་ནག་པ་བཤལ་བ། །སྤྱིར་བོར་ཟླ་བ་ཚེས་ཤིང་ལྟེ་བར་ཉི་མ་འཆར་བ། །སྐུ་ལ་མཁའ་འགྲོ་མའི་ཆས་ཀྱིས་བརྒྱན་པ། །ཕྱག་གཡས་གྲི་གུག་ནམ་མཁར་ཕྱར་བ། །གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། །རླུང་ནག་འཚུབས་མའི་ནང་དུ་ཆིབས་སུ་དྲིལ་རྟ་གྭ་པ་ལ་ཞོན་པ་རྒྱན་ཆ་ལུགས་དང་ལྡན་པར་བསྐྱེད་དོ། །ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྱོཿསྨུག་ནག་ལ། ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུྃཿདྲག་རཀྴ་རཀྨོ་ཐུམ་རིལ་སྙིང་ལ་འདུས་འདུས། སྲོག་ལ་སྲིང་སྲིང་ཤམ་ཤམ་ཁྱེར་བྷྱོཿ ཅེས་པ་གཡོན་དུ་འཁོར་བའོ། འཁོར་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མ་མོ་དང་མཁའ་འགྲོ་མའི་ཚོགས་ཀྱིས་བསྐོར་བར་བཞུགས་པའོ། །མགོན་པོའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གསུམ་འཕྲོས་ཏེ། །ཟླ་གམ་གསུམ་གྱི་སྟེང་དུ་བབས། །དེ་ཡོངས་སུ་གྱུར་པ་ལས། གཡས་ཀྱི་ཟླ་གམ་གྱི་སྟེང་དུ་མགོན་པོ་སྐུ་མཆོག་སྐུ་མདོག་སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། །སྐུ་གཏུམ་ལ་ཞལ་རྔམ་པ་གཟི་བརྗིད་དང་ལྡན་པ། །ཕྱག་གཡས་པས་དྲི་ཤུལ་རྩེ་གསུམ། །གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། །རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། །འཁོར་ནི་སྐུའི་རིགས་ཀྱི་མགོན་པོ་དག་ཁྲོ་བོ་དང་ཁྲོ་མོའི་ཚོགས་ཀྱིས་བསྐོར་བའོ། །གཡོན་གྱི་ཟླ་གམ་གྱི་སྟེང་དུ་མགོན་པོ་གསུང་མཆོག་སྐུ་མདོག་དམར་སྐྱ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། །སྐུ་གཏུམ་ལ་ཞལ་རྔམ་པ། གཟི་བརྗིད་དང་ལྡན་པ། །ཕྱག་གཡས་ན་ཙན་དན་གྱི་བེང་ཆེན་པོ། །གཡོན་པས་ཐོད་ཁྲག་ཞལ་དུ་གསོལ་བ། །རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། །འཁོར་ནི་གསུང་གི་རིགས་ཀྱི་མགོན་པོ་དང་ལྷ་དམག་གི་ཚོགས་ཀྱིས་བསྐོར་བའོ། མདུན་གྱི་ཟླ་གམ་གྱི་སྟེང་དུ་མགོན་པོ་ཐུགས་མཆོག་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། །དབུ་སྐྲ་དམར་སེར་མེ་ལྟར་འབར་བ། །སྐུ་ུགཏུམ་ལ་ཞལ་རྔམ་པ་གཟི་བརྗིད་དང་ལྡན་པ། །ཕྱག་གཡས་པས་གྲི་གུག་ནམ་མཁར་ཕྱར་བ། །གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། །རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། འཁོར་ནི་ཐུགས་ཀྱི་རིགས་ཀྱི་མགོན་པོ་དང་ནག་པོ་སྟོང་ཤ་ཟ་འབུམ་གྱིས་བསྐོར་བའོ། དེ་གསུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུྃཕཊ། ཅེས་པ་གཡས་སུ་འཁོར་བའོ། གཙོ་འཁོར་དེ་དག་བསྐལ་པའི་མེ་དཔུང་འབར་བའི་ནང་དུ་ཞབས་གཉིས་འདོར་སྟབས་སུ་བཞུགས་པའོ། །དེའི་ཕྱི་རོལ་དུ་འཁོར་ལོ་སྔོན་པོ་རྩིབས་བཅུའི་སྟེང་དུ། །ཤར་དུ་དཔལ་རབ་འཆང་གི་མགོན་པོ་སྐུ་མདོག་སྨུག་ནག་ཕྱག་ན་ཉི་ཟེར་གྱི་ཞགས་པ་བསྣམས་པ། ལྷོར་ལེགས་ལྡན་previous hit མགོནཔོ་སྐུ་མདོག་མཐིང་ནག་ཕྱག་ན་ཙན་དན་གྱི་བེང next hit་སྔོན་པོ་ཟུར་བརྒྱད་པ་ཕྱར་ཐབས་སུ་བསྣམས་པ། །ནུབ་ཏུ་བྲག་ལྷ་མགོན་པོ་སྐུ་མདོག་དམར་ནག་ཕྱག་ན་ཙན་དན་གྱི་previous hit བེང་གྲུ་ཚད་བསྣམས་པ། །བྱང་དུ་མགོནཔོ next hit་རྣམ་ཐོས་སྲས་སྐུ་མདོག་དམར་འོད་སེར་ཕྱག་ན་རྒྱལ་མཚན་དང་ནེའུ་ལེ་བསྣམས་པ། །ཤར་ལྷོར་དཔལ་ཨཪྱ་ཛམ་བྷ་ལ་སྐུ་མདོག་སྔོན་པོ་བཻ་ཌུཪྱའི་མདོག་ལྟ་བུ་ཕྱག་ན་ནེའུ་ལེ་དང་རྒྱལ་མཚན་བསྣམས་པ། །ལྷོ་ནུབ་ཏུ་ཉི་མའི་སྲས་པོ་རེ་མནྟ་སྐུ་མདོག་སེར་ནག་ཕྱག་ན་རུ་མཚོན་འབར་བ་བསྣམས་པ། །ནུབ་བྱང་དུ་ནག་པོ་ཆེན་པོ་ཤ་ཝ་རི་སྐུ་མདོག་ལྗང་གུ་འཇིགས་པའི་གཟུགས་ཅན། །ཕྱག་ན་རྨ་བྱའི་རྒྱལ་མཚན་ཕྱར་བ། །བྱང་ཤར་དུ་རྣམ་པར་སྣང་མཛད་དབུ་རྒྱན་ཅན་སྐུ་མདོག་དཀར་པོ་འོད་ཟེར་འཕྲོ་བ། །ཕྱག་ན་རུ་མཚོན་དཀར་པོ་བསྣམས་པ། །ཤར་སྟོད་དུ་སྟེང་གི་མགོན་པོ་དུང་གི་ཐོར་ཚུགས་ཅན་ཕྱག་ན་གནམ་ལྕགས་ཀྱི་རལ་གྲི་འདེབས་པ། ནུབ་སྨད་དུ་འོག་གི་མགོན་པོ་རཀྴ་ཤྲྀ་ལ་བཻ་ཏ་ལི་སྐུ་མདོག་ནག་པོ་ཕྱག་ན་གནམ་ལྕགས་ཀྱི་སྟྭ་རེ་ཕྱར་བ། ཐམས་ཅད་ཀྱང་རྒྱན་ཆ་ལུགས་སོ་སོར་ལྡན་ཞིང་རང་རང་གི་སྲས་དང་བཙུན་མོ་གཡོག་འཁོར་དང་བཅས་པའོ། །དེའི་ཕྱི་རོལ་དུ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་ལ། །ཤར་ཕྱོགས་སུ་སྲིད་པ་ལྷའི་གཙོ་བོ་སྐུ་མདོག་དཀར་པོ་སྐུ་ལ་དར་དཀར་གྱི་གོ་ཟུ་གསོལ་བ། །གཡས་ན་ཤེལ་གྱི་རལ་གྲི་ཕྱར་བ། །གཡོན་པས་དར་མདུང་དཀར་པོ་བསྣམས་པ། །ཆིབས་སུ་ལྷ་གཡག་དཀར་པོ་ལ་བཅིབས་པ། །ལྷ་དམག་འབུམ་གྱི་འཁོར་གྱིས་བསྐོར་བ། །ལྷོ་ཕྱོགས་སུ་གཤིན་རྗེ་ཡ་མ་རཱ་ཛ་སྐུ་མདོག་ནག་པོ་སྟག་ལྤགས་གྱོན་པ། །གཡས་བེ་ཅོན་གཡོན་ཐོད་དབྱུག་འཛིན་པ། །ཆིབས་སུ་མ་ཧེ་སྔོན་པོ་ལ་བཅིབས་པ། །གཤིན་རྗེ་འབུམ་གྱི་འཁོར་གྱིས་བསྐོར་བ། །ནུབ་ཕྱོགས་སུ་མ་མོ་སྲིད་པའི་རྒྱལ་མོ་སྐུ་མདོག་ནག་པོ་བརྗིད་པའི་ཞལ་ཅན། །སྐུ་ལ་དར་དཀར་གྱི་རལ་ག་གསོལ་བ། །གཡས་པས་མདའ་དར་གཡོན་པས་མེ་ལོང་བསྣམས་པ། །ཆིབས་སུ་གཡུ་འབྲུག་སྔོན་པོ་ལ་བཅིབས་པ། །མ་མོ་འབུམ་གྱི་འཁོར་གྱིས་བསྐོར་བ། །བྱང་ཕྱོགས་སུ་ུབདུད་པོ་སྐོས་རྗེ་དྲང་དཀར་སྐུ་མདོག་མཐིང་ནག་འབར་བ། །སྐུ་ལ་དར་ནག་གི་འཇོལ་བེར་མནབས་པ། །གཡས་པས་ཁྲམ་ཤིང་དང་གཡོན་པས་དགྲ་སྟྭ་བསྣམས་པ། །ཆིབས་སུ་བདུད་རྟ་རྟིང་དཀར་ལ་བཅིབས་པ། ། བདུད་དམག་འབུམ་གྱི་འཁོར་གྱིས་བསྐོར་བ། །ཤར་ལྷོ་མཚམས་ན་བཙན་རྗེ་སྲོག་ཟན་སྐུ་མདོག་དམར་པོ་སྐུ་ལ་དར་དམར་ལེ་བརྒན་གསོལ་བ། །གཡས་པས་མདུང་དར་གཡོན་པས་མདའ་གཞུ་བསྣམས་པ། །ཆིབས་སུ་བཙན་རྟ་དམར་པོ་ལ་བཅིབས་པ། །བཙན་དམག་འབུམ་གྱི་འཁོར་གྱིས་བསྐོར་བ། ལྷོ་ནུབ་མཚམས་ན་དགྲ་ལྷའི་རྒྱལ་པོ་བེ་ཧར་སྐུ་མདོག་དཀར་པོ་བརྗིད་པའི་ཞལ་མངའ་བ། ། ཆོས་གོས་དུར་སྨྲིག་སྐུ་ལ་གསོལ་བ། །གཡས་པས་གསེག་ཤིང་དང་གཡོན་ལྷུང་བཟེད་བསྣམས་པ། །ཆིབས་སུ་སེང་གེ་དཀར་མོ་ལ་བཅིབས་པ། །འཁོར་དུ་འགོང་པོ་འབུམ་གྱིས་བསྐོར་བ། །ནུབ་བྱང་མཚམས་ན་གནོད་སྦྱིན་ཀཱ་ལ་ཡཀྴ་སྐུ་མདོག་སྔོན་པོ་གཡུ་འོད་འབར་བ། །ཟ་འོག་སླག་པ་སྐུ་ལ་གསོལ་བ། །གཡས་པས་རལ་གྲི་གཡོན་པས་ནོར་བུ་འཛིན་པ། །ཆིབས་སུ་སྟག་མོ་དྲུས་མ་ལ་བཅིབས་པ། །འཁོར་དུ་གནོད་སྦྱིན་འབུམ་གྱིས་བསྐོར་བ། །བྱང་ཤར་མཚམས་ན་ཀླུ་བདུད་འཆི་བདག་མགོ་དགུ་སྐུ་མདོག་དུད་ཁ་འཇིགས་པའི་གཟུགས་ཅན། །སྐུ་ལ་སྦྲུལ་གྱི་པགས་པ་གྱོན་པ། །གཡས་པས་སྦྲུལ་ཞགས་གཡོན་པས་ནད་རྐྱལ་བསྣམས་པ། །ཆིབས་སུ་ཆུ་སྲིན་འབར་བ་ལ་བཅིབས་པ། །འཁོར་དུ་ཀླུ་བདུད་འབུམ་གྱིས་བསྐོར་བ། ། དེའི་ཕྱི་རོལ་དུ་གྲུ་ཆད་བཞི་ལ་ལྷ་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། །ཐམས་ཅད་ཀྱི་ལུས་ལ་གོ་དང་མཚོན་གྱིས་བརྒྱན་པའོ། །དེའི་ཕྱི་རོལ་དུ་དགྲ་བླའི་དམག་ཚོགས་བསམ་ལས་འདས་པས་བསྐོར་བ། སྒོ་བཞིར་རྒྱལ་པོ་ཆེན་པོ་སྡེ་བཞི་གཡས་པ་ཐམས་ཅད་ཀྱིས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བསྣམས་པ། །གཡོན་པ་ཐམས་ཅད་ཀྱིས་རང་རང་གི་རྟགས་འཛིན་པའོ། །རི་རབ་ཀྱི་ཤར་གྱི་བང་རི མ་དང་པོ་ལ་དྲི་ཟའི་དམག་ཚོགས། །ལྷོའི་བང་རིམ་དང་པོ་ལ་གཤིན་རྗེའི་དམག་ཚོགས། ནུབ་གྱི་བང་རིམ་དང་པོ་ལ་ཆུ་ལྷའི་དམག་ཚོགས་བྱང་གི་བང་རིམ་དང་པོ་ལ་གནོད་སྦྱིིན་གྱི་དམག་ཚོགས་ཀྱིས་བསྐོར་བ། བང་རིམ་བར་མ་བཞི་ལ་དཔལ་མགོན་བདུན་ཅུ་ལ་སོགས་པའི་གཙང་རིས་ཀྱི་མགོན་པོ་རྣམས་ཀྱིས་བསྐོར་བ། བང་རིམ་ཐ་མ་བཞི་ལ་མགོན་པོའི་བཀའ་སྡོད། དྲི་ཟ། མེ་ལྷ། གཤིན་རྗེ། བདེན་བྲལ། ཆུ་ལྷ། རླུང་ལྷ། གནོད་བཞིན། དབང་ལྡན། ས་བདག། ཉི་ཟླ། གཟའ་སྐར་གྱི་ཚོགས། ལྷའི་ཚོགས་དང་། ཀླུའི་ཚོགས་དང་། །སྲིན་པོའི་ཚོགས་དང་། རོ་ལངས་ཀྱི་ཚོགས་དང་། ཤ་ཟའི་ཚོགས་དང་། མཁའ་འགྲོའི་ཚོགས་དང་། ཤུགས་འགྲོའི་ཚོགས་དང་། མ་སྲིང་གི་ཚོགས་དང་། ཕྲ་མེན་མགོ་བརྙན་གྱི་ཚོགས་དང་། གཞན་ཡང་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་གྱུར། དེ་དག་ཐམས་ཅད་ཀྱང་སྐུ་མདོག་སྣ་ཚོགས་པ་ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན་པ། ལུས་ཐམས་ཅད་གོ་དང་མཚོན་གྱིས་བརྒྱན་ནས་དམ་ཉམས་པའི་དགྲ་བོའི་ཚེ་སྲོག་ལ་རྔམ་ཞིང་རྒྱུག་པའི་ཚུལ་དུ་གནས་པའོ། གསུམ་པ་སྤྱན་འདྲེན་པ་ལ་གསུམ་ལས། དང་པོ་སྙན་གསན་དབབ་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་ཕྲོས་པས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་སྐུ་ཞི་བ་ཆེན་པོར་བཞུགས་པ་སྟེ། གཟུགས་སྐུ་མ་ཧཱ་ཀཱ་ལའི་ཚུལ་དུ་བཞེངས་ནས་བྱོན་པར་བསམ་ལ། སྤོས་དང་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བཅས་ལ་འདི་སྐད་དོ། །ཧོ་དགོངས་སུ་གསོལ་ལོ། །ཧོ་དགོངས་སུ་གསོལ་ལོ། །ཧོ་དགོངས་སུ་གསོལ་ལོ། །ན་མོ་སྐྱབས་དམ་པ་རྣམས་ཀྱི་མཆོག། །མགོན་དམ་པ་རྣམས་ཀྱི་གླིང་། །བསོད་ནམས་ཐམས་ཅད་ཀྱི་དཔལ་ཞིང་། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་འཕགས་པ་བླ་ན་མ་མཆིས་པའི་དཀོན་མཆོག་གསུམ་པོ་རྣམས་དང་། །ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། །དམ་པ་ཆོས་སྐྱོང་བའི་སྲུང་མའི་ཚོགས་མ་ལུས་པ་རྣམས་གསན་ཅིང་དགོངས་སུ་གསོལ། དེང་གི་གནས་མཆོག་དམ་པ་ཁྱད་པར་ཅན་འདིར་སྤྱན་འདྲེན་ཅིང་མཆོད་པ་འབུལ། །ཐུགས་དམ་བསྐུལ། །ཕྲིན་ལས་བཅོལ། །མགོན་པོ་ཚོགས་བདག་མཐུ་ཆེན་ལེགས་ལྡན་ནག་པོ། །ཤྲྀ་མ་ཧཱ་ཀཱ་ལ། །དུག་གསུམ་ནད་ཀྱི་སྨན་པ། །རིག་འཛིན་ཡོངས་ཀྱི་སྲོག་ཤིང་། །རྣལ་འབྱོར་ཀུན་གྱི་དགྲ་ལྷ། །བདུད་འདུལ་ལས་ཀྱི་དབང་ཕྱུག་ཆེན་པོ། །སྲིན་པོ་ལང་ཀ་པུ་རིའི་གྲོང་ཁྱེར་གཏན་ནས་བརླག་པར་མཛད་པ་ཞལ་གྱིས་བཞེས་པ། ཕྱག་ན་ཙན་དན་གྱི་བེང་ཆེན་པོ་ཟུར་བརྒྱད་པ་བསྣམས་པའི་ནང་ནས་ལྷད་མག་བྱེ་བ་དུང་ཕྱུར་འཕྲོ་བ་ལྷ་མ་ཡིན་གྱི་གཡུལ་ངོ་བཟློག་པར་མཛད་ཅིང་། བདུད་འདུལ་བའི་ལྷ་དམག་ཉི་ཁྲི་ཆིག་སྟོང་འབྱུང་བ། ཕྱོགས་མཚམས་དང་སྟེང་འོག་ཐམས་ཅད་ལ་མངའ་མཛད་པའི་ལྷ་མགོན་པོ་མ་ཧཱ་ཀཱ་ལའི་ཚོགས་རྣམས་ལ་མཆོད་པ་འབུལ། ཐུགས་དམ་བསྐུལ། །ཕྲིན་ལས་བཅོལ། །སྙན་ཆར་གསོལ། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། བདག་གི་ཅི་རེ་བ་དང་ཅི་སྨོན་པ་ཐམས་ཅད་ལས་ཀྱི་འབྲས་བུ་མཆིས་པར་མཛད་དུ་གསོལ། གཉིས་པ་སྤྱི་ལྟར་སྤྱན་དྲངས་པ་ནི་རྣལ་འབྱོར་པ་ཡི་དམ་ལྷའི་ང་རྒྱལ་ལ་གནས་པ། བདག་གི་ཐུགས་ཀའི་ཧཱུྃཿལས་འོད་ཟེར་འཕྲོས་ནས་མདུན་གྱི་མགོན་པོ་ལ་ཕོག །མགོན་པོའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུའི་ཚོགས་དཔག་ཏུ་མེད་པ་ཕྱོགས་བཅུར་་འཕྲོས་པས། །བྱང་ཤར་གྱི་མཚམས་རང་བཞིན་གྱི་གནས་དང་། །འོག་མིན་དང་། །དུར་ཁྲོད་ཆེན་པོ་དང་། སྐུ་གསུང་ཐུགས་ཀྱི་ཕོ་བྲང་ན་བཞུགས་པའི་མགོན་པོ་དང་། མདུང་དང་རལ་གྲི་གཤིབས་པའི་ཕོ་བྲང་ནས་མགོན་པོ་འཁོར་དང་བཅས་པ་ལ་ཕོག་པས་སྔོན་གྱི་དམ་ཚིག་དྲན་ནས་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་དུས་ལ་བབ་པར་དགོངས་ནས། །སྐད་ཅིག་གིས་མདུན་གྱི་ནམ་མཁར་བྱོན་པར་བསམ་ལ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ས་མ་ཡ་ཕེམ་ཕེཾ་ཕཻཾཾ༔ ཅེས་བརྒྱ་རྩ་བརྒྱད་བརྗོད་ལ། སྤོས་རོལ་མོ་དང་བཅས་ཏེ། ཧཱུྃ་དད་པ་དང་ནི་དམ་ཚིག་གིས། མ་ཧཱ་ཀཱ་ལ་སྤྱན་འདྲེན་ནོ། །ཚུར་གཤེགས་ཚུར་བྱོན་མགོན་པོའི་ཚོགས། །དཔལ་ཆེན་ཆོས་འཁོར་སྲུང་མ་ཁྱེད། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབས། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །འཇིགས་བྱེད་ཆེན་པོ་གཤེགས་སུ་གསོལ། །སྤྱོད་པ་རླབས་ཆེན་གཤེགས་སུ་གསོལ། དྲག་ཤུལ་མཐུ་ཆེན༴ དགྲ་ལྷའི་རྒྱལ་པོ༴ དུས་མཐའ་སྟོང་བྱེད༴ འཆི་བདག་བཟློག་བྱེད༴ ཁྲག་འཐུང་ཆེན་པོ༴ ལེགས་ལྡན་སྲས་པོ༴ རྣལ་འབྱོར་དགྲ་ལྷ༴ དབང་ཕྱུག་ཆེན་པོ༴ ཚོགས་རྗེ་ཚོགས་བདག༴ དགེ་བསྙེན་དམ་ཅན༴ འཇིག་རྟེན་མགོན་པོ༴ དམ་ཚིག་ཉེ་བར་དགོངས་མཛོད་ལ། །སེམས་ཅན་དོན་ཕྱིར་གཤེགས་སུ་གསོལ། །བཅོམ་ལྡན་ཐུགས་རྗེ་ལས་བྱུང་བའི། །སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ཆེ། །མ་ཧཱ་ཀཱ་ལ་མཐུ་ཆེན་ཁྱོད། །སྲིད་པའི་མ་མོའི་ཚོགས་དང་བཅས། །སྲིད་གསུམ་གྲོང་ཁྱེར་གསུམ་བརྩེགས་ནི། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། །ཁམས་གསུམ་གྲོོང་ཁྱེར་སུམ་བརྩེགས་ནས། །སྐྱེ་འཆི་འཇོམས་ཕྱིར་གཤེགས་སུ་གསོལ། །གནས་ལ་ཆགས་པའི་རྨོངས་པ་སེལ། །མ་རིག་མུན་པའི་མདངས་ཅན་ལ། །ཕྱིན་ཅི་ལོག་ལྟ་བསལ་བའི་ཕྱིར། །མུན་པ་སེལ་ཕྱིར་ནག་པོར་སྟོན། །མཐུ་སྟོབས་ལྡན་ཞིང་དབང་ཕྱུག་ཆེ། །སྲེད་མེད་བུ་དང་སྟོབས་ཆེན་དང་། །གཞོན་ནུ་སྨིན་དྲུག་བུ་ལ་སོགས། །ཁྱེད་ཀྱི་འཁོར་དང་ཉེ་གནས་ཡིན། །འཇིག་རྟེན་འདི་ན་གང་མཁས་པ། །ཚངས་པ་ལ་སོགས་དབང་ཕྱུག་རྣམས། །མཐུ་དང་དམ་ཚིག་ལྡན་ན་ཡང་། །ཁྱེད་ཀྱི་སྤྱོད་ཡུལ་འདྲ་བ་མེད། །འཕགས་པ་གསུམ་གྱི་རྗེས་བསྒྲུབ་ཅིང་། །ཞིང་དང་སྤྱོད་ཡུལ་དག་པ་ཡི། །འགྲོ་བ་འདུལ་བའི་ཕྲིན་ལས་ལ༴ ཐུགས་དམ་བཞིན་དུ་བྱིན་གྱིས་རློབས། གསུམ་པ་བྱེ་བྲག་ཏུ་རྒྱུ་སྤྱན་དྲང་བ་ནི། བདག་མདུན་གཉིས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། འོག་མིན་རྣམ་སྣང་གངས་ཆེན་གྱི་ཐུགས་ཀ་ནས་མགོན་པོ་དང་ལྷ་མོ། རང་བཞིན་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་སྐུ་སུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མགོན་པོ། གཞན་ཡང་ཕྱོགས་བཅུ་སྡེ་བརྒྱད་ཀྱི་མགོན་པོ་ལ་སོགས་པའི་བཀའ་ཉན་ལས་བྱེད། ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་དགྲ་ལྷ་ལྷ་དམག་བྱེ་བའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་སྤྱན་དྲངས་པར་གྱུར། མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མ ཛ། ཞེས་སྤོསདུད་རོལ་མོའི་སྒྲ་དང་སྙན་པའི་དབྱངས་ཀྱིས་འདི་སྐད་དོ། བསོ། །ཀུན་ཁྱབ་ཁྱབ་བ་ལ་ཡངས་པའི་དཀྱིལ་འཁོར་ནི། །མི་མངོན་དབྱིངས་ཉིད་བཞེངས་བཞུད་མེད་མོད་ཀྱང་། །ཁམས་གསུམ་སྲིད་གསུམ་དབྱིངས་ལ་བརྟེན་པའི་ཕྱིར༴ གདུལ་བྱའི་མཐུན་སྣང་བཞིན་དུ་སོ་སོར་སྟོན། །འགྲོ་དྲུག་དཔག་མེད་སངས་རྒྱས་སར་བཀོད་ཀྱང་། སྙིགས་དུས་དེ་ཡིས་མ་འདུལ་ལོག་ལྟ་བྱུང་། །ལོག་ལྟའི་དགྲ་བགེགས་བསྒྲལ་ཕྱིར་བརྗིད་པའི་སྐུ། །ལྷ་མི་གཉིས་ཀྱི་དགྲ་ལྷ་མགོན་པོ་རྣམས། །འཁོར་བཅས་མ་ལུས་སྤྱན་འདྲེན་གཤེགས་སུ་གསོལ། བསོ། །མཐིང་ནག་མི་འགྱུར་ཨེ་ཡི་དཀྱིལ་འཁོར་ནས། །ཚོགས་བདག་previous hit མགོནཔོ་མཐིང་ནག་ཆར་སྤྲིན་མདོག། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་འགྱིང་བག་ཅན། ། གཡས་གཡོན་བེང next hit་དབྱུག་ཐོད་ཁྲག་བསྣམས་པ་ཡིས། །ཚོགས་བདག་མ་ཧཱ་ཀཱ་ལ་གཤེགས་སུ་གསོལ། བསོ། ། མེ་རླུང་འཚུབས་མ་འཁྱིལ་བའི་ཀློང་དཀྱིལ་ནས། །སྐུ་མདོག་ནག་མོ་ཡཀྴ་བཻ་ཏ་ལི། །ཞལ་གཅིག་ཕྱག་གཉིས་གྲི་གུག་ཐོད་ཁྲག་ཅན། དྲེའུ་རྟ་གཱ་པ་བཅིབས་པ་མ་མོའི་ཚོགས། །མ་ལུས་སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། བསོ། ། སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་རི་རྒྱལ་འདྲ། །གཡས་གཡོན་དྲི་ཤུལ་རྩེ་གསུམ་ཐོད་ཁྲག་ཅན། །མགོན་པོ་སྐུ་མཆོག་སྤྱན་འདྲེན་གཤེགས་སུ་གསོལ། བསོ། །དམར་སྐྱ་ཞལ་གཅིག་ཕྱག་གཉིས་གློག་འབྲུག་འདྲ། །previous hit བེང་དབྱུག་ཕྱར་ཞིང་ཐོད་ཁྲག་གསོལ་མཛད་པ། །མགོནཔོ next hit་གསུང་མཆོག་སྤྱན་འདྲེན་གཤེགས་སུ་གསོལ། བསོ། ། མཐིང་ནག་ཞལ་གཅིག་ཕྱག་གཉིས་ནམ་མཁའ་འདྲ། །གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན་མཛད་ཅིང་། །མགོན་པོ་ཐུགས་མཆོག་སྤྱན་འདྲེན་གཤེགས་སུ་གསོལ། །བསོ་ཕྱོགས་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ། །གཡས་གཡོན་ཉི་ཟེར་ཞགས་པ་བསྣམས་མཛད་པ། །དཔལ་རབ་འཆང་ཆེན་སྤྱན་འདྲེན་གཤེགས་སུ་གསོལ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་གཉེར་ཅན། །གཡས་གཡོན་ཕྱག་ན་ཙནྡ་previous hit བེང་ཆེན་ཕྱར། །ལེགས་ལྡན་མགོནཔོ next hit་སྤྱན་འདྲེན༴ སྐུ་མདོག་དམར་སྐྱ་ཞལ་གཅིག་ཕྱག་གཉིས་པ། །ཙནྡ་གྲུ་ཚད་བསྣམས་ཤིང་ཀླད་ལ་བསྐོར། །བྲག་ལྷ་མགོན་པོ་སྤྱན་འདྲེན༴ སེར་པོ་དགོས་འདོད་ཀུན་འབྱུང་ཞལ་གཅིག་པ། །ཕྱག་གཉིས་རྒྱལ་མཚན་ནེའུ་ུལེ་བསྣམས་པ་ཡི། །མགོན་པོ་རྣམ་སྲས་སྤྱན་འདྲེན༴ སྔོན་པོ་བཻ་དྲཱུཪྱ་ཡི་མདོག་ལྟ་བུ། །ཞལ་གཅིག་ཕྱག་གཉིས་ནེའུ་ལེའི་རྐྱལ་པ་བསྣམས། །རེ་འདོད་སྐོང་མཛད་ཛམ་ལྷ་གཤེགས་སུ་གསོལ༴ སྐུ་མདོག་སེར་པོ་གསེར་གྱི་རི་བོ་འདྲ། །ཞལ་གཅིག་ཕྱག་གཉིས་རུ་མཚོན་བསྣམས་པ་ཡི། ཨཪྱ་རེ་མན་སྤྱན་འདྲེན༴ སྐུ་མདོག་ལྗང་གུ་འཇིགས་པའི་ཆ་ལུགས་ཅན། །ཕྱག་གཉིས་རྨ་བྱའི་རྒྱལ་མཚན་ནམ་མཁར་ཕྱར། །ཤ་བ་རི་པ་སྤྱན་འདྲེན༴ དངུལ་དཀར་རི་བོ་ལྟ་བུའི་མདོག་འདྲ་བ། །རུ་མཚོན་དཀར་པོ་ཕྱག་གཉིས་བསྣམས་པ་ཡི། །རྣམ་པར་སྣང་མཛད་སྤྱན་འདྲེན༴ མགོན་པོ་དུང་མདོག་དུང་གི་རི་བོ་འདྲ། །ཞལ་གཅིག་ཕྱག་གཉིས་གནམ་ལྕགས་རལ་གྲི་བསྣམས། །དུང་གི་ཐོར་ཚུགས་སྤྱན་འདྲེན༴ སྨུག་ནག་ལྕགས་ཀྱི་རི་བོ་འདྲ་བའི་མདོག །ཞལ་གཅིག་ཕྱག་གཉིས་གནམ་ལྕགས་སྟྭ་རེ་བསྣམས། ཡཀྴ་བཻ་ཏ་སྤྱན་འདྲེན༴ བསོ་བར་སྣང་ཡངས་པའི་ཀློང་གི་དཀྱིལ་འཁོར་ནས། །དགྲ་ལྷ་མཐུ་ཆེན་དྲག་ཤུལ་རྩལ་དང་ལྡན། །སྐུ་མདོག་ཕྱག་མཚན་རྒྱན་ཆ་སྣ་ཚོགས་ཅན། །གནམ་ལྕགས་ཐོག་གློག་ལྟ་བུའི་མྱུར་མགྱོགས་ཅན། །ཕྲིན་ལས་ཐོག་མེད་དུས་མཐའི་མེ་དཔུང་འདྲ། །འཆི་བདག་བདུད་དཔུང་འདྲ་བའི་བཟློག་ཐབས་མེད། །སྡེ་བརྒྱད་མགོན་པོ་སྤྱན་འདྲེན་གཤེགས༴ བསོ། །རི་རབ་རི་ཡི་རྩེ་མོའི་གནས་མཆོག་ནས། །ཆོས་བཟང་ལྷ་ཡི་འདུན་སའི་ཕོ་བྲང་ནས། །དབང་པོ་བརྒྱ་བྱིན་སྤྱན་འདྲེན་གཤེགས༴ ཉེ་དབང་སུམ་ཅུ་རྩ་གཉིས་སྤྱན་འདྲེན༴ གཟུགས་ཁམས་གནས་རིས་བཅུ་བདུན་ཡར་སྟེང་ནས། །འཇིག་རྟེན་མེས་པོ་ཚངས་པ་ཆེན་པོ་སོགས། །ལྷ་ཡི་ཡང་ལྷ་སྤྱན་འདྲེན་གཤེགས་སུ་གསོལ། མགོན་གྱི་ཡང་མགོན་སྤྱན་འདྲེན༴ དགྲ་བླའི་ཡང་བླ་སྤྱན་འདྲེན༴ དགྲ་བླ་དཔལ་མགོན་སྤྱན་འདྲེན༴ ལྷ་དམག་ཆུ་བོ་བཞིན་དུ་གཤེགས་སུ་གསོལ། བསོ། །རྩུབ་འགྱུར་ཚལ་གྱི་དུར་ཁྲོོད་ཆེན་པོ་ནས། །འཕགས་པ་སྤྱན་རས་གཟིགས་དང་རྣམ་སྲས་ཀྱི། །བསྟན་བསྲུང་ཞལ་བཞེས་མགོན་པོ་དགྲ་བླ་རྣམས། །ཐོག་གློག་འབྲུག་གསུམ་བཞིན་དུ་གཤེགས་སུ་གསོལ། བསོ། །སྙིགས་དུས་བསྟན་པ་བསྲུང་བར་མཛད་པ་ཡི། །དྲི་ཟ་མེ་ལྷ་སྤྱན་འདྲེན་གཤེགས་སུ་གསོལ། །གཤིན་རྗེ་བདེན་བྲལ་སྤྱན་འདྲེན༴ ཆུ་ལྷ་རླུང་ལྷ་སྤྱན་འདྲེན༴ གནོད་སྦྱིན་དབང་ལྡན་སྤྱན་འདྲེན༴ ཉི་ཟླ་གཟའ་སྐར་སྤྱན་འདྲེན༴ མགོན་པོ་ལྷ་ཡི་ཚོགས་རྣམས་སྤྱན་འདྲེན༴ མགོན་པོ་ཀླུ་ཡི་ཚོགས་རྣམས་སྤྱན་འདྲེན༴ ཤ་ཟ་ཁྲག་འཐུང་ཚོགས་རྣམས་གཤེགས་སུ་གསོལ། མཁའ་འགྲོ་ཤུགས་འགྲོའི་ཚོགས་རྣམས་གཤེགས༴ མ་སྲིང་མགོ་བརྙན་ཚོགས་རྣམས༴ སྤྲུལ་པ་ཡང་སྤྲུལ་ཚོགས་རྣམས༴ ལྷ་རྣམས་རྒྱལ་བྱེད་དགྲ་བླ༴ ལྷ་མིན་ཕམ་བྱེད་དགྲ་བླ༴ དཀར་ཕྱོགས་རྒྱལ་བྱེད་དགྲ་བླ༴ ནག་ཕྱོགས་ཕམ་བྱེད་དགྲ་བླ༴ དྲང་སྲོང་རྒྱལ་བྱེད་དགྲ་བླ༴ མུ་སྟེགས་ཕམ་བྱེད་དགྲ་བླ༴ མི་རྣམས་རྒྱལ་བྱེད་དགྲ་བླ༴ མི་མིན་ཕམ་བྱེད་དགྲ ༴ ཡོན་བདག་རྒྱལ་བྱེད་དགྲ་བླ༴ དགྲ་བགེགས་ཕམ་བྱེད་དགྲ་བླ༴ བསོ། སློབ་དཔོན་བརྒྱུད་ཀྱི་སྲུང་མ་གཤེགས་སུ་གསོལ། ཕ་མྱེས་རྒྱུད་ཀྱི་སྲུང་མ༴ དབེན་གནས་གཉན་པོའི་སྲུང་མ༴ བསྙེན་སྒྲུབ་ལས་ཀྱི་སྲུང་མ༴ ཉ་སྟོང་དུས་དྲུག་སྲུང་མ༴ ཆོས་ལ་དགའ་བའི་སྲུང་མ༴ ཨ་སྤོ་སྡོང་གི་དགྲ་བླ༴ བསེ་ཁྱུང་དབྲ་ཡི་དགྲ་བླ༴ ཨ་ལྕགས་འབྲི་ཡི་དགྲ༴ དམུ་ཚ་སྒ་ཡི་དགྲ་བླ༴ དཔའ་སྡ་གཉིས་ཀྱི་དགྲ་བླ༴ མ་ཕྱི་སྔ་མའི་དགྲ་བླ༴ སྲིད་པ་ཆགས་པའི་དགྲ་བླ༴ མཁར་ལྷ་ཁྱིམ་ལྷ་བང་ལྷ་གཤེགས༴ ཐབ་ལྷ་ཞིང་ལྷ་ཕྱུགས་ལྷ༴ མགྲོན་ལྷ་ཚོང་ལྷ་ལམ་ལྷ༴ མགོན་སྐྱབས་ལྷ་སྲུང་སྤྱན་འདྲེན༴ གནས་མཆོག་ལྷ་གཞི་འདི་ལ་བརྟན་པར་བཞུགས། །གནོད་བྱེད་དགྲ་བགེགས་ཐལ་བ་རྡུལ་དུ་བཟློག །བདག་ཅག་མི་ནོར་འཁོར་བཅས་བསྲུང་སྐྱོབས་མཛོད། །ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ། །བཀྲ་ཤིས་དར་རྒྱས་བསྟན་པ་བསྲུང་བའི་མཐུ་ལྡན་ཤོག ༀ་ཤྲྀ་མ་ཧཱ་ཀཱ་ལ་ཀཱ་ལི་དྷོ་ཝི་ཡེ་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི་ཛཿཧཱུཾ་བམ་ཧོ༔ ཞེས་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་རྣམས་མདུན་གྱི་ནམ་མཁར་སྤྲིན་ནག་འཁྲིགས་པའི་དབུས་སུ་མེ་རི་དགུ་འཁྲིགས་ཀྱི་ཀློང་དུ་རྔམ་པའི་ཧཱུཾ་སྒྲ་དང་བཅས་ཏེ་བྱོན་པར་བསམ་མོ། དེ་ནས་མངའ་གསོལ་གྱིས་ཆེ་བ་བསྐྱེད་ཅིང་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་བསྲེ་བ་ནི། མ་ཧཱ་ཀཱ་ལ་མཐུ་ཐོབ་ཆེ། །རྣལ་འབྱོར་དགྲ་བླར་གཤེགས་པའི་ཚེ། །དུས་གསུམ་སངས་རྒྱས་དབང་བསྐུར་རྟགས། །སྐུ་ཡི་ཆ་བྱད་གསུམ་དང་ལྡན། །རིག་གསུམ་མགོན་པོས་དབང་བསྐུར་རྟགས། །དཔྲལ་བར་ཁྲོ་གཉེར་གསུམ་དང་ལྡན། །དུས་གསུམ་མཁའ་འགྲོས་དབང་བསྐུར་རྟགས། །ཞལ་གྱི་གདངས་ངར་གསུམ་དང་ལྡན། །དྲང་སྲོང་རྣམས་ཀྱིས་མངའ་གསོལ་རྟགས། །ཆོས་གོས་ཤམ་ཐབས་སྐུ་ལ་གསོལ། །ལྷ་ཆེན་རྣམས་ཀྱིས་མངལ་གསོལ་རྟགས། །རིན་ཆེན་འབར་བའི་ཐོར་ཆུགས་ཅན། ཀླུ་ཆེན་རྣམས་ཀྱིས༴ ཡན་ལག་སྦྲུལ་ནག་ཆུན་པོས་བརྒྱན། གཟའ་ཆེན་རྣམས་ཀྱིས༴ རལ་པ་དམར་སེར་མེ་ལྟར་འབར། ལྷ་རྣམས་ཀུན་གྱིས་མངའ༴ བསོ་སྒྲ་དྲག་པོ་གསུམ་དང་ལྡན། རྒྱུ་སྐར་རྣམས་ཀྱིས༴ ཚེ་ལོང་སྨེ་བ་སེ་རལ་ཁ། ལྷ་མ་ཡིན་གྱིས༴ ཆ་སྒྲ་དྲག་པོ་གསུམ་དང་ལྡན། བྱོལ་སོང་རྣམས་ཀྱིས༴ འདོད་དགུ་ཕུན་སུམ་ཚོགས་པས་བརྒྱན། ཡི་དྭགས་རྣམས་ཀྱིས༴ རིན་ཆེན་འབར་བའི་དོ་ཤལ་ཅན། མི་རྣམས་ཀུན་གྱི༴ རིན་ཆེན་སྣ་ལྔས་སྐུ་ལ་བརྒྱན། དམྱལ་བ་རྣམས་ཀྱིས༴ ཐོད་པའི་ཕྲེང་བས་སྐུ་ལ་བརྒྱན། ཨགྣེ་ར་ཛས༴ སྤྱན་ནས་བསྐལ་པའི་མེ་ཆེན་འབར། །བྱཱི་ན་ཡ་གས༴ ཞལ་ནས་བསྐལ་པའི་ཆུ་ཆེན་འཁྱིལ། །བ་ཡུ་ུབཡེ་ཡིས༴ ཤངས་ནས་བསྐལ་པའི་རླུང་ནག་འཚུབས། །བདུད་རྣམས་ཀུན་གྱིས༴ རྒྱ་བེར་ནག་པོ་སྐུ་ལ་མནབས། །གཤིན་རྗེ་རྣམས་ཀྱིས༴ ཕྱག་ན་ཙན་དན་བེང་ཆེན་བསྣམས། །མ་མོ་རྣམས་ཀྱིས༴ ཐོད་པའི་ཕྲེང་བ་སེ་རལ་ཁ༴ སྲིད་པ་གསུམ་གྱིས་མངའ་གསོལ་རྟགས། །སྐུ་ཡི་ལྟེ་བ་ཟུར་གསུམ་ཟབ། །ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ། །རི་རབ་ཟོམ་ལ་ལྷུར་གྱིས་བྱོན། །ཙན་དན་བེང་ཆེན་ཀླད་ལ་བསྐོར། །བསོ་སྒྲ་ཐང་གསུམ་གནམ་དུ་བཏང་། །ལྷ་རྣམས་གཡུལ་ལས་རྒྱལ་བར་བྱེད། །ལྷ་མིན་གཡུལ་རྣམས་ཕམ་པར་བྱེད། །བྱང་ཤར་མཚམས་ནས་སྤྱན་འདྲེན་ནོ། །རླུང་ནག་འཚུམས་པའི་ནང་ནས་གཤེགས། །སྤྲིན་དཔུང་འདུས་པའི་ནང་དུ་བཞུགས། །མ་ཧཱ་ཀ་ལ་འཁོར་བཅས་རྣམས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༴ དམ་ཚིག་དབང་གིས་གཤེགས་སུ་གསོལ། ཅེས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མ་ཧཱ་ཀཱ་ལའི་ཚོགས་སུ་གྱུར་ནས། དམ་ཚིག་དབང་གིས་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་པའི་དགྲ་བོ་ཐམས་ཅད་བསྒྲལ་བར་དམ་བཅས་ནས། །མདུན་གྱི་ནམ་མཁར་བྱོན་པར་བསམ་ལ། ༀ་ཨེ་ཧྱ་ཧི་ཤྲཱྀ་མ་ཧཱ་ཀཱ་ལ་ཛཿཧཱུྃ་བཾ་ཧོ༔ ཨ་ཀད་ཛ་ཡཿ ཨ་ཀད་ཛ་ཡཿ ཏིཥྛ་བཛྲ་ས་མ་ཡ་ཧཱུྃ༔ ཅེས་བརྒྱ་རྩ་བརྒྱད་བརྗོད་ལ། ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་མཚོ་ལ་ཁ་བབ་པ་བཞིན་དུ་ཡང་ཡང་བསྟིམ་མོ། བཞི་པ་བཞུགས་སུ་གསོལ་བ་ནི། ཧཱུྃ་དུར་ཁྲོད་གསང་ཆེན་རོལ་པའི་དཀྱིལ་འཁོར་ནི། །བྲག་རི་ནག་པོ་དུར་ཁྲོད་བརྒྱད་ཀྱིས་བསྐོར། །བང་རིམ་བཞི་པ་མདའ་མདུང་རལ་གྲིའི་གུར། །གྲུ་གསུམ་དམར་ནག་བྲུབ་ཁུང་གནམ་ལྕགས་རྫོང་། །ཆུ་སྐྱེས་འདབ་སྟོང་ཉི་ཟླའི་གཞལ་གཡས་སུ། །བདག་མེད་སྟོང་པ་རོ་ཡི་གདན་སྟེང་དུ། །ཚོགས་བདག་མ་ཧཱ་ཀཱ་ལ་བཞུགས་སུ་གསོལ། །དམར་ནག་ཁྲག་ཞག་ལྷབ་ལྷུབ་ཁོལ་བའི་ཀློང་། །ཤུགས་ཆེན་དྲ་མ་འུར་འུར་འཁྲིགས་པའི་སྟེང་། ། སྒྲིབ་པ་གཉིས་སྤང་པདྨའི་གདན་ཁྲི་ལ། །མ་ཅིག་དཔལ་ལྡན་ལྷ་མོ་བཞུགས་སུ་གསོལ། །ཟླ་གམ་དམར་པོ་མེ་རླུང་འཚུབས་མའི་ཀློང་། །གནོད་བྱེད་ཤ་ཟ་མང་པོ་འདུས་པའི་གནས། །དུག་གསུམ་གནས་སྤང་པདྨ་རོ་གདན་སྟེང་། །སྐུ་གསུང་ཐུགས་ཀྱི་མགོན་པོ་གཞུགས་སུ་གསོལ། །འཁོར་ལོ་རྩིབས་བཅུ་མུ་ཁྱུད་གྲི་གུག་གུར། །ཕྱོགས་སྐྱོང་ཕོ་མོ་ལྷ་དམག་འདུས་པའི་གནས། །མི་དགེ་བཅུ་སྤང་རང་རང་བཞུགས་པའི་སྟེང་། །ཕྱོགས་བཅུའི་མགོན་པོ་འཁོར་བཅས་བཞུགས་སུ་གསོལ། །དུར་ཁྲོད་གནས་བརྒྱད་རོ་ལངས་འཁྲིགས་པའི་གུར། །དྲེགས་པ་ཕོ་མོ་གཅན་སྤྱང་འཚུབས་པའི་གནས། །ཚོགས་བརྒྱད་གནས་དག་ཀེང་རུས་འཁྲིགས་པའི་སྟེང་། །སྡེ་བརྒྱད་མགོན་པོ་འཁོར་བཅས་གཞུགས་སུ་གསོལ། །བསིལ་ཚལ་འཇིགས་རུང་སྤྲིན་ནག་འཁྲིགས་པའི་གུར། །མ་མོ་མཁའ་འགྲོ་གིང་ཆེན་འདུས་པའི་གནས། །རྩ་རླུང་གནས་སྤང་ཁྲག་མཚོ་བམ་རུལ་སྟེང་། །རྩལ་ཆེན་ཕྲ་མེན་བརྒྱད་རྣམས་བཞུགས་སུ་གསོལ། །རྒྱུག་བྱེད་ཁྱབ་པ་རླུང་ནག་འདུས་པའི་གུར། །ཤུགས་ཆེན་དྲག་ཤུལ་མྱུར་མགྱོགས་རྒྱུགས་པའི་གནས། །ཉོན་ཡུལ་གནས་སྤང་གོ་མཚོན་བརྩེགས་པའི་ཀློང་། །སྤྲུལ་པའི་ལྷ་དམག་དུང་ཕྱུར་བཞུགས་སུ་གསོལ། །ཕྱོགས་མཚམས་རང་རང་ཞིང་ཁམས་སྐྱོང་བ་ཡི། །སྲས་དང་བཙུན་མོ་བྲན་གཡོག་འདུས་པའི་གནས། །བྱང་སེམས་གནས་སྤང་འགྲེངས་དུད་འཕུར་ལྡིང་སྟེང་། །ཕྱོགས་སྐྱོང་མགོན་པོ་འཁོར་བཅས་བཞུགས་སུ་གསོལ། །ངེས་མེད་མཁའ་ལ་ཐོག་མེད་རྒྱུ་བའི་ཞིང་། །རྫུ་འཕྲུལ་སྟོབས་ཀྱིས་ཞིང་བཅུ་བསྒྲལ་བའི་གནས། །མི་དགེ་བཅུ་སྤང་རོ་ཁྲག་བསྙིལ་བའི་སྟེང་། །བཀའ་སྡོད་ཕོ་ཉ་འཁོར་བཅས་བཞུགས་སུ་གསོལ། །ཡང་སྤྲུལ་སུམ་སྤྲུལ་བྱ་ལྡིང་རྡོ་རྗེའི་རྫོང་། །ཀཾ་ཀ་ཏ་རི་དགྲ་ལྷ་རྒྱུག་པའི་གནས། །ཞིང་ཆེན་ཞིང་ཆུང་གཅལ་དུ་བཀྲམ་པའི་སྟེང་། །དགྲ་བླ་མཆེད་གསུམ་བཀའ་སྡོད་བཞུགས་སུ་གསོལ། པདྨ་ཀཱ་མ་ལ་ཡ་སྟྭམ། མ་སུཪྱ་མཎྜལ། སཾ་པདྨ་མཎྜལ། རུ་དྲ་སྟི་ར་བམ་ལྔ་པ་དབང་བསྐུར་བ་དང་རྒྱས་གདབ་པ། མགོན་པོའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གསུམ་གསལ་ལ། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་གསང་བ་གསུམ་དང་དབྱེར་མེད་པའི་རང་བཞིན་དུ་བསམ་ཞིང་། ཨེ་རྔུབ་ཨེ་བཛྲ་སན་དྷ་ཧྲིལ་པ་ཧྲི་ཨེ་ནུ་ནི་ཨ་ལཾ་མེ་ནི་ཧཱུྃཿ ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིརྟ་ཨ་བྷི་ཥིཉྩ་ཏུ་མམ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྷ་ཚོགས་རྣམས་ཀྱི་སྤྱི་བོར་དབང་བསྐུར། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་ཚོགས་བདག་ལ་ཐོ་རངས་སྐར་ཆེན་ཤར་བ་ལྟར་སྤྱན་རས་གཟིགས་ཀྱིས་དབུ་བརྒྱན། །དེའི་མདུན་དུ་རྣམ་སྣང་། །ཤར་དུ་མི་བསྐྱོད་པ་ལྷོར་རིན་འབྱུང་། །ནུབ་ཏུ་སྣང་མཐའ། །བྱང་དུ་དོན་གྲུབ་རྣམས་ཀྱིས་དབུ་བརྒྱན། །ཡུམ་ལ་ཡུམ་ལྔས་དབུ་བརྒྱན། །སྤྱན་རས་གཟིགས་ལ་འོད་དཔག་མེད་དང་། །སྐུ་མཆོག་ལ་འཇམ་དཔལ་གསུང་མཆོག་ལ་རྟ་མགྲིན། །ཐུགས་མཆོག་ལ་ཕྱག་རྡོར་གྱིས་དབུ་བརྒྱན་པར་བསམ་མོ། །དེ་ལྟར་དབང་བསྐུར་བས་ལྷ་མི་ཐམས་ཅད་ཀྱི་དེད་དཔོན་མཆོག་ཏུ་གྱུར་བར་བསམ་ལ། ཡེ་ཤེས་དང་འཇིག་རྟེན་གྱི་བཀའ་སྲུང་ཆོས་སྐྱོང་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་བསྡུས་ནས་བསྟིམ་པས་བཀྲག་མདངས་གཟི་བརྗིད་མཆོག་ཏུ་འབར་ཞིང་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དཔལ་ཡོན་དང་ལྡན་པར་བསམ་མོ། དྲུག་པ་ཕྱག་འཚལ་བ་ནི། རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ། སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་། །གནོད་བྱེད་ཀྱི་དགྲ་བགེགས་སྒྲོལ་བ། རྣལ་འབྱོར་པ་ལ་མཆོག་ཐུན་གྱི་དངོས་གྲུབ་སྩོལ་བའི་ཆེད་དུ་མགོན་པོ་ལྷ་དམག་གི་ཚོགས་དང་བཅས་པ་ཐམས་ཅད་ལ་སྒོ་གསུམ་གུས་པའི་ཚུལ་གྱིས་ཕྱག་འཚལ་བར་བསམ་ཞིང་། ཧཱུྃ་ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། ལྷ་དམག་དཀར་པོའི་དབུགས་འབྱིན་པ༴ མ་ཧཱ་ཀཱ་ལ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་འཚལ་ལོ། །ཟླ་བའི་འོད་ལྟར་ཞལ་གསལ་བ། །མ་རིག་སྒྲིབ་པ་སྤང་བའི་ཕྱིར། །འཇིག་རྟེན་འདི་ན་གང་སྟོན་པ། །ཚོགས་བདག་ཁྱེད་ལ་ཕྱག་འཚལ་ལོ། །ལྷ་རྣམས་ཀུན་གྱི་མ་མཆོད་ཚེ༴ ལྷ་རྣམས་གཡུལ་ལས་རྒྱལ་མ་གྱུར། །མཆོད་ནས་གཡུལ་ལས་རྒྱལ་བ་ཐོབ། །ཚོགས་བདག་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་རྣམས་ཀུན་ལས་ཁྱད་པར་འཕགས། །ཁྱེད་ལ་ལྷས་ཀྱང་ཐོག་མར་མཆོད། །མཆོད་འོས་རྣམས་ཀྱིས་མཆོད་མཛད་པ། །ཚོགས་བདག་ཁྱེད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་གཟུངས་བཟླས་པས། །དོན་དམ་ཕུན་སུམ་ཚོགས་འགྲུབ་ཅིང་། །རྒྱལ་བ་རྣམས་ཀྱིས་ལུང་བསྟན་པ། །ཚོགས་བདག་ཁྱེད་ལ་ཕྱག་འཚལ་ལོ། །སྟོན་པའི་བསྟན་པ་བསྲུང་བའི་ཕྱིར། །མཚན་དུ་རྡོ་རྗེ་འཆང་ངོ་ཞེས། །དབང་སྐུར་གང་གི་གཙོ་གྱུར་པ། །ཚོགས་བདག་ཁྱེད་ལ༴ ཡོན་ཏན་བསམ་འདས་བརྗོད་མི་ལངས། །མ་རིག་སེམས་ཅན་དོན་སླད་དུ། །མཆོད་བསྟོད་ཚོགས་བདག་མཉེས་གྱུར་ཅིག །ཚོགས་རྗེ་ཚོགས་བདག་ཆེན་པོ་ཁྱེད། །མགོན་པོ་བཞུགས་གནས་དཀྱིལ་འཁོར་དུ། ཇ་མེད་མཆོད་པ་སྤྲིན་འབྱུང་བ། ཡོན་ཏན་བརྒྱད་ལྡན་ཐམས་ཅད་ཀྱི། ཞབས་ལ་སྤྱི་བོས་གཏུགས་གྱུར་ཅིག །ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཨ་ཏི་པུ་ཧོ། པྲ་ཏི་ཛ་ཧོ༔ བདུན་པ་མཆོད་པ་འབུལ་བ་ལ་གསུམ་ལས། དང་པོ་མཆོད་རྫས་རྣམས་བྱིན་གྱིས་བརླབ་པ་ནི། ༀ་བཛྲ་ཡཀྵ་ཧཱུྃ་ༀ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཀྫྙ་ར་ཎ་ཧཱུྃཊ༔ ༀ་སྭ་བྷ་ཝ་ཤུདྡྷ་སོགས། གཏོར་མ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཨཱཿཧཱུྃ་ལས་ལྷ་རྫས་ལས་གྲུབ་པའི་ཕོ་བྲང་ཕྲེང་བ། མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། རརྣ་མཎྜལ་མ་ལེ་ཨརྒྷམ་སོགས་ནས། ཤསྡ་ཨ་ལཾ་ཀ་ཨཱཿཧཱུྃ་སྭཱ་ཧཱ། ཅེས་དང་། སྔགས་དྲུག་ཕྱག་རྒྱ་དྲུག་གི་མཐར་ནང་ལྟར་ན། གཏོར་མ་གཟུགས་སྡུག་པ། སྒྲ་སྙན་པ་དྲི་ཞིམ་པ་རོ་མངར་བ་རེག་བྱ་འཇམ་པའི་ས་དང་བར་སྣང་ཐམས་ཅད་ཡོངས་སུ་གང་བར་གྱུར། ༀ་ཨཱཿཧཱུྃ་མ་ཧཱ་བྷ་ལིང་ཏ་ཏེ་ཛོ་བྷ་ལིང་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་སྭ་ཧཱ། ལན་བདུན་བརྗོད་པས། གཏོར་མ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་དངོས་པོ་དགྲ་བགེགས་ཀྱི་ཤ་ཁྲག་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ལ། །མགོན་པོ་འཁོར་དང་བཅས་པ་རྣམས་ལ་ཕུལ་བས། །དེ་རྣམས་ཀྱི་ལྗགས་གྲི་གུག་གི་ཚུལ་དུ་གསོལ་ནས་སྐུ་གསུང་ཐུགས་མཉེས་ཤིང་ཚིམས་པས། །བདག་གིས་ཅི་བཅོལ་བའི་ལས་བྱེད་པར་བསམ་ཞིང་། གཉིས་པ་མཆོད་པ་འབུལ་བ་དངོས་ལ། །ཧཱུྃ་ཆོས་སྐུ་ཞི་བའི་དབྱིངས་ཉིད་ལས། །དུས་གསུམ་བདེ་བར་གཤེགས་པའི་ཡུམ། །ཆོས་སྐུ་མི་འགྱུར་སྐུ་མདོག་མཐིང་ནག་སྟོན། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། །རྒྱལ་སྲས་འཁོར་བཅས་གཤེགས་སུ་གསོལ། །ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོ། །བཅོམ་ལྡན་རྣམ་པར་སྣང་མཛད་གངས་ཆེན་མཚོ། །རིགས་ལྔ་བྱང་ཆུབ་སེམས་དཔའ་དང་། །རྒྱལ་སྲས་ཐམས་ཅད་གཤེགས་སུ་གསོལ། །སྐུ་གསུམ་ཡེ་ཤེས་ལུང་བསྟན་པས། །ཐམས་ཅད་མཁྱེན་པ་ཤཱཀྱ་ཐུབ། །ཉན་ཐོས་རང་རྒྱལ་ཐམས་ཅད་དང་། །རྣམ་བཞི་འཁོར་བཅས་གཤེགས་སུ་གསོལ། །བླ་ན་མེད་པ་དཀོན་མཆོག་གསུམ། །ཐུགས་རྗེ་བརྩེ་བར་ལྡན་པའི་དགོངས་པ་ཅན། །ཐུགས་རྗེས་འགྲོ་བ་ཀུན་གྱི་དོན་མཛད་པས། །མགོན་གྱུར་དེ་ལ་ཕྱག་འཚལ་ལོ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་ནས། །ལྷ་དང་མི་ཡི་མེ་ཏོག་དཔག་མེད་པ། །ཆུ་དང་ཐང་ལ་སྐྱེས་པའི་མེ་ཏོག་ཇི་སྙེད་པ། །རང་བཞིན་སྤོས་དང་སྦྱར་བའི་སྤོས། །ཕྱེ་མའི་སྤོས་རྣམས་ཇི་རྙེད་པ། །མི་ཤེས་མ་རིག་མུན་སེལ་བའི། །མ་མེ་སྒྲོན་མ་དྲི་ཆབ་དང་། །ལྷ་བཤོས་རིན་ཆེན་གདུགས་དང་རྒྱལ། །ཡིད་བཞིན་ཤིང་དང་རྒྱན་རྣམས་དང་། །གླུ་གར་བྲོ་མཆོག་རོལ་མོ་དང་། །གཞན་ཡང་མཆོད་པ་དཔག་མེད་རྣམས། །བླ་མེད་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །དེང་གི་ཡོན་མཆོད་འཁོར་བཅས་ཀུན། །སྐྱབས་ཀྱིས་དམ་པར་བཟུང་དུ་གསོལ། །ཧཱུྃ་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །ཕྱག་ན་རྡོ་རྗེ་གསང་བའི་བདག། །རིགས་སྔགས་གསང་སྔངས་གཟུངས་སྔགས་ཀྱི། །བྱིན་རླབས་ཀུན་གྱི་བླ་ན་མེད། །རྫུ་འཕྲུལ་མཐུ་སྟོབས་བསམ་མི་ཁྱབ། །བདུད་དང་དགྲ་བགེགས་ཡོངས་ཀྱི་གཤེད། །རི་རབ་རྩེ་ལ་སྐུ་བརྟེན་པ། །ལྷ་ཀླུ་གནོད་སྦྱིན་ཀུན་འདུལ་ཞིང་། །འབྱུང་བོ་ཀུན་ལ་མངའ་མཛད་དེ། །མགོན་གྱུར་དེ་ལ་ཕྱག་འཚལ་ལོ། །དེང་གི་གནས་འདིར་གཤེགས་སུ་གསོལ། །ཡོན་ཆབ་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་རྫས་དང་། །རོལ་མོ་སིལ་སྙན་འཕན་གདུགས་དང་། །ཕོ་བྲང་བླ་རེ་རྒྱལ་མཚན་དང་། །འཕན་དང་བ་དན་ལ་སོགས་པའི། །ཡིད་བཞིན་མཆོད་པ་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །རྡུལ་དུ་བརླག་པའི་ཕྲིན་ལས་མཛོད། །ཧཱུྃ་མི་འགྱུར་རྡོ་རྗེའི་བྲག་སྟེང་ནས། །རྫུ་འཕྲུལ་མཐུ་ལྡན་ཚོགས་ཀྱི་གཙོ་བོ་དང་། །ལོངས་སྤྱོད་ལྔ་ལྡན་ཡུམ་ཆེན་བཻ་ཏ་ལི། །ཆོས་ཉིད་ངང་གིས་འགྲོ་བའི་དོན་མཛད་པ། །ཚོགས་བདག་ཡབ་ཡུམ་འདིར་གཤེགས་མཆོད་པ་བཞེས། །དཔའ་བོའི་མཐུ་ཡིས་ལྷ་མིན་ག ཡུལ་བཟློག་ཅིང་། །འགྲོ་བ་སེམས་ཅན་ཀུན་གྱི་དོན་མཛད་པ། །དཔལ་རབ་འཆང་དང་མ་ཧཱ་ཀཱ་ལ་ཆེ། །བྲག་ལྷ་མགོན་པོ་དང་ནི་རྣམ་ཐོས་སྲས། །ཛམ་བྷ་ལ་དང་ཨཱཪྱ་རེ་མནྟ། །ཕྲིན་ལས་མངའ་བདག་མགོན་པོ་ནག་པོའི་ཚོགས། །འདིར་གཤེགས་སྤྱན་འདྲེན་མཆོད་པ་དམ་པ་བཞེས། །ཡབ་ཡུམ་གཉིས་ཀྱི་གསང་འཛིན་ཐུགས་ལས་སྤྲུལ། །མངག་ན་གློག་བཞིན་མྱུར་མཛད་པ། །ཕོ་ཉ་མངག་གཞུག་འདིར་གཤེགས་མཆོད་པ་དམ་པ་བཞེས། །མ་སྲིང་ཚུལ་གྱིས་བྱམས་མཛད་ཅིང་། །དཀར་མོ་སྤྱན་གཅིག་ཀཾ་ཀ་ཏ་རི་དང་། །མ་བདུད་ཆེན་མོ་འདིར་གཤེགས་མཆོད་པ་དམ་པ་བཞེས། །ཆོས་ཀྱི་རྒྱལ་མཚན་འཛུགས་པ་དང་། །དགེ་བའི་ལོ་འབྲས་རྟག་ཏུ་སྨིན་པ་དང་། །བདག་གི་འཁོར་རྣམས་དར་ཞིང་རྒྱས་པར་མཛོད། ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུརྒ་ཏེ་སྥ་ར་ཥ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཧཱུྃ་མེ་ཏོག་ལྕགས་རི་རིན་ཆེན་དབྱིག །ལ་དུ་ལ་ཕུག་ལ་སོགས་ཡིད་བཞིན་ཟས། །ཕྱོགས་བཅུའི་ཆུ་སྐྱེས་ཐང་སྐྱེས་ལོངས་སྤྱོད་རྒྱན། །རས་སུ་བྲིས་སོགས་རྒྱས་པར་འབུལ། དཀྱིལ་འཁོར་རྒྱན་གྱི་དམ་རྫས་མཛེས་པ་དང་། ལྷ་བཤོས་མར་མེ་ཡོན་ཆབ་དང་། བདུག་སྤོས་དྲི་དང་མེ་ཏོག་དང་། །སྦྲང་ཆང་རྒུན་ཆང་བཏུང་བའི་མཆོག །སྣ་ཚོགས་མཆོད་པ་འདི་བཞེས་ལ། །ཡིད་བཞིན་མཆོད་པ་འདི་དག་བཞེས། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཡ་ས་སཱ་རི་ཝཱ་ར་པུཙྪ་མེ་གྷ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ཡ། ཀ་ཏི་ཀ་རི་ཀུ་རུ་ཏི་སྭཱ་ཧཱ། ན་མོ་ཤྲཱྀ་མ་ཧཱ་ཀཱ་ལ་ཡ། ན་མོ་ཡོ་ཀི་ནཾ། ན་མོ་ཌཀྐི་ནཾ། ཏདྱ་ཐཱ། ཧི་ལི་ཧི་ལི། ཀི་ཏི་ཀི་ཏི། ཙི་ཏི་ཙི་ཏི་སྭཱ་ཧཱ། ཧཱུྃ་ཚངས་རིགས་སྐྱེས་པའི་གནས་རབ་ནས། །ཚངས་པ་གདོང་བཞི་རལ་བ་ཅན། །ཚངས་རིགས་ལྷ་ཚོགས་འཁོར་དང་བཅས། །འདིར་གཤེགས་མཆོད་པ་དམ་པ་བཞེས། །བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཧཱུྃ་རྣམ་པར་རྒྱལ་བའི་ཁང་བཟང་ནས། །བརྒྱ་བྱིན་ལྷ་ཡི་དབང་པོ་དང་། །འདོད་ཁམས་ལྷ་ཚོགས་འཁོར་དང་བཅས། །འདིར་གཤེགས་མཆོད་པ་དམ་པ་བཞེས། །བདག་གི་བཅོལ་བའི་ལས་རྣམས་གྲུབ་པར་མཛོད། །ཧཱུྃ་རི་རབ་གླིང་བཞི་སོ་སོ་ནས། །རྒྱལ་པོ་ཆེན་པོ་སྡེ་བཞིའི་བདག །རིགས་བཞི་འཁོར་དང་བཅས་པ་རྣམས། །འདིར་གཤེགས་མཆོད་པ་དམ་པ་བཞེས། །བདག་གི་བསམ་པ་སྒྲུབ་ཏུ་གསོལ། །ཧཱུྃ་དབང་པོ་མེ་ལྷ་གཤིན་རྗེ་དང་། །བདེན་བྲལ་ཆུ་ལྷ་རླུང་ལྷ་དང་། །གནོད་སྦྱིན་དབང་ལྡན་ཉི་ཟླ་དང་། །ས་བདག་ས་ཡི་ལྷ་མོ་དང་། །འཇིག་རྟེན་སྐྱོང་བ་འཁོར་དང་བཅས། །ཆོས་སྐྱོང་སྲུང་མ་འཁོར་བཅས་ལ། །མཆོད་པ་དམ་པ་འདི་དག་དང་། །ཡོན་ཆབ་མེ་ཏོག་བདུག་སྤོས་དང་། །མར་མེ་ཞལ་ཟས་སིལ་སྙན་དང་། །གླུ་གར་བྲོ་དང་འཕན་གདུགས་དང་། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །དཀར་གསུམ་གཏོར་མ་རྒྱན་ཅན་དང་། །ཤ་ཕུད་ཆང་ཕུད་མེ་ཏོག་དང་། །རིན་ཆེན་སྣ་ཚོགས་འབྲུ་སྣ་དང་། །འབྲས་ཀྱི་ཆང་དང་འབྲུ་ཡི་ཆང་། །རྒུན་ཆ་རྒུན་འབྲུམ་ཙན་དན་སོགས། །ལ་དུ་ལ་ཕུག་སྟག་ཤ་ལག་ཡ་དང་། །འབྲོང་ཤ་རྐང་གཟུགས་ཚེར་གྱི་ར་གཟུགས་དང་། །ཤེལ་གྱི་ལུག་གཟུགས་ཕྲ་མེན་ཕག་གཟུགས་དང་། །ལྷ་གཡག་དཀར་པོ་ལྷ་ལུག་གྲོ་མོ་དང་། །ར་སྐྱེས་ཁྲ་བོ་ལྷ་རྟ་སྙན་དཀར་དང་། །ལྷ་གླང་དཀར་པོ་འབྲང་རྒྱས་ཞལ་དཀར་དང་། །ཤ་བའི་མཆིན་ཁྲག་ཞི་མར་འོལ་ཀོན་དང་། །བཤོས་སུ་སྐྱེམས་དང་རྒྱན་བཅས་ལ་སོགས་པ། །སྨྱུག་མ་ཚིག་དགུ་དར་ཚོན་བལ་ཚོན་བརྒྱན་པ་འདི། །མགོན་པོའི་ལྷ་ཚོགས་ཐམས་ཅད་ཀྱིས། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །འདོད་ཁམས་གཟུགས་ཁམས་ལྷ་ཚོགས་རྣམས། །མཆོད་པ་དམ་པ་བཞེས་སུ་གསོལ། །མཆོད་པ་དམ་པ་བཞེས་ནས་ཀྱང་། །ནད་ཡམས་འཁྲུགས་པ་ཐམས་ཅད་དང་། །དུས་མིན་འཆི་དང་བཀྲ་མི་ཤིས། །ཕ་རོལ་དམག་དཔུང་གཞོམ་པ་དང་། །དགྲ་བགེགས་མ་ལུས་ཕམ་པར་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཚེ་དང་བསོད་ནམས་འཕེལ་བ་དང་། །དབང་ཕྱུག་དང་ནི་འབྱོར་པ་དང་། །ལོ་ལེགས་བདེ་བ་རྙེད་པ་དང་། །ནད་མེད་པ་དང་བཀྲ་ཤིས་ཤོག། །བསྟེན་པའི་ལྷ་ཚོགས་ཐམས་ཅད་ལ། །མཆོད་པ་འབུལ་བའི་བྱིན་རླབས་ཀྱིས། །ཕྱོགས་བཅུ་དུས་གསུམ་ཐམས་ཅད་དུ། །སེམས་ཅན་ལེགས་དོན་འབྱོར་བ་དང་། །དགྲ་དང་བགེགས་རྣམས་མེད་པར་མཛོད། །རྟ་དང་བ་གླང་ནོར་ཕྱུག་དང་། །ནོར་དབྱིག་རིན་ཆེན་འབྲུ་དང་ནི། །བུ་ཕོ་བུ་མོ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་དང་། །སེམས་ཅན་ལེགས་དོན་འབྱོར་བར་ཤོག །འགྲོ་བ་ཐམས་ཅད་བདེ་གྱུར་ཅིག །བདུད་དང་མུ་སྟེགས་ཀུན་བྲལ་ཤོག །རྒྱལ་པོ་མྱ་ངན་མེད་པ་བཞིན། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག། །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་བཅུ་ཀུན་དུ་དར་བ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །ཆོས་ཀྱི་སྣོད་དུ་འགྱུར་བར་ཤོག །དགེ་བ་ཐམས་ཅད་སྤྱིར་བསྔོས་པས། །མགོན་པོ་མཆོད་པའི་བྱིན་རླབས་ཀྱིས། །བདག་ཅག་འཁོར་དང་བཅས་པ་རྣམས། །ལོངས་སྤྱོད་ཐམས་ཅད་རྒྱས་པ་དང་། །ཚོགས་ཆེན་རྣམ་གཉིས་རྫོགས་པར་ཤོག །པདྨ་མཎྜལ་ཨཱཿཧཱུྃ། །གཞན་ཡང་མཆོད་པ་འབུལ་བ་ནི། །ཁྱུང་དང་སེང་གེ་སྟག་གཡག་རྣམས། །རྣལ་འབྱོར་ཕོ་ལྷའི་རྟེན་དུ་འབུལ། །སངས་རྒྱས་ཆོས་ཀྱི་བསྟན་པ་སྲུངས། །རྣལ་འབྱོར་བདག་གི་མཐུ་རྩལ་ཕྱུང་། །དཀོན་མཆོག་གསུམ་གྱི་སྐུ་དགྲ་ཡི། །སྤྱི་གཙུག་ཀླད་པའི་རྒྱ་ཐག་ཆོད། །སངས་རྒྱས་ཆོས་ཀྱི་དགྲ་བླ་རྣམས། །དུང་གི་མི་ཕོ་དཀར་པོ་ཁྲིད། །བསེ་ཁྲབ་རྣམ་གསུམ་སྐུ་ལ་མནབས། །ཕྱག་ན་སྦ་མདུང་རིང་མོ་བསྣམས། །དར་དཀར་བ་དན་ལྕེ་བརྒྱད་བཏགས། །སྟག་དང་འབྲོང་རྒོད་རོལ་དུ་ཁྲིད། །ཁྱུང་དང་སེང་གེ་རྗེས་སུ་འབྲང་། །རྐེད་ཀྱི་རལ་གྲི་མདའ་གཞུ་ལ། །དཔའ་རྟགས་ཚ་ཚྭ་སྐར་ལྟར་འཁྲུགས། །མཐུ་ཆེན་མགོན་པོའི་གཡས་ཕྱོགས་ན། །རྣལ་འབྱོར་ཕོ་ལྷ་ཀྱི་ལི་ལི། །མཐུ་ཆེན་མགོན་པོའི་གཡོན་ཕྱོགས་ན། །ཆོས་ཀྱི་དགྲ་བླ་ཤ་ར་ར། །མཐུ་ཆེན་མགོན་པོའི་རྒྱབ་ཕྱོགས་ན། །ལྷ་ཀླུ་གཉན་དམག་སྐར་ལྟར་འཁྲུགས། །མཐུ་ཆེན་མགོན་པོའི་སྔུན་རོལ་དུ། །སྲུང་མའི་དམག་ཚོགས་སྐར་ལྟར་འཁྲིགས། །མཐུ་ཆེན་མགོན་པོའི་དམག་ཚོགས་རྣམས། །ཐུབ་པའི་དཔུང་དང་ཆས་ཏེ་བྱོན། །ཆོད་པའི་ངར་དང་ཆས་ཏེ་བྱོན། །འདིར་བྱོན་བཀའ་ཡི་མཆོད་པ་བཞེས། །དཔའ་རྩལ་སེང་གེ་ཡང་རྩལ་ཅན། །མཐུ་ཆེན་མགོན་པོའི་རྟེན་དུ་འབུལ། །དགྲ་བོ་དཔའ་བའི་དོན་སྙིང་ཕྱུངས། །དགྲ་རྟ་མགྱོགས་པའི་རྒྱུས་པ་ཆོད། །དགྲ་བོའི་བུ་རྟ་རྡུལ་དུ་རློོགས། །བདུད་རྩི་ཞུག་སྦལ་ཐིག་ལེ་ཅན། །ས་བདག་ནག་པོ་གེལ་པ་ལ། །དགྲ་བོའི་ཡུལ་མཁར་བཤིག་པའི་ཡོན་དུ་འབུལ། །དགྲ་བོའི་བླ་རི་རྩེ་ནས་ཤིག །དགྲ་བོའི་བླ་ཤིང་རྩད་ནས་ཆོད། །དགྲ་བོའི་མདའ་མདུང་རུ་མཚོན་འདིས། །ཆོས་སྐྱོང་བསྲུང་མ་འཁོར་དང་བཅས། །དཔའ་རྟགས་བསྐྱེད་ལ་དབུ་འཕང་བསྟོད། །སྐུ་གསུང་ཐུགས་ཀྱི་རྟེན་དུ་འབུལ། །མ་གཡེལ་བསྲུང་མ་གཉན་པོ་རྣམས། །དགྲ་བོ་སྐྱོབས་པའི་ལྷ་དང་ཕྱེས། །རྫུ་འཕྲུལ་རྟ་ཕོ་སྒ་ཅན་འདི། །དཔའ་རབ་འཆང་གི་སྐུ་ལ་འབུལ། །བདག་ཅག་རྣལ་འབྱོར་དམ་ལྡན་གྱི། །ལམ་སྣ་དྲོངས་ལ་སོ་བ་མཛོད། སྡང་བའི་དགྲ་བོ་ལས་ངན་འདིས། །སོ་བ་སོད་ལ་ལམ་སྣ་ཁོགས། །འབྲུ་བཅུད་ཐུག་རེ་གྭ་པ་འདི། །བྲག་ལྷ་མགོན་པོའི་སྐུ་ལ་འབུལ། །དགྲ་མཁར་བཙན་པོ་རྩེ་ནས་ཕོབ། །ལྷ་གཡག་དཀར་པོ་ཟེ་བ་ཅན། །ལེགས་ལྡན་མགོན་པོའི་སྐུ་ལ་འབུལ། །དགྲ་བོ་དཔའ་བའི་དོན་སྙིང་ཕྱུངས། །སྟོབས་ཀྱི་གླང་པོ་སྣ་ལྗགས་ཅན། །ལྷ་དབང་བརྒྱ་བྱིན་སྐུ་ལ་འབུལ། །དགྲ་བོ་དཔའ་བའི་དོན་སྙིང་ཕྱུངས། །དུང་གི་སེང་གེ་རལ་པ་ཅན། །དཔལ་ལྡན་རྣམ་ཐོས་སྲས་ལ་འབུལ། །སྡང་བའི་དགྲ་བོའི་ར་སྒོ་ཕྱེས། །ཚང་གསུམ་ནོར་གྱི་ནང་བྱིན་གྱིས། །རིན་ཆེན་རྒྱུ་ལས་གྲུབ་པ་ཡི། །གནམ་གྱི་གཡུ་འབྲུག་སྔོན་པོ་འདི། །རྣལ་འབྱོར་ཕོ་ལྷའི་སྐུ་ལ་འབུལ། །དགྲོ་དཔའ་བའི་དོན་སྙིང་ཕྱུངས། །དགྲ་རྟ་མགྱོགས་པའི་རྒྱུས་པ་ཆོད། །སྡང་བའི་དགྲ་བོ་ཆམ་ལ་ཕོབ། །སྔགས་འཆང་བདག་གིས་དབང་དུ་བསྡུས། །འབྲུ་བཅུད་གངས་ཀྱི་གཡི་དཀར་འདི། །ཆོས་ཀྱི་དགྲ་བླའི་སྐུ་ལ་འབུལ། །དགྲ་བོ་དཔའ་བའི་དོན་སྙིང་ཕྱུངས། །དགྲ་རྟ་མྱོགས་པའི་རྒྱུས་པ་ཆོད། །དཔའ་བོོ་དོམ་དྲེད་རྔམས་པ་འདི། །དགྲ་བླ་ཁྱབ་འཇུག་སྐུ་ལ་འབུལ། །དགྲ་བོའི་བླ་མཁར་རྩེ་ནས་ཤིག །མི་ནོར་སྲོག་གི་འཁོར་ལོ་ཤིག །མགྱོགས་པའི་རྟ་ཕོ་གྱི་ལིང་འདི། །མཐུ་ཆེན་ཚངས་པའི་སྐུ་ལ་འབུལ། །དགྲ་བོའི་གནམ་གྱི་འཇུ་ཐག་ཆོད། །མི་ནོར་སྲོག་ལ་སྤུ་གྲིས་ཐོབ། །འཕྲུལ་གྱི་མ་བང་ཐོང་ཕྲོམ་འདི། །ཉེ་དབང་སུམ་ཅུའི་སྐུ་ལ་འབུལ། །དགྲ་བོའི་རྣོ་མཚོན་རྩེ་མོ་ཆོག ། བདུད་རྩི་སྨན་གྱི་བྱ་ཕོ་འདི། །རྒྱལ་ཆེན་སྡེ་བཞིའི་སྐུ་ལ་འབུལ། །སྡང་བའི་དགྲ་ལ་གཡུལ་ཉེས་ཕྱུངས། །མི་ནོར་སྲོག་གི་ཤན་པ་གྱིས། །བདུད་རྩི་དུང་གླང་དཀར་པོ་འདི། །ལྷ་ཆེན་བརྒྱད་ཀྱི་སྐུ་ལ་འབུལ། །དགྲ་ལ་མི་ནད་སྣ་དགུ་ཐོངས། །གློ་བུར་ནད་ཀྱི་ཆར་བ་ཕོབ། །རྩི་རྒོད་སྨན་གྱི་བ་དཀར་འདི། །གཉན་ཆེན་སྡེ་བཞིའི་སྐུ་ལ་འབུལ། །དགྲ་བོའི་སྐྱེ་བའི་རྒྱུན་ཐག་ཆོད། །མི་ནོར་སྲོག་གི་ནང་དབྱེེན་གྱིས། །དུང་གི་ཤ་ཕོ་རུ་བཅུ་འདི། །ཕྱོགས་སྐྱོང་གཉན་པོ་བཅུ་ལ་འབུལ། །སྡང་བའི་དགྲ་ལ་གཡུལ་ཉེས་ཕྱུངས། །འཕྲུལ་གྱི་ར་སྐྱེས་དཀར་པོ་འདི། །གཟའ་ཆེན་བརྒྱད་ཀྱི་སྐུ་ལ་འབུལ། །དགྲ་བོའི་གོ་ཁྲབ་རྒྱུན་ཐག་ཆོད། །སྨན་གྱི་བྱ་ཁྱུང་དཀར་པོ་འདི། །ལྷ་ཆེན་བརྒྱད་ཀྱི་སྐུ་ལ་འབུལ། །དགྲ་བོའི་གནམ་ས་ཁ་ཞབས་ལྡོག །ལྷ་ཤིང་ཀླུ་ཤིང་རྒྱན་ཅན་འདི། །སྣང་སྲིད་ས་བདག་སྐུ་ལ་འབུལ། །དགྲ་བོའི་ཡུལ་ཁམས་གཏིང་ནས་ཕྱོགས། ། ལྷ་ཚོགས་འཐབ་ལ་དཔའ་བ་དང་། །བསྲུང་མ་གཡུལ་ལས་རྒྱལ་བ་རྣམས། །མ་གཡེལ་དྲག་པོའི་ལས་ལ་ཆོས། །མཐུ་ཆེན་བསྲུང་མ་གཉན་པོ་ལ། །ཁྱུང་དང་གཡུ་འབྲུག་སྔོན་པོ་དང་། །དཔའ་རྔམ་སྟག་ག ཡག་སེང་གླང་རྣམས། །འབྲུ་བཅུད་རྟེན་འབྲེལ་རྒྱུ་ལས་བྱུང་། །འབྱུང་བ་ལྔ་ཡི་དྭངས་མས་བསྐྱེད། །སྔགས་དང་ཕྱག་རྒྱས་བྱིན་རླབས་ནས། །བེམ་པོ་རྣམས་ནི་དངོས་སུ་སྤྲུལ། །བསམ་གཏན་ལྷ་ཡི་དཀར་བས་ལྷག །མཐུ་ཆེན་སྲུང་མའི་སྐུ་ལ་འབུལ། །ཆོས་ཀྱི་དགྲ་བླའི་དབུ་འཕང་བསྟོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །རྨངས་པོ་སྲིད་ཀྱི་རྒྱུད་འགབ་སྤེལ། །དབུལ་ཕོངས་སྡུག་བསྔལ་མེད་ནས་ཀྱང་། །ཕུན་སུམ་ཚོགས་པའི་ནོར་རྣམས་སྤེལ། །སངས་རྒྱས་ཆོས་ཀྱི་བསྟན་པ་སྲུངས། །རྣལ་འབྱོར་བདག་གི་མཐུ་རྩལ་ཕྱུངས། །དེ་རིང་ཡོན་བདག་མི་ནོར་གྱི། ། ཚེ་དང་སྲོག་གི་རྫི་བོ་གྱིས། །སངས་རྒྱས་ཆོས་ཀྱི་རྒྱལ་མཚན་ཕྱོར། །ལྟ་བ་ལོག་པའི་སྡིག་ཅན་དང་། །བྱི་ན་ཡ་གའི་དོན་སྙིང་ཕྱུངས། །ཆོས་ལ་བསམ་པ་ངན་བྱེད་ཀྱི། །སྤྱན་མིག་ཆོར་ལ་དོན་སྙིང་ཕྱུངས། །དགྲ་དང་ཟུན་དུ་མ་ནོར་བར། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །དེ་ལྟར་མཆོད་ནས། གསུམ་པ་འདོད་དོན་གསོལ་བ་ནི། །ཧཱུྃ་དཔལ་ལྡན་མགོན་པོ་མཐུ་ཆེན་ཁྱོད། །ཡོན་ཏན་བྱིན་རླབས་རྨད་པོ་ཆེ། །འཕགས་པའི་ཐུགས་རྗེས་མངའ་བརྙེས་ཀྱང་། །དུས་ངན་སེམས་ཅན་འདུལ་སླད་དུ། །དཀོན་མཆོག་གསུམ་གྱི་སྐུ་སྲུངས་ཞིང་། །སྐྱེ་འགྲོ་ཡོངས་ཀྱི་སྐྱབས་ཀྱང་མཛད། །ཕྱག་ན་བདུད་ལ་བེང་ཆེན་བསྣམས། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །ཡུན་གྱི་མགོན་དང་མཐུ་བསྟེན་གྱི། །རྒྱུན་དུ་འཚོ་བའི་མཆོད་པ་འབུལ། །རྟག་ཏུ་བསྲུང་ཞིང་བསྐྱབ་ཏུ་གསོལ། །དཀྱིལ་འཁོར་མཛེས་པ་དམ་པ་དང་། །མེ་ཏོག་ཕྲེང་བ་རིན་ཆེན་དབྱིག །ཡོན་ཆབ་བདུག་སྤོས་མར་མེ་དང་། །དྲི་དང་ལྷ་བཤོས་བྱུག་པ་གོས། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། །རོ་མངར་རེག་བྱ་འཇམ་ལ་སོགས། །སྣ་ཚོགས་མཆོད་པ་འདི་དག་བཞེས། །ཐུགས་རྗེས་འགྲོ་བའི་དོན་ལ་དགོངས། །བདག་ཅག་རེ་ཞིང་སྨོན་པ་རྣམས། །འཕགས་མགོན་ཁྱེད་ཀྱིས་འགྲུབ་པར་མཛོད། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུརྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷྲྀ་ཧྞ་ཨེ་དམ་བྷ་ལིངྟ་ཡེ་སྭཱ་ཧཱ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཡཀྴ་བཻ་ཏ་ལི། མ་ཧཱ་སརྦ་པཉྩ་ཨ་མྲྀཾ་ཏ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་བྷ་ལིངྟ་ལ་ཁཱ་ཧིཿ དགྲ་བགེགས་མིང་དང་གཟུགས་སུ་བྲིས་པ་རྣམས་ཀྱིས་མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ༴ མ་ཧཱ་ཙིརྟ་ལ༴ མ་ཧཱ་བ་སུ་ཏ་ལ༴ མ་ཧཱ་ཀོ་རོ་ཙ་ན་ལ༴ མ་ཧཱ་ཀེཾ་ནི་རི་ཏི་ལ༴ དབང་པོ་རྣམ་ལྔ་ལ༴ དོན་སྙིང་ནང་རོལ་ལ༴ ཤ་ཁྲག་སྲོག་དབུགས་ལ་ཁཱ་ཧི༴ རྣམ་ཤེས་ཚོགས་བརྒྱད་ལ༴ སྐྱེ་མཆེད་བཅུ་གཉིས་ལ༴ ལྷག་མ་རྗེས་ཤུལ་ལ་ཁཱ་ཧི། །བཛྲ་ཨརྒྷཾ་པ་དྱཱཾ་སོགས་ནས་ཤབྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། །སྡང་བའི་དགྲ་དང་གནོད་པའི་བགེགས། །ནག་པོ་ཆེན་པོའི་ཞལ་དུ་སྟོབས། །སློབ་དཔོན་སྐུ་ལ་བསྡོ་བ་དང་། །རྣལ་འབྱོར་བདག་ལ་སྡང་བ་དང་། །རྡོ་རྗེ་སྤུན་ལ་འཁུ་བ་དང་། །བདག་གི་འཁོར་ལ་གནོད་པ་དང་། །མིང་དང་གཟུགས་སུ་བྲིས་པ་རྣམས། །ནག་པོ་ཆེན་པོའི་ཞལ་དུ་སྟོབས། །ཡན་ལག་རྣམས་ཀྱི་ཤ་ཆོད་ལ། །མགོན་པོ་ཆེན་པོའི་ཞལ་དུ་རོལ། །ཚེ་སྲོག་དམར་པོ་རྩད་ནས་ཆོད། །ཁྲག་གི་རྒྱུན་ཡང་འཐུང་བར་བྱེད། །སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ། །ཏིལ་འབྲུ་ཙམ་ཡང་མེད་པར་མཛོད། །ༀ་ཨཱཿཧཱུྃ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་མཆོད་ཅིང་འབུལ་བའི་གནས་ནི་དཔལ་མགོན་པོ་ནག་པོ། ཤྲྀ་མ་ཧཱ་ཀཱ་ལ། །དུག་གསུམ་ནད་ཀྱི་སྨན་པ། །བདུད་འདུལ་ལས་ཀྱི་དབང་ཕྱུག །རིག་འཛིན་ཡོངས་ཀྱི་སྲོག་ཤིང་། །རྣལ་འབྱོར་ཀུན་གྱི་དགྲ་བླ། །ཕྱི་ནང་གཉིས་ཀྱི་ཚོགས་བདག །ཡུམ་ཡཀྴ་བཻ་ཏ་ལི། །སྐུ་གསུང་ཐུགས་ཀྱི་མགོན་པོ། ། ཕྱོགས་བཅུའི་མགོན་པོ། ། སྡེ་བརྒྱད་ཀྱི་མགོན་པོ། ནག་པོ་སྟོང་། ཤ་ཟ་འབུམ། ལྷ་དམག་བྱེ་བ་དུང་ཕྱུར་དང་བཅས་པ་རྣམས་ལ་མཆོད་དོ། འབུལ་ལོ། གསོལ་ལོ། འདོན་ནོ། །མཉེས་རབ་ཀྱི་མཆོག། །དགྱེས་རབ་ཀྱི་ཕུལ། །འདོད་པའི་ཡོན་ཏན་གྱི་ཚོགས་ཀྱིས་མཉེས་པར་མཛོད་ལ། །བདག་ཅག་འཁོར་དང་བཅས་པ་རྣམས་ལ་བསྲུང་ཞིང་བསྐྱབ་པ་དང་། །བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། །ཕྲིན་ལས་སུ་བཅོལ་པའི་མདོ་ནི། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བགེགས་གདུག་པ་ཅན་སྡང་སེམས་དང་ལྡན་པ་མིང་དང་གཟུགས་སུ་བྲིས་པ་རྣམས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །ཅེས་འདོད་དོན་གསོལ་ལོ། བརྒྱད་པ་བསྟོད་པ་བྱ་བ་ནི། མགོན་པོ་གཙོ་འཁོར་ཐམས་ཅད་རྒྱན་ཆ་ལུགས་ཇི་ལྟ་བ་བཞིན་གསལ་གདབ་ལ། བདག་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱི་ལུས་ཀྱི་གར་སྟབས། ངག་གི་འགྱུར་དབྱངས་སེམས་ཀྱི་མོས་གདུང་དང་བཅས་པས་གསང་བ་གསུམ་གྱི་ཡོན་ཏན་ལ་བསྔགས་བརྗོད་བྱས་པ་དང་། ཆབ་གཅིག་ཕྱི་སྣོད་འཇིག་རྟེན་གྱི་ཁམས་ནས་དེ་ལྟར་རང་སྒྲ་གྲགས་པ་དང་། ནང་བཅུད་འགྲོ་བ་རྣམས་ཀྱིས་དེའི་རྗེས་སུ་བསྟོད་བསྔགས་རྒྱ་ཆེན་པོ་བྱེད་པར་དམིགས་པ་དང་བཅས་ཏེ། །ཧཱུྃ་བསྐལ་པའི་མེ་ལྟར་འབར་བའི་དབུས། །དུར་ཁྲོད་ཆེན་པོའི་གནས་མཆག་ནས། །དཔལ་ལྡན་མགོན་པོ་ནག་པོ་ནི། །སྐུ་མདོག་མཐིང་ནག་ཆར་སྤྲིན་མདོག །བམ་ཆེན་སྟེང་ན་འགྱིང་བག་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར། །རལ་པ་དམར་སེར་མཆེ་བ་གཙིགས། །སྐུ་ལ་དར་ནག་འཇོལ་བེར་མནབས། །ཕྱག་གཡས་ཙན་དན་བེང་ཆེན་ཕྱར། །གཡོན་པས་ཐོད་པ་ཁྲག་བཀང་གསོལ། །གསེར་སྐུད་སེར་པོའི་སྐ་རགས་བཅིངས། །ཞབས་ལ་སག་ཏིའི་ལྷཱམ་སྔོན་མནབས། །བསྐལ་པའི་མེ་རིའི་ཀློང་ནས་བཞེངས། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དཔལ་ལྡན་མགོན་པོ་ནག་པོ་ཆེ། །རལ་པ་གྱེན་དུ་འབར་བ་ཡིས། །སྟེང་གི་ལྷ་བདུད་བཟློག་པར་བྱེད། །དཔྲལ་བར་ཁྲོ་གཉེར་གསུམ་ལྡན་པས། །སྲིད་གསུམ་བགེགས་རྣམས་བཟློག་པར་བྱེད། །མཆེ་བ་ཟུར་གསུམ་གཙིགས་པ་ཡིས། །བདུད་བཞིའི་བར་ཆད་བཟློག་པར་བྱེད། །དར་ནག་འཇོལ་བེར་གསོལ་བ་ཡིས། །ཚེ་བདུད་ནག་པོ་བཟློག་པར་བྱེད། །ཙན་དན་བེང་ཆེན་ཕྱར་བ་ཡིས། །ལྷ་མིན་གཡུལ་ངོ་བཟློག་པར་བྱེད། །གཡོན་པས་ཐོད་ཁྲག་བསྣམས་པ་ཡིས། །དགྲ་བགེགས་སྙིང་ཁྲག་འཐུང་བར་བྱེད། །གསེར་སྐུད་སེར་པོའི་སྐ་རགས་བཅིངས་པ་ནི། །རྣལ་འབྱོར་བར་ཆད་བཟློག་པར་བྱེད། །གཡས་བསྐུམ་གཡོན་བརྐྱང་བྱེད་པ་ནི། །འཆི་བདག་གཤིན་རྗེ་བཟློག་པར་བྱེད། །བམ་ཆེན་སྟེང་ན་འགྱིངས་བ་ནི། །ས་བདག་ཀླུ་གཉན་བཟློག་པར་བྱེད། །བསྐལ་པའི་མེ་དཔུང་ཀློང་ན་འགྱིང་པ་ནི། །ཉོན་མོངས་བག་ཆགས་མ་ལུས་བསྲེགས་པར་བྱེད། །བཟློག་བྱེད་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བཟློག་བྱེད་ནག་པོ་འཁོར་བཅས་ལ། །བདག་གིས་མཆོད་ཅིང་བསྟོད་ནས་ནི། །བཀའ་འཁོར་སྲུངས་ལ་བར་ཆད་བཟློག །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །སློབ་དཔོན་སྐུ་ལ་བསྡོ་བ་དང་། །བདག་ལ་བར་དུ་གཅོད་པ་ཡི། །སྡང་བའི་དགྲ་དང་གནོད་པའི་བགེགས །ཐམས་ཅད་མ་ལུས་རྡུལ་དུ་རློགས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། བྷྱོཿ བསྐལ་པའི་མེ་རླུང་འཚུབ་མའི་ཀློང་དཀྱིལ་ནས། །སྨོན་ལམ་སྟོབས་ཀྱིས་སངས་རྒྱས་བསྟན་པ་སྲུང་། །དཔལ་ལྡན་ལྷ་མོ་ནག་མོ་ནི། །སྐུ་མདོག་མཐིང་ནག་མུན་ལྟར་གཏིབས། །ཁྲག་གི་རལ་པ་གཡས་དང་གཡོན་དུ་འཁྱིལ། །ཕྱག་གཡས་གཅོད་བྱེད་གྲི་གུག་ཕྱར། །གཡོན་པས་ཐོད་ཁྲག་ནད་རྐྱལ་བསྣམས། །ཆིབས་སུ་དྲེའུ་ནག་གཱ་པ་བཅིབས། །འཁོར་ནི་མ་མོ་འབུམ་གྱིས་བསྐོར། །དམ་རྫས་རྒྱན་གྱི་གཏོར་མ་བཞེས། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད། །ཧཱུྃ་སྐུ་ཡི་མགོན་པོ་གཏུམ་བྱེད་ནི། །སྐུ་མདོག་མཐིང་ནག་ཆར་སྤྲིན་འདྲ། །ཕྱག་གཉིས་རྩེ་གསུམ་ཐོད་ཁྲག་བསྣམས། །དགྲ་བགེགས་སྙིང་ཁྲག་ཞལ་དུ་གསོལ། །བགེགས་དང་ལོག་འདྲེན་འདུལ་མཛད་པ། །སྐུ་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། །ཧཱུྃ་གསུང་གི་previous hit མགོནཔོ་གསོད་བྱེད་ནི། །སྐུ་ལ་དར་ནག་བེར་ཆེན་བརྒྱན། །ཕྱག་གཉིས་བེང next hit་དང་ཐོད་ཁྲག་བསྣམས། །དགྲ་བོའི་སྲོག་རྩ་གཅོད་པར་བྱེད། །གཤིན་རྗེའི་ཚོགས་ཀྱིས་གདུག་པ་འདུལ། །གསུང་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། །ཧཱུྃ་ཐུགས་གྱི་མགོན་པོ་སྒྲོལ་བྱེད་ནི། །སྐུ་ནི་རྔམ་བརྗིད་མཐིང་ནག་ལ། །ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས། །སྡང་བྱེད་དགྲ་བགེགས་འགུགས་ཅིང་གསོད། །མ་མོའི་ཚོགས་ཀྱིས་གདུག་པ་འདུལ། །ཐུགས་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ་ལྷ་དམག་བྱེ་བའི་ཚོགས་རྣམས་ནི། །དགྲ་བགེགས་འདུལ་བའི་དོན་ཆེད་དུ། །ཞལ་ནས་ཆ་སྒྲ་ཏི་རི་རི། །དགྲ་བགེགས་བཟློག་པའི་ལས་མཛོད་ཅིག །ཧཱུྃ་ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས། །བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་། །མཁའ་ལ་རྒྱུ་བ་མ་མོའི་ཚོགས། །འགལ་རྐྱེན་བཟློག་ལ་དངོས་གྲུབ་སྩོལ། །ཧཱུྃ་ཡང་སྤྲུལ་ཕོ་ཉའི་ཚོགས་རྣམས་ནི། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །དགྲ་བགེགས་སྲོག་རྩ་གཅོད་ཅིང་གཏུབས། །མི་མཐུན་རྐྱེན་དང་བར་ཆད་བཟློག །མཐུན་པའི་དངོས་གྲུབ་བདག་ལ་སྩོལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ་བདེ་གཤེགས་མགོན་པོ་བསྟན་པའི་དཔལ། །ཚོགས་བདག་དགྱེས་པའི་བྱིན་རླབས་ལས། །སྡུག་བསྔལ་ནད་སེལ་ཐུགས་རྗེ་ཆེ། །ཐམས་ཅད་སྤྲུལ་པའི་དུར་ཁྲོད་དཔལ། །ཚོགས་རྗེ་ཚོགས་ཀྱི་བདག་པོ་སྟེ། །དེ་བཞིན་གཤེགས་པའི་བཞེད་པར་སྟོན། །ཁམས་གསུམ་ཁེང་པའི་སེམས་ཅན་རྣམས། །ཚེ་དང་སྲོག་ལ་མངའ་བ་སྟེ། །ཤེས་རབ་མཚོན་གྱིས་སྒྱུ་མར་སྟོན། །བླུན་རྨོངས་ཁེངས་པ་ཐར་བར་མཛོད། །མི་མཐུན་ཕྱོགས་རྣམས་ཟད་པར་སྟོན། །བྱང་ཆུབ་ཆེན་པོར་ཁྱེད་ཀྱིས་སྒྲོལ། །དཔལ་གྱི་སྙིང་པོ་དཔལ་ཕྲེང་མ། །དཔལ་གྱི་ཚོགས་ལ་ཕྱག་འཚལ་བསྟོད། །སྨོན་ལམ་གདབ་པ་ནི། །ཡོན་མཆོད་ཀུན་གྱིས་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་ཐོག་ལ། །བེང་གི་རྩེ་མོའི་ཡིད་བཞིན་གྱི་ནོར་བུ་ལས་རིན་པོ་ཆེའི་ཆར་བབས་པས་གནས་ཁང་བང་མཛོད་ཐམས་ཅད་གང་བར་བསྒོམ་ཞིང་། གཞུང་ནས་ཇི་ལྟར་བཤད་པའི་དོན་ཐམས་ཅད་ལྷ་ཚོགས་རྣམས་ཀྱིས་བསྒྲུབ་པར་བསམ་ལ། །ཧཱུྃ་མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས། །ཕྱོགས་དང་དུས་ཀུན་ཐམས་ཅད་དུ། །བདག་ཅག་འཁོར་དང་བཅས་པ་རྣམས། །ཕྱོགས་བཅུ་གང་དུ་འགྲོ་ན་ཡང་། །གནོད་བྱེད་དགྲ་བགེགས་མེད་པར་མཛོད། །ནད་དང་གནོད་པ་ཀུན་བྲལ་ཤོག །བགེགས་ཀྱི་གནོད་པ་ཀུན་མེད་ཤོག །རྟ་དང་བ་གླང་ནོར་དང་འབྲུ། །བུ་དང་བུ་མོ་གཉེན་བཤེས་རྣམས། ། དགེ་ཞིང་ཚེ་རིང་བདེ་སྤྱོད་པའི། །ལོངས་སྤྱོད་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་མྱ་ངན་མེད་པ་བཞིན། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་བཅུ་ཀུན་དུ་དར་བ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །བདུད་རྩིའི་སྣོད་དུ་འགྱུར་བར་ཤོག །དགེ་བ་ཐམས་ཅད་སྤྱིར་བསྔོོས་པས། །མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས། །བདག་ཅག་འཁོར་དང་བཅས་པ་ཡི། །ལོངས་སྤྱོད་ཐམས་ཅད་རྒྱས་པར་ཤོག །བདག་ཀྱང་བྱང་ཆུབ་མཆོག་ཐོབ་ནས། །མགོན་པོ་ཁྱེད་དང་མི་འབྲལ་འགྲོགས་པར་ཤོག །ༀ་ཡེ་དྷརྨཱ་སོགས་ཎ་ཡེ་སྭཧཱ། ཅེས་ཡེ་དྷརྨཱ་ལན་བདུན་ནམ་གསུམ་གྱིས་ནས་བ སྔགས་ལ་གནས་ཁང་ལ་གཏོར་བས་བརྟན་པར་བསམ་མོ། །དགུ་བ་འབོད་པ་ལའང་གཉིས་ལས། དང་པོ་དམིགས་པས་གཅུན་ཞིང་བསྙེན་སྔགས་བསྒྲུབ་དང་། སྐབས་སུ་མཆོད་རྟེན་བྱ་བའོ། དང་པོ་ནི་མགོན་པོའི་འདི་ཚེ་སྒྲུབ་ཁོ་ནའི་ཚེ་འབོད་པའི་བསྙེན་པ་བཟླ་ལུགས་ཞལ་ཤེས་བསྙེན་ཡིག་ནས་གསལ་བ་བཞིན་བྱ་བའོ། གནས་སྐབས་སུ་འདི་ལྟར་གྱིས་ཆོག་པ་ཤེས་པར་མཛོད། མགོན་པོའི་ཐུགས་ཀར་ཟླ་བའི་སྟེང་དུ་བེང་། །དེའི་ལྟེ་བར་ཧཱུྃཿགི་མཐའ་སྐོར་དུ་སྔགས་ཀྱིས་གཡས་སུ་འཁོར་བ། །ཡུམ་གྱི་ཐུགས་ཀར་ཉི་མའི་སྟེང་དུ་གྲི་གུག་གི་སོ་ཡུའི་མཚམས་སུ་བྷྱོཿལ་སྔགས་ཀྱིས་གཡོན་དུ་འཁོར་བར་བསྒོམ། དེ་ལྟར་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ། ཐུགས་དམ་གྱི་རྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་འོད་ཟེར་ལྕག་ཀྱུ་ལྟ་བུ་ཚྭ་ལ་རྩུབ་པ་འཕྲོས་པས་དྲེགས་པ་ཅན་ཐམས་ཅད་ལ་ཕོག་པས་ཚར་བཅད། །དབང་དུ་བསྡུས་ནུས་མཐུ་ཐམས་ཅད་ཕྲོགས་ནས་མགོན་པོའི་ཐུགས་ཀར་ཐིམ། མགོན་པོའི་ཐུགས་ཀ་ནས་འོད་ཟེར་ཚུར་བྱུང་ནས་བདག་ཉིད་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་རང་ཉིད་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམ་ལ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊཿ ༀ་ཡཀྴ་བཻ་ཏ་ལི་ཧཱུྃ་ཕཊཿ མ་ཧཱ་ཀཱ་ལ་སིདྡྷི་ཡཾ་དུ་ཛ༔ཅེས་པས་སྤྱིར་འབོད་རྦད་བསད་གསུམ་གྱི་ལུགས་ལ་འབུམ་ཐེར་ལྔ་ལ་སོགས་པ་དང་། གནས་སྐབས་སུ་ཅི་རིགས་པ་བཟླའོ། གཉིས་པ་མཆོད་བསྟོད་བྱ་བ་ནི། ཧཱུྃ་བསྐལ་པའི་མེ་ལྟར་འབར་བའི་དབུས། །དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །བམ་ཆེན་སྟེང་ན་འགྱིང་བག་ཅན། །དཔལ་ལྡན་མགོན་པོ་ནག་པོ་ནི། །བདུད་དང་དགྲ་བགེགས་བཟློག་པའི་ཕྱིར། །བྱམས་པའི་སེམས་ཀྱིས་མཆོད་འབུལ་བསྟོད། ཅེས་པས་བསྟོད་ལ། འདོད་དོན། མགོན་པོ་ཚོགས་བདག་གི་སྔགས་འགྲིགས་བཻ་རོ་ཙ་ནས་ལྡི་རི་ཆོས་གྲགས་ལ་གནང་བ་ཟབ་རྒྱ༔ ༀ་ཤྲཱི་མ་ཧཱ་ལ་གཱ་ན་གུ་ཏི་ཧཱུྃ་ཕཊཿ ཉེ་བའི་སྙིང་པོའོ། མ་ཧཱ་ཀཱ་ལ་སིདྷི་ཡཾ་དུ་ཛ༔ ཅི་འདོད་དངོས་གྲུབ་འབྱུང་བའི་རླུང་ལྟར་མྱུར་བའི་སྙིང་པོ། ༀ་ཤྲཱི་མ་ཧཱ་ཀཱ་ལ་གཱ་ན་གུ་ཏི་ཧཱུྃ་ཕཊ༔ ཚོགས་བདག་ལྟར་བསྟན་པའི་སྙིང་པོའོ། ༀ་བཛྲ་ཡཀྴ། བཻཏྟ་ལི་ཧཱུྃ་ཕཊ༔ ཡུམ་བསྙེན་ཚགས་བར་དགུ་མའོ། ༀ་བཛྲ་ཡཀྴ་བཻཏྟ་ལི་ཧཱུྃ་ཕཊ་ཛ་ཛ༔ཡུམ་གྱི་བསྙེན་པ་བཅུ་གཅིག་པའོ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ག་ན་པ་ཏི་ཤཾ་ཀ་རི་སིཏྟི་ཧཱུྃ་ཕཊ༔ ཚོགས་བདག་ཀྱིས་འོ། ༀ་མ་ཧཱ་ཀཱ་ལ་ཡཀྴ་བཻ་རྟ་ལི་ཧཱུྃཊ༔ ཡབ་ཡུམ་ཀྱི་སྔགས་བསྒྲིལ་མའོ། ༀ་མ་ཧཱ་ཀཱ་ལ་ཨཱཪྱ་རེ་མནྟ་ཧཱུྃཊ༔ ཤར་ཕྱོགས་ཀྱི་མགོན་པོའོ། ༀ་མ་ཧཱ་ཀཱ་ལ་ཏད་ཤད་ཛཿཧཱུྃ་ཕཊཿ ཕྱོགས་ཀྱི་མགོན་པོའོ། ༀ་མ་ཧཱ་ཀཱ་ལ་མི་ཊྲི་མ་རུ་ཀཱ་ཡེ་ཧཱུྃ་ཕཊ༔ ནུབ་ཕྱོགས་ཀྱི་མགོན་པོའོ། ༀ་མ་ཧཱ་ཀཱ་ལ་བཻ་ཤ་ར་མ་ཎ་ཡེ་ཧཱུྃཊ། བྱང་ཕྱོགས་གྱི་མགོན་པོའོ། ༀ་མ་ཧཱ་ཀཱ་ལ་ཨཪྱཱ་ཛམ་བྷ་ལ་ཧཱུྃཊ༔ ཤར་ལྷོ་མཚམས་ཀྱི་མགོན་པོ འོ། ༀ་མ་ཧཱ་ཀཱ་ལ་དྷེ་ཝ་ནི་རི་ཏི་ཧཱུྃ་ཕཊ༔ ལྷོ་ནུབ་མཚམས་ཀྱི་མགོན་པོའོ། ༀ་མ་ཧཱ་ཀཱ་ལ་རུ་ཀོ་རུ་ག་ནི་རུ་གེ་ཧཱུྃ་ཕཊ༔ ནུབ་བྱང་མཚམས་ཀྱི་མགོན་པོའོ། ༀ་མ་ཧཱ་ཀཱ་ལ་ཨེ་ཤ་ཎ་ཡེ་ཧཱུྃཊ༔ བྱང་ཤར་མཚམས་ཀྱི་མགོན་པོའོ། ༀ་མ་ཧཱ་ཀཱ་ལ་ཙཎྜ་ཡེ་ཧཱུྃ་ཕཊ༔ སྟེང་གི་ཕྱོགས་ཀྱི་མགོན་པོའོ། ༀ་མ་ཧཱ་ཀཱ་ལ་ཨ་ཏི་པྲ་ཏི་བྷྱོ་ཧཱུྃ་ཕཊཿ འོག་ཕྱོགས་ཀྱི་མགོན་པོའོ། ༀ་བཛྲ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ བདུད་ཀྱི་མགོན་པོའོ། ༀ་བཛྲ་རེ་མ་ཏི་མ་བྷྱོ་ཛ༔ ལྷ་མོ་འདི་ཡི་མགོན་པོའོ། ༀ་མ་ཧཱ་ཀཱ་ལ་ཨཿདྷེ་ཝཱ་རཀྴ་ཧཱུྃ་ཕཊ༔ ལྷ་ཡི་མགོན་པོའོ། ༀ་མ་ཧཱ་ཀཱ་ལ་ཡཿཡ་མ་རཀྴ་ཧཱུྃ་ཕཊཿ གཤིན་རྗེའོ། ༀ་མ་ཧཱ་ཀཱ་ལ་མཿམ་མ་རཀྴ་ཧཱུཾ་ཕཊ༔ མ་མོ། ༀ་མ་ཧཱ་ཀཱ་ལ་དུཿཔྲ་མ་རཀྴ་ཧཱུྃ་པཊ༔ བདུད། ༀ་མ་ཧཱ་ཀཱ་ལ་རུཿཨ་ཤཱ་རཀྴ་ཧཱུྃ་ཕཊ༔ བཙན། ༀ་མ་ཧཱ་ཀཱ་ལ་ཙཿརཱ་ཛ་རཀྴ་ཧཱུྃ་ཕཊཿ རྒྱལ་པོ། ༀ་མ་ཧཱ་ཀཱ་ལ་ཤཿཡཀྴ་རཀྴ་ཧཱུྃ་ཕཊ༔ གནོད་སྦྱིན། ༀ་མ་ཧཱ་ཀཱ་ལ་ནཿནཱ་ག་རཀྴ་ཧཱུྃ་ཕཊ༔ ཀླུ། ཧཱུྃ་བྷྱོ་ཛཿཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་ཛཿཛ༔ མ་མགོན་སྟེང་བརྒྱད་དང་བསྡུས་པའོ། ༀ་ཆོས་སྐྱོང་སྤྱི་བོའི་སྙིང་པོ་ཙཎྜ་བཏུམ་པོ་མ་ཧཱ་ཆེན་པོ་ཀཱ་ལ་ཡཿ ཤ་བསྟན་པ་ན༔ ཨུ་ཉེ་བར་པ་ཧ་རི་ཎིཿ ཨེ་བསྒྲུབ་པ་འདི་ཡིས་ཋ་ཨ་པཉྩ་ིམ་ཀཱ་ཕྱི་མའི་དུས་ལོཿ ཨ་ད་ཡང་ཡཾ་ཨེ་དམ༔ རརྣ་དྲ་ཡ་དཀོན་མཆོག་རིན་གསུམ་ལ་ཡཿ ཨ་པ་གནོད་པར་བྱེད་པའི་དགྲ་རྣམས་ཀ་རི་ཎིཿ ཨ་ཏི་གལ་ར་ན་པྲ་ཏི་ཛྙཿགལ་ར་ན། སྨ་ར་སི་དྲན་པར་གྱིས་པ་ཏ་དཱཿ ཨེ་དཾ་དགྲ་གདུག་པ་ཅན་འདི་དུཎྜཾཿ ཁ་ཐམས་ཅད་ཁ༔ཐམས་ཅད་ཁཱ་ཧི་ཟ་རུ་ཆུག་ཁཱ་ཧིཿཟ་རུ་ཆུག མ་སོད་ར་མ་སོད་རཿ གྷྲྀཧྞ་ཟུང་གྷྲྀཧྞ་ཟུང་ཋ། བྷནྡྷ་ཆིངས་བྷནྡྷ༔ཆིངས། ཧ་ན་སྣུན་ཧ་ན༔སྣུན། ད་ཧ་སྲེག་ད་ཧཿ སྲེག པ་ཙ་ཚེས་པ་ཙཿཚེས། དི་ན་གངའ་གཅིག་གིས་གསད་པར་མཛོད་མི་ཀེ་ནཿམ་ར་ཡཿ ཧཱུྃ་ཧཱུྃཿ དགྲ་བགེགས་ཚིག། ཕཊ་པཊཿ ཐུན་སྔགས་སྭཱ་ཧཱཿ ཆོས་སྐྱོང་སྤྱིའི་བསྙེན་པ་ཤིན་ཏུ་ཟབ་བོ།།


previousདཔལ་མགོན་ཚོགས་ཀྱི་བདག་པོའི་སྟོད་ལས་ཀྱི་འདོན་འགྲིགས་དངོས་གྲུབ་རྒྱ་མཚོའི་གཏེར་མཛོད།next